Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅའ་བཤམ་འདོན་ཟིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅའ་བཤམ་འདོན་ཟིན།next

བཅའ་བཤམ་འདོན་ཟིན།


CMR018_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་རྗེ་རིག་པ་འཛིན་པ་ཀརྨ་མནྡ་གུ་ཧུ་ཤ་ས་ན་དྷ་ལ་ཕྱག་འཚལ་ལོ། །བ་རི་ལུགས་ཀྱི་སེང་གདོང་མའི་བཅའ་བཤམ་འདོན་ཟིན་ནི། ཐོག་མར། ཕུགས་གཏོར་བླ་མ་ཡི་དམ་གྱི་གཏོར་མ་ཆ་ཚང་། གཏོར་ཟློག་ལ་གྲུ་བཞི་བསྣོལ་མ་བྲིས་པའི་ཟུར་བརྒྱད་གཏོར་ཆུང་བརྒྱད། ཆོས་འབྱུང་ཟུར་དྲུག་བྲིས་པའི་གཡས་གཡོན་ཟུར་གཉིས་ལ་དམར་གཏོར་གཉིས། དབུས་སུ་དམར་གཏོར་ཕུར་རྩེ་འདྲ་བ་ཆེ་ལེགས་གཅིག་བཞག །ཚོགས་གཏོར་འབུལ་གཏོར་རིགས་གཞུང་ལྟར་བཅའོ། ༈ འདོན་འགྲིགས། དང་པོ་གསང་སྔགས་རྙིང་མའི་སྔོན་འགྲོ། ཞི་དྲག་སེང་གསུམ་སོགས་ནས། བདག་བསྐྱེད་ཨོཾ་བི་ཤྭ་ཌཱཀྐི་ནཱི་སོགས་ནས་བསྙེན་པའི་བར་བཏང་། དེ་ནས་མདུན་བསྐྱེད་བསྙེན་པ་ཡན་བྱ། གཏོར་བསྔོས་ནང་གི་བྱིན་རླབས་དེ་བཏང་ནས་ཚོགས་ཀྱི་ཧཱུྃ་མཁའ་སྤྱོད་ཟ སོགས་ནས་ཚིམ་པར་མཛོད་བར་བཏང་། རང་ལུགས་ཀྱི་གཏོར་བསྔོས་དང་གོང་གི་གཏོར་བསྔོས་དེ་བཏང་། བསྐང་བ། ཧཱུྃ་བྷྱོ། དངོས་སུ་འབྱོར་སོགས་ནས། དངོས་གྲུབ་བསྩལ་དུ་གསོལ་བར་བཏང་། བྲུབ་ཁུང་བསྐྱེད་ཆོག་ནས་བསྒྲལ་ལས་ཟློག་པ་ནང་། ཟློག་སྔགས་ཡན་བཏང་། གཏོར་


CMR018_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ལྔ་བཤམ་དམག་འདུལ་མཆེད་ལྔ་ནི། བྷྱོ༔ མེ་རི་རྡོ་ར་སོགས་ནས། ཁཱ་ཧིའི་བར་འདོན། གཟིགས་ཤིག་མཛེས་ལྡན་ཞེས་ནས་ཚོགས་ལ་རོལ། ལྷག་མ་ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་སོགས་ནས། བ་གཙྪའི་བར་བཏང་། དཀར་གཏོར་གཅིག་བཤམ་གནམ་ཆོས་དཀར་གཏོར་འདོན། ཡང་དམར་གཏོར་གཅིག་བཤམས་རྡོ་རྗེ་རྒྱལ་མཚན་འདོན། རྟ་བྲོ། ཧཱུཾ་བྷྱོ། གཅེར་བུ་སོགས་ནས། ནན་བར་དང་ཚེ་འགུགས་བཏང་། ཨརྒྷཾ་སོགས་དང་། ཧཱུཾ་དཔལ་ཆེན་རྡོ་རྗེ་སོགས། བསྟོད་བར། བསྟོད་པར་འོས་པ། མ་འབྱོར་པ། ཡིག་བརྒྱ་དང་། རང་གི་ཐུགས་ཀའི་ཧཱུཾ་ལས་སོགས་བསྡུ་ལྡང་ནས་ལྟ་བུར་གྱུར་བར། སྟོང་པའི་ངང་ལས་སོགས། དོན་བྱའོ། །དེ་ལྟར་བསྐྱེད་རྫོགས་བསྒོམ་བཟླས་སོགས་ནས། སྐུ་འགྲུབ་ཤོག་བར། ཧཱུཾ་བྷྱོ། མེ་རི་སོགས། ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །བར་བཏང་། ༈ འབུལ་ཉིན་ལྷག་མ་བཏང་ནས་གནམ་ཆོས་དཀར་གཏོར། གསེར་སྐྱེམས་ཡེ་ཐོག་མ། སྒོ་དབྱེ་གསེར་སྐྱེམས། ཧཱུྃ་བྷྱོ༔ བཅོམ་ལྡན་ཌཱཀྐི་སོགས་ནས། གསེར་སྐྱེམས་ཕུལ་ཞིང་། སྒོ་རྩང་བཞི་ཤབ། ཧཱུྃ་བྷྱོ༔ སྣང་ཞིང་སྲིད་པའི་ལྷ་དང་


CMR018_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ། སོགས་ཀྱིས་གསེར་སྐྱེམས་ཕུལ་ལ་གཏོར་ཟློག་ཕྱིར་དཔགས། ན་མོ་རྩ་བརྒྱུད་འདོན་གཏོར་ཆུང་བཅུ་བཞི་བཤམས་བདུད་རྩིས་བྲན། ཕྲ་མེན་བཅུ་བཞིའི་སྐུལ་རིང་འདོན་གཏོར་རྫོང་བྱའོ། །གཟའ་གཏོར། གཟའ་འདོན། རྡོ་རྗེ་རྒྱལ་མཚན་འདོན། གཤང་གཏོར་རྒྱས་བསྡུས་གང་རིགས་འདོན། ཟོར་ལས་དགོས་ན་གསེར་སྐྱེམས་བདུད་རྩི་འཁྱིལ་བ་དང་། བསྒྲལ་ལས་ནང་གི། ན་མོ་སངས་རྒྱས་ཆོས་དང་༴ སོགས་འགུག་གཞུག་ལན་གསུམ། ཧཱུྃ་བྷྱོ༔ མྱུར་མགྱོགས་སོགས་ཟོར་རྣམས་རྡེག །གཏོར་ཟློག་བཏེགས་ནས། བཞེད་འབོད་འདོན་མེ་ནང་ཕུལ། རྟ་བྲོ་བྱ་ནང་དུ་ལོག །ཚེ་འགུགས་འདོན་ཚེ་རིལ་ཚེ་ཆང་ལ་རོལ། རྗེས་ཆོག་གོང་ལྟར་རོ། །གསེར་འགྱུར་མ་བཏང་ངོ་། །༈ གཞུ་ཆེན་ཁ་ཚང་དོན་འདྲིལ་ཐོག་མདའ་ལ། །ཕྱག་ལེན་འདོན་འགྲིགས་མན་ངག་གཞུ་བཀང་ནས། །གཉིས་སྣང་འཁྲུལ་བའི་ཕ་རོལ་བྱད་མ་ལ། །ཐོག་མདའི་མཚོན་ཆ་བདུད་བགེགས་སྙིང་ལ་རྒྱབ། །ཅེས་པའང་རིགས་རྒྱུད་པའི་ཕྱག་བཞེས་ལྟར་ཆོས་ཀྱི་བཟང་པོས་བཀོད་པའོ།།


CMR018_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཅའ་བཤམ་འདོན་ཟིན།next