Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམར་མོ་གསུང་གི་ཌཱཀི་སེང་གདོང་མའི་སྒོ་ནས་དབང་སྡུད་ཟབ་པའི་མན་ངག་བསྐལ་པ་ཟློག་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམར་མོ་གསུང་གི་ཌཱཀི་སེང་གདོང་མའི་སྒོ་ནས་དབང་སྡུད་ཟབ་པའི་མན་ངག་བསྐལ་པ་ཟློག་ཐབས།next

དམར་མོ་གསུང་གི་ཌཱཀི་སེང་གདོང་མའི་སྒོ་ནས་དབང་སྡུད་ཟབ་པའི་མན་ངག་བསྐལ་པ་ཟློག་ཐབས།


CMR018_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོ་གསུང་གི་ཌཱཀི་སེང་གདོང་མའི་སྒོ་ནས་དབང་སྡུད་ཟབ་པའི་མན་ངག་བསྐལ་པ་ཟློག་ཐབས་བཞུགས་སོ།།


CMR018_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཟོང་བྷི་ར་སི་ཐུ། ཐུགས་དམ་མན་ངག་རིན་ཆེན་བང་མཛོད་ཀྱིས༔ ལྷ་འདྲེ་མི་གསུམ་དབང་དུ་བསྡུས་ནས་ཀྱང་༔ ཕོངས་པ་མེད་པ་ནོར་གྱི་དངོས་གྲུབ་འབྱུང་༔ དབང་སྡུད་འབྱུང་བའི་ལྷ་ལ་ཕྱག་འཚལ་ལོ༔ བསམ་ཡས་མཆིམས་ཕུའི་དབེན་གནས་སུ༔ སློབ་དཔོན་པདྨ་འབྱུང་གནས་དང་༔ སྤྲུལ་བློན་འབངས་གསུམ་དང་༔ ཡེ་ཤེས་མཚོ་རྒྱལ་བཞུགས་པའི་དུས༔ ཡེ་ཤེས་མཚོ་རྒྱལ་གྱིས་སྣོད་དགུའི་ནང་དུ༔ བདུད་རྩི་ཆང་གིས་བཀང་ནས་སློབ་དཔོན་པདྨ་ལ་ཞུས་པ༔ ཀྱེ༔ སློབ་དཔོན་ཆེན་པོ་ལགས༔ ཁྱེད་ཀྱི་གཏེར་ཆོས་ཐམས་ཅད་གཏེར་ནས་བཏོན་ཅིང་༔ འགྲོ་


CMR018_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བ་སེམས་ཅན་ཐམས་ཅད་ཀྱི་འགྲོ་དོན་མཛད་པ་ལ། མི་རྣམས་དད་པ་ཆུང་བས་འཐབ་རྩོད་བྱེད་ཅིང་བསྐུར་བ་ཞུས༔ ནོར་རྫས་ཐམས་ཅད་དགྲ་དང་གཉེན་ལ་བསྐུར༔ ཆོས་ཕྱོགས་སུ་མི་བཏང་བློ་སྣ་སྡིག་ལ་གཏད་པའི་དུས༔ འགྲོ་བ་སེམས་ཅན་རྣམས་ལ་དབང་སྡུད་ཟབ་མོར་གྱུར་པའི་མན་ངག་གཅིག་ཞུ་ལགས་ཞེས་ཞུས་པས༔ སློབ་དཔོན་གྱི་ཞལ་ནས༔ དེ་ཤིན་ཏུ་ཁྱོད་བདེན༔ སེམས་ཅན་འདི་རྣམས་ལ་དབང་སྡུད་མ་བྱས་ན༔ རང་ལ་དད་གུས་དཀའ་བ་ཡིན༔ དེ་དུས་དབང་སྡུད་ཟབ་མོ་འདི་དགོས་པ་ཡིན༔ དང་པོ་བདག་གིས་དབང་སྡུད་བྱེད་པ་ལ༔ ཆེ་བ་


CMR018_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆེན་པོ་རླུང་གི་ཞགས་པ་ལ་རིགས་མི་འདྲ་བ་གསུམ་མཛད༔ འཆི་མེད་སྣ་ནམ་རྡོ་རྗེའི་སྤྲས་པ་ཁྱོད་ལ་གདམས་པ་ཡིན༔ འབྲིང་ཤ་ཟ་རལ་པ་ཅན་སྒྲུབ་པ་ལ་རིགས་མི་འདྲ་བ་༣ གསུམ་ཡོད༔ མཁའ་འགྲོ་མ་ལྔའི་སྒྲུབ་པ་ཡང་ཡོད༔ ཆུང་བ་ནོར་བུ་སྐོར་གསུམ་དབང་ཕྱུག་མཆེད་གསུམ་དང་༔ ཚོགས་བདག་གི་སྒྲུབ་པ་དང་༔ རྫས་ཀྱི་སྒྲུབ་པ་དང་༔ སྔགས་ཀྱི་སྒྲུབ་པ་དང་༔ མན་ངག་རིགས་མི་འདྲ་བ་དུ་མ་བྱས་ཏེ༔ དེ་རྣམས་ཐམས་ཅད་ཕྱི་ཡི་སྒྲུབ་པ་ཡིན༔ འདི་ནི་ནང་སྒྲུབ་སྙིང་དང་འདྲ་བ་ཡིན༔ དེ་སྔ་གཞན་གང་ལའང་གདམས་ངག་མེད་ཅིང་གཏེར་དུ་སྦས་པ་མེད༔ དེའི་ནང་འདི་ད་ལྟ་ཉིད་དུ་ཡི་གེར་ཐོབ་ལ་གཏེར་དུ་སྦོས་ཤིག༔ གསུངས་ནས་ཡེ་ཤེས་མཚོ་རྒྱལ་ལ་སོགས་རྒྱལ་བློན་འབངས་གསུམ་ལ༔ རྒྱ་རིམ་པ་གསུམ་གྱིས་བཏབ་ནས་གནང་བའོ༔ དེ་ནི་ཡིད་ཆེས་ཤིང་ཁུངས་བཙུན་པའི་ལོ་རྒྱུས་སོ༔ ད་ནི་གདམས་པ་དངོས་ནི༔ དོན་རྣམ་པ་བཅུས་བསྟན་ནོ༔ དང་པོ་རྫས་བསག་པ་དང་གཅིག ལྷ་སྒོམ་སྔགས་བཟླས་ཤིང་བསྙེན་པ་དང་གཉིས༔ འཁོར་ལོ་ལུས་ལ་བཏགས་པ་དང་གསུམ༔ སྲུང་འཁོར་དང་བཞི༔ དུང་ལ་སྔགས་པ་དང་ལྔ༔ བསང་དུད་ལ་བྱེད་པ་


CMR018_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲུག༔ བདུད་རྩི་ཆང་གི་ནང་བཏབ་ནས་བླུད་པ་དང་བདུན༔ དམིགས་པ་གཏད་པ་དང་བརྒྱད༔ ཡུངས་ཀར་ལ་སྔགས་ནས་འགུགས་པ་དང་དགུ༔ མི་ཁ་ལྡང་ན་ལོག་ནོན་བསྟན་པ་དང་བཅུའོ༔ དེ་ལ་དང་པོ་རྫས་བསག་པ་ནི༔ གཞན་གྱིས་སེམས་པར་བྱེད་པ་གོ་བོའི་བྲུན༔ ཡིད་དུ་འོང་བར་བྱེད་པ་སེ་བའི་མེ་ཏོག༔ ཡིད་འགུགས་པར་བྱེད་པ་ཕུར་མོང་མེ་ཏོག༔ རྟག་ཏུ་སེམས་བརྩེ་བར་བྱེད་པ་ནས་ཟན་ཀླད་པ༔ བླ་མ་དབང་དུ་སྡུད་པར་བྱེད་པ་གསེར༔ མི་དཔོན་དབང་དུ་སྡུད་པར་བྱེད་པ་ཕ་ཝང་དྲེག་པ༔ བཙུན་མོ་ལ་ཟངས་ཀྱི་ཕྱེ་མ༔ དགེ་བཤེས་ལི་ཁྲི༔ སྔགས་པ་མཚལ༔ དེ་རྣམས་ཞིབ་ཏུ་བརྡུངས་ལ་རིལ་བུ་སྲན་མ་ཙམ་བྱས་ཏེ་དེའི་ནང་དུ་ཡུངས་ཀར་ཅི་མང་བླུགས་ལ༔ སྨྱུག་ཚིགས་ནང་དུ་བླུག་ལ་དར་དམར་པོས་ཁ་བཅད་ཅིང་༔ གླང་མས་ཁ་འདན་བྱེད༔ ཕུག་རོན་དང་རུའི་རྒྱུད་ནས་ཕུ་འདེབས་སོ༔ ཟངས་གཞུ་རང་གི་མཛུབ་གང་བ་གཅིག་ལ་བྱང་སེམས་དཀར་པོ་བྱུག༔ ཟངས་ཀྱི་མདའ་མཁྱུད་གང་པ་གཅིག་ལ་པདྨ་རཀྟ་བྱུག༔ བྱ་རྒོད་ཀྱི་དྲི་རྒྱུས་ཀྱིས་གཞུ་རྒྱུད་བྱ༔ དར་དམར་པོས་དྲིལ༔ གཞན་གྱིས་མ་མཐོང་བར་རང་གི་ལུས་ལ་


CMR018_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས༔ དེ་ནི་རྫས་ཀྱི་རིམ་པའོ༔ ༈ གཉིས་པ་ལྷ་བསྒོམ་ཞིང་སྔགས་བཟླ་བ་ནི༔ སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཞལ་བྷ གཅིག་ཕྱག་གཉིས་ཕྱག་གཡས་ཟངས་ཀྱི་ལྕགས་ཀྱུ་དམར་པོ་བསྣམས་པ་ལས༔ ལྕགས་ཀྱུ་གྲངས་མེད་པ་འཕྲོས་གང་ལ་དམིགས་པའི་མི་ནོར་ཟས་གསུམ་ཐམས་ཅད་བཟུང་ནས༔ རང་གི་སྙིང་ཁར་ཐིམ་པར་བསམ༔ གཡོན་པས་ཞགས་པ་དམར་པོ་བཟུང་བ་ལས་ཞགས་པ་གྲངས་མེད་པ་འཕྲོས་པས་འགྲོ་བ་ཕོ་མོ་ཐམས་ཅད་བཟུང་ནས་བདག་གི་མདུན་དུ་བྱུང་བར་བསྒོམ༔ སྐུ་མདོག་དམར་པོ་དབང་གི་རང་བཞིན་ལས་ཐམས་ཅད་འགྲུབ་པར་བསམ་མོ༔ རལ་པ་དམར་པོ་ལས་འོད་ཟེར་འཕྲོས་པས་ཡུལ་ཁམས་ཀྱི་མི་ནོར་ཟས་གསུམ་ཐམས་ཅད་སེམས་ཆགས་ནས་མིག་གིས་ཡང་ཡང་བལྟ་བར་བསམ༔ རང་གི་སྤྱི་བོར་ཨོ་རྒྱན་པདྨ་རྒྱན་ཆ་ལུགས་སྤྱི་དང་མཐུན་པར་བསྒོམ་པ་ནི་མན་ངག་གོ༔ རང་གི་གསང་གནས་སུ་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་མདའ་གང་ཙམ་ལང་བ་ཕྱག་གཉིས་ཀྱིས་མདའ་གཞུ་བཀང་བར་བསྒོམ་བ་སྤུ་དམར་པོ་འདབ་ལྟར་ལང་བ་བསྒོམ་པ་ལས་འོད་ཟེར་


CMR018_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་དམིགས་བྱ་ཐམས་ཅད་རང་དབང་མེད་པར་ཚུར་འདུས་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཻ་སེང་ཧ་ཌཀི་ནི༔ ཧ་རི་ནི་ས༔ ཀ་བྷི་ར་ཀོ་བྷི་ར༔ ཧཱུྃ་ཧཱུྃ་ཛ་ཛཿ ཧ་རི་ནི་ས༔ ར་ཙ་ཧྲིཡ་ནི་ཛ་ཛཿ ཙིཏྟ་འདུས་འདུས༔ འདིར་ཁུག་འདིར་ཁུག༔ ནིག་ནལ་ནིག་ནལ༔ ལྷ་འདྲེ་མི་གསུམ་བདག་གི་དབང་དུ་སྡུས་ཤིག༔ ཝ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛ་ཛཿ ཞེས་ཞག་བདུན་སྒྲུབ་པའོ། །དེ་ནས་ལས་སྦྱོར་དུས་སུ་གཞུའི་ཡི་གེ་ཡཾ་གྱིས་མཚན་པ༔ མདའི་ཡི་གེ་རཾ་གྱིས་མཚན་པ་ལས༔ ཡཾ་ལས་རླུང་བྱུང་བ་རཾ་ལ་ཕོག་རཾ་ལས་མེ་འབར་བས་རཾ་དམར་པོ་ཆད་པས་ཕོ་མོ་རྣམས་ཀྱི་སྙིང་ནང་དུ་ཕོག་པས༔ ཕོ་མོ་རྣམས་སྙིང་སེམས་གཡོ་འགུལ་འདར་ནས་ཁམས་དམར་པོ་དམར་ལྷད་ལྷད་བྱས་ཀླུནས་མར་བབ་སྟེ་རང་ལ་ཐིམ་པར་བསྒོམ༔ སྲིད་པ་ཕོ་རྒྱུད་ཐམས་ཅད་གཡས་བསྐོར་དུ་སྒ་ར་ར་འཁོར་བར་བསམ༔ མོ་རྒྱུད་ཐམས་ཅད་གཡོན་དུ་ཀྱི་ལི་ལི་འཁོར་བར་བསྒོམ༔ དམིགས་བྱ་ཐམས་ཅད་འཕར་ཁྱུག་ཁྱུག་སྡང་ཡང་ཡེང་བྱུང་ནས་རང་དབང་མེད་པར་རང་ལ་དད་པ་དང་གུས་པར་བསྒོམ༔ སྔགས་འདི་བཟླའོ། །ༀ་མ་ཧཱ་དེ་ཝ་ཧཱུྃ༔ ཨུ་མ་དེ་ཝ་


CMR018_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ བུད་མེད་ཐམས་ཅད་མངལ་གྱི་སྲིན་བུ་སློང་སློང་ཨ་མོ་ལམ་ལམ་སྟོད་དུ་ལམ་ལ༔ ཨ་ཏི་ཁོལ་ཁོལ་སྨད་ནས་ཁོལ་ཁོལ སེམས་ཀྱི་འདོད་ཆགས་འབྱུང་བ་དཀྲུགས་ལ་ཤོག༔ རླུང་གི་ཞགས་པས་དེད་ལ་ཤོག༔ དྲྀ་ཏྲི་ཨ་ཀརྱ་ཡ་ཤྲཱི་ཧཱུྃ་ཛ་ཛཿ ཞེས་ཞག་བདུན་བཟླས༔ རྫས་དེ་རྣམས་དང་མདའ་གཞུ་རྣམས་སྔགས་སོ༔ དབང་སྡུད་ལ་འདི་གཅིག་པུས་ཆོག་གོ༔ རྣོ་ལ་མྱུར་བའི་གདམས་པ་འདི་ཁོ་ནའོ༔ ་གཉིས་པ་འཁོར་ལོ་ལ་བརྟེན་ནས་དབང་དུ་སྡུད་པ་ནི༔ ཟིལ་གནོན་སེང་གེའི་ཙཀྲ་དང་གཅིག༔ མཛེས་བྱེད་རྨ་བྱའི་ཙཀྲ་དང་གཉིས༔ བསྙེན་བྱེད་དུང་གི་ཙཀྲ་དང་གསུམ་ཡོད༔ རེ་རེ་ལ་ཡང་མུ་ཁྱུད་བཞི་རུ་བསྐོར༔ སེང་གེའི་ཙཀྲའི་ལྟེ་བར་བུད་མེད་བསྣོལ་བའི་སྟེང་དུ་རང་ཉིད་ཀྱི་གཟུགས་བྲིས ཕྱི་རིམ་མུ་ཁྱུད་ལ་ལྷ་འདྲེ་མི་གསུམ་ཐམས་ཅད་འགྲོ་བ་ཕོ་མོ་འདི་ཞེས་བྱ་བ༔ རང་གི་དམིགས་ཡུལ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ མྱུར་དུ་ཁུག་ཅིག དེའི་ཕྱི་རིམ་དུ་ཨོཾ་ཙཀྐ་རྩེར་ལྡེམ་གུམ་ཆ་་མོ་བདག་གི་དབང་དུ་སྡུས་ཤིག ཅེས་བྲི༔ དེའི་ཕྱི་རིམ་དུ་རྩིབས་བདུན་ལ༔ ཨི་ནི་ཡ་མ་དུ་ཧཱུྃ་ཛཿ ཡི་གེ་རེ་རེ་བྲིའོ༔ རྩིབས་


CMR018_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མཆན་ལ་ཡང་ཆ་་ཡིད་དུ་འོང་བའམ༔ ཡུལ་དེའི་རྒྱལ་པོ་དང་བཙུན་མོ་ཐམས་ཅད་ཀྱིས་རང་ལ་གུས་པ་དང་དད་པའི་ཚུལ་བྱ༔ རེ་རེའི་ཕྱི་རིམ༔ ཤ་ཤ་སྤྲ་ཏི་ཙི་ཏྲ་ཅི་ཤོག་མོས་ཤོག་ཙག་ཙག་མེ་འབར་ལྷང་ལྷང་སྒྲེ་མོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་སྭཱ་ཧཱཿ ཞེས་བྲི༔ དེའི་ཕྱི་རོལ་ཨཱ་ལི་ཀཱ་ལི་དང་ཡེ་དྷརྨ་བྲིའོ༔ ༈ མཛེས་བྱེད་རྨ་བྱའི་ཙཀྲའི་ལྟེ་བར་བུད་མེད་ཁ་སྦྱོར་བྱས་པའི་གཟུགས་བྲི༔ དེའི་ཕྱི་རིམ་རྩིབས་བདུན་གོང་དང་འདྲ༔ རྩིབས་མཆན་ཡང་གོང་དང་འདྲ༔ ཨོཾ་ཤ་ཤ་སོགས་ཚང་བར་བྲི༔ དེའི་ཕྱི་རིམ་ཨཱ་ལི་ཀཱ་ལི་ཡེ་དྷརྨཱ་གོང་དང་འདྲ༔ བསྙེན་བྱེད་དུང་གི་ཙཀྲའི་ལྟེ་བར་རང་ལ་ཆེ་དང་རྒྱལ་པོ་གུས་པའི་ཚུལ་དུ་བྲིའོ༔ གཞན་ཐམས་ཅད་གོང་དང་འདྲ༔ བསྙེན་པ་གོང་མའི་ཤམ་དུ༔ ཨོཾ་ཙཀྲ་ཤུ་ལ༔ ༀ་ནི་ཤ་ཤ་སྦྲེལ་མ་སྔགས༔ རྫས་གོང་མ་རྣམས་འཁོར་ལོའི་ལྟེ་བ་ལ་བྱུག་གོ༔ སེང་གེའི་ཙཀྲ་གཡས༔ རྨ་བྱའི་ཙཀྲ་གཡོན༔ དུང་དབུས་སུ་བ བཏགས་སོ༔ དེ་ལྟར་བྱས་པས་ལྷ་འདྲེ་མི་གསུམ་ཐམས་ཅད་རང་དབང་མེད་པར་འདུས་སོ༔ དེ་ལ་སྔགས་གོང་མ་གཅིག་པུས་ཀྱང་འགྲུབ་བོ༔ བར་མ་གཅིག་པུས་ཀྱང་འགྲུབ་


CMR018_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བོ༔ འོག་མ་གཅིག་པུས་ཀྱང་འགྲུབ་བོ༔ དབང་སྡུད་ལས་ཀྱི་ཡང་འཁོར་འདི་ཟབ་པ་གཞན་ན་མེད༔ དབང་སྡུད་ལས་ཀྱི་ཡང་སྙིང་ཡིན་ནོ༔ འདི་གཅིག་པུས་ཆོག་པས་ས་མ་ཡ་རྒྱ་རྒྱ་རྒྱ༔ ཟབ་བོ༔ ༈ བཞི་པ་འབྱུང་བ་རླུང་ལས་བཅོལ་བ་ནི༔ རླུང་འཁོར་སྟེང་འོག་གཉིས་བྲི༔ མུ་ཁྱུད་གསུམ་རེ་བྱེད༔ ལྟེ་བ་ལ་བུག་པ༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཨོཾ་ཙག་ཤུ་རྩེར་ལྡེམ་གུམ༔ འགྲོ་བ་ཕོ་མོ་ཐམས་ཅད་དབང་དུ་སྡུས་ཤིག༔ བྲིའོ༔ ཕོ་གཡས་སུ་འཁོར་བ མོ་གཡོན་དུ་འཁོར་བ་བྲིའོ༔ ཨོཾ་སྟེང་ཞབས་བྱའོ༔ བར་དུ་འཁོར་ལོ་མང་ན་བརྒྱ་རྩ༔ འབྲིང་ལྔ་བཅུ། ཐ་མ་ཉི་ཤུ་རྩ་གཅིག་བྱས་པས་སྟེང་མ་ཐམས་ཅད་ཡིག་མགོ་ཕྱི་ལ་བསྟན༔ འོག་མ་ཐམས་ཅད་ཡིག་མགོ་ནང་དུ་བསྟན་ལ༔ སྔགས་འདི་རྣམས་ལྷག་ཆད་མེད་པར་བྲི་བར་བྱའོ༔ ཨོཾ་ཆུ་ལྷུད་ལྷུད་འདར་ཡེད་ཡེད་སྟོད་ལ་ཁུག་ཁུག་ཙ་ལ་གྲི་གྲི༔ འདོད་ཆགས་དར་རྒྱས་ལ་སྭཱ་ཧཱཿ མིང་བཅུག་ལ། ཨོཾ་ཨ་ཏི་ཁོལ་ཁོལ་སྟོད་ནས་ཁོལ ཨ་མོ་ནན་ནན་སྨད་ནས་ནན༔ འདོད་ཆགས་ཀྱི་རྩ་བ་གཏིང་ནས་དཀྲུག༔ བྷིརྟི་ཆུག་ཙིཏྟ་ཕྱུང་༔ སྣང་རྒྱལ་རྣམས་ཟད་ཟད༔ ཕུལ་ཕུལ༔


CMR018_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལྷང་ལྷང་ལྷ་མོ་མྱུར་དུ་ཁུག ཡུངས་ཀར་མ་མོའི་དབང་པོ་ཤིག མིང་བཅུག ཨོཾ་ཡ་ཁ་གཟིར་གཟིར་ན་ཏུལ་ཏུལ༔ དམ་ལ་ཤོག་ཆུ་ཁྲིད་འདོད་ཆགས་ཀྱི་མཚན་མ་གཏིང་ནས་དཀྲུག༔ སྲིན་བུ་མགོ་མང་གི་ཚང་ཤིག༔ ཕག་ཆོ་ལེ་ལུས་ལ་ཕོག་སྭཱ་ཧཱ མིང་བཙུག་ལ༔ ཡ་མ་འཛུར་འཛུར༔ ཧྲི་ཧྲི་ཧྲིང་ཧྲིང་༔ ས་བདག་མོའི་ཙིཏྟ་ཁུག་ཁུག་སྭཱ་ཧཱཿ མིང་བཅུག༔ ཨོཾ་ཏྲི་ལ་དཀར་ཆོག་ཆོག༔ ཏྲི་ལ་པ་ཤམ་དུ་ན་ཁ་ལ་མྱོང་མྱོང་༔ མོ་ཧ་འཛུབ་འཛུབ༔ ཧྲིང་ཧྲིང་ལྷོང་བྷ་ཤ་ཁུག༔ མིང་བཅུག༔ ཨོཾ་འཛབ་འཛབ་འཛུབ་འཛུབ་བྲིང་ཧྲིང་སློང་ཚྭ་ཛསྭཱ་ཧཱུ བྷ་ཤ་ཁོལ་ཁོལ་ཙག་ཙག་དུང་དུང་ཡེད་ཡེད་ལྷ་འདྲེ་མི་གསུམ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ དབང་སྡུད་ཐམས་ཅད་ཀྱི་ཡང་སྙིང་ཟབ་པའི་མཐར་ཐུག་འདི་ཡི་གེ་ཕྱི་ནང་གང་ཤོང་ཤོང་ལྷག་ཆད་མེད་པར་བྲིའོ༔ བར་དུ་རྒྱའི་ཡུལ་ཁམས་རྨི་དམིགས་བྱ་གང་ཡིན་གྱི་མིང་ཐམས་ཅད་བཅུག་ལ་བདག་གི་དབང་དུ་སྡུས་ཤིག ཅེས་བྲིའོ༔ འཁོར་ལོ་དེ་རྣམས་ལ་གོང་གི་རྫས་རྣམས་བྱུག་གོ༔ བཀྲ་ཤིས་པའི་ཉི་མ་ལ་ཐེབ་ཡོད་པའི་དུས་ལ་རང་གི་ཁྱིམ་གྱི་ཕྱོགས་ནས་ཁམས་དང་


CMR018_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ལ་མདུན་ཕྱོགས་སུ་བཙུགས་སོ འཁོར་ལོའི་ཐོག་ཏུ་བྱིན་རླབས་ཅན་གྱི་གདུང་རིང་བསྲེལ་གོང་ནོན་དུ་བཞུགས་སུ་གསོལ༔ རླུང་ཁང་བྲ་མའམ༔ འོ་མ་བུ་གང་བདེ་བྱེད༔ མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་དང་གཏོར་མ་བཅུག༔ བཀྲ་ཤིས་བརྗོད༔ གཞི་བདག་ལ་བཀའ་བསྒོ་བྱ༔ གཏོར་མ་བྱིན༔ གསེར་སྐྱེམས་དངོས་གྲུབ་སྟེར་བའི་ཕྲིན་ལས་ཞུ གཞན་ལ་མེད་པའི་དབང་སྡུད་ཀྱི་རླུང་འཁོར་འདི་ལས་ཟབ་པ་རྒྱལ་ཁམས་གཞན་ལ་ཡོད་རེ་ཀན༔ གཞན་ཚོ་ཕྱི་ཡི་དབང་སྡུད་ཡིན༔ འདི་ནི་ནང་གི་དབང་སྡུད་ཡིན་པས་ཟབ་བོ༔ ༈ ལྔ་པ་དུང་ལ་སྔགས་པ་དུང་སྐད་གང་ཚོར་ཐམས་ཅད་ཀྱི་སེམས་གཏོར་ཞིང་རང་དབང་མེད་པར་འདུས་པའི་གདམས་ངག་ལ གོང་འོག་གི་སྔགས་ཐམས་ཅད་ཀྱིས་དུང་སྔགས་ལ་ཡུལ་ཕྱོགས་སུ་གང་དབང་དུ་འདོད་པའི་ཕྱོགས་སུ་ཁ་གཏད་ལ་འབུད༔ དུང་སྐད་གང་ཚོར་ཐམས་ཅད་རང་དུང་ལ་གཞན་གྱིས་རེག་པ་དང་ཁ་གཏད་མི་བཅུག་གོ༔ དུང་གི་རིགས་གང་རེད་ཀྱང་ཉར་ཆོག༔ ༈ དྲུག་པ་དབང་སྡུད་ལ་བརྟེན་ནས་ཡུལ་ཁམས་དབང་དུ་བསྡུ་བ་ནི༔ གོང་གི་རྫས་རྣམས་ཕྱེ་མར་ནང་དུ་བླུགས་ནས༔ དུག་ཤིང་མ་ཡིན་པའི་ཤིང་


CMR018_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མེར་སྲེག་བཟང་ཤིང་སྣ་ཚོགས་དང་བསྲེས་ཏེ་བསང་དུད་བཏང་བའི་དུད་པ་གང་ཕོག་གི་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་འདུས་སོ༔ ཁྱད་པར་དུ་ཡང་ལྷ་འདྲེ་དང་ཡུལ་ལྷ་ཐམས་ཅད་རང་ལ་གུས་ཤིང་སྙན་གྲགས་སོ༔ ཟབ་པའི་མཐར་ཐུག་གོ༔ རྣོ་བའི་རལ་གྲིའོ༔ བྲེག་པའི་ཟོར་བའོ༔ ༈ བདུན་པ་ཆང་གི་ནང་དུ་བཏབ་ནས་ཁ་ལ་གང་རེག་ཐམས་ཅད་དབང་དུ་འདུ་བར་བྱེད་པ་ལ༔ གོང་གི་རྫས་རྣམས་སྔགས་ལ༔ ཐོད་པ་ལ་སོགས་པ་ནང་གི་བདུད་རྩི་དང་བསྲེས་ལ་ཆང་ནང་དུ་བཏབ་སྟེ་གསོལ་འདེབས་ཉམས་མགུར་ཚོགས་བསྐང་དང་བསྟུན་ཏེ༔ ཐིག་པ་ཁར་བཞག་པས་རྐང་པ་སྟོན་ཅིང་སར་སྡོད་མི་ཚུགས་པར༔ བབ་ཆགས་པའི་ཉམས་སྐྱེས་ནས༔ འཕོང་སེམས་མེད་པར་ནོར་རྫས་ཐམས་ཅད་རང་དབང་མེད་པར་རང་ལ་འབུལ་ལོ༔ མཉམ་པའི་རྟོགས་པ་སྐྱེས་ན་དབང་དུ་འདུ་བའི་གདམས་པ་ཟབ་མོ༔ སྤྱི་རྒྱ་རྒྱ་རྒྱ༔ ༈ བརྒྱད་པ་དམིགས་པ་གཏད་ནས་ཐམས་ཅད་རང་དབང་མེད་པར་བཀུག་པ་ནི༔ རང་ཉིད་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་བསྒོམ་པ་གོང་དང་འགྲེ༔ སྔགས་རྣམས་རྒྱུན་ཆད་མེད་པར་བརྒྱ་རེ་བཟླས་སོ༔ རྫས་ཀྱི་ཁ་


CMR018_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གསོ༔ ཁྲོམ་ལ་ནས་ལ་སྔགས་ནས་གཏོར་བས་དབང་སྡུད་དུ་འགྱུར་བ་རྣམས་འགྱུར་ལྡོག་མེད་པ་དང་༔ འཕྲོས་ཐམས་ཅད་མོས་པ་བརྟན་པར་འགྱུར་རོ༔ རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་གྲངས་མེད་དུ་འཕྲོས་ནས་དམིགས་བྱ་ཐམས་ཅད་ཀྱི་གནས་གསུམ་དུ་ཐིམ་པར་བསྒོམ་པ་མན་ངག་གོ༔ དམིགས་པའི་གདམས་པ་ཟབ་བོ༔ ༈ དགུ་པ་ཡུངས་ཀར་ལ་བརྟེན་ནས་ཧྥེ་རེ་རེ་འགུགས་པ་ནི༔ ཡུངས་ཀར་མོའི་སྤྱི་བོའམ་སྙིང་ཁ་གང་རུང་དུ་བཏབ་པས་ཐམས་ཅད་རང་དབང་མེད་པར་འགུགས་སོ༔ ལོག་ནོན་ཆུས་ཁ་ཕྲུ་བའམ་རིང་བར་ཆུས་ཆོད་ན་ལོག་ནོན་དུ་འགྱུར་རོ༔ ཟབ་བོ༔ ་༈ བཅུ་པ་རང་ལ་མི་ཁ་འཇམ་ཞིང་༔ རང་ལ་མི་ལྡོག་པ་ནི༔ དུས་རྟག་ཏུ་དབང་དུ་འདུ་བ་དང་༔ གཞན་གྱི་དབང་དུ་མི་འགྲོ་བའི་གདམས་པ་ནི༔ མི་ལས་གོས་ཀྱི་ལྷམ་བུ་བྱས་པའི་ནང་དུ་གོང་གི་རྫས་རྣམས་དང་༔ ཁྱི་མོ་ནག་མོའི་སྟུ་ཤ་དང་ར་རྒྱ་བོའི་རླིག་ཚིལ་བུད་མེད་འཆོར་མོའི་ཆུ་ཤུལ་གྱི་ས་རྣམས་བླུག་ལ༔ བུད་མེད་དང་རྒྱལ་པོ་བཙུན་མོ་གང་ལ་བྱེད་པ་དེའི་རུས་ལ་བྲིས མཐར་རླུང་གི་འཁོར་ལོའི་སྔགས་རིང་མིང་སྤེལ་དང་བཅས་པ་བྲིའོ༔ ཕོ་མོ་གཉིས་ཁ་སྦྱོར་ལ་


CMR018_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ལྷམ་བུའི་ནང་དུ་བཅུག་ལ༔ གོང་འོག་སྔགས་རིང་ཐུང་བརྒྱ་རེའམ༔ ཉི་ཤུ་རྩ་གཅིག་རེ་མ་ཆག་པར་དམ་བཅའ་བཟུང་ལ་བཟླའོ༔ ལོག་ནོན་གཟེར་བུས་མན་ངག་གོ༔ གཞན་རྣལ་འབྱོར་པས་ནོར་སྒྲུབ་དབང་སྡུད་འགུགས་སྔགས་ཅི་རིགས་པ་རྣམས་ཤེས་ནའང་༔ རླུང་འཁོར་བྲིས་ལ་འདོད་དོན་གསོལ་བ་གདབ་བོ༔ མུ་སྟེགས་ལ་སོགས་ཕྱི་པའི་སྔགས་ནི་མི་བཅུག་གོ༔ དེ་ལྟར་ནོར་དང་དབང་སྡུད་འགུགས་སྔགས་ཐམས་ཅད་ཕྱོགས་གཅིག་ཏུ་འོང་བའི་གདམས་པ་ཟབ་མོ་འདི་ནི་འགྲུབ་སླ་ལ་དོན་ཆེན་པོ་ཡོད་པས༔ མན་ངག་འདི་ཁམས་གསུམ་དབང་སྡུད་ཡིན༔ སྲིད་གསུམ་ཟིལ་གནོན་ཡིན་འགྲོ་བ་ཕོ་མོ་ཐམས་ཅད་རང་གི་ཁྱི་ཁྲིད་པའམ༔ བུ་ཆུང་གིས་མ་མཐོང་བ་ལྟ་བུའོ༔ འདི་མ་བྱུང་པདྨ་ང་ཉིད་ཀྱིས་སེམས་ཅན་ཐམས་ཅད་བསླུས་པར་འགྱུར་རོ༔ བདེན་རྫུན་ལག་ཏུ་ལོངས་དང་གསལ་ལོ༔ དཀོན་མོད་རྒྱལ་ཁམས་འགྲིམ་ན་མངོན༔ གོང་འོག་བར་གསུམ་རེ་རེ་ནས༔ འགྲུབ་པའི་མན་ངག་དམ་པ་འདི༔ སུ་ཡིན་ལ་སྤེལ་ན་ནོར་ལྷ་དང་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ཁྲོས་ནས་རང་ལ་དངོས་གྲུབ་མི་འབྱུང་བའི་གནད་ཡོད་དོ༔ འདི་ཡི་ལུང་ཞུ་བའི་དུས་སུ་རྒྱུ་རིན་པོ་ཆེ་


CMR018_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནོར་ཟས་ཡིད་ཆགས་པ་འབུལ་བ་གནད་ཡིན་ནོ༔ དེ་མ་ཕུལ་ན་དངོས་གྲུབ་མི་འབྱུང་ངོ་༔ རང་ཡིད་ཆགས་པའི་ནོར་རྫས་ཕུལ་ན་དངོས་གྲུབ་མྱུར་ཞིང་བར་ཆད་མི་འབྱུང་ངོ་༔ འགྲོ་བ་དབང་སྡུད་མན་ངག་འདི༔ མ་འོངས་སེམས་ཅན་དོན་ཆེད་དུ༔ པདྨ་ང་ཡིས་གཏེར་དུ་སྦས༔ ཀླུ་བདུད་ནག་པོ་ཁྱོད་ལ་གཏད༔ ཁྱོད་ཀྱིས་གཏེར་འདི་ཐུབ་པར་སྲུངས༔ ལས་ཅན་གཅིག་ལ་ཁྱོད་ཀྱིས་གཏོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠྀི༔ ཤམ༔ ཧིཐཋཱ༔ ཅེས་རྐང་པོ་རྒྱ་ལ་གཤིན་རྗེའི་དབལ་ཁ་ནས་ཆོས་རྒྱལ་ཐུགས་ཀ་ནས་གཏེར་ནས་བཏོན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ གཏད་རྒྱ་རྒྱ་རྒྱ་རྒྱ། ཤམབློམ༔ གཏེར་སྟོན་སངས་རྒྱས་གླིང་པས་སྤྱན་དྲངས་པའོ༔ ༄༅། །མོ་འཁོར་ལ༔ ཨེ་མཉྫཀུཀྟ་ཀོ་བྷི་ར་ཙག་ཙག་བྱ༔ ཙག་ཙག་སད་སད་ཁུག་ཁུག་ལིང་ལིང་སེང་སེང་ཡེན་ཡེན༔ རྩེ་མོ་འདོད་པ་གཡོས་ས་མ་ཡ་ཁུག་ཛཿ ཨེ་སོགས་སྒྱེ་མོ་ཨཾ་ཀུ་ཤ་ཡ་ཛཿ ༈ ཕོ་འཁོར་ལ ཨེ་མཉྫ་ཀུཀ་ཀོ་བྷི་ར་ཧྲིང་ཧྲིང་ཛ་ཛཿ


CMR018_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ངྒེ་མོ་ཨཾ་ཀུ་ཤ་ཡ་ཛཿ ཧ་རི་ནི་ས་འགུལ་འགུལ༔ མ་མ་ཧྲི་ཧཱུྃ༔ མ་མ་ཁ་ཤི་མི་སྙིང་བསྒུལ་བསྒུལ༔ མི་འགྲམ་ཆོག་ཆོག མི་ལག་བསྒུལ་བསྐུལ༔ མི་སེམས་དཀྲུག་དཀྲུག་ཧཱུྃ་ཧཱུྃ་བསྡུས་བསྡུས༔ མ་མ་ཁ་ཤི་སརྦ་ན་ན་ཁ་དྷེ་སིདྡྷི་བསྡུས་བསྡུས་སྭཱ་ཧཱཿ ༄༅། ། །ན་མོ་ཀི་ཡེ༔ དམར་མོ་གསུང་གི་ཌཀིའི་སྒོ་ནས་དབང་སྡུད་ནི༔ མཎྜལ་དམར་པོ་ལ་ཙནྡན་དམར་པོ་བྱུག་པ་འདབ་བཞིའི་མཐར༔ མཆོད་པས་བསྐོར་གཏོར་མ་སྟོད་ཟུར་གཉིས་པདྨས་བསྐོར་བ་ལ༔ སྨུག་རྩི་བྱུག་པ༔ མེ་ཏོག་གིས་བརྒྱན་པ༔ མདའ་དར་དམར་པོ་དང་ཚོགས་འཁོར་རྒྱས་པར་བཤམས༔ འགྲོ་བ་ཐམས་ཅད་དབང་དུ་བྱས༔ བླ་ན་མེད་པའི་བྱུང་ཚུབ་ལ་འགོད་པར་སེམས་བསྐྱེད་སྙིང་ཐག་པས་བྱས་ནས༔ སྐྱབས་སེམས་སོགས་གཞུང་ལྟར་ལས༔ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་ཉི་ལྟར་འོད་འབར་བ༔ ཕྱག་གཡས་ལྕགས་ཀྱུ་དམར་པོ་ཁྱེར་ཞིང་༔ གཡོན་ཞགས་པ་དམར་པོ་འདེབསཐབས་སུ་བསྣམས་པ་སེང་ཞལ་ཁྲོ་ཞིང་བཞད་པ༔ རལ་པ་དམར་སེར་སྤྲུགས་པས་ནམ་མཁའ་ཁྱབ་པ༔ དུར་ཁྲོད་ཀྱི་ཆོས་བརྒྱུད་དང་མེ་ཏོག་དམར་པོའི་ཕྲེང་བས་བརྒྱན་པ༔


CMR018_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཐབས་སུ་འོད་ཟེར་དམར་པོ་འཁྲུགས་པའི་ཀློང་ན་བཞུགས་པར་བསྒོམ༔ རང་གི་གསང་བའི་གནས་ཀྱི་དབང་རྟགས་སུ་དེ་ཡོངས་སུ་མིང་བཅུག་པ་མན་ངག་གོ༔ དེ་ལྟར་ཞག་བདུན་ནམ་སྔགས་འབུམ་ཕྲག་གཅིག ཡང་ན་རྒྱུན་བསྙེན་བྱ་སྟེ༔ དམིགས་པས་གཟིར་ན་མངོན་རྟོགས་ངག་ཏུ་བརྗོད་མི་དགོས༔ དེ་རྨི་ལམ་དུ་མེ་ཏོག་དམར་པོའི་ཆར་བབས་པ་དང་༔ འོད་དམར་པོ་འཁྱུག་པ་དང་༔ ཁྲོམ་འདུས་པས་ཕྱག་འཚལ་བ༔ གོས་གསར་པ་གྱོན་པ་དང་༔ མེ་ཏོག་གིས་རང་བརྒྱན་པ༔ རོལ་མོ་འབུད་དཀྲོལ་བྱེད་པ རང་ཉིད་རྒྱལ་པོར་གྱུར་པ་སོགས་བྱུང་ན་འབྱུང་ངོ་༔ ཟབ་བོ༔ ཨྠྀི༔ གཞན་ཐམས་ཅད་གོང་ལྟར་ལ༔ ཡིད་འགུགས་པར་བྱེད་པ་སུར་དཀར་ལོ་མ་མེ་ཏོག སེམས་ཟིན་པར་བྱེད་པ་གོ་བོའི་བྲུན༔ ཡིད་གཡོ་བར་བྱེད་པ་ཕུར་མོང་གི་མེ་ཏོག སེམས་བརྩེ་བར་བྱེད་པ་ནས་ཟན་ཀླད་པ༔ ཁྲོམ་དབང་དུ་འདུ་བར་བྱེད་པ་བྱ་རྒོད་ཤ༔ ཕོ་དབང་དུ་འདུ་བར་འདོད་ན་ལྕགས་རིགས༔ མོ་དབང་དུ་འདུ་བར་བྱེད་པ་ཁུག་རྟའི་བྲུན༔ བླ་མ་དབང་དུ་འདུ་བར་བྱེད་པ་གསེར༔ མི་དཔོན་དབང་དུ་འདུ་བར་བྱེད་ཕ་ཝང་དྲེག་པ༔ བཙུན་མོ་དབང་དུ་འདུ་བར་ཟངས་ཕྱེ༔ དགེ་བཤེས་ལ་ལི་ཁྲི༔ སྔགས་པ་ལ་མཚལ ལྷ་འདྲེ་ལ་ཕ་ཝང་ལོང་བུ༔ དེ་རྣམས་རིལ་བུ་སྲན་མ་ཙམ་བྱས་ལ་ཡུངས་ཀར་དང་མཉམ་དུ་སྨྱུག་ཚོགས་ནང་དུ་བླུག༔ དར་དམར་པོས་ཁ་བཅད༔ གླང་མས་ཁ་འདོན་བྱེད༔ ཕུག་རོན་དང་རུའི་རྒྱུད་ནས་ཕུ་འདེབས༔


CMR018_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བཻ་སེང་ཧ་ཌཱཀི་ནཱི༔ ཧ་རི་ནི་ས༔ ཀ་བྷི་ར་ཀོ་བྷི་ར༔ ཧཱུྃ་ཧཱུྃ་ཛ་ཛཿ ཧ་རི་ནི་ས༔ ར་ཙ་ཧྲི༔ཡ་ནཱི་ཛ་ཛ ཙིཏྟ་འདུས་འདུས༔ འདིར་ཁུག་འདིར་ཁུག ནིག་ནལ་ནིག་ནལ ལྷ་འདྲེ་མི་གསུམ་བདག་གི་དབང་དུ་སྡུས་ཤིག་སྭཱ་ཧཱཿ ཝ་ཤཾ་ཀུ་རུ་ཧྲི་ཧྲི་ཛ་ཛཿ ཞེས་ཞག་བདུན་སོགས་བརྗོད་སྔགས་གྲངས་མེད༔ ༈ ཡང་བུད་མེད་རེ་རེ་ཁོ་ན་དབང་དུ་བསྡུ་བར་བྱེད་ན༔ སྔགས་འདི་གཙོ་ཆེར་བཟླའོ༔ ཨོཾ་མ་ཧཱ་དེ་ཝ་ཧཱུྃ༔ ཨུ་མ་དེ་ཝ་ཧྲི༔ བུད་མེད་ཐམས་ཅད་ཀྱི་མངལ་ཞུགས་ཀྱི་སྲིན་བུ་སློང་སློང་༔ ཨ་མོ་ལམ་ལམ་སྟོད་དུ་ལམ་ལམ༔ ཨ་ཏི་ཁོལ་ཁོལ་སྨད་ནས་ཁོལ་ཁོལ༔ སེམས་ཀྱི་འདོད་ཆགས་འབྱུང་བས་དཀྲུགས་ལ་ཤོག༔ རླུང་གི་ཞགས་པས་དེད་ལ་ཤོག༔ དྲྀ་ཏྲི་ཨ་ཀརླུ་ཡ་ཧྲི་ཧྲི་ཛ་ཛཿ ཞེས་ཞག་བདུན་ཙམ་བཟླས་སོ༔ རྫས་ལ་ཕུ་བཏབ་ཅིང་རང་ཉིད་སེང་གདོང་མའི་གསང་གནས་དབང་ཕྱུག་ཆེན་པོ་དང་བཅས་པ་ལས་འོད་ཟེར་དམར་པོ་འཕྲོས་པས་འགྲོ་བ་ཐམས་ཅད་ལ་ཕོག༔ སྲིད་པ་ཕོ་རྒྱུད་ཐམས་ཅད་གཡས་སུ་སྒ་ར་ར་འཁོར༔ མོ་རྒྱུད་ཐམས་ཅད་གཡོན་དུ་ཀྱི་ལི་ལི་འཁོར་འོད་ཟེར་སྙིང་ནང་དུ་ཞུགས་ནས་ལུས་འདར་སེམས་


CMR018_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས༔ ཕོ་རྣམས་ཀྱི་བྱང་སེམས་དཀར་པོ་དང་༔ བུད་མེད་རྣམས་དམར་པོ་ལྷད་ལྷད་ལུས་ལས་ཐོན་ཏེ་རང་ལ་ཐིམ་པར་བསྒོམ་ཞིང་བཟླའོ༔ དེ་ལྟར་སྒྲུབ་པ་ཐོན་པའི་རིལ་བུ་ལས་ལ་སྦྱར་བ་ནི༔ ཆང་གི་ནང་དུ་བཏབ་ནས་ཁར་རིག་པ་ཐམས་ཅད་དབང་དུ་བྱེད་དོ༔ ཐོད་པའི་བདུད་རྩིའི་ནང་དུ་བཏབ་ལ་ཚོགས་ཆང་དུ་བླུག རྗེས་དྲི་བཟང་སྣ་ཚོགས་བསྲེགས་པའི་བསང་གི་ནང་དུ་བཏབ་པས་དུད་པ་ཕོག་ཚད་ལྷ་འདྲེ་དབང་དུ་འདུས་ནས་བཀའ་ཉན་སྙན་གྲགས་པར་བྱེད་དོ༔ ཤིན་ཏུ་ཟབ་བོ་སི༔ ཡང་དུང་དཀར་རམ་གླིང་བུའམ༔ རྒོད་གླིང་ངམ༔ རྐང་གླིང་ལ་རྫས་བྱུག༔ སྔགས་གོང་གི་དེས་སྔགས་ལ་ཡུལ་ཕྱོགས་དབང་དུ་གར་བྱས་ལ་ཁར་གཏད་འབུད་པས་དུང་སྐད་གོ་ཚད་སེམས་བསླང་ཞིང་འདུ་སྟེ་དམ་ཚིག་ཏུ་རིང་འབུད་པ་ལས་དུང་གཞན་གྱིས་ཁ་གཏད་འབུད་མི་འཇུག་པ་གལ་ཆེའོ༔ ༔ ༈ རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་གྲངས་མེད་པ་འཕྲོས་པས་དམིགས་བྱ་ཐམས་ཅད་ཀྱི་སྙིང་གའི་ནང་དུ་ཞུགས་ནས་ལུས་སེམས་གཡོས་ཏེ༔ ལུས་ངག་ཡིད་གསུམ་འོད་དམར་པོའི་རྣམ་པར་ཞུ་ནས་རང་ལ་ཐིམ་པར་བསྒོམ་ཞིང་སྔགས་བརྒྱ་རྩ་སོགས་མ་ཆག་པར་བྱ་བ་ནི་རྒྱུན་བསྙེན་ནོ༔ དམིགས་རིམ་གསལ་བར་བྱས་ལ་ཁྲོམ་ལ་ནས་སྔགས་ནས་གཏོར་ན་དབང་དུ་འགྱུར་ཞིང་དད་གུས་འགྱུར་བ་མེད་པར་འགྱུར་རོ༔ ཨྠྀི༔ ༈ གོང་དུ་བསྒྲུབས་པའི་ཡུངས་


CMR018_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་རེ་རེས་བུད་མེད་རེ་ཁུག་སྟེ༔ དམིགས་པ་དང་བཅས་འོག་མ་མང་དུ་བཟླས་ལ་ཁ་གསོས་ལ་ཡུངས་ཀར་མོའི་སྤྱི་བོར་རམ་སྙིང་ཁར་འདེབས་པས་རང་དབང་མེད་པར་ཁུག་གོ༔ བཀྲོལ་ན་ཆུའི་ཁ་ཕྲུ་བཏབ་པའམ༔ རང་དང་མོའི་བར་དུ་ཆུས་ཐོར་བྲབ་བོ༔ ཨྠྀི༔ ཡང་ན་ཟངས་མདའ་ཁྱུད་གང་པ་ལ་སྔགས་ནས་པདྨ་རཀྟ་བྱུག༔ ཟངས་ཀྱི་གཞུ་མཛུབ་གང་ལ་སྔགས་ནས་བྱང་སེམས་དཀར་པོ་བྱུག༔ གྲི་རྒྱུས་སམ་བྱ་རྒོད་རུས་པས་གཞུ་རྒྱུད་བྱས སྔགས་ཤོག་དྲིལ་དུ་བྲིས་པ་ཆང་བཟུང་ལ་དཀྲིས་ནས་དར་དམར་པོས་དྲིལ་གཞན་གྱིས་མ་མཐོང་བར་རང་གི་མཆན་གཡོན་དུ་བཞག་ལ༔ བསྐྱེད་རིམ་གོང་ལྟར་བསྒོམ༔ གཞུ་མདའ་གཉིས་གསང་གནས་དབང་ཕྱུག་གི་ཕྱག་མཚན་དུ་བསམ་ལ གཞུ་ལ་ཡཾ་གྱིས་མཚན་པ་ལས་རླུང་གཡོས༔ མདའ་ལ་རཾ་གྱིས་མཚན་པ་ལ་ཕོག༔ རཾ་ལས་མེ་འབར་ཞིང་རོ་མང་པོ་འཕྲོས་ཏེ༔ ཕོ་མོ་ཐམས་ཅད་ཀྱི་སྙིང་ནང་དུ་ཞུགས་ལུས་སེམས་གཡོས་ནས་འདར་ཡེང་ཡེང་འཕར་ལྷད་ལྷད་རང་ལ་དབང་མེད་པར་བདག་གི་དབང་དུ་གྱུར་པར་བསྒོམ་ཞིང་༔ སྔགས་སྤྱི་ལ་གང་མང་དང་༔ བུད་མེད་ལ་སྔགས་འོག་མ་ཞག་བདུན་ཙམ་བཟླས༔ མདའ་གཞུ་ལ་སྔགས༔ དབང་དུ་བྱ་བའི་ཡུལ་ཕྱོགས་བསམ༔ དམིགས་ཡུལ་ལ་ཚད་བྱ༔ མདའ་གཞུ་བཀང་གཏད་བྱ་ཞིང་དམིགས་པ་བྱས་པས་དབང་དུ་འགྱུར་རོ༔ ཨྠྀི༔ ༈ ཡང་དར་དམར་ལ་རྒྱ་སྣག་གམ་མཚལ་གྱིས༔ ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡཕཊ༔ ནི་ལ་བཛྲ་ཌཱ་ཀི་


CMR018_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བརྡ་ཀ་ཧཱུྃ༔ ཞེས་བྲིས༔ སྔགས་དེས་མང་དུ་སྔགས་ལ་མཆན་ཁུང་གཡོན་དུ་བཏགས་ན་ཐམས་ཅད་ཀུན་གྱི་ཡིད་དུ་འོང་ཞིང་དབང་དུ་འདུས་སོ༔ ཨྠྀི༔ ༈ ཡང་ཟངས་གཞུ་ཟངས་མདེལ་ལ་རྡོ་ཁབ་ལེན་སྦྱར་ནས་མཆོད་གཏོར་བཤམས༔ རང་ཉིད་སེང་གདོང་མ་དམར་མོ་གྲི་གུག་ཐོད་ཁྲག་ཅན་ཁཊཾ་ག་ལ་འཁྱུད་ཅིང་གར་བྱེད་པ་འཁོར་ཌཀྐི་བཞི་སེང་གདོང་མ་བཅས་པ་བསྐྱེད༔ ཡེ་ཤེས་པ་བསྟིམ་པ་དང་དབང་བསྐུར་བ་ལ་བདེ་མཆོག་གིས་དབུ་བརྒྱན་པར་བསམ་ལ༔ ཨཧཱུྃ་སོགས་ཀྱིས་མཆོད༔ དཔལ་ལྡན་པདྨ་ལྷ་མོ་ནི་སོགས་ཀྱིས་བསྟོད༔ རང་ཉིད་ཐུགས་ཀའི་ཛཾ་ལས་སྔགས་ཕྲེང་གཡོན་དུ་འཁོར་བ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པས་རྒྱལ་བློན་བཙུན་མོ་ཡུལ་འཁོར་ནོར་རྫས་སོགས་ཅི་འདོད་པ་བཀུག་མདུན་དུ་འདར་ལྡི་ལི་ལི་འདུག་པ་འོད་དམར་པོར་ཞུ་ནས་རང་ལ་ཐིམ་པར་ཡང་ཡང་བསྒོམ་ཞིང་༔ ཨོཀསམརཙཤདརསརཡཕཊ༔ ཨོཾ་ཨོཾ་ལ་དི་རི་དི་རི་ཡན་ཏ་མི་དི་ཐ་སྭཱ་ཧཱཿ ཨོཾ་གྷ་མི་ཙ་ནི་ར་ཙ་ཡེ་སྭཱ་ཧཱཿ ནཾ་ཨ་ཀར་ཡ་ཧྲི་ཧཱུྃ༔ ཨ་ཀར་ཡ་ཛ་ཛཿ ཚྭ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ མི་སྙིང་སྒུལ་སྦྲུལ༔ ཞེས་དང་ཕོ་དབང་དུ་བསྡུས་པ་དང་༔ ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མརཡཕཊ༔ བཾ་


CMR018_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་རི་ནི་ཧཱུཾ༔ ནིག་ནལ་ནིག་ནལ༔ པྲ་མོ་ཐུན་ཕྲ་མོ་ཐུན༔ ལུས་སྒུལ༔ སེམས་གཡོས༔ དབང་པོ་དཀྲུག་དཀྲུག༔ སེམས་རྩ་གཡོས་སེམས་རྩ་གཡོས རཏྣ་སིདྡྷི་ཁུག་ཁུག་ཛ་ཛཿ ཨོཾ་བྷི་ཤ་ནན་རཀྟི་ནན༔ རུ་ཏི་ནན༔ དོར་ཕུ་དོར་ཕུ༔ སེམས་རྩ་དཀྲུག་སེམས་རྩ་དཀྲུག༔ མངལ་གྱི་གྲོང་ཁྱེར་དཀྲུག༔ ཡང་ཡང་ཕུད ཨ་ར་ལི་རྐོ་རྐོ་ཕུད་སྭཱ་ཧཱཿ ཨོཾ་པདྨ་ཚེ་ཁྲི་ཁྲི་ཚུར་ཚུར་ཤག་ཤག༔ ཡེད་ཡེད་སེང་སེང་༔ ཀུ་སྲིང་ཀུ་སྲིང་གྷནྡྷ་གྷནྡྷ་སྭཱ་ཧཱཿ ཨོཾ་མ་ཧཱ་ར་ཙ་ཧཱུྃ༔ ཨོཾ་པྲ་བྷ་ར་ཙ་ཧཱུྃ༔ ཨོཾ་ཀ་མ་ར་ཙ་ཧཱུྃ༔ ཨོཾ་མ་ཧཱ་དེ་ཝ་ཧཱུྃ༔ སེམས་ཅན་རྒྱལ་པོ་མིང་ཆིང་གང་ཟག་གི་སེམས་བསྒུལ ལས་ལ་སྦྱོར་དུས་དྲི་མ་ནོར་གྱི་དངོས་གྲུབ་སྩོལ༔ ཞེས་བཟླས་ཤིང་ཟངས་ཀྱི་མདའ་གཞུ་སྔགས༔ ཐུན་མཚམས་གཏོར་མ་གོང་ལྟར་འབུལ༔ སྔགས་ནི་གྲངས་མེད་ཞག་བདུན་ཙམ་བཟླས༔ མི་མང་ཕྱག་འཚལ༔ ཟས་སྐོམ་འབུལ་བ་དང་༔ འོད་འཐིལ་ཞིང་མེ་ཏོག་གི་འོད་དམར་པོ་རྒྱལ་པོར་གྱུར་པ་རྨིས་ན་འགྲུབ་རྟགས་སོ༔ དེ་ནས་ལས་ལ་སྦྱར་ནས༔ བུད་མེད་འགུགས་ན་ནངས་པར་ཐོ་རངས་སྐར་མ་རྒྱས་ནས་བཟུང་སྟེ༔ དགོང་མོ་སྐར་མ་མ་ཤར་བར་དུ་དམིགས་པ་དང་ལྡན་པས་སྔགས་གོང་མ་བཟླས་ཤིང་མདའ་གཞུ་དམིགས་བྱའི་ཕྱོགས་སུ་བརྒྱབ་


CMR018_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་ཀྱིས་འགེང་ཚུལ་གསང་བྱས་ན་མོ་དྲ་ཁུག་ནོ༔ འདི་ནི་འཇིག་རྟེན་གྱི་སེང་གདོང་མ་ཡིན༔ ཨི་་་༈ ཡང་འདི་དང་འབྲེལ་བའི་ལས་ཚོགས་ལ༔ རབ་བུ་མོ་མཚན་ལྡན་མགོ་གཙང་༔ འབྲིང་མོ་བསྐལ ཐ་མ་སྨད་ཚོང་མའི་པདྨ་རཀྟ༔ ཙན་དན་དམར་པོ༔ གི་ཝང་༔ སྤང་རྒྱན་དཀར་པོ༔ དེ་རྣམས་ཞིབ་པར་བཏགས་པའི་ཐུམ་པོ་བྱས༔ རིན་པོ་ཆེའི་སྣོད་དུ་བཞག་ལ༔ མཎྜལ་འདབ་བཞིའི་དབུས་སུ་བཞག༔ དེ་ཡང་སེང་གདོང་དམར་མོ་བསྐྱེད་བསྟིམ་བྱས་ལ་ཞག་གསུམ་སྨྲ་བ་བཅད་ལ་སྔགས་སོ༔ ཨཀསམར༔ཙཤདརསམརཡཕཊ༔ ཨོཾ་ཛ་བྷི་ཏྲི་ཏ་ཡེ་སྭཱ་ཧཱཿ ཞེས་མང་དུ་བཟླས མཐར་སྔགས་འདི་ཅུང་ཟད་࿄ བཟླས་ཏེ་སྔགས༔ ཨོཾ་ན་མོ་བྷ་ག་ཝ་ཏེ༔ ཨོཾ་ཨུབྷི་ཥ་དྷ་ར་དྷ་རི་དྷེ་སྭཱ་ཧཱཿ ཞེས་སྔགས༔ གཏོར་མས་འདོད་དོན་གསོལ་ལོ༔ དེ་ལྷ་གཞུང་རྫས་ལ་བསྟིམ་སྟེ་ཚགས་བྱའོ༔ ལས་ལ་སྦྱར་བ་ནི་རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་དང་ཚོང་འདུས་སོགས་མང་དུ་འདུས་པར་ཕྱུག་པོ་དང་སྨད་ཚོང་གང་རུང་གི་མེ་བླངས་པའི་ལྕི་བ་དང་བསྲེས་ལ་བསྲེག༔ ཡང་ན་སྤོས་དང་བསྲེས་ནས་མེ་ཡི་ནང་དེར་ལྷ་གཙོ་འཁོར་ལྔ་བསྒོམ་སྟེ་བདུད་རྩི་རིལ་བུ་བཏབ་པའི་ནང་མཆོད་ཀྱིས་ཅུང་ཟད་མཆོད་པར་བསམ་ལ་བྲན༔ དེ་ནས་སྤོས་བསྐོར་བྱས་ནས་སྤོས་སྣར་སོང་ཚད་དབང་དུ་འདུ་བར་གསུངས་སོ༔ ཨྠྀི༔ ༈ རང་ཉིད་དམར་མོ་སེང་གདོང་མ་དེ་བསྒོམ་ལ༔ གྷི་ཝང་


CMR018_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཡས་པའི་མཐིལ་དུ་བཞག་ལ༔ གཡོན་པའི་སྲིན་མཛུབ་གིས་མཉེས་ལ༔ ཨཀསམསོགས། ཨོཾ་ཛ་བྷི་མོ་དྷི་ཏ་ཡེ་སྭཱ་ཧཱཿ ཞེས་སྟོད་ཀྱི་སྔགས་གཉིས་ལ༔ ཨོཾ་ཨུབྷི་ཥ་ཤ་ཡ་དྷ་ར་དྷ་རི་དྷ་སྭཱ་ཧ ཅུང་ཟད་བཏགས་པས༔ ཐུམ་པོ་བྱས་ལ་ཚགས་བྱའོ༔ དེ་ནམ་དགོས་དུས་སྲིན་ལག་གིས་མཉེས་ཤིང་སྔགས་ཁ་གསོ་ལ་སྔགས་ནས་དཔྲལ་བར་ཐིག་ལེ་བྱས་ཐམས་ཅད་བདག་ལ་དགའ་ཞིང་ཆགས་པར་འགྱུར་རོ༔ སྐྱེས་པ་བུད་མེད་གཞན་མ་ལ་བྱུག་ན་བདག་ལ་ཆགས་ཤིང་དགའ་ལ་མ་སླང་བར་ཟས་སྟེར་རོ༔ གྷི་ཝཾ་ལ་བརྟེན་ནས་ཡིད་འཕྲོག་པའི་མན་ངག་གོ༔ ཡང་རྣལ་འབྱོར་པ་ཕྱོགས་མེད་དུ་འགྲོ་ན་ཟས་རྙེད་པའི་ཐབས་ནི༔ ནངས་སྔ་བྱ་རོག་མ་གྲག་པར་རང་སེང་གདོང་དམར་མོ་བསྒོམ༔ ཨཀསམསོགས༔ ཨོཾ་ཅི་རིགས་བཟླས༔ དེ་ནས་སྤྱི་བོར་སེང་གདོང་མ་སྔོན་མོ༔ དེའི་སྟེང་དུ་པདྨ་འདབ་བཞིའི་ལྟེ་བར་ཐཾ་སྔོན་པོ་ལས་སེང་གདོང་མ་སྔོན་མོ་ཕྱག་གཡས་ཐོད་པ་བདུད་རྩི་གཡོན་རིན་པོ་ཆེའི་སྙེ་མ་འཛིན་པ༔ དེའི་སྤྱི་བོར་རྩ་བའི་བླ་མ་གཅེར་བུ་རུས་པའི་རྒྱན་ཅན་ཌ་མ་རུ་དང་སྡིགས་མཛུབ་ཅ༔ པད་འདབ་ལྔ་ལ་ཌཱ་ཀི་གཙོ་མོ་འདྲ་བ་བཞི་བཞེངས་སྟབས་ཅན་གཡས་ལྕགས་ཀྱུ་གཡོན་རིན་པོ་ཆེའི་སྙེ་མ་འཛིན་པ་ཅན་ཡང་༔ གཅེར་བུ་རུས་རྒྱན་ཅན་བསྒོམ༔ ཡེ་ཤེས་པ་བསྟིམ༔


CMR018_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བདུན་པ་གཅིག་འབུལ༔ ཨོཾ་ཛ་བྷི་མ་ཧེ་ཧྲི་ཏ་ཡེ་སྭཱ་ཧཱཿ ཞེས་བརྒྱ་རྩ་བརྗོད༔ ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ བླ་མ་རྡོ་རྗེ་སློབ་དཔོན་དང་༔ ཡི་དམ་ཌཀི་སེང་གདོང་མ༔ གནས་གསུམ་ཌཱཀིའི་ཚོགས་རྣམས་ཀྱིས༔ བདག་ལ་ཟས་ཀྱི་དངོས་གྲུབ་སྩོལ༔ འགྲོ་ཀུན་དབང་དུ་འདུ་བ་དང་༔ བདག་ལ་དགའ་ཞིང་ཆགས་པར་མཛོད༔ ཅེས་ལན་གསུམ་གསོལ་བ་བཏབ་པ་དང་༔ ཆུ་ཁྱོར་གང་སྔགས་ལ་འཐུང་༔ སླར་ཡང་ལག་གཡོན་ཆུ་བླུག་པར༔ སེང་གདོང་དམར་མོ་རུས་རྒྱན་ཅན༔ ཕྱག་གཡས་བདུད་རྩི་ཀ་པ་ལ་གཡོན་ལྕགས་ཀྱུ་བསྣམས་ནས་ཟས་ཀྱི་དངོས་གྲུབ་བསྡུས་པ་བསྐྱེད་ལ་སྔགས་བརྒྱ་རྩ་བརྒྱད་བཟླས༔ ཨོཾ་ཛཾ་བྷི་མ་ཧེ་ཧྲི་ཏ་ཡེ་སྭཱ་ཧཱཿ ཨོཾ་ན་མོ་བྷ་ག་ཝ་ཏེ༔ ཨོཾ་ཨུཏྟཱི་ཥ་ཤ་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱ་ཧཱཿ ཞེས་བཏབ་འཐུང་ནས་གང་འགྲོ ན་ཡང་སྔགས་བཟླས་ཤིང་སོང་ན་ཟས་འདོད་ཚད་འདུ་བར་ཐེ་ཚོམ་མེད་ཅིང་༔ ནད་རིགས་ལམ་དུ་ཡོད་ཀྱང་མི་འགོས་པ་དང་༔ དགྲ་དང་ཆོམ་རྐུན་ལམ་དུ་མི་འབྱུང་ངོ་༔ གཞན་ཡང་དམར་མོ་གསུང་གི་སྒྲུབ་པ་འདི་ལ་འབད་ཚེ་འདི་ལ་བསོད་ནམས་ལོངས་སྤྱོད་རྒྱས་པ་དང་སྣང་བ་ཐམས་ཅད་དབང་དུ་འདུས་ནས༔ འགྲོ་བ་ཆོས་ལ་འཁོད་ནུས་པ་དང་༔ ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤུགས་ལ་འཆར་བའང་༔ མཆོག་ཐུན་མོང་གི་དངོས་གྲུབ་


CMR018_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གང་འདོད་འབྱུང་གནས་གསུངས༔ ༈ ཡང་མཎྜལ་དམར་པོའི་སྟེང་དུ་མེ་ཐབ་ཟླ་གམ་བྲིས་པའི་དབུས་སུ་ཆོས་འབྱུང་དམར་པོ་དེའི་དབུས་སུ་པདྨ་འདབ་བཞིའི་དབུས་སུ་གཡུང་དྲུང་དམར་པོ་དང་༔ ཁ་ཁྱེར་རིན་པོ་ཆེ་འབར་བ་བྲིས་པའི་སྟེང་དུ་ཤུག་པ་སོགས་བཟང་ཤིང་ཟླ་གམ་དུ་བརྩེགས་པ་དང་༔ མེ་འབར་བའི་དབུས་སུ་སེང་གདོང་དམར་མོ་གཙོ་འཁོར་ལྔས་བསྐོར༔ ཡེ་ཤེས་པ་བསྟིམ་ལ༔ ཕྱེ་མར་ཟས་སྣ་ཚོགས་བསྲེས༔ སོར་མོ་ལྔ་མཁའ་འགྲོ་ལྔར་བསྒོམ༔ ཨོཾ་བཻ་ཌཱཀི་ནཱི་སེང་ཧ་མུ་ཁ་ཧ་རི་ནི་ས་ཨག་ཎི་ཡེ་པུ་ཛ་ཁ་རཾ་ཁཱ་ཧི༔ ཞེས་བརྒྱ་རྩ་ལ་འབུལ༔ ཨརྒྷཾ་སོགས། དཔལ་ལྡན་པདྨ་ལྷ་མོ་ནི༔ སོགས་ཀྱིས་བསྟོད༔ མེ་ལྷ་གཤེགས་པར་བསམ༔ ཐཾ་ཧ་རི་ནི་ས་བཛྲ་མུཿ བརྗོད་དོ༔ དེ་ལྟར་རྒྱུན་ཁྱེར་མེ་ལ་ཡང་རུང་ངོ་༔ རྒྱས་པར་འདོད་ན་སྦྱིན་སྲེག་སྤྱི་ལྟར་རྒྱས་པར་དབང་གི་སྦྱིན་སྲེག་བྱའོ༔ དམར་མོ་གསུང་གི་ཌཀི་མའི་གདམས་པ་ཅུང་ཟད་བསྡུས་པ་གསལ་བར་བྱས༔ འདི་ལ་ཉེས་འགལ་ལྷ་ལ་བཤགས༔ དགེ་བས་སྡིག་སྤྱོད་འགྲོ་བ་རྣམས༔ དམ་པའི་ཆོས་ལ་བློ་ཕྱོགས་ནས༔ རྣམ་མཁྱེན་ས་ལ་འགོད་པར་ཤོག༔ དེ་སྐད་བྱ་བཏང་རི་སུལ་པ༔ རཱ་གའི་མིང་ཅན་དེ་ཡིས་བྲིས ཅུང་ཟད་ངག་ནས་ཤེས་པར་བྱོས༔ ཆོས་ཀྱི་ཆ་ལག་ཚང་ཕྱིར་ཡིན༔ འདོད་ཆགས་


CMR018_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར་མི་དགོངས་ཤིང་༔ ངན་སྔགས་མཁན་དུ་མི་དགོངས་འཚལ༔ ཁྱིམ་སྤངས་རབ་ཏུ་བྱུང་བ་བདག༔ མུ་འདྲའི་འགུགས་སྔགས་དགོས་པ་མེད༔ ཆགས་ལྡན་རྣམས་ལ་ཕན་པར་སྙམ༔ ཤིན་ཏུ་གསལ་བ་མངྒ་ལཾ༔ ལས་སྦྱར་ཟངས་གཞུ་མ་བཞུགས་སོ། །༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ གདམས་ངག་འདི་ལ་སྔགས་དང་རྫས་གཉིས་ལས༔ རྫས་ལ་ཟངས་མའི་མདའ་སོར་བཞི༔ གཞུ་མཁྱུད་གང་པ་ཞིག་བྱས མདའ་སྒྲོ་རྨ་བྱའི་སྒྲོ་བྱ༔ རྡོ་ཁབ་ལེན་ལ་མདེའུ་བྱས༔ གྲི་རྒྱུས་ལ་གཞུ་རྒྱུན་བྱས༔ བྱང་སེམས་དཀར་པོ་མདའ་ལྟོང་ལ་བསྐུ༔ པདྨ་རཀྟ་མདེའུ་ལ་བསྐུ དེ་ནི་རྫས་ཀྱི་བྱེ་བྲག་གོ༔ དེ་ནས་སེམས་བསྐྱེད་སྔོན་དུ་བཏང་བས༔ རང་ཉིད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་ལྕགས་ཀྱུ་དམར་པོ་བསྣམས་པ༔ འོད་ཟེར་དམར་པོ་དང་ཞགས་པ་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས༔ འགྲོ་བ་ཕོ་མོ་ཐམས་ཅད་དབང་དུ་བསྡུས་པར་བསམ་མོ༔ ཨོཾ་སེང་ཧ་ཧ་རི་ནི་ས་སརྦ་སིདྡྷིཧཱུྃ་ཛཿ ཞེས་སྔགས་འདི་མང་དུ་བཟླས༔ དེ་ནས༔ རང་ཉིད་སེང་གདོང་མའི་ཐུགས་ཀར་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཡུམ་ཨུ་མ་དྷེ་ཝ་དང་མཉམ་པར་སྦྱོར་བ༔ ཡབ་ཡུམ་གཉིས་ཀའི་


CMR018_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་ལྕགས་ཀྱུ་དམར་པོ༔ གཡོན་ཞགས་པ་དམར་པོ་བསྣམས་པ༔ རང་གི་ལུས་ལས་འོད་ཟེར་དམར་པོ་འཕྲོས་པས༔ ཁམས་གསུམ་གྱི་ལྷ་འདྲེ་མི་གསུམ་དབང་དུ་བསྡུས་པར་བསྒོམ༔ ཨོཾ་མ་ཧཱ་དེ་ཝ་ཧཱུྃ༔ ཨུ་མ་དེ་ཝ་ཧྲི༔ ཧ་རི་ནི་ས༔ བུད་མེད་ཐམས་ཅད་ཀྱི་མངལ་གྱི་སྲིན་བུ་སྨད་དུ་སློང་སློང་༔ ཨ་ཏི་ཁོལ་ཁོལ་སྨད་དུ་ཁོལ་ཁོལ༔ སེམས་ཀྱི་འདོད་ཆགས་འབྱུང་བ་དཀྲུག་དཀྲུག རླུང་གི་ཞགས་པས་དེད་ལ་ཤོག༔ ནཱཾ་ཨ་ཀརྨ་ཡ་ཧྲིང་ཧྲིང་ཛ་ཛཿ ལས་སྦྱོར་སྔགས་བརྒྱ་རྩ་བརྒྱད་ཀྱིས་མདའ་སྔགས་ནས༔ དམིགས་ཡུལ་ཚད༔ རང་ཉིད་དབང་ཕྱུག་ཏུ་བསྒོམ༔ མདའ་གཞུ་གུ་ལང་དུ་བསྒོམ༔ གཞུ་ཡཾ་ལྗང་གུས་མཚན་པ༔ མདའི་མདེལ་རྩེ་རཾ་དམར་པོས་མཚན་པ༔ ཕོ་ཡི་སྙིང་ཁར། མོ་ཡི་མངལ་སྒོ་ལ་དྲག་ཏུ་བྱ༔ ཚོན་སྐུད་སྔོ་དམར་གྱིས་བཅིང་༔ རང་གི་ལུས་གཡོན་དུ་འཆང་༔ གཙོ་བསྙེན་འབུམ་ཚོ་བྱ༔ དེ་ནས་ལས་སྦྱོར་དུས་བཏགས༔ ༈ སྒབ་འདྲེ་མནན་ཐབས་ལ༔ མི་ལ་བླ་རྐུན་བུ་ཆུང་གི་གཟུགས༔ ཕུང་བྱེད་བསེ་རག་རི་ཝང་གཟུགས གོད་འདྲེ་གནོད་བྱེད་དོམ་གྱི་གཟུགས༔ ཟས་ལ་གནོད་བྱེད་བསེན་མོའི་གཟུགས༔ ཨ་མ་ལ་ཀུ་རུ་ནན༔ བསེ་རག་ན་ཏྲི་ན་ཏྲི་ནན༔ གོད་འདྲེ་ཙན་ཏྲི་ནན༔


CMR018_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བསེ་མོ་རུ་ཏྲི་ནན༔ གནོད་བྱེད་དམ་སྒབ་འདྲེ་དམ་སྲི་མཱ་ར་ཡ་ཧཱུཾ་བྷ་ཡ་ནན༔ དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་ཕོ་མཚན་དམར་པོ་གྱེན་དུ་བསྒྲེང་བ་སྤྱི་བོའི་གཙུག་ཏུ་ཡིད་བཞིན་གྱི་ནོར་བུ་འོད་འབར་བར་བསྒོམ༔ ཨཱི༔ སྒྲུབ་དུས་ཟས་ཚོར་ཅན་མི་ཟ་བ་དམ་ཚིག་ཡིན༔ ཕྱི་རབས་རྗེས་འཇུག་རྣམས་འདི་ཡི་ཡིག་ཆུང་ཤེས་པར་གྱིས༔ གདམས་པ་འདི་དང་ལྡན་གྱུར་ན༔ རལ་གྲི་འཛིན་དང་གཙུག་ལག་འཛིན༔ གཅིག་འགྲོས་རྒྱལ་ཁམས་བསྐོར་བ་ན༔ ཇི་ལྟར་བྱས་ཀྱང་ཇི་ལྟར་འཕེལ༔ སྲོག་མཐུན་ལས་ཀྱི་རྣམ་སྨིན་འབྱུང་༔ འདི་ལ་ལས་ཀྱི་རྣམ་སྨིན་མེད༔ བསྟན་པ་བསྲུང་ཞིང་ཆེ་བ་འདོན༔ ༈ དེ་ནི་མན་ངག་གསང་གནད་ལ འཁོར་ལོའི་ནང་མ་ལ་སྔགས་འདི་རྣམས་བྲི༔ ཨོཾ་ཆུ་ལྷུང་ལྷུང་འདར་ཡེང་ཡེང་༔ སྟོད་ལ་ཁུག་ཁུག༔ ཙ་ལ་ཁྲིག་དར་རྒྱས་སྭཱ་ཧཱཿ འཇིག་རྟེན་ཁམས་ཀྱི་འགྲོ་བ་ཕོ་མོ་ཐམས་ཅད་དང་ཟས་ནོར་གོས་གསུམ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་སྭཱ་ཧཱཿ ཨོཾ་ཨ་ཏི་ཁོལ་ཁོལ་སྟོད་ལ་ཁོལ་ཁོལ༔ ཨ་མོ་ནན་ནན་སྨད་ནས་ནན་ནན༔ འདོད་ཆགས་རྩ་བ་གཏིང་ནས་དཀྲུག༔ གྷི་ཏི་ཁུག༔ ཙིཏྟ་ཕྱུང་སྣང་རྒྱལ་རྣམས་ཟད་ཟད་ཕུལ་ཕུལ་ལྷང་ལྷང་ལྷ་མོ་མྱུར་དུ་ཁུག་ཅིག ཡུངས་ཀར་ཕོ་ཉ་མྱུར་ཤིག༔ མིང་བཅུག༔ ཨོཾ་གཟིར་


CMR018_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་བཏུར་བཏུར་དམ་ལ་ཤོག༔ ཆུ་ཁྲིག་འདོད་ཆགས་ཀྱི་མཚོ་མོ་གཏིང་ནས་དཀྲུག་སྲིན་བུ་མགོ་མང་ཚང་ཤིགས༔ རྨི་མོའི་ལུས་ལ་ནད་ཕོག མིང་བཅུག༔ ཨོཾ་མ་མ་འཛུར་འཛུར་ཧྲིང་ཧྲིང་མ་མ་ཧྲིང་ཧྲིང་༔ བདག་འཆང་བ་པོ་ལ་བུད་མེད་དམར་མོའི་ཙིཏྟ་ཁུག་སྭཱ་ཧཱཿ ཨོཾ་ནི་ཨ་དཀར་པོ་ཆོལ་ཆོལ་དྲི་ལ་ས་ལ་ཤང་དུམ་བུ་ལ་མྱོང་མྱོང་མ་ཧཱ་འཛུབ་འཛུབ་བྲིང་ཧྲིང་སློང་བྱེད་ཤ་ཁུག་སྭཱ་ཧཱཿ ཨོཾ་འཛབ་འཛབ་འཛུབ་འཛུབ་ཧྲི་ཧྲི་པདྨོ་དྷ་ཤ་ཁུག་སྭཱ་ཧཱཿ ཨོཾ་འཛབ་འཛབ་འཛུབ་འཛུབ་པདྨོ་བྷ་ཤ་ཁུག་ཚྭ་ཁུག་ཛ་སྭཱ་ཧཱཿ བྷ་ཤ་ཁུག་ཁོལ་ཙག་ཙག་དུང་དུང་ཡང་ཡེང་ལྷ་འདྲེ་མི་གསུམ་བདག་གི་དབང་དུ་སྡུས་ཤིག་སྭཱ་ཧཱཿ ཕྱི་ནང་གང་ཤོང་བྲི། ལས་ལྡན་ཕྱག་རྒྱ་དབང་དུ་བསྡུ་བ་ལ༔ ཡུངས་ཀར་དང་བྱང་སེམས་ལ་བཟླས་ཏེ་བྱིན་ན་ཁྱི་བཞིན་དུ་རྗེས་སུ་འབྲང་ངོ་༔ གྲོལ་བར་འདོད་ན་ཆུ་ལ་སྔགས་མགོ་མཇུག་ལྡོག་ལ་བཟླས་ནས་གྲོལ་བར་འགྱུར་རོ༔ ཨོཾ་སྲིན་བུ་གྱུར་ལ་མ་ཡེང་ཡེང་ལྷ་མོ་མྱོས་ནི་ལ་མ་སྭཱ་ཧཱཿ མ་ཡིན་མྱོས་མོ་ལྷ་མོ་ཡེང་ཡེང་པའི གྱུར་བུ་སྲིན་ཨོཾ་སྭཱ་ཧཱཿ ཞེས་སྔགས་པས་གྲོལ་ལོ༔ ༈་སྐྱེས་པ་དབང་སྡུད་བུད་མེད་རཀྟ་སིནྡྷ་ར་ཡུངས་ཀར་གསུམ་ལ་སྔགས་བཟླས༔ ཨ་ཧ་རི་ནི་ས་ཨུཙྪིཥཧཱུྃ་ཕཊ༔ གང་འདོད་ལ་བཏབ་ཐམས་ཅད་དབང་དུ་


CMR018_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འདུའོ༔ ཇུ་ཤིང་ཡིད་འཕྲོག་མན་ངག་ནི༔ ཨོཾ་ཛྷ་ཛྷ་མ་རི་ཏི་སྭཱ་ཧཱ ཤེས་རབ་ལོ་མ་མཚལ་དང་སྦྱར། སྟོང་བཟླས་སྨིན་མཚམས་སུ་བྱུག་གོ། ༈ ཀུན་ལ་བྱམས་པའི་སྔགས་ལ། ན་མ་པྲ་ནི་ཏ་ཡེ་སྭཱ་ཧཱཿ རྐུན་འགྲུབ་ལ་བཏབ་སྐར་མ་རྒྱུས་ལ་ཟོས་ན་ཐམས་ཅད་ཀྱིས་བྱམས་པར་འགྱུར་རོ༔ དཔེ་འདི་སུ་ལ་མི་སྟོན་དམ་ཚིག་ཡིན། དགེའོ། བཀྲ་ཤིས། ཞལ་དྲོ། ཚེ་རིང་བར་ཤོག། ། ༄༅། །ན་མོ་པདྨ་སེང་ཧ་མུ་ཁ་ཡེ༔ སེང་གདོང་དམར་མོ་དང་དབང་ཕྱུག་རླུང་ཞགས་གཉིས་ཀྱི་སྦྲགས་སྒྲུབ་གོང་དུ་མ་གསལ་བ་ཅུང་ཟད་ནི༔ དང་པོ་སྐྱབས་སེམས་སོགས་རྡོ་རྗེ་གོ་མཚོན་ལྟར་ལ༔ མངོན་རྟོགས་གོང་གི་གནས་མདོ་རིན་པོ་ཆེས་བསྒྲིགས་རིམ་ལྟར༔ སྔགས་ནི་བསྙེན་པ་དེའི༔ ཨོཾ་ཨཱཧཱུྃ་བཛྲ་གུ་རུ་སོགས་ནས༔ ཀ་བྷི་རི་ནས་ཧྲིང་ཧྲིང་ཛ་ཛཿ བར་ཞག་བདུན་ནམ རྟགས་ཐོན་དེ་ནས་བསྒྲུབ་པའི༔ གོང་གི་བསྙེན་པའི་མཇུག་ཏུ། ཧ་རི་ནི་ས་སོགས་ནས། ཝ་ཤཾ་ཀུ་རུ་ཧྲིང་ཧྲིང་ཛ་ཛཿ ཞེས་འདི་ཡན་ཆད་བསྙེན་སྒྲུབ་བོ༔ དེ་ནས་ལས་སྦྱོར་ནི་འདི་སྐབས་གཙོ་ཆེར་ནི༔ ཕྱག་རྒྱ་དབང་བསྡུད་ཡིན་ཏེ༔ ཨོཾ་མ་ཧཱ་དེ་ཝ་སོགས་ནས༔ ཨ་ཀར་ཡ་ཛ་ཛཿ བར་གྱི་ཡུངས་ཀར་སྔགས་པ་གཞུང་ལྟར་རོ༔ གཞན་ཡང་འཁོར་ལོ་རླུང་འཁོར་སོགས་གཏེར་གཞུང་ནས་འབྱུང་བ་ལྟར་རོ༔ དེ་ནི་གཞུང་གི་ཞལ་ཤེས་ལྟ་བུ་ཡིན་ལ༔


CMR018_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཁྱེར་ནི་དབང་སྡུད་ཀྱི་བསང་ཡིག་ལས༔ ན་མོ་པད་འབྱུང་སེང་གདོང་སོགས་ནས༔ དྲན་རྫོགས་གསལ་བར་དང་༔ གོང་གི་བསྙེན་སྒྲུབ་ལས་གསུམ་སོ་སོའམ༔ དྲིལ་ཏེ་བཟླའོ༔ དེ་ཡང་གོང་བཞིན་བསྐྱེད་རིམ་གོང་ལྟར་གྱི་སྐབས་སུ༔ སྤྱི་བོར་པད་འབྱུང་སྐུ་མདོག་དམར་གསལ་ཕྱག་གཡས་རྡོ་རྗེ་དང་བཅས་པ་ལྕགས་ཀྱུ་འདེབས་ཐབས་སུ་འཛིན་པ༔ གཡོན་པ་བྷནྡྷ་དང་བཅས་པས་ཞགས་པ་དམར་པོ་བསྣམས་པ༔ ཐུགས་ཀར་ཧཱིདམར་པོ་ལ་བཛྲ་གུ་རུའི་སྔགས་ཕྲེང་གཡས་སུ་འཁོར་བ༔ སེང་གདོང་མའི་ཐུགས་ཀར་བོ་དམར་པོ་ལ་སེང་ཧ་ཌཱཀི་ནཱི་གཡོན་དུ་འཁོར་བ༔ གསང་བ་ལྷ་ཆེན་ཐུགས་ཀར་ཧཱུྃ་དམར་པོ་ལ་ཀ་བྷི་ར་སོགས་ནས་ཛ་ཛཿ བར་གཡས་སུ་འཁོར་བ་དེ་ནི་བསྙེན་པའི་སྐབས་སོ༔ སྒྲུབ་པ་དང་ལས་སྦྱོར་གྱི་དམིགས་པ་ནི་གཞུང་གསལ་ལྟར༔ དེ་དག་ནི་གནས་མདོ་རིན་པོ་ཆེས་ཅུང་ཟད་ངག་ནས་ཤེས་པར་བྱ༔ གསུངས་པའི་དོན་ནི༔ ཡང་རླུང་འཁོར་གྱི་ལུགས་ལ༔ དགོངས་འདུས་ཕོ་ཉ་མྱུར་མགྱོགས་ལས༔ སྡུག་གིས་དོགས་ན་དམོད་བཅོལ་བྲི༔ འཁྱམས་པར་དོགས་ན་མིང་རུས་བྲི༔ སོགས་གསུངས་པའི་དོན་


CMR018_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ ཤོག་བུ་ལ་ལས་བྱེད་ཀྱི་འཁོར་ལོ་ཚད་དང་མཉམ་པ་ལ་མུ་ཁྱུད་གསུམ་བྲིས ལྟེ་བར་རྨི་ལ་ཨེ་མཉྫ་ཀུག་སོགས་ཛ་ཛཿ དམིགས་བྱ་གང་ཡིན་གྱི་མིང་དང་ཨཾ་ཀུ་ཤ་ཛ་ཛཿ བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ་དམིགས་བྱ་ཕོ་མོ་གང་ཡིན་གྱི་གཟུགས་མཛེས་པར་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཤིན་ཏུ་ཆགས་པའི་ཉམས་ཅན་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཕོ་ཡིན་ན་ཀ་བྷི་ར་སོགས་ནས་ཛ་ཛཿ བསེ་ལམ་མཁའ་འགྲོ་དབང་སྡུད་ཧ་རི་ནི་ས་སོགས་ནས་ཐཾ་སྭཱ་ཧཱའི་བར་བྲི༔ དེ་བཞིན་མོ་ལིང་ལའང་ཀོ་བྷི་རའི་མཇུག་ཏུ་རྨེ་མོ་ཙག་ཙག་གཡབ༔ ཙག་ཙག་སད་སད་ཁུག་ཁུག་ཛ་ཛཿ ལིང་ལིང་འུར་འུར་སེང་སེང་ཡེང་ཡེང་རྗེ་མོ་འདོད་པ་གཡོས་ས་མ་ཡ་ཁུག་ཁུག་ཛཿ ཞེས་སྔགས་མགོ་ཕྱི་ནས་བཟུང་༔ སྔགས་མཇུག་ནང་དུ་ཕུད༔ ཕོ་འཁོར་ས་ལྟ༔ མོ་འཁོར་གནམ་ལྟ༔ མ་ནོར་བ་བྲིས༔ རྫས་ནི་སྤྱི་དང་བླ་ཤིང་བླ་རྡོ༔ འགུགས་བྱེད་ཀྱི་དྲི་མ་ཟག་རྫས་རྣམས་དང་པཅས་པ་གོང་འཁོར་ལོའི་ནང་དུ་བལྟམས་ནས་བསྐོར་ན་ཕོ་རྐྱང་མོ་རྐྱང་གཉིས་ཀྱི་མན་ངག་རླུང་འཁོར་ཡིན་པས་གཞུང་ནས་བཤད་པ་ཐེ་མི་ཚོམ༔ ཨཱི༔ རླུང་འཁོར་གྱི་


CMR018_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡིག་འདི་ཡང་ངེས་དོན་གྱི་བསྟན་པ་རིན་པོ་ཆེའི་ཞབས་འདེབས་སུ་བསམས་ནས་འབྲི་སྟོད་བར་ཁྱིམ་སྔགས་རྒན་དབང་གི་མིང་ཅན་གྱིས༔ ས་སྤོ་འཁོར་ལོའི་ལྟེ་བར་བཀོད་པ༔ ཡི་གེ་པ་ནི་པདྨ་དབང་ཕྱུག་ཚུལ་གྱིས་བགྱིས་པས་སུ་ཛ་ཡ༔ བཀྲ་ཤིས༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདམར་མོ་གསུང་གི་ཌཱཀི་སེང་གདོང་མའི་སྒོ་ནས་དབང་སྡུད་ཟབ་པའི་མན་ངག་བསྐལ་པ་ཟློག་ཐབས།next