Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོས་མ་ལྷ་ལྔའི་དབང་ཇོ་མོ་དང་གནམ་ཆོས་གཉིས་བཀའ་གཏེར་ཟུང་འབྲེལ།
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོས་མ་ལྷ་ལྔའི་དབང་ཇོ་མོ་དང་གནམ་ཆོས་གཉིས་བཀའ་གཏེར་ཟུང་འབྲེལ།next

ཁྲོས་མ་ལྷ་ལྔའི་དབང་ཇོ་མོ་དང་གནམ་ཆོས་གཉིས་བཀའ་གཏེར་ཟུང་འབྲེལ།


CMR018_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་མ་ལྷ་ལྔའི་དབང་ཇོ་མོ་དང་གནམ་ཆོས་གཉིས་བཀའ་གཏེར་ཟུང་འབྲེལ་བཞུགས་སོ།།


CMR018_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀྲོ་དྷི་ཀཱ་ལི་ཡེ། ཁྲོས་མ་ལྷ་ལྔའི་མགྱོགས་དབང་ནི། ཆོས་འབྱུང་བསྣོལ་མ་མཐིང་ཁའི་དབུས་སུ་འདབ་བཞི་བྲིས་པའམ། འབྲུའི་ཚོམ་བུ་ལྔ་བཀོད་པའི་དབུས་སུ་བུམ་པ་གཏོར་མ་སོགས་དབང་རྫས་བཤམས། སྐྱབས་སེམས་ད་ནངས་སོང་བས་འཐུས། སྐད་ཅིག་དྲན་རྫོགས་དམ་ཡེ་དབྱེར་མེད་དུ་བསྒོམ་སྟེ། བདག་ཉིད་དང་མདུན་བསྐྱེད་བུམ་ལྷ་གཏོར་མ་རྣམས་སོ་སོར་ཁྲོས་མ་ནག་མོ་གཡས་གྲི་གུག་གཡོན་ཐོད་ཁྲག་གྲུ་མོ་ན་ཁ་ཊཾ་ག་བཅུག་པ། སྤྱི་བོ་ནས་ཕག་ཞལ་ངུར་བ། ཞབས་གར་ཐབས་སུ་བཞུགས་པ་ཡེ་ཤེས་ཀྱི་མེ་དཔུང་གི་ཀློང་ན་བཞུགས་པར་བསྐྱེད། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ། ལྷོར་རིན་ཆེན་མཁའ་


CMR018_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ། ནུབ་ཏུ་པདྨ་མཁའ་འགྲོ། བྱང་དུ་ལས་ཀྱི་མཁའ་འགྲོ་རྣམས་གཙོ་བོ་ལྟར་ལ་གཡས་རང་རྟགས་དང་གཡོན་ཐོད་ཁྲག་འཛིན་པ། གྲུ་མོ་ན་ཁ་ཊཾ་ག་བསླང་བ་གཙོ་འཁོར་ཐམས་ཅད་ཁྲོ་མོའི་ཆ་བྱད་ཅན། དེ་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་དང་། གཙོ་མོའི་ཐུགས་ཀར་ཨ་མཐིང་ག་ལ་སྔགས་གཡོན་བསྐོར་དུ་འཁོར་བ། འཁོར་བཞིའི་ཐུགས་ཀར་ཧ་རི་ནི་ས་དེ་རྣམས་ལས་འོད་ཟེར་འཕྲོས་པས། ཨོ་རྒྱན་གྱི་གནས་ནས་ཁྲོས་མ་རིགས་ལྔ་ཁ་བ་བུ་ཡུག་ལྟར་བྱོན་ནས་བདག་མདུན་བུམ་ལྷ་ལ་ཐིམ་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷི་


CMR018_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ལི་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་ཡན་བཟླ། ཨོཾ་བཛྲ་བྷ་ར་ཧཱུྃ་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། ཧཱུྃ། སྟོང་ཉིད་སྙིང་རྗེའི་ངང་ལས་ཐུགས་རྗེའི་སྐུ༔ རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས༔ ཐུགས་རྗེ་ཁྲོས་མ་ལྷ་ལྔའི་སྐུ་ལ་བསྟོད༔ ཡང་འདི་ཡི་དམ་དུ་བྱས་ན་མངོན་རྟོགས་འདི་ཉིད་བཏོན་ཡང་རུང་། ཡིད་ཀྱིས་དྲན་རྫོགས་བྱས་པས་ཆོག །སྔགས་འདི་ཉིད་ཨ་ཧ་རི་ནི་ས་རྟགས་ཐོན་བསྒྲུབ། དབང་བསྐུར་ན་སློབ་མས་མཎྜལ་ཕུལ། འོ་ན་ད་ལམ་ཁྱེད་རྣམས་ལ་ཁྲོས་མ་ལྷ་ལྔའི་དབང་བསྐུར་བ་ཡིན་ཏེ༔ ཕྱི་ལྟར་ན་འཕགས་མ་སྒྲོལ་མ༔ ནང་ལྟར་ན་ཡུམ་ཆེན་མོ༔ གསང་བ་ལྟར་ན་རྡོ་རྗེ་ཕག་མོ༔ ཡང་གསང་ལྟར་ན་ཁྲོས་མ་ནག་མོ་ཡིན༔ བཅོམ་ལྡན་འདས་ཧེ་རུ་ཀ་ནས་གསུངས་པའི་ཁྲོས་མའི་རྩ་རྒྱུད་ལེའུ་བཅུ་གཅིག་སོགས་བདེ་མཆོག་གི་རྒྱུད་དང་རྟག་པར་བཤད་ཁྲོས་མ་ལྷ་ལྔ་འདི་ལ་མ་གཅིག་ལབ་ཀྱི་སྒྲོལ་མའི་ཐུགས་དམ་ཇོ་མོའི་ལུགས་དང་གློ་འོ་རབ་འབྱམས་པའི་ལུགས་མཁའ་འགྲོ་ཡིད་བཞིན་ནོར་བུ་དང་། སངས་རྒྱས་གླིང་པ་དང་། རཏྣ་གླིང་པ༔ བདུད་འདུལ་རྡོ་རྗེ་སོགས་ཀྱི་གཏེར་མ་དང་༔


CMR018_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་སོགས་རིགས་མང་ན་ཡང་། །དེ་དག་ཕལ་ཆེར་ཅི་རིགས་མང་དུ་ཐོབ་པས་བྱིན་རླབས་ཀྱི་བརྒྱུད་པ་གཅིག་ཏུ་འདྲེས་པ་ཡིན་ལ༔ ཁྱད་པར་ད་རེས་འདི་ནི་དགོངས་གཏེར་དང་ཇོ་མོའི་ལུགས་གཉིས་བཀའ་གཏེར་ཟུང་དུ་འབྲེལ་བ་ཡིན༔ འདི་ཡི་དབང་ཐོབ་ན་དོན་གྱི་ཐོབ་པའི་ཕན་ཡོན་ནི༔ ཁྲོས་མའི་རྩ་རྒྱུད་ལས༔ འདི་ཡི་དབང་རྫོགས་གང་ཟག་དེ༔ བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཡིན་ཏེ༔ མཁྱེན་པ་བདེ་གཤེགས་རྣམས་དང་མཉམ༔ མཐུ་སྟོབས་ཁྲོ་རྒྱལ་རྣམས་དང་མཉམ༔ ཚེ་ཚད་ཉི་ཟླ་གཉིས་དང་མཉམ༔ དང་པོའི་ལས་ཅན་རྣམས་དང་མཉམ༔ ས་བརྒྱད་ལ་ནི་རབ་ཏུ་གནས༔ ཞེས་གསུངས་སོ། །འདིའི་དབང་ཐོབ་ནས་ཉམས་སུ་བླངས་ན་རྣལ་འབྱོར་པ་ལུས་རྒྱ་བྲལ་བའི་དུས་སུ་རྣམ་པར་ཤེས་པ་མཁའ་སྤྱོད་གནས་སུ་ལྷ་དང་ལྷ་མོ་དཔའ་བོ་མཁའ་འགྲོས་བསུ་ཞིང་བར་དོ་མེད་པར་སངས་རྒྱས། ལྷག་མ་ཕུང་པོ་སྐུ་གདུང་རིང་བསྲེལ་སྤུང་ངེར་དུ་འགྲོ་སྟེ་ལུས་ལྷ་བསྐྱེད་པ་ལ་གོམས་པས། རྡོ་རྗེ་ཕག་མོའི་སྐུ་མི་འབྱོན་མི་སྲིད་དོ༔ གཞན་ཡང་ཤ་ལས་གྲུབ་པའི་རིང་བསྲེལ་སེར་པོ༔ ཁྲག་ལས་དམར་པོ། རུས་


CMR018_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་དཀར་པོ། སྐྲ་དང་བ་སྤུ་ལས་ལྗང་ཁུ། ཐིག་ལེ་ལས་ཤེལ་དཀར་ལྟ་བུ་འབྱུང་སྟེ། སེམས་དག་པའི་སྣང་བ་སྦྱངས་བས་ནམ་མཁའ་གཡའ་དག་པ་ལྟ་བུ་འབྱུང་། རྩ་འཁོར་ལོ་དག་ནས་ནམ་མཁའ་འཇའ་ཡིས་གང་། ཡེ་ཤེས་ཀྱི་མཁའ་འགྲོ་མས་བསུ་བ་དང་མེ་ཏོག་གིས་ཚར་ཆེན་པོ་འབེབས་པར་འགྱུར། ཞེས་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། ཁྲོས་མའི་ལྷ་ཚོགས་འཁོར་བཅས་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །ལན་གསུམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོད་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་


CMR018_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འགྲུབ་པར་ཤོག །དེ་ནས་ཁྱེད་རང་སློབ་མ་ལྷར་བསྐྱེད་པའི་དོན་དུ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཁྲོས་མ་ནག་མོ་གཡས་གྲི་གུག །གཡོན་ཐོད་ཁྲག་གྲུ་མོར་ཁ་ཊཾ་ག་བཅུག་པ་སྤྱི་བོ་ནས་ཕག་ཞལ་ངུར་བ་ཞབས་གཉིས་གར་ཐབས་སུ་འཁྱུད་པ། ཡེ་ཤེས་མེ་དཔུང་གི་ཀློང་ན་བཞུགས་པ། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ། ལྷོར་རིན་ཆེན་མཁའ་འགྲོ། ནུབ་ཏུ་པདྨ་མཁའ་འགྲོ། བྱང་དུ་ལས་ཀྱི་མཁའ་འགྲོ་རྣམས་གཙོ་མོ་ལྟ་བུ་ལ་གཡས་རང་རྟགས་དང་གཡོན་ཐོད་ཁྲག་འཛིན་པ་གྲུ་མོ་ན་ཁ་ཊཾ་ག་བསླང་བ། གཙོ་འཁོར་ཐམས་ཅད་ཁྲོ་མོའི་ཆ་བྱད་ཅན་དེ་རྣམས་ཀྱི་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས། ཨོ་རྒྱན་གྱི་གནས་ནས་ཁྲོས་མ་ལྷ་ལྔའི་སྐུ་ཆེ་ཕྲ་ཅི་རིགས་པ། ཁ་བ་བུ་ཡུག་ལྟར་སྤྱན་དྲངས་ནས་སློབ་མ་ལ་སིབ་སིབ་ཐིམ་པར་གྱུར༔ ཧཱུྃ༔ ཁྲོས་མ་ལྷ་ལྔའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ སྔགས་ཀྱི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་མགོ་བོར་


CMR018_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ལ། ཏིཥྛ་བཛ྄ བུམ་པ་འདིའི་ནང་ན་ཁྲོས་མ་ལྷ་ལྔ་བཞུགས་པའི་སྐུ་ལས་བདུད་རྩི་བབས། སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་གང་བས་བུམ་དབང་ཐོབ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་པ་དང་བས་གསང་དབང་ཐོབ། སྙིང་ག་ཆོས་ཀྱི་འཁོར་ལོ་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལྟེ་བ་སྤྲུལ་པའི་འཁོར་ལོ་གང་བས་ཚིག་དབང་རིན་པོ་ཆེ་ཐོབ། རྐང་མཐིལ་ཡན་ཆད་སྤྱི་གཙུག་མན་ཆད་གང་བས་རིག་པའི་རྩལ་དབང་ཐོབ། བུམ་པ་སྤྱི་བོར་བཞག་པས་ལུས་ལ་བདེ་བ་སྐྱེས། བུམ་ཆུ་ངག་ལ་བླུད་པས་ངག་ལ་ནུས་པ་འབར། ཆུའི་ལྷག་མ་ཡར་ལུད་པ་ལས་གུ་རུ་པདྨ་འབྱུང་གནས་རྡོ་རྗེ་འཆང་གི་ཆ་ལུགས་ཅན་གྱི་དབུ་བརྒྱན་པས་སེམས་ལ་རྟོགས་པ་འཆར་བར་སྒོམས་ཤིག །བུམ་པ་ལག་ཏུ་ཐོགས། ཧཱུྃ༔ བུམ་པ་འདིའི་ནང་ཁྲོས་མ་ཡི༔ ལྷ་ཚོགས་མ་ལུས་བཞུགས་པ་ཡིན༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་པས་དབང་བསྐུར། དེ་ནས་གྲི་གུག་ཐོགས་ལ། ཧཱུྃ༔ མ་གཅིག་ཁྲོས་མ་ནག་མོ་ཡི༔ སྐུ་གསུང་


CMR018_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་བྱིན་རླབས་ལས༔ རྟགས་ཀྱི་ཕྱག་མཚན་གྲི་གུག་འདི༔ སྐལ་ལྡན་ཁྱོད་ཀྱིས་བཅང་གྱུར་ན༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ ཁྲོས་མ་ནག་མོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷི་ཀཱ་ལི་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མ་ཡི་དམ་ལས་བྱུང་བའི༔ རྩ་གསུམ་འགྲུབ་པའི་བཀྲ་ཤིས་ཤོག༔ དེས་ཁྲོས་མ་ནག་མོའི་དབང་ཐོབ༔ འདིའི་བསྙེན་སྒྲུབ་བྱ་བར་དབང་༔ མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་དང་ལྡན་པའོ། །དེ་ནས་རྡོ་རྗེ་དཔྲལ་བར་བཞག་ལ། ཧཱུྃ༔ སྐུ་མཆོག་རྡོ་རྗེ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས༔ རྟགས་ཀྱི་ཕྱག་མཚན་རྡོ་རྗེ་འདི༔ སྐལ་ལྡན་ཁྱོད་ཀྱིས་བཅང་གྱུར་ན༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ རྡོ་རྗེ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་ཧ་བཛྲ་ཌཱཀི་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པའི༔ བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག༔ དེས་ཞེ་སྡང་གི་སྒྲིབ་པ་དག༔ རྡོ་རྗེ་མཁའ་འགྲོའི་དབང་ཐོབ་མེ་ལོང་ཡེ་ཤེས་ཀྱི་ས་བོན་ཐེབས༔ ཞི་བའི་ལས་ཀུན་འགྲུབ་པར་འགྱུར༔ དེ་ནས་རིན་ཆེན་ལྟེ་བར་བཞག་ལ། ཧཱུྃ་ཡོན་ཏན་རིན་།


CMR018_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས༔ རྟགས་ཀྱི་ཕྱག་མཚན་རིན་ཆེན་འདི༔ སྐལ་ལྡན་ཁྱོད་ཀྱིས་བཅང་གྱུར་ན༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ རིན་ཆེན་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་རི་རཏྣ་ཊཱཀི་ནི་ཀཱ་ཡ༔ གོང་ལྟར། རིན་ཆེན་མཁའ་འགྲོས་ལེགས་བྱིན་པའི༔ དབང་བསྐུར་མཆོག་གི་བཀྲ་ཤིས་ཤོག༔ དེས་ང་རྒྱལ་གྱི་དྲི་མ་དག་རིན་ཆེན་མཁའ་འགྲོའི་དབང་ཐོབ༔ མཉམ་ཉིད་ཡེ་ཤེས་ཀྱི་ས་བོན་ཐེབས༔ རྒྱས་པའི་ལས་རྣམས་འགྲུབ་པར་འགྱུར༔ དེ་ནས་པདྨ་མགྲིན་པར་བཞག་ལ། ཧཱུྃ༔ གསུང་མཆོག་པདྨ་མཁའ་འགྲོ་ནི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས༔ རྟགས་ཀྱི་ཕྱག་མཚན་པདྨ་འདི༔ སྐལ་ལྡན་ཁྱོད་ཀྱིས་བཅང་གྱུར་ན༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ པདྨ་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་ནི་པདྨ་ཊཱཀི་ནཱི་ཀཱ་ཡ༔ པདྨ་མཁའ་འགྲོས་ལེགས་བྱིན་པའི༔ ཤེར་རབ་མཆོག་གི་བཀྲ་ཤིས་ཤོག༔ དེས་འདོད་ཆགས་ཀྱི་སྒྲིབ་པ་དག༔ པདྨ་མཁའ་འགྲོའི་དབང་ཐོབ༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ས་བོན་ཐེབས༔ དབང་གི་ལས་རྣམས་འགྲུབ་པར་འགྱུར༔ དེ་ནས་རལ་གྲི་གསང་བར་


CMR018_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ལ། ཧཱུྃ༔ ཕྲིན་ལས་ཀརྨ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས༔ རྟགས་ཀྱི་ཕྱག་མཚན་རལ་གྲི་འདི༔ སྐལ་ལྡན་ཁྱོད་ཀྱིས་བཅང་གྱུར་ན༔ དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ ལས་ཀྱི་མཁའ་འགྲོའི་དབང་ཐོབ་ཤོག༔ ཨོཾ་ས་ཀརྨ་ཊཱཀི་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལས་ཀྱི་མཁའ་འགྲོས་ལེགས་བྱིན་པའི༔ ཐོག་མ་མེད་པའི་བཀྲ་ཤིས་ཤོག༔ དེས་ཕྲག་དོག་གི་དྲི་མ་དག་།ལས་ཀྱི་མཁའ་འགྲོའི་དབང་ཐོབ། བྱ་གྲུབ་ཡེ་ཤེས་ཀྱི་ས་བོན་ཐེབས༔ ཕྲིན་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ༔ དེ་ནས་ཐམས་ཅད་བསྡུས་ཏེ་སྤྱི་བོར་བཞག་གོ །ཙཀ་ལི་གཅིག་ལ་ཕྱག་མཚན་ལྔ་བྲིས་པ་ཐོགས་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་ཡུམ་གྱུར་མཁའ་འགྲོ་མ༔ རིགས་ལྔ་ཌཱཀིའི་དབང་མཆོག་མ་ལུས་པ༔ སྐལ་ལྡན་ཁྱོད་ལ་དེང་འདིར་ཡོངས་རྫོགས་ཤོག༔ ཡེ་ཤེས་ལྔ་རྫོགས་དུག་ལྔ་ཞི་གྱུར་ཅིག༔ ཨ་ཧ་རི་ནི་ས་ཨ་བྷི་ཥིཉྩ་མཱི༔ སངས་རྒྱས་ཀུན་གྱིས་ལེགས་བྱིན་པའི༔ བླ་མ་མཆོག་གི་བཀྲ་ཤིས་ཤོག༔ དེས་གཏི་མུག་གི་སྒྲིབ་པ་དག༔ སངས་རྒྱས་མཁའ་འགྲོའི་དབང་ཐོབ༔ དེས་ཆོས་དབྱིངས་ཡེ་ཤེས་ཀྱི་ས་བོན་ཐེབས༔ གྲུབ་


CMR018_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བརྒྱད་འགྲུབ་པའི་སྐལ་བ་དང་ལྡན་པར་འགྱུར༔ བཀྲ་ཤིས་རྫས་བརྒྱད་ཐོགས་ལ། ཡང་མཁའ་འགྲོ་རྩ་རྒྱུད་ལས། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་རྣམས་རྫོགས་པར་བསྐུར༔ ཞེས་གསུངས་པ་ལྟར། ཧཱུྃ༔ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ༔ ཀུན་མཁྱེན་ཀུན་གཟིགས་ཆོས་ལ་དབང་ཐོབ་ཤོག༔ ཨ་ཧ་རི་ནི་ས་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུངས་ཀར་རྒྱལ་པོ་རྫས་མཆོག་དམ་པ་འདི༔ བར་ཆད་ནད་གདོན་བགེགས་ཞི་བཀྲ་ཤིས་ཤོག༔ ཨ་ཧ་རི་ནི་ས་ཛ་ཐུམ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྩ་མཆོག་དྭར་བས་ཚེ་ཡི་དངོས་གྲུབ་སྟེར་འཆི་མེད་བསོད་ནམས་ཚེ་ཡི་དབང་ཐོབ་ཤོག༔ ཨ་ཧ་རི་ནི་ས་ཨ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཆོད་རྫས་བིལ་བས་བཀྲ་ཤིས་རྫས་འདུ་སྟེ༔ དངོས་གྲུབ་རྣམ་གཉིས་ཚེ་འདིར་ཐོབ་པར་ཤོག༔ ཨ་ཧ་རི་ནི་ས་བི་ཛ་པུ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལི་ཁྲི་མཚལ་ཆེན་དབང་གི་རང་བཞིན་ཏེ༔ ཁམས་གསུམ་འགྲོ་བ་དབང་དུ་འདུ་བར་ཤོག༔ ཨ་ཧ་རི་ནི་ས་པདྨ་ལི་ཁྲི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གི་ཝང་དུག་གསུམ་འཇོམས་པ་སྨན་གྱི་མཆོག༔ རྒྱུ་འབྲས་ནད་རྣམས་ཞི་བའི་དབང་ཐོབ་ཤོག༔ ཨ་ཧ་རི་ནི་ས་དུཁ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ་ཨ་བྷི་


CMR018_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཥིཉྩ་ཧཱུྃ༔ ཧཱུྃ༔ འོ་མ་ཞོ་ནི་བཅུད་མཆོག་དམ་པ་སྟེ༔ ཡོན་ཏན་ཀུན་གྱི་སྙིང་པོ་ལེན་པར་ཤོག༔ ཨ་ཧ་རི་ནི་ས་ཧཱུཾ་དྷ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་དུང་དཀར་པོས་སྙན་པའི་ས་གསུམ་གཡོ༔ དམ་ཆོས་སྒྲ་ཆེན་ཡོངས་ལ་ཁྱབ་པར་ཤོག༔ ཨ་ཧ་རི་ནི་ས་ན་མ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་ཐོགས་ལ་འདི་སྐད་དོ། གཏོར་མ་འདིའི་དམིགས་པ་ལ། ངོ་བོར་ཁྲོས་མ་ནག་མོ་འཁོར་རིགས་བཞི་དང་བཅས་པ་འུར་འུར་ཐུག་ཐུག་ཆོམ་ཆོམ་ཕཊ་སྐད་སྟོང་གསུམ་གྲག་པ། དུར་ངུར་སྟོང་གསུམ་འུར་འུར་རྒྱ་མཚོ་ཁྱོམ་ཁྱོམ་རི་རབ་ལྡེག་ལྡེག་དྲག་ཤུལ་དང་ལྡན་པ་ཁྱེད་རྣམས་ཀྱི་སྤྱི་བོར་བྱོན་ནས་གོང་གི་ནུས་པ་ཡོངས་སུ་རྫོགས་པར་དབང་བསྐུར་ལ། ཀླུ་དང་ས་བདག་རྒྱལ་བསེན་དམ་སྲི་འབྱུང་པོ། སྡེ་བརྒྱད་ཐམས་ཅད་ཁ་འདར་སྙིང་འདིར་བརྒྱལ་འབོག་མྱོས་ཀུན་རེང་འདར་ཡེད་ཡེད་མིག་ཧྲིག་ཧྲིག་བཀའ་ཉན་ལས་བྱེད་བྲོ་བོར་དམ་ལས་མི་འདའ་བར་གྱུར༔ འགའ་ཞིག་རྒྱ་མཚོའི་འགྲམ་དུ་བྲོས་ཏེ༔ ཕྱིར་མི་ལྡོག་པ༔ བར་མཚོན་ཆ་འཁོར་ལོ་དང་མེ་དཔུང་གིས་ཆོད་པར་སྒོམས༔ ཧཱུྃ༔ མཚན་མོ་སྒྲ་སྒྲོག་གཅེར་བུ་མ༔ གར་མཛད་དགྱེས་པའི་གད་རྒྱངས་


CMR018_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཅན༔ བདུད་བཅོམ་དྲག་མོའི་ཆ་ལུགས་ཅན༔ དབང་བསྐུར་ཕག་གདོང་མ་ལ་བསྟོད༔ བསྐུལ་ལོ་ཁྲོ་གཏུམ་ནག་མོའི་ཚོགས༔ ནད་གདོན་བར་ཆད་ཚར་བཅད་ཅིང་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ གཏོར་མ་མགོར་བཞག༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཧཱུཾ་ཧཱུྃ་ཕཊ༔ རྩ་སྔགས་བརྗོད་ཅེས་དང་། ཕཊ་དྲག་པོ་བརྗོད་པར་བྱའོ༔ འོ་དེས་ཇོ་མོ་ལུགས་དང་དགོངས་གཏེར་ཟུང་འཇུག་ཁྲོས་མ་ལྷ་ལྔའི་དབང་ལེགས་པར་ཐོབ་པ་ཡིན་པས་འདི་ཡི་དམ་དུ་འཛིན་སྙམ་པའི་མོས་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས། །མཎྜལ་ཞིག་འབུལ་བར་ཞུ། ཞེས་དགོངས་གཏེར་རྡོ་རྗེ་གསུམ་གྱི་དོན་གཏེར་སློབ་རཱ་ག་ཨ་སྱས་ཕྱག་ལེན་གཏན་ལ་ཕབ་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ། ཉེས་འགལ་མཆིས་ན་ཁྲོས་མའི་ཚོགས་ལ་བཤགས་ཤིང་དགེ་བས་སོ༔ འགྲོ་བ་དཔག་མེད་སྨིན་ཅིང་གྲོལ་བར་གྱུར་ཅིག༔ ཧཱུྃ༔ འཇིགས་པ་བརྒྱད་སྐྱོབ་ཞི་བའི་དངོས་གྲུབ་སྩོལ༔ འབྱོར་བ་དྲུག་ལྡན་རྒྱས་པའི་དངོས་གྲུབ་སྩོལ༔ མོས་པ་རྣམ་བཞི་དབང་གི་དངོས་གྲུབ་སྩོལ༔ དགྲ་བགེགས་ཚར་གཅོད་དྲག་པོའི་དངོས་གྲུབ་སྩོལ༔ ལས་བཞི་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སྐུ་


CMR018_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་དངོས་གྲུབ་ཚེ་འདི་ཉིད་ལ་བསྩལ་དུ་གསོལ། ཅེས་པ་བཀྲ་ཤིས་རྒྱས་བསྡུས་གང་འོས་ཤིག་བརྗོད་པར་བྱའོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཁྲོས་མ་ལྷ་ལྔའི་དབང་ཇོ་མོ་དང་གནམ་ཆོས་གཉིས་བཀའ་གཏེར་ཟུང་འབྲེལ།next