Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་ཆ་ཤིན་ཏུ་བསྡུས་པ།
   
   
   
   
   
   
   
   
   
   
   


 
previousཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་ཆ་ཤིན་ཏུ་བསྡུས་པ།next

ཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་ཆ་ཤིན་ཏུ་བསྡུས་པ།


CMR018_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་ཆ་ཤིན་ཏུ་བསྡུས་པ་བཞུགས་སོ།།


CMR018_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཧཱུྃ༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ སྐྱབས་སུ་མཆིའོ༔ འདིར་ཉེར་མཁོའི་ལས་སྦྱོར་འགྲིགས་ཆགས་སུ་ལག་ཏུ་བླང་བདེ་བར་འགོད་པ་ལ། ཆོས་བདག་ཇགས་དགོངས་པ་གྲོལ་ཞིང་ཐུགས་བརྩེ་མཆོག་གིས་རྗེས་སུ་གནང་བ་དང་བྱིན་གྱིས་བརླབ་ཏུ་གསོལ། འདིར་བླ་མ་དགོངས་འདུས་ལས་མཁའ་འགྲོའི་ལས་ཚོགས་མན་ངག་གསུངས་པ་ཡིན་ནའང་། ཕག་ཁྲོས་སེང་གསུམ་སོགས་མཁའ་འགྲོ་སྤྱིའི་ལས་ཚོགས་སུ་སྣང་བས། འདི་བརྒྱུད་པ་ཉེ་བའི་རྣོ་ཆད་དང་སྦྲགས་ཏེ། དགོངས་གཏེར་ཁྲོས་མ་ལྷ་ལྔ་དང་སྦྱར་ཏེ་འགོད་པར་བྱའོ། །དེ་ལ་གཞུང་དང་བྱ་ཚུལ་རྒྱུད་ཚིག་ལྟ་བུ་ལས་འདོན་ཆ་ཁྱེར་བདེ་མི་སྣང་བས་འདིར་ཤིན་ཏུ་བསྡུས་པའི་འདོན་ཆ་འགོད་པར་བྱའོ། །དེའང་དུས་སྙིགས་མའི་སྐབས་སུ་བདུད་ཀྱི་


CMR018_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་མི་ཡི་ལུས་སུ་གྱུར་པ་དང་། བདུད་མ་ཡིན་ཀྱང་བདུད་སྙིང་ལ་ཞུགས་པའི་མི་སྟོབས་མངའ་ཐང་ཆེ་བ་དག་གིས་སྤྱིར་བསྟན་པ་དང་སེམས་ཅན་ཁྱད་པར་ཆོས་སྒྲུབ་པ་དང་རྣལ་འབྱོར་པ་རང་ཉིད་ལའང་གནོད་འཚེ་དང་བར་ཆད་བྱེད་ཉེན་ཆེ་བས། དེའི་གནོད་པ་ཞི་ཞིང་མི་འབྱུང་བའི་ཐབས་ནི་འཛོམ་ན་མཆོད་པ་སྤྱི་ལྟར་ལེགས་པར་བཤམ། དམར་གཏོར་གཅིག་ཀྱང་བཤམ། མ་འཛོམ་ན་མཁའ་འགྲོའི་གཏོར་མ་གསོ་བས་འཐུས། རབ་ཀ་པཱ་ལ་མཚན་བཟང་། མ་རྙེད་ཀྱང་ལེགས་པ་ཞིག་ཆང་གིས་བཀང་། ཨ་མྲྀ་ཏའི་ཕྱེ་མ་བཏབ། དེ་མདུན་དུ་བཞག་ལ། ན་མོ་གུ་རུ་མཁའ་འགྲོའི་ཚོགས་དང་བཅས་པ་ལ་སྐྱབས་སུ་མཆིའོ༔ བསྟན་པ་དང་སེམས་ཅན་གྱི་དོན་དུ་བདུད་འདུལ་ཁྲོས་མ་ལྷ་ལྔ་བསྒྲུབ་


CMR018_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ༔ སྐད་ཅིག་དྲན་རྫོགས་སུ་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པའི་རང་ཉིད་ཁྲོས་མ་ནག་མོ་གཡས་གྲི་གུག་གཡོན་ཐོད་ཁྲག་གྲུ་མོ་ན་ཁ་ཊཾ་ག་བཅུག་པ༔ སྤྱི་བོ་ན་ཕག་ཞལ་ངུར་པ༔ གར་སྟབས་འཁྱུག་པ༔ ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ༔ དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ༔ ལྷོར་རིན་ཆེན་མཁའ་འགྲོ༔ ནུབ་ཏུ་པདྨ་མཁའ་འགྲོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་རྣམས་གཙོ་མོ་ལྟ་བུ་ལ་གཡས་རང་རྟགས་དང་གཡོན་ཐོད་ཁྲག་འཛིན་པ༔ གྲུ་མོར་ཁ་ཊཾ་ག་བསླངས་པ༔ གཙོ་འཁོར་ཐམས་ཅད་ཁྲོ་མོའི་ཆ་བྱད་ཅན༔ གཙོ་མོའི་ཐུགས་ཀར་ཧཱུཾངམ་ཨ་མཐིང་ནག་ལས་སྔགས་ཕྲེང་གཡོན་དུ་འཁོར་བས༔ འཁོར་བཞིའི་ཐུགས་ཀར་རང་རང་གི་ས་བོན་གསལ་བར་གྱུར༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཧཱུཾ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླས་ནས༔ ཐུན་བསྡུའོ༔ ནང་མཆོད་ལ་དམིགས་ནས༔ ཨོཾ་ཀརྨ་ཊཱཀི་ནི་ཧཱུཾ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་སྐྱེད་ཀྱི་སྟེང་དུ༔ ཀ་པ་ལ་རྒྱ་ཆེ་བའི་ནང་དུ༔ ཤ་ལྔ་བདུད་རྩི་ལྔ་སོ་སོའི་ཡིག་འབྲུས་མཚན་པེ༔ རླུང་གཡོས་ཤིང་མེ་སྦར༔ ཁོལ་བས་ཞུ་བའི་སྟེང་ཧཱུཾ་


CMR018_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཨོཾ་གསུམ་བརྩེགས་པ་རིམ་བཞིན་ཞུ་བས་བདུད་རྩི་མཐིང་དམར་དཀར་པོས་ཁེངས་པར་གྱུར༔ ཨོཾ་ཨཱཙྪཧཱུྃ་ཧ་ཧོ་ཧི༔ ཐོད་པའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་སྟེང་དུ་པདྨ་འདབ་བཞི་ཉི་ཟླའི་སྟེང་དུ་ཨཱཧ་རི་ནི་ས་ལས་འོད་འཕྲོས་བདུད་ཐམས་ཅད་བཅོམ༔ ཁྲོ་བོ་ཁྲོ་མོའི་ནུས་པ་བསྡུས་ཡོངས་སུ་གྱུར་པ་ལས༔ དབུས་སུ་ཁྲོས་མ་ནག་མོ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ༔ ལྷོར་རིན་ཆེན་མཁའ་འགྲོ་སེར་མོ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ༔ རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་དང་སོ་སོའི་ས་བོན་ལས་འོད་འཕྲོས༔ ཨོ་རྒྱན་གྱི་གནས་ནས་ཡེ་ཤེས་ཀྱི་ཌཱཀི་རིགས་ལྔ་དཔག་ཏུ་མེད་པ་སྤྱན་དྲངས༔ ཏྟཀི་ནཱི་ཧ་རི་ནི་ས༔ ཨེ་ཨ་རལླི་ཧྲི་ཧྲི་ཕོ་ཕེ༔ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་བྷ་རུ་ཧི་ཀྲོ་ཏི་ཀ་ལི་ཧརིནིས༔ ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་དྱ་ཤབྷ་རཱུ་པ་ཤརྡ་གནྡྷེ་ ར་ས་སྤངྒེ་མ་ཧཱ་པཱུ་ཛ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ མཁའ་འགྲོ་མ་ཡི་འཁོར་ལོས་


CMR018_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད༔ བསྟོད་པར་འོས་པ་སོགས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རང་གི་ཐུགས་ཀར་ཐིམ༔ དམ་ཚིག་པ་འོད་དུ་ཞུ་བ་བདུད་རྩི་ལ་ཐིམ༔ ཡེ་ཤེས་ཀྱི་བདུད་རྩི་དེ་གང་གིས་མྱོང་བ་ཐམས་ཅད་བླ་མེད་བདེ་ཆེན་སངས་རྒྱས་ཀྱི་སར་འགོད་ནུས་པའི་རང་བཞིན་ཅན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲི་ཋཱ༔ དེ་ནས་སྲིན་ལག་གམ་རྔ་ཡབ་ཀྱིས་གཏོར་ཞིང་༔ ནམ་མཁའ་བར་སྣང་ཐམས་ཅད་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས་གང་བར་དམིགས་ལ་བླ་མ་སྐུ་ལྔ་མཚན་བརྒྱད་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་། ལ་ཁ་རཾ་ཁཱ་ཧི༔ ཡི་དམ་བཀའ་དགོངས་ཕུར་གསུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་བྱེ་བ་འབུམ་སྡེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་མ་ནིང་སྡེ་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བདུད་རྩིས་གཏོར་མ་བྲན་ལ༔ དེ་ནས་དངོས་སུ་རབ༔ མེད་ན་ཡིད་ཀྱིས་གནོད་བྱེད་དེ་ལ་ལྕེ་ཐོག་ཏུ་བྱིན་པར་བསྒོམ་ལ་གཞན་གྱིས་མ་ཐོས་པར་མིང་རྣམས་སྨོས་པ་གལ་ཆེ་ལ༔ སརྦ་པཉྩ་ཨ་མྲྀ་ཏ་སྦྱིན་ནོ་ཁ་རཾ་ཁཱ་ཧི༔ ཞེས་མིང་སོ་སོ་ལ་བསྒྲགས་ཏེ་དམིགས་བྱའི་ལྕེ་ཐོག་ཏུ་སླེབས་པ་རྣམས་


CMR018_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཁའ་འགྲོ་མ་རྣམས་ཁོའི་ལྕེའི་དབང་པོ་ལ་ཐིམ་པས༔ རོ་མྱང་བས་ཤེས་པ་བསྒྱུར༔ གནོད་བྱེད་གདུག་པའི་བསམ་པ་ཞི་ནས་ཕན་བདེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས༔ བདག་གི་མངའ་རིས་སུ་གྱུར་ནས་བཀའ་ཉན་པར་བསྒོམ་ཏེ༔ དམིགས་པ་གསལ་བར་ནན་ཏན་དུ་བྱའོ༔ དེ་ལྟར་དུ་འགྱུར་རོ་གསུངས་སོ༔ གཏོར་མ་ལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃ༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཧཱུཾ་ཧཱུྃ་ཕཊ༔ ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུད་འདུལ་ཁྲོས་མ་འཁོར་དང་བཅས་པས་དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ བདུད་དང་བདུད་ཀྱི་རིགས་དང་བདུད་ཀྱི་སྡེ་ཐམས་ཅད་ཀྱི་གནོད་འཚེའི་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་ནས༔ ཕན་བདེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་ཕྲིན་ལས་རྒྱ་ཆེན་པོ་མྱུར་དུ་མཛད་དུ་གསོལ༔ ཞེས་པ་བརྒྱ་རྩའམ་རྒྱས་པར་སྤྲོ་ན་དམར་གཏོར་གཅིག་ལ་འགུགས་གཞུག་བྱས་ལ་དགོངས་འདུས་མཁའ་འགྲོའི་སྐུལ་འབུམ་ནང་ལྟར༔ མཁའ་འགྲོ་སྙིང་ཐིག་གི་སྐུལ་བ་རྣམས་སམ༔ ཁྲོས་མ་སེང་གདོང་མ་སོགས་མཁའ་འགྲོའི་བསྐུལ་བ་གང་འདོད་སྦྱར་ལ༔ གཏོར་མ་ཡང་གནོད་བྱེད་ཕྱོགས་སུ་ཕུལ་ལོ༔ གདམས་པ་འདི་ལ་རིགས་ལྔ་ཙམ་སྣང་ཡང་སྟབས་བདེ་ཞིང་ལག་ལེན་བདེ་བ་འདི་ལས་མི་སྣང་ལ༔ རྒྱས་པ་དགོངས་འདུས་ལས་མཁའ་འགྲོའི་ལས་བྱང་དང་འབྲེལ་དགོས་རྒྱུ་ཡིན་ནའང་བསྡུས་པ་འདིས་


CMR018_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དོན་འགྲུབ་ངེས་པས༔ སྤྲུལ་སྐུའི་ཐུགས་དམ་བྱ་ཕྱིར་རཱ་ག་ཨ་སྱས་བསྒྲིགས་པ་སྟེ། འདི་ནི་དགྲ་མནན་སོགས་དང་མི་འདྲ་བར་ཕ་རོལ་པོ་ལ་མི་གནོད་ཅིང་རང་ལའང་ཕན་པ་ཁུངས་བཙུན་ཕུགས་ཆེའོ། སློབ་མ་དམ་ལྡན་མ་གཏོགས་མ་སྤེལ་བཀའ་རྒྱའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕས་རྒོལ་དབང་དུ་བསྡུ་བའི་མན་ངག་བླ་མ་དགོངས་པ་འདུས་པའི་ལས་ཚོགས་དང་དགོངས་གཏེར་ཁྲོས་མ་ལྷ་ལྔ་སྦྱར་ཏེ་འདོན་ཆ་ཤིན་ཏུ་བསྡུས་པ།next