Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་བསྔོས།
   
   
   
   
   
   
   
   
   
   


 
previousགཏོར་བསྔོས།next

གཏོར་བསྔོས།


CMR018_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་གཏོར་ལ་ཚོགས་ཀྱི་ཕུད་གཏོར་མའི་ནང་དུ་བླུགས་ནས། དཀྱིལ་འཁོར་གྱི་ལྷ་ལ་འབུལ་བ་ནི། གཏོར་མ་ལྔ་པོ། ཨོཾ་ཨཱབིགྷན་ཏ་ཀྲྀ་ཏ་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་། གྱུར༔ སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སོགས། ཨོཾ་ཨཱཿཧཱུྃ་གི་བར་སྔགས་ལྟ་བུས་བྱིན་གྱིས་བརླབས་ལ། ཝེ་ཕེ་ཕོ། ཞེས་པས་གཏོར་མགྲོན་དུ་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་སྤྱན་དྲངས་ཤིང་གསལ་བཏབ་ཅིང་། པད་ཀོར་ཐལ་མོ་ཁ་ཕྱེ་བ་དང་། མཐར་སེ་གོལ་བརྡབ་ཅིང་། ཨོཾ་བཛྲ་ཨ་ར་ལི་ཧོ༔ ཞེས་པའི་སྔགས་གསུམ་མམ། བཞིའམ་ལྔར་བརྗོད་ལ། དེའི་རྗེས་སུ། ཨོཾ་བཛྲ་བེ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི་ཁཱ་ཧི་གྲྭ་སྦ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཌཱཀི་ནཱི། བུདྡྷ་ཌཱཀི་ནཱི། རཏྣ་ཊཱཀི་ནཱི།། པདྨ་ཊཱཀི་ནཱི། ཀརྨ་ཊཱཀི་ནཱི། བི་ཤྭ་ཆ་ཀི་ནི། ལོ་ཀ་ཏྟཀི་ནཱི། ཨི་དཾ་བ་ལིཾ་པཱ་ཛ་སོགས་གསུམ་མམ་བདུན་ལ་སོགས་པས་གཙོ་འཁོར་དཔའ་བོ་རྣལ་འབྱོར་མ་རྣམས་ལ་ཕུལ་ཏེ། ལྷ་ཚོགས་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དམར་པོའི་འོད་ཀྱི་སྦུ་གུས་བདུད་རྩི་གཏོར་མ་གསོལ་བས་སྐུ་གསུང་ཐུགས་ཤིན་ཏུ་མཉེས་པར་འགྱུར་རོ། །ཨོཾ་བཛྲ་ཨནྡྷཾ་སོགས་དང་། པཉྩ་ཨ་མྲྀ་ཏ། མ་ཏིངྒ་ཨཱཧཱུཾ། ལ་སོགས་པས་མཆོད། ཨོ། བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་


CMR018_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །འཇིག་རྟེན་གསུམ་གཞན་རྒོལ་བས་མི་ཚུགས་ཤིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཕག་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་པ་ལས་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་མ་ལུས་སྐེམ་ཞིང་ཕམ་མཛད་མ། །སྐྱེ་གནས་འབྱུང་བ་ཀུན་གྱི་རང་བཞིན་གཟུགས། །ས་གསུམ་དབང་ཕྱུག་ཆོས་རྣམས་ཡོངས་རྫོགས་མཛད། །རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད༔ ཅེས་པས་བསྟོད། ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པའི་འབྱུང་པོ་རྣམས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲ་ཏ་པི་ཤ་ཙ་ཨུན་ད་ཨ་པ་སྨྲ་ར་ཎཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲོསྙན་ས་མ་ཡ། རཀྟན་མ་མ་སརྦ་སིདྡྷི་མྨེཔྲ་ཡཙྪན་ཡ་ཐེ་པཾ་ཡ་ཐེཎྞཾབྷུཉྫ་ཐ་ཛི་གྷ་ཐ་པི་པ་ཐ་མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ་སད་སུ་ཁཾ་བི་ཤུདྡྷ་ཡེ། སཱ་ཧཱ་ཡི་ཀ་བྷ་ཝནྟུ་ཧུཾ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་བཞི། ཨོཾ་ཧྲི་ཧྲི་ཧཾ་ཧཾ་ཧེ་ཧེ་ཧི་ཧི་པེ་པེ། ཞེས་པ་གསུམ་སོགས་ཀྱིས་ལས་ཀྱི་མཁའ་འགྲོ་མ་རྣམས་ལ་འབུལ་ལོ། །ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ཞིང་། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་


CMR018_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི་། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགཏོར་བསྔོས།next