Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་གཅིག་ཁྲོས་མ་ནག་མོའི་གཏོར་ཟློག
   
   
   
   
   
   
   
   
   


 
previousམ་གཅིག་ཁྲོས་མ་ནག་མོའི་གཏོར་ཟློགnext

མ་གཅིག་ཁྲོས་མ་ནག་མོའི་གཏོར་ཟློག


CMR018_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཅིག་ཁྲོས་མ་ནག་མོའི་གཏོར་ཟློག་གི་དབུ་ཕྱོགས་བཞུགས་སོ།།


CMR018_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཅིག་ཁྲོས་མ་ནག་མོ་ལ་ཕྱག་འཚལ་ལོ༔ འདི་ཉིད་ཀྱི་གཏོར་ཟློག་བྱེད་པར་སྤྲོ་ན༔ ལྕགས་ལ་སོགས་པ་དྲག་པོའི་སྣོད་དུ་མདོས་གདན་གྲུ་བཞི་གཉིས་བརྩེགས་སྟེང་དུ༔ གཙོ་མོའི་གཏོར་མ་ཟུར་གསུམ་ཆེ་བ་ཕག་མགོས་མཚན་པ་ལ༔ ཅུང་ཉེར་གཅིག་གམདབུ་ཕྱག་གི་གྲངས་ལིངྒ་ལ་ཤ་ཁྲག་གིས་བརྒྱན་པ༔ ནང་དང་སོ་ཟུར་གསུམ་བཞི༔ གཉིས་པ་ལ་བཞི་དང་གཙོ་འཁོར་དགུའམ་བཅུ་གང་ཡིན་མཐར་མཐེབ་སྐྱུ་ཤ་དུམ་རྩང་ཉེར་བརྒྱད་ཀྱིས་བསྐོར༔ སྟེང་དུ་དར་ནག་གི་གདུགས་ཕུབ་ལ་བཤམས༔ ཁྲག་གི་ཨརྒྷཾ་སོགས་མཆོད་པ་སྣ་བདུན་བཤམས༔ མཁའ་འགྲོ་འབུམ་བསྐུལ་གཏོར་ཆུང་བཅུ༔ མདུན་དུ་ལྕགས་སྣོད་དུ་ལིངྒ་ཆེ་བ་གཅིག་ལ་ཕུར་པ་གྲི་གུག་ཐུན་རྫས་བསྒྲལ་ཆས་དང་ཉེར་མཁོའི་ཡོ་བྱད་བཤམས་ནས་ཆུ་གཙང་


CMR018_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བྲན༔ རྐང་གླིང་འབུད་རོལ་མོ་རྣམས་བརྡུང་ལ་འདི་སྐད་དོ༔ ཕཊ༔ རང་ཉིད་ཁྲོས་མར་གསལ་བའི་མདུན་དུ་ཨེ་ལས་ལྕགས་ཁང་ནག་པོ་ཁ་རུབ་ལ་གཏིང་ཟབ་པ་བང་རིམ་གསུམ་དང་ལྡན་པ༔ ཁྲག་མཚོ་ཁོལ་ཞིང་མཚོན་ཆའི་ཆར་འབེབས་པ༔ ཕོ་ཉ་དྲེགས་པ་ཅན་རྡུལ་ལྟར་འཚུབ་པ་དེའི་དབུས་སུ་ནི༔ཏྲིའཕྲོ་འདུ་ལས༔ དམ་ཉམས་པའི་དགྲ་བགེགས་གཟུགས་ཕུང་མྱ་ངན་ལུས༔ ཕུང་ཁམས་ཡོངས་སུ་རྫོགས་པ་སྨྲེ་སྔགས་འདོནུ༔ སྒྲ་གཟེང་པ༔ ཡན་ལག་འཆིང་ཞིང་སྡོམ་པ་ཞིག་ཏུ་གྱུར༔ དེ་ནས་འགུགས་གཞུག་བྱ་བ་ནི༔ ཛཿ ན་མོ༔ དཀོན་མཆོག་གསུམ་དང་རྩ་


CMR018_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུམ༔ ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་བདེན་པའི་མཐུས༔ བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་དང་༔ བདག་དང་བསྲུང་བྱ་ལ་གནོད་དགྲ་དང་བགེགས༔ ཕོ་བདུད་མོ་འདྲེ་གསོན་བདུད་ཤི་གཤེད་དང་༔ ལྟས་ངན་མ་རུངས་ཐན་ལྟས་གཏོང་བ་རྣམས༔ གནོད་བྱེད་འདྲེ་གདོན་སྲི་ཡི་རིགས་རྣམས་ཀུན༔ ལིང་ག་འདི་ལ་ཛཿཧཱུྃ་བཾ་ཧོས་ཁུག༔ དེ་ནས་ཚོགས་ལིང་ཡིན་ན་ཚོགས་དུམ་ཤ་ཁྲག་གིས་སྦག་ལ༔ ཧཱུྃ་བྷྱོ༔ མ་ཁྲག་འཐུང་ཁྲོས་མའི་ཐུགས་ཀ་ནས༔ ལས་ཀྱི་ཌཱཀྐིས་སྟོང་གསུམ་གང་༔ གནོད་ཅིང་འཚེ་བའི་དགྲ་བགེགས་ཚོགས༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཁུག་ཅིག་རྡོ་རྗེ་ལྕགས་ཀྱུ་མ༔ ཆིངས་ཤིག་རྡོ་རྗེ་ཞགས་པ་མ༔ སྡོམས་ཤིག་རྡོ་རྗེ་ལྕགས་སྒྲོག་མ༔ མྱོས་པར་གྱིས་ཤིག་དྲིལ་བུ་མ། ལྷ་དང་ཕྲོལ་ཅིག་ཕྲ་མེན་མ༔ བདུད་དང་སྤྱོད་ཅིག་ཤ་ཟ་མ༔ དབུགས་དང་ཕྲོལ་ཅིག་དབུགས་ལེན་མ༔ རྣམ་ཤེས་སྤྱོར་ཅིག་ཌཱཀྐི་མ༔ ཤ་རུས་ཕྱེས་ཤིག་ཞིང་སྐྱོང་མ༔ དྲག་པོའི་ཕྲིན་ལས་མྱུར་དུ་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་གྲི་གུག་ཐོགས་ལ༔ ཧཱུྃ་བྷྱོ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ཕྱག་ན་སྲོག་གཅོད་གྲི་གུག་བསྣམས༔


CMR018_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་རྩེ་རྡོ་རྗེ་རྩེ་ལྔ་ནི༔ ཡེ་ཤེས་ལྔ་ལྡན་དུག་ལྔ་སྒོལ༔ ཚངས་ཟུང་ཆུ་སྲིན་རྒྱ་མདུད་ནི༔ འཁོར་འདས་གཅིག་ཏུ་འདུས་པ་ཡིན༔ མར་གྱི་ཟངས་གྲི་འབར་བ་འདིས༔ སྲིད་པའི་འདྲེ་གདོན་སྐྱེ་ཤི་གཅོད༔ བཏབ་ན་ལྷ་ཡང་རླག་པར་བྱེད༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ ཡེ་ཤེས་ཌཱཀྐིའི་བཀའ་བྱུང་གི༔ ལས་ཀྱི་མཁའ་འགྲོས་ལས་མཛོད་ཅིག༔ དགྲ་བགེགས་སྲོག་ལ་མཱ་ར་ཡ༔ ཨོཾ་བཛྲ་ཝཱ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ༔རི༔ནི༔ས༔ལོ་ཀ་ཌཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་ཕུར་པ་བཏབ་ལ་ལིང་རོ་ཤ་དུམ་བྷནྡྷའི་སྣོད་དུ་བཅུག་ནས་གཏོར་མར་བསྟཔ་ལ༔ ཧཱུྃ་བྷྱོ༔ འཇིགས་བྱེད་ཁྲོས་མའི་ལྷ་ཚོགས་རྣམས༔ གནམ་ས་ཙམ་གྱི་ཞལ་ཕྱེས་ལ༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ཙམ་གྱི་ལྗགས་བརྐྱང་ལ༔ བདག་ལ་སྡང་བའི་དགྲ་དང་བགེགས་ཚོགས་སུ་རོལ་ཅིག་ཁྲོས་མའི་ཚོགས༔ བཞེས་ཤིག་རོལ་ཅིག་མཁའ་འགྲོ་མ༔ རྣམ་ཤེས་མཁའ་སྤྱོད་གནས་སུ་དྲོངས༔ འཁྲུལ་མེད་མངོན་སངས་རྒྱས་པར་མཛོད༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཌཱཀྐི་ནི་དགྲ་བགེགས་ཀྱི་ཤ་ཁྲག་ལ་ཁཱ་རཾ་ཁཱ་ཧི་ཁཱ་ཧི༔


CMR018_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ལིང་རོས་བཟློག་གཏོར་གསོ་ལ་བདུད་རྩིས་བྲན༔ དམར་གཏོར་ཡང་བྲན་ལ༔ སྤྲོ་ན་མཁའ་འགྲོ་འབུམ་བསྐུལ་བྱ་ཏེ༔ མཁའ་འགྲོ་འབུམ་བསྐུལ་ནི་འདི་སྐད་དོ༔ ཧཱུྃ་བྷྱོ་ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན༔ རི་བོ་ཆེན་པོའི་བྱང་ཕྱོགས་ན༔ རྩུབ་འགྱུར་ཚལ་གྱིས་ནུབ་བྱང་ན༔ རི་བོ་ཐམས་ཅད་རུས་པའི་རི༔ རྩི་ཤིང་ཐམས་ཅད་མདའ་དང་མདུང་ཆུ་ཀླུང་ཐམས་ཅད་ཁྲག་དང་རྣག༔ སྒྲ་སྐད་ཐམས་ཅད་སོད་དང་གྱོབ༔ རབ་ཏུ་འཇིགས་པའི་གནས་མཆོག་དེར༔ རིགས་ལྔའི་སངས་རྒྱས་སྐྲག་པའི་གནས་ཕྱག་ན་རྡོ་རྗེ་འཇིགས་པའི་ས༔ ཁྲོ་བཅུ་རྒྱུ་བར་མི་ནུས་པའི༔ རབ་འཇིགས་གཏུམ་པོའི་གནས་མཆོག་དེར༔ གཙོ་མཆོག་ཁྲོས་མ་དེ་ན་བཞུགས༔ ཁྲོས་མ་རིགས་ལྔ་དེ་ན་བཞུགས༔ མཁའ་འགྲོ་སྡེ་བརྒྱད་དེ་ན་བཞུགས་༈ ཧཱུྃ༔ རྟོག་མེད་ཕག་མོའི་ཞལ་དུ་བྱུང་བ་ལས༔ དོན་དམ་སྟོང་ཉིད་རྟོགས་པའི་མཁའ་འགྲོ་འབུམ༔ དབུ་སྐྲ་དམར་ནག་སྤྲིན་ལྟར་གཏིབས་པ་ལས༔ ཐུགས་རྗེ་ཆར་ལྟར་འབེབས་པའི་མཁའ་འགྲོ་འབུམ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི༔ རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ༔ སྤྱན་གསུམ་སྡང་མིག་རབ་ཏུ་གཟིགས་པ་


CMR018_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ དུག་གསུམ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ ཞལ་གྱི་ཁྲོ་གཉེར་ལྔ་དང་ལྡན་པ་ལས༔ དུག་ལྔ་རང་སར་གྲོལ་བའི་མཁའ་འགྲོ་འབུམ༔ ཞལ་གདངས་ལྗགས་ཀྱང་རབ་ཏུ་བརྐྱངས་པ་ལས༔ སྤྲུལ་པ་གློག་ལྟར་འཁྱུག་པའི་མཁའ་འགྲོ་འབུམ༔ འཇིགས་པའི་མཆེ་བ་རབ་ཏུ་གཙིགས་པ་ཡིས༔ སྐྱེ་འཆི་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ དགྱེས་པའི་གད་མོ་ཧི་ཧི་བཞད་པ་ལས༔ འཁོར་བ་སྐམ་སར་འདོན་པའི་མཁའ་འགྲོ་འབུམ༔ ཁྲོས་པའི་གད་མོ་ཧ་ཧིའི་སྒྲོག་པ་ལས༔ བདུད་སྲིན་ཐལ་བར་བརླག་པའི་མཁའ་འགྲོ་འབུམ༔ ཕྱག་གཡས་གྲི་གུག་རབ་ཏུ་འབར་བ་ལས༔ སྲོག་གཅོད་དབུགས་ལེན་བྱེད་པའི་མཁའ་འགྲོ་འབུམ༔ གཡོན་གྱི་ཐོད་ཁྲག་དམར་པོ་གསོལ་བ་ལས༔ དམ་ཉམས་སྙིང་ཁྲག་འཇིབས་པའི་མཁའ་འགྲོ་འབུམ༔ ཁ་ཊཾ་ག་ནི་རྩེ་གསུམ་བསྣམས་པ་ལས༔ དུག་གསུམ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ ཐོད་པ་སྐམ་རློན་གསུམ་གྱིས་བརྒྱན་པ་ལས༔ ཁམས་གསུམ་དབང་དུ་བསྡུས་པའི་མཁའ་འགྲོ་འབུམ༔ མཐིང་ནག་དར་གྱི་ཅོད་པན་འཕུར་བ་ལས༔ སྲིད་གསུམ་ཟིལ་གྱིས་གནོན་པའི་།


CMR018_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་འབུམ༔ ཌཱ་རུ་གསེར་གྱི་རྡེའུ་ཆུང་འཁྲོལ་བ་ལས༔ སྙན་བརྒྱུད་གསང་བ་འཛིན་པའི་མཁའ་འགྲོ་འབུམ་དྲང་ཞིང་ཡུ་བ་དཀར་པོ་འདྲིལ་བ་ལས༔ ལྷ་མིན་གཡུལ་ངོ་བཟློག་པའི་མཁའ་འགྲོ་འབུ༔ སྙན་ཆ་མགུལ་ཆུན་རབ་ཏུ་མཛེས་པ་ལས༔ ཡབ་ལ་བསྙེན་བཀུར་བྱེད་པའི་མཁའ་འགྲོ་འབུམ༔ ཕྱག་རྒྱ་དྲུག་གིས་རབ་ཏུ་བརྒྱན་པ་ལས༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་ཡཁའ་འགྲོ་འབུམ༔ གདུག་པ་སྦྲུལ་གྱི་ག་ཤལ་མཛེས་པ་ལས༔ མཛེ་ནད་ཁྲག་སྐྱག་གཏོང་བའི་མཁའ་འགྲོ་འབུམ༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱེད་པ་ལས་འདུ་བྱེད་ལྔ་བཅུ་དག་པའི་མཁའ་འགྲོ་འབུ༔ ང་རྒྱལ་སྟག་གི་ཤམ་ཐབས་བྱེད་པ་ལ༔ སྡིག་ཅན་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ༔ གཅེར་བུ་སྐུ་གྲོལ་གར་གྱིས་བཞུགས་པ་ལས༔ ལེགས་ཉེས་ཞལ་ལྕེ་གཅོད་པའི་མཁའ་འགྲོ་འབུམ༔ གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་བཞུགས་པ་ལས༔ རྟོག་མེད་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ༔ མེ་རི་མེ་དཔུང་དབུས་ན་བཞུགས་པ་ལས༔ ཐ་དད་རྟོག་པ་བསྲེགས་པའི་མཁའ་འགྲོ་འབུམ༔ རྟོག་མེད་རོ་ཡི་གདན་ལ་བཞུགས་པ་ལས༔ དུར་ཁྲོད་ཤ་


CMR018_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རོལ་བའི་མཁའ་འགྲོ་འབུམ༔ སྐུ་མདོག་མཐིང་ག་རབ་ཏུ་རྔམས་པ་ལས༔ གཏི་མུག་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། སྐུ་སྤྲུལ་མཁའ་འགྲོ་འབུམ་ཚོ་ཉི་ཤུ་དྲུག༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་སྡང་བའི་དགྲ་ལ་ཡ༔ བར་ཆད་བྱེད་པའི་བགེགས་ལ་ཡ༔ སྐུ་མདོག་དཀར་མོ་རབ་ཏུ་འཚེར་བ་ལས༔ ཞེ་སྡང་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ སྐུ་མདོག་སེར་མོ་རབ་ཏུ་མཛེས་པ་ལས༔ ང་རྒྱལ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ སྐུ་མདོག་དམར་མོ་མདངས་དང་ལྡན་པ་ལས༔ འདོད་ཆགས་རང་སར་གྲོལ་བའི་མཁའ་འགྲོ་འབུམ༔ སྐུ་མདོག་ལྗང་གུ་རབ་ཏུ་བརྗིད་པ་ལས༔ ཕྲག་དོག་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ༔ ཧཱུྃ་ཤར་གྱི་ཕྱོགས་ཀྱི་དུར་ཁྲོད་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ༔ ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་ནས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ༔ ནུབ་ཀྱི་ཕྱོགས་ཀྱི་དུར་ཁྲོད་ནས༔ པདྨ་རིགས་ཀྱི་མཁའ་འགྲོ་འབུམ༔ བྱང་གི་ཕྱོགས་ཀྱི་དུར་ཁྲོད་ནས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ༔ ཤར་ལྷོའི་ཕྱོགས་


CMR018_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དུར་ཁྲོད་ནས༔ དམ་ཚིག་རིགས་ཀྱི་མཁའ་འགྲོ་འབུམ༔ ལྷོ་ནུབ་ཕྱོགས་ཀྱི་དུར་ཁྲོད་ནས༔ སྣ་ཚོགས་རིགས་ཀྱི་མཁའ་འགྲོ་འབུམ༔ ནུབ་བྱང་ཕྱོགས་ཀྱི་དུར་ཁྲོད་ནས༔ ཐམས་ཅད་རིགས་ཀྱི་མཁའ་འགྲོ་འབུམ༔ བྱང་ཤར་ཕྱོགས་ཀྱི་དུར་ཁྲོད་ནས༔ འཇིག་རྟེན་རིགས་ཀྱི་མཁའ་འགྲོ་འབུམ༔ འཁོར་གྱི་མཁའ་འགྲོ་འབུམ་ཚོ་ལྔ་བཅུའི་ཚོགས༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་སྡང་བའི་དགྲ་ལ་ཡ༔ བར་ཆད་བྱེད་པའི་བགེགས་ལ་ཡ༔ དམ་ཉམས་དགྲ་བོ་བསྒྲལ་བའི་དུས་ལ་བབ༔ བར་ཆད་བགེགས་རྣམས་བཟློག་པའི་དུས་ལ་བབ༔ ཅེས་བསྐུལ་ལ་གཏོར་ཆུང་བརྒྱད་མདོས་ནང་དུ་འབུལ༔ དེ་ནས་ཟློག་པ་ནི༔ མ་མོ་མཁའ་འགྲོ་ཐམས་ཅད་དགྲ་བོའི་སྟེང་དུ་ཆས་པར་བསྒོམ་ལ༔ དགྲ་བགེགས་བྱད་མ་ལྟས་ངན་ཐམས་ཅད་བཟློག་པར་བསམ་ལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས༔ རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས༔ རིན་ཆེན་སྣ་ལྔ་ཐོད་པའི་གཞལ་ཡས་དབུས༔ ཆོས་འབྱུང་པད་ཉི་རུ་ཏྲ་བསྣོལ་བའི་སྟེང་༔ རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ སྐུ་མདོག་མཐིང་ནག་ཆར་སྤྲིན་


CMR018_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གཏིབས་པ་འདྲ༔ མ་རིག་འཁོར་བའི་བག་ཆགས་བཟློག་ཏུ་གསོལ༔ ཟིལ་གནོན་ཕག་ཞལ་ནག་མོ་ངུར་པ་ཡིས༔ ཁྲོ་བོ་ཁྲོ་མོའི་ཟིལ་གནོན་བཟློག་ཏུ་གསོལ༔ སྤྱན་གསུམ་བསྐལ་པའི་མེ་ལྟར་འབར་བ་ཡི༔ སྲིད་གསུམ་ལྷ་འདྲེའི་གནོད་པ་བཟློག་ཏུ་གསོལ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ་ནི༔ བར་ཆད་བདུད་ཀྱི་དམག་དཔུང་བཟློག་ཏུ་གསོལ༔ རལ་པའི་གསེབ་ནས་ཁྲོ་ཆུང་ཕྱོགས་བཅུར་འགྱེད༔ ཕྱོགས་སྐྱོང་བཅུ་ཡི་གདོན་ཚོགས་བཟློག་ཏུ་གསོལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི༔ ཉོན་མོངས་དུག་ལྔའི་དམག་དཔུང་བཟློག་ཏུ་གསོལ༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ་ལས༔ ལྟས་ངན་བརྒྱད་ཅུ་རྩ་བརྒྱད་བཟློག་ཏུ་གསོལ༔ སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན་པ་ནི༔ ཀླུ་དང་ས་བདག་གནོད་པ་བཟློག་ཏུ་གསོལ༔ གླང་ཀོ་ཞིང་ལྤགས་སྟག་ཤམ་བརྒྱན་པ་ནི༔ ལས་ཀྱི་གཤིན་རྗེའི་ཕོ་ཉ་བཟློག་ཏུ་གསོལ༔ རུས་པའི་རྒྱན་དྲུག་སྐུ་ལ་གསོལ་བ་ནི༔ མ་མོ་མཁའ་འགྲོའི་གནོད་པ་བཟློག་ཏུ་གསོལ༔ ཕྱག་གཡས་རྡོ་རྗེའི་གྲི་གུག་ཕྱར་བ་ཡིས༔ གཟའ་དང་རྒྱུ་སྐར་གནོད་པ་བཟློག་ཏུ་གསོལ༔ ཕྱག་གཡོན་


CMR018_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཁྲག་ཐུགས་ཀར་འཛིན་པ་ནི༔ མ་མོ་མཁའ་འགྲོའི་ཁྲག་ནད་དལ་ཡམས་ཟློག༔ ཁ་ཊཾ་རྩེ་གསུམ་མཆན་དུ་བསྒྲེང་བ་ནི༔ ཕོ་རྒྱུད་རྣམས་ཀྱི་གནོད་པ་བཟློག་ཏུ་གསོལ༔ དར་ནག་སྟོད་གཡོགས་སྨད་དཀྲིས་བྱས་པ་ནི༔ ནག་མོ་བདུད་ཀྱི་དམག་དཔུང་བཟློག་ཏུ་གསོལ༔ བདུད་ཀྱི་ཁྲམ་ཤིང་མཆན་དུ་བཅུག་པ་ནི༔ བདུད་དང་གཤིན་རྗེའི་ཁྲམ་ཁ་བཟློག་ཏུ་གསོལ༔ རིན་ཆེན་དབུ་རྒྱན་ཕྱག་གདུབ་བྱས་པ་ནི༔ དཀོར་བདག་འགོང་པོའི་གནོད་པ་བཟློག་ཏུ་གསོལ༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་བསྒྲད་པ་ནི༔ འཇིག་རྟེན་མཁའ་འགྲོའི་སུན་མ་བཟློག་ཏུ་གསོལ༔ ཡེ་ཤེས་མེ་རླུང་དབུས་ན་བཞུགས་པ་ནི༔ ངན་སྔགས་བྱད་སྟེམས་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུྃ༔ སྐུ་ཡི་སྤྲུལ་པ་བདེ་ཆེན་དཀར་མོ་ལ༔ གཏི་མུག་རྩད་གཅོད་ཁྲོ་མོ་དཀར་མོ་འབུམ༔ གཟུགས་སྣང་མཁའ་འགྲོ་འབུམ་ཕྲག་དབང་དུ་སྡུད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔ སྲིད་པའི་འདྲེ་གདོན་དགྲ་ལ་བཟློག་ཏུ་གསོལ༔ ཡོན་ཏན་སྤྲུལ་པ་སེར་མོ་དོན་གྲུབ་ལ༔ ང་རྒྱལ་རྩད་གཅོད་ཁྲོ་མོ་སེར་མོ་འབུམ༔ རྫུ་འཕྲུལ་མཁའ་འགྲོ་འབུམ་ཕྲག་དབང་དུ་སྡུད༔


CMR018_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔ སྲིད་པའི་འདྲེ་གདོན་དགྲ་ལ་བཟློག་ཏུ་གསོལ༔ གསུང་གི་སྤྲུལ་པ་དམར་མོ་སྒྲ་སྒྲོག་མ༔ འདོད་ཆགས་རྩད་གཅོད་ཁྲོ་མོ་དམར་མོ་འབུམ༔ སྐད་སྒྲོག་མཁའ་འགྲོ་འབུམ་ཕྲག་དབང་དུ་སྡུད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔ སྲིད་པའི་འདྲེ་གདོན་དགྲ་ལ་བཟློག་ཏུ་གསོལ༔ ཕྲིན་ལས་སྤྲུལ་པ་སྣ་ཚོགས་མཐར་ཕྱིན་མ༔ ཕྲག་དོག་རྩད་གཅོད་ཁྲོ་མོ་ནག་མོ་འབུམ༔ བརྟུལ་ཞུགས་མཁའ་འགྲོ་འབུམ་ཕྲག་དབང་དུ་སྡུད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔ སྲིད་པའི་འདྲེ་གདོན་དགྲ་ལ་བཟློག་ཏུ་གསོལ༔ ཧཱུྃ་ཧཱུྃ༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ བདེ་གཤེགས་རྡོ་རྗེ་ཕག་མོ་ཡི༔ མ་མོ་མཁའ་འགྲོའི་རིམས་ཁ་དགྲ་ལ་ཟློག༔ བྷྱོ༔ ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་འཇིགས་ཚུལ་ཅན༔ གིང་གི་ལྟས་ངན་དགྲ་ལ་ཟློག༔ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་གཟི་བརྗིད་ཅན༔ གཤིན་རྗེའི་ལྟས་ངན་དགྲ་ལ་ཟློག༔ ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས༔ པད་མ་མཁའ་འགྲོ་དྲི་མེད་


CMR018_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མས༔ བཙན་གྱི་ལྟས་ངན་དགྲ་ལ་ཟློག༔ བྱང་ཕྱོགས་ཀཱི་ལ་སྒྲོག་པའི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་བདེ་བ་ཅན༔ གནོད་སྦྱིན་ལྟས་ངན་དགྲ་ལ་ཟློག༔ ཤར་ལྷོ་རབ་འཇིགས་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་དམིགས་པ་ཅན༔ ཀླུ་ཡི་ལྟས་ངན་དགྲ་ལ་ཟློག༔ ལྷོ་ནུབ་གཏུམ་པོའི་དུར་ཁྲོད་ནས༔ སྣ་ཚོགས་མཁའ་འགྲོ་མི་ཐུབ་མས༔ གཟའ་ཡི་ལྟས་ངན་དགྲ་ལ་ཟློག༔ ནུབ་བྱང་རབ་གཏུམ་དུར་ཁྲོད་ནས༔ ཐམས་ཅད་མཁའ་འགྲོ་ཀུན་རྒྱུ་མས༔ སྲིན་པོའི་ལྟས་ངན་དགྲ་ལ་ཟློག༔ བྱང་ཤར་རྒྱུག་བྱེད་དུར་ཁྲོད་ནས༔ རྒྱུད་འཛིན་འཇིག་རྟེན་མཁའ་འགྲོ་མས༔ མ་མོའི་ལྟས་ངན་དགྲ་ལ་ཟློག༔ བྷྱོ༔ ཤར་གྱི་སྒོ་མ་ཁཱ་གདོང་མས༔ འགུགས་བྱེད་མ་ཚོགས་དབང་སྡུད་ལ༔ ལྕགས་ཀྱུ་ཅན་གྱི་གནོད་པ་དགྲ་ལ་ཟློག༔ ལྷོ་ཡི་སྒོ་མ་ཕག་གདོང་མ༔ འཆིང་བྱེད་མ་ཚོགས་དབང་སྡུད་ལ༔ ཞགས་པ་ཅན་གྱི་ཕོ་ཉ་དགྲ་ལ་ཟློག༔ ནུབ་ཀྱི་སྒོ་མ་ཁྱི་གདོང་མ༔ སྡོམ་བྱེད་མ་ཚོགས་དབང་སྡུད་ལ༔ ལྕགས་སྒྲོག་ཅན་གྱི་བྱད་ཁ་དགྲ་ལ་ཟློག༔ བྱང་གི་སྒོ་མ་འུག་གདོང་མ༔ འདེགས་བྱེད་མ་ཚོགས་དབང་སྡུད་ལ༔ དྲིལ་བུ་ཅན་གྱི་


CMR018_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་དགྲ་ལ་ཟློག༔ ལས་ཀྱི་མཁའ་འགྲོ་ནག་མོ་འབུམ༔ འདུ་བ་རྣམ་བཞི་དགྲ་ལ་ཟློག༔ བད་ཀན་དམུ་ཆུ་དགྲ་ལ་ཟློག༔ མཁྲིས་པ་བཤལ་ནད་དགྲ་ལ་ཟློག༔ རླུང་ནད་སྨྱོ་འབོགས་དགྲ་ལ་ཟློག༔ ཁྲག་ནད་དམར་བཤལ་དགྲ་ལ་ཟློག༔ བྷྱོ༔ ལས་ཀྱི་མཁའ་འགྲོ་དཀར་མོ་འབུམ༔ སྨྱོ་བ་ཉེར་ལྔ་དགྲ་ལ་ཟློག༔ སྨྱོ་འབོགས་བརྒྱལ་ནད་དགྲ་ལ་ཟློག༔ ལྐུགས་དང་འདར་བུ་དགྲ་ལ་ཟློག༔ རླུང་སྨྱོ་ཚན་པོ་དགྲ་ལ་ཟློག༔ བྷྱོ༔ ལས་ཀྱི་མཁའ་འགྲོ་སེར་མོ་འབུམ༔ མཛེ་རིགས་བཅོ་བརྒྱད་དགྲ་ལ་ཟློག༔ མཛེ་ནད་འབྲུམ་ནད་དགྲ་ལ་ཟློག༔ སིབ་དང་བས་ལྡག་དགྲ་ལ་ཟློག༔ དྲེག་དང་གྲུམ་བུ་དགྲ་ལ་ཟློག༔ ལྷོག་པ་འབྲས་ཆེན་དགྲ་ལ་ཟློག༔ སྐེམ་པ་གཡེམ་པ་དགྲ་ལ་ཟློག༔ ཤུ་བ་རྒྱ་ཐོར་དགྲ་ལ་ཟློག༔ རླུང་སྐམ་འབྲས་ཆེན་དགྲ་ལ་ཟློག༔ ཕོལ་མིག་རྐང་ནད་དགྲ་ལ་ཟློག༔ ཚ་བ་གྲང་བ་དགྲ་ལ་ཟློག༔ བྷྱོ༔ ལས་ཀྱི་མཁའ་འགྲོ་དམར་མོ་འབུམ༔ རིམས་ནད་དལ་ཡམས་དགྲ་ལ་ཟློག༔ གློ་སྙིང་མཆིན་གཟེར་དགྲ་ལ་ཟློག༔ རྒྱུ་གཟེར་ཁྲག་ནད་དགྲོ་ལ་ཟློག་དམར་བཤལ་སྐྱ་བཤལ་དགྲ་ལ་ཟློག༔


CMR018_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ༔ ལས་ཀྱི་མཁའ་འགྲོ་ལྗང་མོ་འབུམ༔ མཚོན་འཁྲུག་སྣ་བདུན་དགྲ་ལ་ཟློག༔ མདའ་མདུང་རལ་གྲི་དགྲ་ལ་ཟློག༔ ཁ་ཊཾ་ཏྲི་ཤུལ་དགྲ་ལ་ཟློག༔ སྐྱོགས་དང་འཕྲུལ་འཁོར་དགྲ་ལ་ཟློག༔ དགྲ་སྟ་ཐོ་བ་དགྲ་ལ་ཟློག༔ གྲི་སྟོང་བེར་དབྱུག་དགྲ་ལ་ཟློག༔ གཏུན་ཤིང་མདུང་སྟོང་དགུ་ལ་ཟློག༔ སོག་ལེ་འཁོར་ལོ་དགྲ་ལ་ཟློག༔ མཚོན་འཁྲུག་བསྐལ་པ་དགྲ་ལ་ཟློག༔ སརྦ་ཊཱཀྐི་ནཱི་བྷྱོ་བྷྱོ་བཟློག་བཟློག༔ དེ་ནས་ཟློག་སྒྱུར་ནི༔ ཧཱུཾ་བྷྱོ་གཞན་ཡང་ཟློག་ཅིང་སྒྱུར་བ་ནི༔ ཆག་ཆེན་ཉམ་ང་དགྲ་ལ་སྒྱུར༔ ལོ་སྐག་ཟླ་སྐག་དགྲ་ལ་སྒྱུར༔ ཟ་མའི་བདུན་ཟུར་དགྲ་ལ་སྒྱུར༔ ཟོད་གཏོང་རྦད་འདྲེ་དགྲ་ལ་སྒྱུར༔ འབྱུང་བའི་གཙུག་ལག་ངན་པ་སྒྱུར༔ ལོ་དང་རྟེན་འབྲེལ་ངན་པ་དགྲ་ལ་སྒྱུར༔ རྨིས་ལྟས་མཚན་མ་ངན་པ་དགྲ་ལ་སྒྱུར༔ ཐན་དང་ལྟས་ངན་ཆོ་འཕྲུལ་དགྲ་ལ་སྒྱུར༔ ཡས་ཀྱི་བདུད་གཡོས་དགྲ་ལ་སྒྱུར༔ མས་ཀྱི་སྲི་ལངས་དགྲ་ལ་སྒྱུར༔ བར་གྱི་བཙན་འཕྲོས་དགྲ་ལ་སྒྱུར༔ ཕ་ཚན་རྒྱབ་འདྲེ་དགྲ་ལ་སྒྱུར༔ དར་ཚན་སྟོང་འདྲེ་དགྲ་ལ་སྒྱུར༔ མ་བུའི་བྱུར་འདྲེ་དགྲ་ལ་སྒྱུར༔ ཕུ་ནུས་རུས་འདྲེ་དགྲ་ལ་སྒྱུར༔ ཕྱུགས་ཀྱི་


CMR018_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གོད་འདྲེ་དགྲ་ལ་སྒྱུར༔ ཆེ་སྲི་ཆུང་སྲི་དགྲ་ལ་སྒྱུར༔ ཟ་འདྲེ་ཤི་བ་གཤེད་དགྲ་ལ་སྒྱུར་ལྟག་པའི་བདུད་བབས་དགྲ་ལ་སྒྱུར༔ དཔྲལ་བའི་གཤེད་འཁོར་དགྲ་ལ་སྒྱུར༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ སྔགས་པའི་བྱད་ཟོར་ཕུར་ཁ་དགྲ་ལ་སྒྱུར་བནྡྷེའི་གཏོར་གྲྭ་ལ་སྒྱུར༔ བོན་གྱི་བྱད་ཟོར་གཏད་མནན་དགྲ་ལ་སྒྱུར༔ ཕུར་པའི་དབལ་ཟོར་དགྲ་ལ་སྒྱུར༔ དྲང་སྲོང་དམོད་མོ་དགྲ་ལ་སྒྱུར༔ རང་གཤེད་རང་འཁོར་དགྲ་ལ་སྒྱུར༔ མི་ནད་ཕྱུགས་ནད་དགྲ་ལ་སྒྱུར༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་སྒྱུར༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་སྒྱུར༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་སྒྱུར༔ བྱིས་པའི་གདོན་ཆེན་བཅོ་ལྔ་དགྲ་ལ་སྒྱུར༔ རྟ་ནད་མཚེར་བཅུ་ཐམས་ཅད་དགྲ་ལ་སྒྱུར༔ ཕྱུགས་ཀྱི་གོད་ཡམས་ཐམས་ཅད་དགྲ་ལ་སྒྱུར༔ ཕྱུགས་ལ་ལྟས་ངན་འཁྲི་བ་དགྲ་ལ་སྒྱུར༔ བསེ་རག་སྲི་ལ་རྐུ་བ་དགྲ་ལ་སྒྱུར༔ གློ་བུར་བརྒྱད་ཅུ་རྩ་གཅིག་དགྲ་ལ་སྒྱུར༔ སྐག་རིགས་བདུན་བརྒྱ་ཉི་ཤུ་དགྲ་ལ་སྒྱུར༔ དུས་མིན་འཆི་བ་རྣམ་བརྒྱད་དགྲ་ལ་


CMR018_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར༔ རླུང་གི་འཁོར་ལོ་ངན་པ་དགྲ་ལ་སྒྱུར༔ སིལ་གྱི་ཕུང་ཤིག་ཐམས་ཅད་དགྲ་ལ་སྒྱུར༔ ལྟས་ངན་ཉི་ཁྲི་ཆིག་སྟོང་དགྲ་ལ་སྒྱུར༔ མི་མཐུན་ཕྱོགས་རྣམས་ཐམས་ཅད་དགྲ་ལ་སྒྱུར༔ བཟློག་གོ་ཆག་ཆེན་ཉམས་ང་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ སྡང་དགྲ་དམ་ཉམས་སྟེང་དུ་བྷྱོ་བྷྱོ༔ བཟློག་བཟློག་སྒྱུར་སྒྱུར༔ མཱ་ར་ཡ་དགྲ་བོ་བྱད་མའི་སྟེང་དུ་བློ་བྷྱོ་ཟློག་ཟློག༔ ཨོཾ་ཧ་དྷེ་མོ་ཧ་ཧཱིཏ་ཡ༔ སི་ཏི་ཧ་རི་ཏ་ཡཱ༔ ཟློག་ཟློག༔ ཁ་ལིང་ཏ་ཡཱ༔ མཱ་ར་ཡཱ་ནན༔ ཧཱུྃ་ཧཱུྃ༔ ཕཊཕཊ༔ བྷྱོ་བྷྱོ༔ ས་མ་ཡ་ཟློག་ཟློག༔ ཨ་ལ་ལ་པྲ་མོ་ཧེ་བྷྱོ་ཨ་ཏི་ཀྲ་མ་ཟློག་ཟློག༔ རྦད་འདྲེ་དྲོད་གཏོང་ཐམས་ཅད་ཟློག་ཟློག༔ ཅེས་ཟློག་སྔགས་ཅི་མང་བཟླས༔ ཐལ་མོ་བརྡབ༔ དེ་ནས་རྩང་གྱེར་འདོན༔ རྩང་རྒྱས་བསྡུས་གང་ལྕོགས་འདོན་དུ་རུང་ངོ་༔ འདིར་འདུག་གི་བསྡུས་པ་ཁོ་ནས་ཆོག༔ སྟོང་ཉིད་ཁྲོས་མ་ནག་མོའི་རྩང་གྱེར་བསྡུས་པ་ཐན་ཟློག་བཞུགས་སོ༔ ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་མ་བདུན་ནི༔ མིང་པོ་ཚངས་པ་ལ་སོགས་ཏེ༔ རྣལ་འབྱོར་ཀུན་གྱི་ཡུམ་གཅིག་མ༔ ཁྱད་པར་རྣལ་འབྱོར་ཀུན་གྱི་ཡུམ༔ གདུག་པའི་རྩང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གདུག་པའི་རྩང་དང་གཉིས་སུ་མེད༔ དགྲ་བོའི་


CMR018_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་གཤེད་མ་མཛད་དུ་གསོལ༔ ཧཱུྃ༔ ལྷོ་ཕྱོགས་རིན་ཆེན་མ་བདུན་ནི༔ མིང་པོ་གཤིན་རྗེ་ལ་སོགས་ཏེ༔ རྣལ་འབྱོར་ཀུན་གྱི་སྲིང་གཅིག་མ༔ ཁྱད་པར་རྣལ་འབྱོར་བདག་གི་སྲིང་༔ གདུག་པའི་རྩང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གདུག་པའི་རྩང་དང་གཉིས་སུ་མེད༔ དགྲ་བོའི་སྲོག་གི་གཤེད་མ་མཛད་དུ་གསོལ༔ ཧཱུྃ༔ ནུབ་ཕྱོགས་པད་མའི་མ་བདུན་ནི༔ མིང་པོ་ཀླུ་དབང་ལ་སོགས་ཏེ༔ རྣལ་འབྱོར་ཀུན་གྱི་གྲོགས་གཅིག་མ༔ ཁྱད་པར་རྣལ་འབྱོར་བདག་གི་གྲོགས༔ གདུག་པའི་རྩང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གདུག་པའི་རྩང་དང་གཉིས་སུ་མེད༔ དགྲ་བོའི་སྲོག་གི་གཤེད་མ་མཛད་དུ་གསོལ༔ ཧཱུྃ༔ བྱང་ཕྱོགས་ལས་ཀྱི་མ་བདུན་ནི༔ མིང་པོ་ད་སྦྱིན་ལ་སོགས་ཏེ༔ རྣལ་འབྱོར་ཀུན་གྱི་བྲན་གཅིག་མ༔ ཁྱད་པར་རྣལ་འབྱོར་བདག་གི་བྲན༔ གདུག་པའི་རྩང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གདུག་པའི་རྩང་དང་གཉིས་སུ་མེད༔ དགྲ་བོའི་སྲོག་གི་གཤེད་མ་མཛད་དུ་གསོལ༔ བྷྱོ༔ དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད༔ བུད་མེད་ལུས་ལ་མགོ་བརྙན་ཅན༔ གཅེར་བུ་ལུས་ལ་དུར་ཁྲོད་


CMR018_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཆས༔ ལག་ན་མཚོན་ཆ་སྣ་ཚོགས་ཐོགས༔ གདུག་པའི་རྩང་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གདུག་པའི་ཆུང་དང་གཉིས་སུ་མེད༔ དགྲ་བོའི་སྲོག་གི་གཤེད་མ་མཛད་དུ་གསོལ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཅུང་བཙུགས་པ༔ རྡོ་རྗེ་མཁའ་འགྲོ་སྒྲུབ་པའི་ཆུང་༔ དཀར་མོ་ཞི་བའི་ལས་བྱེད་བདུན༔ སྐེད་པ་རྒྱ་མདུད་བྷྱོལས་སྐྱེས༔ ཡར་གྱི་རྩེ་ལ་བྱ་རྒོད་ལྡིང་༔ མར་གྱི་རྩེ་ལ་སྟག་གཟིག་རྔམ༔ རྩང་གི་དྲ་མིག་ཐམས་ཅད་ལ༔ གདུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ༔ དགྲ་བགེགས་མ་ཤོར་ཀཱི་ལ་ཡ༔ ཧཱུྃ་ལྷོ་ཡི་ཕྱོགས་ནས་ཅུང་བཙུགས་པ༔ རིན་ཆེན་མཁའ་འགྲོ་སྒྲུབ་པའི་རྡུང་༔ སེར་མོ་རྒྱས་པའི་ལས་བྱེད་བདུན༔ སྐེད་པ་རྒྱ་མདུད་ལམ་ལས་སྐྱེས༔ ཡར་གྱི་རྩེ་ལ་ལུག་པ་གྲག༔ མར་གྱི་རྩེ་ལ་དྲིད་མོང་རྔམ༔ རྩང་གི་དྲ་མིག་ཐམས་ཅད་ལ༔ གདུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ༔ དགྲ་བགེགས་མ་ཤོར་ཀཱི་ལ་ཡ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་ཅུང་བཙུགས་པ༔ པདྨ་མཁའ་འགྲོ་སྒྲུབ་པའི་རྩང་༔ དམར་མོ་དབང་གི་ལས་བྱེད་བདུན༔ སྐེད་པ་རྒྱ་མདུད་མམ་ལས་སྐྱེས༔ ཡར་གྱི་རྩེ་ལ་གསེར་གྱི་ཉ་མོ་འཕྱོ༔ མར་གྱི་རྩེ་ལ་


CMR018_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྲིན་རྔམ༔ རྩང་གི་དྲ་མིག་ཐམས་ཅད་ལས༔ གདུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ༔ དགྲ་བགེགས་མ་ཤོར་ཀཱི་ལ་ཡ༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཅུང་བཙུགས་པ༔ ལས་ཀྱི་མཁའ་འགྲོ་སྒྲུབ་པའི་རྡུང་༔ མཐིང་ནག་དྲག་མོའི་ལས་བྱེད་བདུན༔ སྐེད་པ་རྒྱ་མདུད་ཧཱུྃ་ལས་སྐྱེས༔ ཡར་རྩེར་ཁྲག་གི་བྱ་རྒོད་ལྡིང་༔ མར་གྱི་རྩེ་ལ་ལྕགས་ཀྱི་སྦྲང་མ་འཚུབ༔ རྩང་གི་དྲ་མིག་ཐམས་ཅད་ལ༔ གདུག་པའི་ཁྲོ་མོ་འབུམ་འབུམ་འཕྲོ༔ དགྲ་བགེགས་མ་ཤོར་ཀཱི་ལ་ཡ༔ རྩང་ལ་གནས་པའི་ཕོ་ཉ་རྣམས༔ རྫུ་འཕྲུལ་མྱུར་མགྱོགས་གློག་ལྟར་འཁྱུག༔ དགྲ་བགེགས་མ་ཤོར་ཀཱི་ལ་ཡ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སྐུ་ཡི་མངའ་བདག་འགྲོ་བའི་མགོན༔ དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ༔ གསུང་གི་དབང་ཕྱུག་འགྲོ་བའི་མགོན༔ བཀའ་ལ་མི་གནས་གང་ཡང་མེད༔ ཐུགས་ནི་སྣོད་བཅུད་ཀུན་ལ་ཁྱབ༔ ང་ཡིས་མི་འདུལ་གང་ཡང་མེད༔ འབྱུང་བ་ལྔ་དང་སྣང་སྲིད་དང་༔ ཕྱི་ནང་སྣོད་བཅུད་དྲེགས་པ་ཀུན༔ ང་ཡིས་མི་འདུལ་གང་ཡང་མེད༔ བཟློག་པས་མི་བཟློག་གང་ཡང་མེད༔


CMR018_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ལྷ་འདྲེའི་དྲག་ཤུལ་ཟློག༔ སྔོ་དམར་སྣལ་མས་དཀྲིས་པ་འདིས༔ མི་ནད་ཕྱུགས་ནད་ཡམས་ནད་ཟློག༔ བྱད་ཁ་རྦོད་གཏོང་ཐམས་ཅད་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ བཟློག་ཅིག་བསྒྱུར་ཅིག་བདེན་པའི་བཀའ༔ ད་ནི་བཟློག་བསྒྱུར་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ གདུག་རྩུབ་དྲག་པོའི་རྩང་ཕུར་གྱིས༔ ད་ནི་བཟློག་བསྒྱུར་དུས་ལ་བབ༔ སྟེང་ཕྱོགས་ལྷ་ཡི་གདུག་པ་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ འོག་ཕྱོགས་ཀླུ་ཡི་གདུག་པ་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ བར་སྣང་གཉན་གྱི་གདུག་རྩུབ་རྣམས༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ གནམ་ལོ་རྒྱལ་པོའི་སྒེག་བབ་དེ༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ཟླ་བ་བློན་པོའི་རྩིབས་མཚལ་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ཞག་གི་དམག་མའི་སྣ་དྲངས་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ དུས་ཚོད་མཚོན་ཆའི་བདུད་གཅོད་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྤར་ཁ་རུས་པའི་སྟེང་བབ་ཀྱང་༔


CMR018_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྨེ་བ་ཤ་ཡི་རྒྱ་རལ་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ དར་རྒུད་ལྤགས་པ་རལ་བ་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་པ་གསོལ༔ ཤ་དོར་འབྱུང་བ་ལྔ་ཡི་ས་བདག་ཀྱང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱི༔ བསམ་སྦྱོར་གདུག་རྩུབ་ངན་པ་རྣམས༔་དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ནད་རིགས་བཞི་བརྒྱ་རྩ་བཞི་ཡང་༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཡང་དམར་ནག་རྩང་གིས་བཟློག་ཏུ་གསོལ༔ དགྲ་འདྲེ་བྱུར་གསུམ་མི་ཁ་དེ༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྲེ་མོང་ཁ་ཡི་བྱི་རོ་དེ༔ ནལ་ཕྲུག་ཡོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ རྨོས་གླང་རོལ་ནས་འཁུན་པ་དེ༔ ས་བདག་གནོད་པའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྦྲ་ཡི་གུང་ཤིང་ཆག་པ་དེ༔ ལྷ་འདྲེ་འཁྲུག་པའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ རི་དྭགས་ཁྱིམ་སྒོར་འོང་བ་དེ༔ མ་དང་བུ་མོས་བཙོག་ནལ་ཡིན༔ དམར་ནག་རྩང་གིས་


CMR018_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཏུ་གསོལ༔ ར་ལུག་ཤྭ་འོད་ཁྱེར་བ་དེ༔ ཡུལ་བུད་འོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྦལ་སྦྲུལ་ཁྱིམ་དུ་འོང་བ་དེ༔ བུ་སྲིང་བྱེ་ཡུགས་འོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ དྲེལ་རྟས་རྔ་རྔོག་འཆའ་བ་དེ༔ མཚོན་ཆ་འཁྲུག་པའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ལུག་ཤ་ལག་འགྲམ་ངན་པ་དེ༔ ར་ལུག་ཤི་ཆད་འོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སོག་པའི་མེ་ལོང་རྡོལ་བ་དེ༔ རིམས་ནད་འོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ ཕ་སྤུན་ཟེར་ཁ་མང་བ་དེ༔ བྱེ་བྲལ་འོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ འུག་པ་སྒོ་ནས་རྒོད་པ་དང་༔ སྲིན་བྱ་ཉིན་པར་ཁུན་འདེབས་དེ༔ བྱེ་བྲལ་ཁྱིམ་ཕུག་ཤོར་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ སྒོ་ཁྱི་ངུ་ཟུག་བྱེད་པ་དེ༔ བུ་ཚ་ད་ཕྲུག་འོང་བའི་ལྟས་ངན་ཡིན༔ དམར་ནག་རྩང་གིས་བཟློག་ཏུ་གསོལ༔ བྱི་ལོང་ལམ་ཁར་ལོང་བ་དང་༔ བུད་མེད་ནག་མོའི་ཅོ་འཛིང་ནི༔ ཉེ་བ་ཀུན་གྱི་ལྟས་


CMR018_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཡིན༔ ལྟས་ངན་ཐམས་ཅད་རྩང་གིས་ཟློག༔ སྐྱེས་པ་ཕོ་ཡི་རུས་འདྲེ་ཟློག༔ ཟ་མ་མོ་ཡི་སྐག་འདྲེ་ཟློག༔ གཉེན་ཕྱོགས་གཉེན་འདྲེ་འཁོར་བ་ཟློག༔ ཕ་མྱེས་བསྒེན་འདྲེ་ཐམས་ཅད་ཟློག༔ ལྟས་ངན་ཆེ་དགུ་ཐམས་ཅད་ཟློག༔ ཁང་ཁྱིམ་བཀྲག་མདངས་ཤོར་བ་ཟློག༔ དུར་སར་ཝ་མོ་བརྒྱལ་བ་ཟློག༔ རྟ་ཕོ་སྲོད་ལ་འཚེར་བ་ཟློག༔ ཐོ་རས་སྒོ་ཁྱི་ངུ་བ་ཟློག༔ ཕུ་ཡི་ཤ་ཕོ་རུ་འཛིང་ཟློག༔ མདའ་ཡི་ཉ་མོ་རྔ་འཛིང་ཟློག༔ བར་གྱི་ཕོ་རོག་སྡེར་འཛིང་ཟློག༔ ཁང་ཁྱིམ་འུག་པ་རྒོད་པ་ཟློག༔ སྲིན་བྱས་ཕུང་ཕུང་ཟེར་བ་ཟློག༔ སྦྲུལ་ནག་ལམ་ཁར་ཉལ་བ་ཟློག༔ ཕྱུགས་ཀྱི་འགྲམ་འཁྲུག་ངན་པ་ཟློག༔ མཚེ་མ་བུ་ཕྱུགས་ངན་པ་ཟློག༔ ཁང་ཁྱིམ་སྲིན་བྱས་ཚང་བཅས་ཟློག༔ དེ་ལ་སོགས་པའི་སྐག་ཆེན་དང་ལྟས་ངན་སྣ་ཚོགས་བསྒྱུར་དུ་གསོལ༔ བཟློག་བསྒྱུར་ཆེན་པོའི་དུས་ལ་བབ༔ ས་མ་ཡཱ༔ བྷྱོ་བྷྱོ༔ ཟློག་ཟློག་ཟློག༔ དེ་ནས་ཐབས་ཤེས་རྫ་ས་རྣམས་དྲངས་ཤིང་༔ ཀྱི་དཔའ་བོ་ཆེན་པོ་དགོངས་སུ་གསོལ༔ འདིར་གཤེགས་ཆོས་རྣམས་ཟད་པ་སྟེ༔ འདུས་པ་རྣམས་ལ་ཐེ་ཚོམ་བྲལ༔ བྲམ་ཟེ་ཁྱི་དང་གདོལ་པ་


CMR018_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ པད་ཀོར་གྱིས་བླངས་ཏེ༔ ཨ་ཧོ་མ་ཧཱ་སུ་ཁཾ༔ ཞེས་ལོངས་སྤྱོད་ལ༔ ལྷག་མ་གོང་ལྟར་ཕུལ༔ ༈ དེ་ནས་ལྷག་མ་བྲན་ཏེ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷག་གཏོར་འདོད་ཡོན་ཟད་མི་ཤེས་པར་གྱུར༔ ཧཱུྃ༔ ཕྱི་རོལ་དུར་ཁྲོད་ཆེན་པོ་གནས་བརྒྱད་ནས༔ མཁའ་འགྲོ་ཤུགས་འགྲོ་ཞིང་སྐྱོང་ཕྲ་མེན་མ༔ དབང་ཕྱུག་གིང་དང་ལང་ཀ་མཁའ་འགྲོའི་ཚོགས༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་༔ འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ རབ་ཏུ་འཇིགས་ཤིང་རྔམ་བྱེད་སྲིན་མོའི་ཚོགས༔ ཤ་ཟ་ཁྲག་འཐུང་རུས་འཆའ་ལས་བྱེད་མ༔ མྱུར་མགྱོགས་རྫུ་འཕྲུལ་སྟོབས་ལྡན་དབང་མོ་ཆེ༔ སྣ་ཚོགས་ལས་བྱེད་སྤྲུལ་པ་འཁོར་དང་བཅས༔ དཔལ་གྱི་ཕ་འབབ་ལྷག་མ་འདི་བཞེས་ལ༔ ཞི་དང་རྒྱུས་དང་མངོན་སྤྱོད་ལ་སོགས་པའི༔ ཅི་ལྟར་ནུས་པའི་ཕྲིན་ལས་སོ་སོ་མཛོད༔ ཨོཾ་ཨུ་ཙི་སརྦ་ཌཀྐི་ནཱི་པྲ་ཏི་ཛཿ བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་ཕྱིར་དོར༔ ལྷག་མ་བཙུད་པ་ཡིན་མཚན༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་སོགས་ནས༔ ཤ་ཁྲག་ལ་ཁཱ་ཧི༔ བར་བརྗོད་ནས༔ ལས་ལ་བསྐུལ་བ་ནི༔ ཧཱུྃ༔ རང་བཞིན་གདོད་


CMR018_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཅི་ཡང་མ་གྲུབ་ཀྱང་༔ ནས་འགྲུབ་པར་མཛོད༔ བར་བྱའོ༔ སྒོ་དབྱེ་ནི་ཕྱོགས་བཞིའི་སྒོ་རྩང་བཞི་ཤབ་ཅིང་༔ ཧཱུྃ༔ དཀྱིལ་འཁོར་ཡོངས་ཀྱི་ཕྱི་སྒོ་སྐྱོང་༔ རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ སྐུ་ཟུར་སྤྱན་ཡོལ་དམག་དཔུང་བསྐྱེད༔ སྡང་དགྲ་གནོད་བྱེད་ཐོག་ཏུ་བྷྱོ༔ ཕྱོགས་བཞིའི་སྒོ་མ་ཆེན་མོ་བཞི༔ ཕྱག་མཚན་བཞི་ཡི་ཕྱག་རྒྱ་ཡིས༔ དཀྱིལ་འཁོར་ཕྱོགས་བཞིའི་སྒོ་རྣམས་ཕྱེས༔ གསེར་སྐྱེམས་གཉན་པོ་འདི་གསོལ་ལ༔ གཏོར་མའི་ཐོར་ལམ་དགྲ་ལ་སྟོན༔ བཛྲ་རཏྣ་པདྨ་ཀརྨ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་གསེར་སྐྱེམས་གཏོར་མདོས་ཀྱི་ཕྱོགས་བཞི་ལ་མཆོད༔ དེ་ནས་སྒོ་ཕྱི་ལ་ཁྱེར་ནས་གསེར་སྐྱེམས་འཐོར་ལ་འདི་སྐད་དོ༔ ཧཱུྃ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ ཐམས་ཅད་བདག་ལ་སྙན་གསོན་འཚལ༔ རིན་ཆེན་ལས་གྲུབ་ཕུད་སྐྱོགས་སུ༔ རོ་མཆོག་ཟས་མཆོག་དུ་མ་ནི༔ ས་ཡི་སྙིང་པོ་རིན་ཆེན་གསེར༔ རྡོ་ཡི་སྙིང་པོ་རིན་ཆེན་དངུལ༔ བཀྲག་མདངས་རྒྱས་པ་མཚོ་རོ་གཡུ༔ སྔོན་མོ་འཕེལ་ཆེན་འབྲུ་མཆོག་དང་༔ གཉིས་མེད་སྦྱར་བའི་གསེར་སྐྱེམས་འདི༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་


CMR018_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་དཔལ་མགོན་རྣམས་ལ་འབུལ༔ རྣལ་འབྱོར་བདག་གི་རྒྱབ་རྟེན་མཛོད༔ ཕྱི་ནང་གསང་བའི་ལྷ་མ་སྲིན༔ ལོ་ཟླ་ཞག་དུས་འབྱུང་བའི་ཚོགས༔ ཡུལ་ལྷ་གཞི་བདག་མཐུ་ཆེན་རྣམས༔ གསེར་སྐྱེམས་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བདག་ལ་སྡོང་གྲོགས་མཛོད༔ ཁྱད་པར་ཡུལ་དང་གྲོང་གི་བདག༔ གཉུག་མར་གནས་པ་མ་ལུས་པ༔ གཏོར་ལམ་འདིར་གནས་འབྱུང་པོའི་ཚོགས༔ གསེར་སྐྱེམས་མཆོད་གཏོར་འདི་བཞེས་ལ༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་མར་ཆུམས༔ བར་པ་རྣམས་ཀྱིས་སྐུ་བཟུར་ཅིག༔ ཡས་ལམ་སོལ་ལ་ཟོར་ལམ་ཕྱེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གསེར་སྐྱེམས་མཆོད༔ དཀར་གཏོར་འབུལ་ལོ༔ དེ་ནས་ཟ་ལམ་ལ་དཔལ་འབར་བཙུགས་ནས་གོམ་པ་བདུན་གྱི་སར་བཏེགས་ནས་བདུད་རྩིས་བྲན་ལ༔ བྷྱོ༔ སྲིན་མོ་བྲ་ལམ་གོམ་པ་བདུན་ཅུ་འདས་པའི་ཕ་རོལ་ན༔ དཔག་ཚད་བརྒྱད་ཁྲི་བཞི་སྟོང་ནི༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མཁའ་འགྲོ་ཕོ་མོ་གཏོར་ལེན་གཤེགས་སུ་གསོལ༔ ཧཱུྃ༔ སྒྲུབ་མཆོག་བདག་གིས་རྔ་ཆེན་བརྡུང་བ་འདི༔ ཐོད་པ་ལྟག་སྤྱོད་ལས་ཀྱི་ཕྱག་རྒྱ་ལ༔


CMR018_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཆེན་ཞིང་ཆུང་བསྒྲལ་བའི་ཤུན་པས་གཡོགས༔ སྐྱེས་བུ་ཆེན་པོའི་ལག་པ་གཡས་པ་ཡིས༔ མི་རྐང་སོར་མོས་ཕོ་བརྡོས་བསྐོས་ཞིང་བརྡུངས༔ མ་མོ་མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ༔ དམ་རྫས་གཏོར་མ་དམར་གྱི་ཨརྒྱུས་བརྒྱན༔ དམར་གྱི་དྲི་ལ་སྣོམ་ཞིང་གཤེགས་སུ་གསོལ༔ གསལ་བའི་སྒྲོན་མེ་ཡེ་ཤེས་སྤྱན་གྱི་ཡུལ༔ མེ་ཡི་འོད་ལ་གཟིགས་ཏེ་གཤེགས་སུ་གསོལ༔ དམ་རྫས་བདུད་རྩི་དམ་ཚིག་གཉེན་གྱི་ཆུ༔ དམ་ཚིག་གཉན་པོར་དགོངས་ཏེ་གཤེགས་སུ་གསོལ༔ ཧཱུྃ༔ མཁའ་འགྲོ་གཏོར་ལེན་ཕོ་ཉའི་ཚོགས༔ གཏོར་མ་ལེན་ཕྱིར་གཤེགས་སུ་གསོལ༔ རིགས་བཞི་མཁའ་འགྲོའི་གཏོར་ལེན་མ༔ ཕྱོགས་བཞིའི་གནས་ནས་གཤེགས་སུ་གསོལ༔ དཀར་སེར་དམར་ལྗང་གཤོག་པ་ཅན༔ ལག་ན་རིན་ཆེན་གཞོང་པ་ཐོགས༔ རིགས་བཞིའི་མཁའ་འགྲོ་གཤེགས་སུ་གསོལ༔ དམ་རྫས་གཏོར་མ་འདི་ལོངས་ལ༔ རིགས་བཞི་མཁའ་འགྲོས་བཀའ་སྒྱུར་ཅིག༔ ཕྱོགས་བཞིའི་གདོན་ཚོགས་བཟློག་ཅིང་སྒྱུར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ནད་མེད་གདོན་དང་བར་ཆད་ཟློག༔ ཚེ་དང་


CMR018_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐང་རྒྱས་པ་སྤེལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རིགས་བཞིའི་གཤོག་པ་བརྡབ་པ་ཡིས༔ དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་སྐད་ཅིག་ཡུད་ཀྱིས་བསྒོད་པར་བྱེད༔ གཏོར་མ་ཁྱེར་ནས་གནས་སུ་གཤེགས༔ ཞེསཟ་ལམ་དུ་བཟློག་བསྒྱུར་བྱས་ནས༔ གཏོར་ལེན་རྣམས་གཏོར་མའི་བཅུད་ཁྱེར་ནས་མཁའ་འགྲོའི་གནས་སུ་མཆོད་པའི་སྤྲིན་དུ་གྱུར༔ ལྷག་མ་མེ་དཔུང་མཚོན་ཆའི་ཆར་དུ་གྱུར་པར་བསམ༔ དེ་ཡི་གཏོར་ཟོར་སྤྱི་ཡི་བསྐུལ་པ་ནི༔ ཧཱུྃ༔ མ་གཡེལ་མ་གཡེལ་རིག་འཛིན་ཚོགས༔ མ་གཡེལ་མ་གཡེལ་ཡི་དམ་ཚོགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ ཐམས་ཅད་ཐུགས་དམ་གནད་ནས་བསྐུལ༔ རང་རང་གནས་ནས་སྐུ་བཞེངས་འཚལ༔ དམར་ཆེན་གཏོར་མ་འདི་བཞེས་ལ༔ དེ་རིང་བདག་གི་དཔུང་གྲོགས་མཛོད༔ ཐུགས་དམ་གཉན་པོའི་དུས་ལ་བབ༔ ཧཱུྃ༔ མཚན་མོ་སྒྲ་སྒྲོག་གཅེར་བུའི་ལུས་གར་མཛད་དགྱེས་པའི་གད་རྒྱངས་ཅན༔ བདུད་འཇོམས་དྲག་མོའི་ཆ་ལུགས་ཅན༔ དབང་བསྒྱུར་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ བསྐུལ་ལོ་མ་མོ་མཁའ་འགྲོའི་ཚོགས༔ རྦད་དོ་ཤ་ཟ་ཌཀྐི་མ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་


CMR018_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ དེ་ནས་ཟོར་འཕེན་པ་ནི༔ ཧཱུྃ༔ དམར་གྱི་གཏོར་མ་ཆེན་པོ་འདི༔ མཁའ་འགྲོ་དམ་ཅན་མཆོད་པའི་རྫས༔ དགྲ་བགེགས་དམ་སྲི་བསྒྲལ་བའི་མཚོན༔ ནད་དང་རིམས་ཀྱི་ན་བུན་འཐུལ༔ མཚོན་དང་ཐུན་གྱི་ཆར་དུ་འབེབས༔ བསྟན་པ་བཤིག་པའི་དགྲ་བགེགས་ལ༔ མཚོན་གྱི་ཆར་པ་དེ་ལ་ཕོབ༔ ནད་དང་རིམས་ནད་དེ་ལ་ཕོབས༔ ཐུན་ཟོར་སྔགས་ཟོར་དེ་ལ་རྒྱོབ༔ སྡང་བའི་དགྲ་ལ་གཏོར་ཟོར་རྒྱོབ༔ གནོད་པའི་བགེགས་ལ་གཏོར་ཟོར་རྒྱོབ༔ བར་ཆད་བདུད་ལ་གཏོར་ཟོར་རྒྱོབ༔ ཕུང་བའི་སྲི་ལ་གཏོར་ཟོར་རྒྱོབ༔ ཟ་བའི་འདྲེ་ལ་གཏོར་ཟོར་རྒྱོབ༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ རྩ་སྔགས་མཇུག་ཏུ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དེ་ནས་ཟོར་དུ་འཕང་བའམ་དམིགས་པའི་ཕྱོགས་སུ་བསྐྱལ་ལོ༔ དེ་ནས་གཏོར་མདོས་བསྐུལ་ཞིང་ལག་ཏུ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ནུབ་ཕྱོགས་པདྨ་དབང་གི་དཀྱིལ་འཁོར་ནས༔ དཔལ་ཆེན་རྟ་མགྲིན་ཡབ་ཡུམ་དགྲ་ལ་བྷྱོ༔ དུར་ཁྲོད་སོ་ས་གླིང་གི་དཀྱིལ་འཁོར་ནས༔ ཐུགས་རྗེ་ཁྲོས་མ་ནག་མོ་དགྲ་ལ་བྷྱོ༔ ཞེ་སྡང་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་དགྲ་ལ་བྷྱོ༔


CMR018_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་རི་ལྟར་ཉིལ་བའི་ཀློང་དཀྱིལ་ནས༔ རིན་ཆེན་མཁའ་འགྲོའི་ཚོགས་རྣམས་དགྲ་ལ་བྷྱོ༔ འདོད་ཆགས་ཆུ་ལྟར་ཁོལ་བའི་ཀློང་དཀྱིལ་ནས༔ པདྨ་མཁའ་འགྲོའི་ཚོགས་རྣམས་དགྲ་ལ་བྷྱོ༔ ཕྲག་དོག་རླུང་ལྟར་འཚུབ་པའི་ཀློང་དཀྱིལ་ནས༔ ལས་ཀྱི་མཁའ་འགྲོའི་ཚོགས་རྣམས་དགྲ་ལ་བྷྱོ༔ གཏི་མུག་མུན་ལྟར་གཏིབས་པའི་ཀློང་དཀྱིལ་ནས༔ སངས་རྒྱས་མཁའ་འགྲོའི་ཚོགས་རྣམས་དགྲ་ལ་བྷྱོ༔ བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས༔ དཔལ་ལྡན་ནག་པོ་ཆེན་པོ་དགྲ་ལ་བྷྱོ༔ ཐོད་མཁར་མེ་རླུང་འཚུབ་པའི་ཀློང་དཀྱིལ་ནས༔ དཔལ་ལྡན་ལྷ་མོ་ཆེན་མོ་དགྲ་ལ་བྷྱོ༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ཆོས་སྐྱོང་རྣམ་སྲས་འཁོར་བཅས་དགྲ་ལ་བྷྱོ༔ ཟངས་རི་འཁྱིལ་པའི་ཕོ་བྲང་དམ་པ་ནས༔ འབར་བ་བཙན་རྒོད་སྤུན་བདུན་དགྲ་ལ་བྷྱོ༔ ཨོ་རྒྱན་སྨུག་ནག་འཁྱིལ་བའི་དུར་ཁྲོད་ནས༔ བསྟན་སྲུང་མ་མོ་མཆེད་གསུམ་དགྲ་ལ་བྷྱོ༔ ཉོན་མོངས་ཆུ་ལྟར་ཁོལ་བའི་ཕོ་བྲང་ནས༔ གནས་པོ་ལྷ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོ་བར་སྣང་གློག་མདའ་འབྲུག་གིས་བསྐུར་བ་བཞིན༔ རྫུ་འཕྲུལ་རྩལ་དང་བཅས་པ་ད་རྒྱུགས་ཤིག༔ འདི་ཤིན་ཏུ་


CMR018_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པས་གར་ཐོད་ཐོད་དུ་མི་བྱའོ༔ མཁའ་འགྲོའི་བཀའ་ཆད་འོང་༔ རྒྱུན་ཁྱེར་ནི༔ རྗེ་དགུ་པས་མཛད་པའི་མཁའ་འགྲོའི་སྤྱི་སྐུལ་ནི༔ བྷྱོ༔ མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་སྤྱན་ལྡན་གང་༔ ལེགས་ཉེས་ཤན་འབྱེད་ཉམས་པའི་སྲོག་གཅོད་མ༔ མྱུར་མགྱོགས་མཐུ་དང་ལྡན་པ་ཁྱེད་རྣམས་ཀྱིས༔ བདག་ལ་སྡང་བའི་དགྲ་བགེགས་འབྱུང་པོ་རྣམས༔ ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ མ་གཡེལ་མ་གཡེལ་བཀའ་སྡོད་རྒྱ་མཚོའི་ཚོགས༔ འབོད་དོ་སྙན་མ་སྲ་ལ་རྒྱང་མ་རིང་༔ བཅོམ་ལྡན་སྤྱན་སྔར་ཞལ་བཞེས་མ་གཡེལ་བ༔ དགྲ་བགེགས་མྱུར་དུ་བསྒྲལ་བའི་ལས་མཛོད་ཅིག༔ གཏོར་མ་བསྐུལ་ལ་རྒྱབ་བོ༔ སླར་སྤྲོ་ན་གཏོར་གཞོང་ཆུས་བཤལ་ལ་བརྟན་མར་ཕུལ༔ དེ་ནས་གཏོར་གཞོང་ཁ་སྦུབས་ལ་འགུགས་གཞུག་བྱས་ལ༔ ཧཱུྃ༔ ཐུགས་རྗེ་ཁྲོས་མའི་གཟི་བརྗིད་ཀྱིས༔ བགེགས་དང་དམ་སྲི་བར་ཆད་རྣམས༔ རི་རབ་ཆེན་པོས་འོག་ཏུ་མནན༔ ཌཱཀྐི་སྡེ་ལྔའི་བྲོ་ར་བཙུགས༔ དཔའ་བོའི་བྲོ་རྡུང་ཁྲིགས་སེ་ཁྲིག༔ དཔའ་མོས་གར་བྱེད་ཁྱུགས་སེ་ཁྱུག༔ ཡེ་ཤེས་ལྔ་ཡི་བྲོ་བརྡུང་བས༔ དུག་ལྔའི་ཕུང་པོ་གཏན་ནས་བརླག༔ བདུད་དགྲ་ཐལ་བ་རྡུལ་དུ་རློགས༔ ༀ་ལཾ་ཨ་ལཾ་ཧཱུཾ་ལཾ་ཧཱུཾ་བྷ་ཡ་


CMR018_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ནན༔ རྗེས་ཆོག་གོང་བཞིན་དང་མཆོད་བསྟོད་བར༔ ཨགྣི་ཀྱིས་མཆོད་ཡིག་བརྒྱ་བཟླས་གཤེགས་གསོལ་གོང་བཞིན་བྱའོ༔ བཀྲ་ཤིས་ནི༔ ཧཱུྃ༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ སྟོང་ཉིད་སྙིང་རྗེའི་ངང་ལས་ཐུགས་རྗེའི་སྐུ༔ རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ་བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས༔ ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་བཀྲ་ཤིས་ཤོག༔ ཞི་རྒྱས་དབང་དྲག་ལས་གྲུབ་མ༔ མཁའ་འགྲོ་སྡེ་ལྔའི་བཀྲ་ཤིས་ཤོག༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ནོར་ལྷ་གཏེར་བདག་རྣམས་ཀྱི་བཀྲ་ཤིས་ཤོག༔ བཀའ་སྲུང་དམ་ཅན་རྣམས་ཀྱི་བཀྲ་ཤིས་ཤོག༔ དཀར་ཕྱོགས་སྐྱོང་བའི་གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག༔ གནས་འདིར་ཉིན་མོ་བདེ་ལེགས་མཚན་སོགས། ཕྱག་འཚལ་བ་དང་༴ སོགས་ནས། དགེ་བ་འདི་ཡིས་མྱུར་གཅོད་ཡུལ་ཕྱག་རྒྱ་སོགས། ཞེས་པ་ལས་སྦྱོར་སྐུལ་དང་གཏོར་ཟློག་ལ༔ ཚིག་ཉུང་དོན་འཐུས་ཁྱེར་བདེ་འདི༔ གཅོད་ཡུལ་ཉམས་ལེན་བྱེད་རྣམས་ལ༔ ཕན་པར་བསམས་ནས་འབད་པས་བྲིས༔ ཉེས་འོགལ་ཆོས་བདག་རྣམས་ལ་བཤགས༔ དགེ་


CMR018_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བས་ནམ་ཞིག་འཕོ་བའི་ཚེ༔ མཁའ་འགྲོས་བདེ་ཆེན་ཞིང་ཁྲིད་ཤོག༔ ཅེས་པ་འདི་རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེ་གནས་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད་པ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམ་གཅིག་ཁྲོས་མ་ནག་མོའི་གཏོར་ཟློགnext