Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉང་གཏེར་ཁྲོས་མ་ནག་མོའི་སྒོ་ནས་བགེགས་བསྐྲད།
   
   
   
   
   
   
   


 
previousཉང་གཏེར་ཁྲོས་མ་ནག་མོའི་སྒོ་ནས་བགེགས་བསྐྲད།next

ཉང་གཏེར་ཁྲོས་མ་ནག་མོའི་སྒོ་ནས་བགེགས་བསྐྲད།


CMR018_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཉང་གཏེར་ཁྲོས་མ་ནག་མོའི་སྒོ་ནས་བགེགས་བསྐྲད། ཨ་རཱ་གའི་གསུང་བཞུགས་སོ། །


CMR018_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ རང་ཉིད་སྐད་ཅིག་གིས་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་། གཡོན་ཐོད་ཁྲག་འཛིན་པ། ཁ་ཊཾ་ག་ཐུགས་ཀར་གཏད་པ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། རལ་པ་དམར་ནག་སྤྲིན་ལྟར་གཏིབས་པ། ཐོད་སྐམ་ལྔས་དབུ་ལ་བརྒྱན་པ། སྤྱི་གཙུག་རལ་པའི་གསེབ་ནས་ཕག་ཞལ་གྱེན་དུ་ངུར་བ། རོའི་གདན་ལ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་ཚུལ་གྱིས་བཞུགས་པར་གྱུར། ཨོཾ་བཛྲ་བྷ་ར་ཧི༔ ཀྲོ་ཏི་ཀཱ་ལི༔ ཧ་རི་ནི་ཕ༔ ཨ་ཝེ་ཤ་ཡ་ཨ༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་


CMR018_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་། དུར་ཁྲོད་ཀྱི་བདག་མོ་ཁྲོས་མ་ནག་མོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་སྐུའི་བདེན་པ། གསུང་གི་བདེན་པ། ཐུགས་ཀྱི་བདེན་པ། ཡོན་ཏན་གྱི་བདེན་པ། ཕྲིན་ལས་ཀྱི་བདེན་པ། བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས། བསྲུང་


CMR018_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་འདི་ལ་གནོད་ཅིང་འཚེ་བར་བྱེད་པའི་ཕོ་གདོན་རྒྱལ་པོ། མོ་གདོན་འདྲེ་མོ། ཟ་འདྲེ་ཤི་གཤེད། རོ་བག་གཤེད་འཁྱམས། ཚེ་ལ་བརྐུ་བ། སྲོག་ལ་འཇབ་པ། ནད་གདོན་བགེགས་ཀྱི་རིགས་གང་ཡིན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་སོང་ཞིག །གལ་ཏེ་འགྲོ་བར་མི་བྱེད་ན་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་བསྲེག་ཅིང་རྣམ་པར་འཇོམས་པ་གདོན་མི་ཟ། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། སོགས། ཧཱུཾ། བདག་ཉིད་དག་པའི་གནས་མཆོག་ནས། །དུར་ཁྲོད་བདག་མོ་འཁོར་བཅས་ཀྱིས། །དུར་ཁྲོད་གནས་འདིར་བྱིན་གྱིས་རློབས། །བར་དུ་གཅོད་པ་དབང་དུ་སྡུས། །ལོག་པར་འདྲེན་པ་རྡུལ་དུ་རློགས། །དེ་བས་རང་རང་གནས་སུ་དེངས། །ཨོཾ་ཧཱིགྷ་གྷ་ཏ་ཡ་གནོད་བྱེད་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་ཁྲོས་མ་ནག་མོའི་སྐུ། །ང་ནི་བདེ་ཆེན་དཀར་མོའི་སྐུ། །ང་ནི་སེར་མོ་དོན་གྲུབ་སྐུ། །ང་ནི་དམར་མོ་སྒྲ་སྒྲོག་སྐུ། །ང་ནི་སྣ་ཚོགས་མཐར་ཕྱིན་སྐུ། །ང་ཡི་བཀའ་ལས་མ་འདའ་བར། །འདི་རུ་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རིགས་ལྔ་མཁའ་འགྲོ་


CMR018_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཁྲོས་ནས། །ཕྱག་མཚན་སོ་སོ་འབར་བ་ཡིས། །བགེགས་ཀྱི་ལུས་ངག་ཡིད་གསུམ་ཡང་། །རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར། །དེ་བས་རང་རང་གནས་སུ་དེངས། །ཨོཾ་ཨཱབུདྡྷ་ཌཱཀི་ནཱི༔ ཧི་བཛྲ་ཌཱཀི་ནཱི༔ རི་རཏྣ་ཊཱཀི་ནཱི༔ ནི་པདྨ་ཊཱཀི་ནཱི༔ ས་ཀརྨ་ཊཱཀི་ནཱི༔ གནོད་བྱེད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ནི་རང་བྱུང་ཁྲོས་མ་ནག་མོའི་སྐུ༔ སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན༔ གསུང་གི་རིག་སྔགས་ཧཱུྃ་ཕཊ་འབྲུག་སྒྲ་སྒྲོག༔ ཐུགས་ནི་ཆོས་ཉིད་ཞི་བའི་ངང་ལ་གནས༔ རྡེག་པའི་མཚོན་ཆ་སྲེག་པའི་མེ་རི་འབར༔ འོད་ཟེར་རྡོ་རྗེའི་ཐོག་དང་སེར་ཆེན་འབེབས༔ རྐན་སྒྲ་གློག་དང་དགྲ་བགེགས་བསྒྲལ་མཚམས་༔ གཅོད༔ ལྷ་ཀླུ་ལ་སོགས་བགེགས་ཚོགས་ཀུན་ཉོན་ཅིག༔ ང་ནི་གནས་འདིར་ཁྲོས་མའི་ཕོ་བྲང་འདིར༔ བརྟུལ་ཞུགས་སྤྱོད་པ་འདུག་པའི་གནས་མེད་པས༔ མྱུར་བ་ཉིད་དུ་སོ་སོའི་གནས་སུ་དེངས༔ ཅི་སྟེ་མི་འགྲོ་འདུག་གྱུར་ན༔ ཁྲོ་མོའི་ཚོགས་སྤྲོས་མཚོན་གྱི་ཆར་པ་འབེབས༔ བགེགས་ཀྱི་ལུས་ངག་ཡིད་གསུམ་ཡང་༔ རྡུལ་ཕྲན་བཞིན་དུ་རླག་པར་


CMR018_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད༔ དེ་བས་རང་རང་གནས་སུ་དེངས༔ ཨོཾ་བཛྲ་བྷ་ར་ཧི༔ ཀྲོ་ཏི་ཀཱ་ལི༔ ཧ་རི་ནི་ས༔ ཨ་ཝེ་ཤ་ཡ་ཨ༔ སྒོ་མ་རྣམས་ཀྱིས་སྒོ་སྡོམས་ལ༔ མཚམས་མ་རྣམས་ཀྱིས་མཚམས་སྡོམས་ཤིག༔ ཕྱི་ནང་བར་ཆད་ཐམས་ཅད་བཟློག་ཏུ་གསོལ༔ འོག་ཐམས་ཅད་རྡོ་རྗེའི་ས་གཞི༔ བར་ཐམས་ཅད་རྡོ་རྗེའི་ར་བ༔ སྟེང་ཐམས་ཅད་རྡོ་རྗེའི་དྲྭ་བ་དང་གུར་བླ་བྲེས་སུ་གྱུར༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཐུགས་རྗེ་ཁྲོས་མ་ནག་མོའི་བདེན་སྟོབས་ཀྱིས༔ བདག་གི་བསྲུང་བྱ་འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཚེཅིག༔ ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱཿ ཧཱུྃ། ལྷུན་གྲུབ་ཡེ་ཤེས་ཕོ་བྲང་ནས༔ དག་སྣང་བཀའ་བརྒྱུད་རིན་པོ་ཆེ༔ གནས་གསུམ་མཁའ་འགྲོའི་སྤྲིན་ཚོགས་བཅས༔ རྗེ་བཙུན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་ངང་ལས་ཐུགས་རྗེའི་སྐུ༔ རྒྱལ་བའི་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས༔ ཐུགས་རྗེ་ཁྲོས་མའི་སྐུ་ཡི་བཀྲ་ཤིས་ཤོག༔ བདེ་ཆེན་དཀར་མོས་འཇིགས་པ་ཀུན་ལས་སྒྲོལ༔ སེར་མོ་དོན་གྲུབ་ཚེ་དབང་རྒྱས་པར་མཛད༔ དམར་མོ་སྒྲ་སྒྲོག་ཁམས་


CMR018_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དབང་དུ་སྡུད༔ སྣ་ཚོགས་མཐར་ཕྱིན་མངོན་སྤྱོད་ལས་ཀུན་མཛད༔ མཁའ་འགྲོ་སྡེ་བརྒྱད་ཕྲིན་ལས་སྣ་ཚོགས་འགྲུབ༔ བདེ་སྟོང་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག༔ སོགས༔ གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས་སོགས་ཀྱིས་འགྲུབ་བོ། །ཞེས་པ་འདི་ནི་གྲུབ་ཆེན་ཆགས་མེད་རིན་པོ་ཆེས་མཛད་པར་གྲགས་ཀྱང་རང་ལུགས་ཞལ་རྒྱུན་ཙམ་ལ་འཁྲུལ་མེད་ཡི་གེར་བྲིས་ཏེ། སླར་ཡང་ཉང་གཏེར་ཁྲོས་མའི་གཞུང་པོད་འདོན་ཆ་ལས་དག་པར་བྱས། ཐམས་ཅད་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །སརྦ་མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཉང་གཏེར་ཁྲོས་མ་ནག་མོའི་སྒོ་ནས་བགེགས་བསྐྲད།next