Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲི་འདུལ་བ་དགྲ་བྲུབ་པ་གཤེད་འདུལ་སོགས་ཐ་ན་ལིངྒ་དགོས་ཚད་སྦྱར་རྒྱུའི་ལིངྒ་བྲི་གྱེར།
   
   
   
   
   


 
previousསྲི་འདུལ་བ་དགྲ་བྲུབ་པ་གཤེད་འདུལ་སོགས་ཐ་ན་ལིངྒ་དགོས་ཚད་སྦྱར་རྒྱུའི་ལིངྒ་བྲི་གྱེར།next

སྲི་འདུལ་བ་དགྲ་བྲུབ་པ་གཤེད་འདུལ་སོགས་ཐ་ན་ལིངྒ་དགོས་ཚད་སྦྱར་རྒྱུའི་ལིངྒ་བྲི་གྱེར།


CMR018_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

སྲི་འདུལ་བ་དགྲ་བྲུབ་པ་གཤེད་འདུལ་སོགས་ཐ་ན་ལིངྒ་དགོས་ཚད་སྦྱར་རྒྱུའི་ལིངྒ་བྲི་གྱེར་རཱ་གས་མཛད་པ།།


CMR018_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ལིདྨ་བྲི་གྱེར་བྱ་བ་ནི༔ སླ་ང་ལ་སོགས་སུ་གྲི་གྲུ་གསུམ་དུ་བཞག་ལིངྒ་བྲི་བའི་ཤོག་གུ་ལིང་གདན་ལིང་ཁེབས་སྨྱུ་གུ་ཁྲག་སྣ་རྣམས་སླ་ངར་བཞག་ལ༔ སྟེང་གྲི་ཐབས་སྟེང་དུ་དཀར་གཏོར་དམར་གཏོར༔ བགེགས་གཏོར་གསེར་སྐྱེམས་སོགས་བཞུག་ལ་དང་པོ་དཀར་གཏོར་བཏང་ནས་འདི་སྐད་དོ༔ ཧཱུྃ༔ ཆེ་མཆོག་རྒྱལ་པོའི་བཀའ་བྱུང་བ༔ ལྷ་ཆེན་ཚངས་པ་བརྒྱ་བྱིན་དང་༔ གཟུགས་ཁམས་འདོད་ཁམས་ལྷ་རྣམས་ཀྱི༔ རྒྱལ་བློན་ཕོ་ཉ་ལས་མཁན་ལ་རང་མཐུན་འདོད་ཡོན་གཏོར་མ་དང་༔ རྩི་སྨན་ཨརྒུ་གསེར་སྐྱེམས་འབུལ༔ ཐ་ཚིག་བསྲུང་ཕྱིར་བཞེས་སུ་གསོལ༔ དགྲ་བགེགས་འགུགས་པའི་ལས་མཛོད་ཅིག༔ ངས་


CMR018_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གི་ཤོག་གུ་མཐོ་གང་ལ༔ ངན་དུག་གི་དམེ་ནལ་ཁྲག་རྣམས་ཀྱིས༔ དགྲ་གཟུགས་བླ་སྲོག་མིང་རུས་བྲི༔ ཁྱོད་གཟུགས་ཁམས་འདོད་ཁམས་ལྷ་རྣམས་ཀྱི༔ བྲན་དང་གཡོག་འཁོར་འབངས་དང་སྡེ༔ ཁྱེད་རྣམས་ཀུན་གྱི་གཟུགས་མི་བྲི༔ གཟུགས་མི་བྲི་གཟུགས་ལ་མ་ཞུགས་ཤིག༔ བླ་མི་བྲི་བླ་ལ་མ་ཞུགས་ཤིག༔ སྲོག་མི་བྲི་སྲོག་ལ་མ་བརྟེན་ཅིག༔ མིང་མི་བྲི་མིང་ལ་མ་ཞེན་ཅིག༔ རུས་མི་བྲི་རུས་ལ་མ་བདག་ཅིག༔ ཁྱོད་ལིང་གའི་གཟུགས་ལ་ཞུགས་གྱུར་ན༔ བཙོན་ཁང་ནག་པོའི་ནང་དུ་བཙུད༔ དུག་དང་ཁྲག་གིས་མྱོས་ཤིང་འཐིབ༔ སྔགས་


CMR018_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བརྒྱལ་ཅིང་བླ་སྲོག་འཕྲོག༔ བྲོས་ཀྱང་ཕོ་ཉ་རྣམས་ཀྱིས་བཀུག༔ བསྡད་ཀྱང་ཤན་པ་རྣམས་ཀྱིས་བསྒྲལ༔ ཐུན་གྱིས་བྲབ་ཅིང་མཚོན་གྱིས་གཏུབས༔ མེས་བསྲེགས་ཆུས་བཤིག་རླུང་གིས་གཏོར༔ བཅད་གཏུབ་ཚ་གྲང་སྡུག་བསྔལ་ཆེ༔ དེ་བས་དཀར་ཕྱོགས་སྐྱོང་བ་རྣམས༔ བརྒྱན་པའི་གཏོར་མ་གསེར་སྐྱེམས་བཞེས༔ དེ་ཕྱིར་རང་རང་གནས་སུ་གཤེགས༔ ཨོཾ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལི་ཏ་ཁཱ་ཧི༔ ཞེས་པ་ནས་གཙྪ་མིང་བཏགས༔ ཕྲིན་ལས་བཅོལ༔ དེ་ནས་དམར་གཏོར་བྲན་ལ༔ ཧཱུྃ༔ ཆེ་མཆོག་རྒྱལ་པོའི་བཀའ་བྱུང་གིས༔ ལྷ་སྲིན་སྡེ་བརྒྱད་རྒྱལ་ཆེན་བཞི༔ ཕྱོགས་སྐྱོང་བཅུ་དང་གཙང་རིགས་དང་༔ དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ རྒྱུ་བ་བཅུ་གཉིས་ས་བདག་སོགས༔ རང་མདུན་འདོད་ཡོན་གཏོར་མ་དང་༔ བདུད་རྩི་ཨརྒྱུ་གསེར་སྐྱེམས་འབུལ༔ ཐ་ཚིག་བསྲུང་ཕྱིར་བཞེས་སུ་གསོལ༔ དགྲ་བགེགས་འགུགས་པའི་ལས་མཛོད་ཅིག༔ ངས་དུག་གི་ཤོག་གུ་མཐོ་གང་ལ༔ ངན་དུག་དམེ་ནལ་ཁྲག་རྣམས་ཀྱིས༔ དགྲ་གཟུགས་བླ་སྲོག་མིང་རུས་བྲི༔ དཔལ་མགོན་ལྷ་སྲིན་སྡེ་བརྒྱད་ཀྱི༔ བྲན་དང་འཁོར་གཡོག་འབངས་ཀྱི་


CMR018_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ༔ ཁྱེད་རྣམས་ཀུན་གྱི་གཟུགས་མི་བྲི༔ གཟུགས་མི་བྲི་གཟུགས་ལ་མ་འཁོར་ཅིག༔ བླ་མི་བྲི་བླ་ལ་མ་བརྟེན་ཅིག༔ སྲོག་མི་བྲི་སྲོག་ལ་མ་ཞུགས་ཤིག༔ རུས་མི་བྲི་རུས་ལ་མ་བདག་ཅིག༔ ཁྱོད་ལིང་གའི་གཟུགས་ལ་ཞུགས་པ་ན། བཙོན་ཁང་ནག་པོའི་ནང་དུ་བཙུད༔ དུག་དང་ཁྲག་གིས་མྱོས་ཤིང་འཐིབས༔ སྔགས་ཀྱིས་བརྒྱལ་ཅིང་བླ་སྲོག་འཕྲོག༔ བྲོས་ཀྱང་ཕོ་ཉ་རྣམས་ཀྱིས་བཀུག༔ བསྡད་ཀྱང་ཤན་པ་རྣམས་ཀྱིས་བསྒྲལ༔ ཐུན་གྱིས་བྲབ་ཅིང་མཚོན་གྱིས་གཏུབས༔ མེས་བསྲེགས་ཆུས་བཤིག་རླུང་གིས་གཏོར༔ བཅད་གཏུབ་ཚ་གྲང་སྡུག་བསྔལ་ཆེ༔ དཔལ་མགོན་ལྷ་སྲིན་སྡེ་བརྒྱད་རྣམས༔ བརྒྱན་པའི་གཏོར་མ་གསེར་སྐྱེམས་བཞེས༔ དེ་ཕྱིར་རང་རང་གནས་སུ་གཤེགས༔ ཨོཾ་ཨེ་དཾ་དྷེ་ཧཾ་ཀཱི་པྲ་མོ་དོཥྛ་བྷ་ལི་ཏ་ཁཱ་ཧི༔ ཞེས་པ་ནས་གཙྪ་མིང་བཏགས་ཕྲིན་ལས་བཅོལ༔ དེ་ནས་གླུད་གཏོར་བྲན་ལ༔ ཧཱུྃ༔ ཆེ་མཆོག་རྒྱལ་པོའི་བཀའ་བྱུང་གིས་རྟག་པ་ཐེར་གཟུགས་མི་སོགས་ཏེ༔ ཐེར་གཟུགས་ཡིད་ཀྱི་གཟུགས་ཅན་དང་༔ བགེགས་དང་བསེན་མོ་འབྱུང་པོ་དང་༔ མཁའ་ལ་རྒྱུ་བའི་ཡི་དྭགས་རིགས༔ དངོས་མེད་བར་དོའི་


CMR018_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ལ༔ འདོད་ཡོན་ལྔ་ཡི་སྦྱིན་པ་འགྱེད༔ ཚིམ་ཞིང་ཐར་པ་ཐོབ་པར་ཤོག༔ ངས་དུག་གི་ཤོག་གུ་མཐོ་གང་ལ༔ ངན་དུག་དམེ་ནལ་ཁྲག་རྣམས་ཀྱིས༔ དགྲ་གཟུགས་བླ་སྲོག་མིང་རུས་བྲི༔ གཟུགས་ཅན་གཟུགས་མེད་བགེགས་རིགས་ཀྱི༔ བྲན་དང་འཁོར་གཡོག་འབངས་ཀྱི་སྟེགས༔ ཁྱེད་རྣམས་ཀུན་གྱི་གཟུགས་མི་བྲི༔ གཟུགས་མི་བྲི་གཟུགས་ལ་མ་འཁོར་ཅིག༔ བླ་མི་བྲི་བླ་ལ་མ་ཞུགས་ཤིག༔ སྲོག་མི་བྲི་སྲོག་ལ་མ་བརྟེན་ཅིག༔ རུས་མི་བྲི་རུས་ལ་མ་བདག་ཅིག༔ ཁྱོད་ལིང་གའི་གཟུགས་ལ་ཞུགས་པ་ན༔ བཙོན་ཁང་ནག་པོའི་ནང་དུ་བཙུད༔ དུག་དང་ཁྲག་གིས་མྱོས་ཤིང་འཐིབས༔ སྔགས་ཀྱིས་བརྒྱལ་ཞིང་བླ་སྲོག་འཕྲོག༔ བྲོས་ཀྱང་ཕོ་ཉ་རྣམས་ཀྱིས་བཀུག༔ བསྡད་ཀྱང་ཤན་པ་རྣམས་ཀྱིས་བསྒྲལ༔ ཐུན་གྱིས་བྲབ་ཅིང་མཚོན་གྱིས་གཏུབས༔ མེས་བསྲེགས་ཆུས་བཤིག་རླུང་གིས་གཏོར༔ བཅད་གཏུབ་ཚ་གྲང་སྡུག་བསྔལ་ཆེ༔ གཟུགས་ཅན་གཟུགས་མེད་བགེགས་རིགས་རྣམས༔ བརྒྱན་པའི་གཏོར་མ་འདི་ཁྱེར་ལ༔ དེ་ཕྱིར་རང་རང་གནས་སུ་དེངས༔ ཨོཾ་བིཀེ་ཌ་ས་ལ་ཨི་དཾ་བྷ་ལི་ཏ་ཁཱ་ཧི༔ ཨོཾ་སུམ་བྷ་ནི༴


CMR018_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྗོད༔ ཐུན་གྱིས་བྲབ༔ ཧཱུྃ༔ ལིངྒ་བྲི་བའི་ཤོག་གུ་ནི༔ དུག་ཤོག་མཐོ་གང་སོར་བཞི་ལ༔ དགྲ་བགེགས་བླ་སྲོག་བྲི་བ་ཡིན༔ ལིངྒ་བྲི་བའི་ལིང་གདན་ནི༔ རོ་རས་ནག་པོ་མཐོ་གང་ཡིན༔ ལིངྒ་བྲི་བའི་སྨྱུ་གུ་ནི༔ མི་རྒོད་བསད་པའི་གྲི་ལྕགས་དང་༔ ཤིང་ནག་ཚེར་མ་ཆེན་པོ་རྣམས༔ ལིངྒ་བྲི་བའི་སྨྱུ་གུ་ཡིན༔ ལིངྒ་བྲི་བའི་སྣག་ཚ་ནི༔ མི་རྒོད་བསད་པའི་གྲི་ཁྲག་དང་༔ ཁྱི་ནག་མྱོས་ནས་ཤི་བའི་ཁྲག༔ དྲེལ་ནག་དུག་ནས་ཤི་བའི་ཁྲག༔ དེ་རྣམས་ལིངྒ་བྲི་བའི་སྣག་ཚ་ཡིན༔ ངན་དུག་རྨེ་ནལ་ཁྲག་སྣ་རྣམས༔ ལིངྒ་མྱོས་པའི་དུག་སྣ་ཡིན༔ སྔགས་དང་ཐུན་ཁ་དབལ་ཁ་རྣམས༔ ལིངྒ་བརྒྱལ་བའི་ཐུན་རྣམས་ཡིན༔ ལིངྒ་དཀྲི་བའི་ཚོན་སྐུད་རྣམས༔ སྣལ་ཚོན་ལྔ་དང་བ་སུ་ཏ༔ ལིངྒ་དཀྲི་པའི་ཚོན་སྐུད་ཡིན༔ དེ་བས་ལྡན་འཁོར་བྲི་བ་ཡིན༔ དེ་ནས་ལིངྒ་བྲིས་ལ་འདི་སྐད་དོ༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ དམ་ཉམས་དགྲ་བོའི་ལིངྒ་ལ༔ སྤྱི་བོར་ཡི་གེ་ནན་ཅིག་བྲིས༔ ཡི་དམ་ལྷ་ཡིས་མནན་པའི་བརྡ༔ ཡན་ལག་བཞི་ལ་ཞ་བཞི་བྲིས༔ ཀླུ་ཡིས་ནན་ཅིང་གཏད་པའི་བརྡ༔ ཕྲག་པ་གཡས་གཡོན་བུད་སོགས་བྲིས༔ དམ་


CMR018_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཕོ་ཉས་གདབ་པའི་བརྡ༔ ཕྱོགས་བཞི་ཛཿཧཱུྃ་བཾ་ཧོཿབྲི༔ སྒོ་མ་བཞི་ཡིས་འགུགས་པའི་བརྡ༔ རུས་རིགས་དཔྲལ་བར་བྲིས་པ་ནི༔ དགྲ་བོའི་རུས་རིགས་ངེས་པའི་བརྡ། མིག་ལ་ཡི་གེ་ཀཾ་བྲིས་པ༔ ཕོ་ཉས་ཕུར་པས་ཟིན་པའི་བརྡ༔ སྣ་ལ་ཤཾ་ཤཾ་བྲིས་པ་ཡི༔ ལས་རླུང་ཁམ་ནག་རྡུབས་པའི་བརྡ༔ རྣ་བར་ཡི་གེ་འོན་བྲིས་པ༔ དགྲ་བོ་འཐེབ་ཅིང་མྱོས་པའི་བརྡ༔ ཁ་ལ་ཡི་གེ་དམོད་ངན་བྲིས༔ མྱོས་ཤིང་སྡུག་བསྔལ་ཆེ་བའི་བརྡ༔ སྙིང་ཁར་ཡི་གེ་ནི་བྲིས་པ༔ ས་བོན་ནི་ལ་འཁོར་བའི་བརྡ༔ གསང་བར་ཡི་གེ་རཾ་བྲིས་ནི༔ རྩ་རླུང་ཐིག་ལེ་ཤོར་བའི་བརྡ༔ རྐང་ཞབས་གཉིས་སུ་ཡཾ་གཉིས་བྲིས༔ ལས་ཀྱི་རླུང་གིས་བུད་པའི་བརྡ༔ བླ་ལ་བླ་དག་བྲིས་པ་ནི༔ བླ་དག་འཁྱུག་པ་མེད་པའི་བརྡ༔ སྙིང་གར་ནི་ལ་མིང་བྲིས་པ༔ དགྲ་བོ་མིང་འདྲ་ངེས་པའི་བརྡ༔ སྤྱི་ལིང་སྤྱི་བོའི་གཙུག་ནས་བྲི༔ ཕོ་ལིང་ཕྲག་པ་གཡས་ནས་བྲི༔ མོ་ལིང་ཕྲག་པ་གཡོན་ནས་བྲི༔ ཆུང་ལིང་གསང་བའི་གནས་ནས་བྲི༔ དགྲ་ལིང་སྙིང་གི་དཀྱིལ་ནས་བྲི༔ ཕྱོགས་མཚམས་ཛ་དང་ཁཾ་གྱིས་བསྐོར་ཡི་གེ་ནི་ལ་འཁོར་ཞིང་བརྟན་གྱུར་ཅིག༔ ཚྭ་ཏིལ་པཾ་


CMR018_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན༔ ཀྲྀ་ཨ་ཀརྟ་ཡ་ཁུག་ཁུག༔ ཅེས་པ་ནས་གཞུང་བསྲང་ཞིང་བསྐྱེད་ཆོག་བཀུག་ག་ཞུག་ལྷ་དབྱེ་ལ་འཇུག་གོ༔ ཞེས་སྲི་འདུལ་བ་དགྲ་བྲུབ་བྱེད་པ་གཤེད་འདུལ་སོགས་ཐ་ན་ལིང་ག་དགོས་ཚད་ལ་བྲི་རྒྱུའི་ལིདྨ་བྲི་གྱེར་གནས་མདོ་སྔགས་ནག་རཱ་ག་ཨ་སྱས་མཛད་པའོ༔ དྲི་མ་དབྱེ་ཐབས་དབྱེན་སེར་ཡོད༔ ཨོཾ་སྭ་བྷ་ཝ༔ ས་མི་དམིགས་པ་སྟོང་པར་གྱུར༔ སྟོང་པའི་ངང་ལས་སངས་རྒྱས་སྤྱན་མའི་རང་བཞིན་དུ་གྱུར༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མ་ཡ་ཛཿ མདུན་གྱི་ནམ་མཁའི་ས་གཞི་དང་གཉིས་སུ་མེད་པར་གྱུར་ཅིག༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱཿ ཨོཾ་སྭ་བྷ་ཝ༔ ཆུ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མ་མཱ་ཀིའི་རང་བཞིན་ཏུ་གྱུར༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས༔ མ་མཱ་ཀི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཡ་ཛཿ མདུན་གྱི་ནམ་མཁའི་ཆུ་དང་གཉིས་སུ་མེད་པར་གྱུར་ཅིག༔ ཁོ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱཿ ཨོཾ་སྭ་བྷ་ཝ༔ མེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་གོས་དཀར་མོའི་རང་བཞིན་ཏུ་གྱུར༔ རང་གི་


CMR018_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས༔ གོས་དཀར་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཡ་ཛཿ མདུན་གྱི་ནམ་མཁའི་མེ་དང་གཉིས་སུ་མེད་པར་གྱུར་ཅིག༔ རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱཿ ཨོཾ་སྭ་བྷཱ་ཝ་༴ རླུང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་དམ་ཚིག་སྒྲོལ་མའི་རང་བཞིན་དུ་གྱུར༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས༔ དམ་ཚིག་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཡ་ཛཿ མདུན་གྱི་ནམ་མཁའི་རླུང་དང་གཉིས་སུ་མེད་པར་གྱུར་ཅིག༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱཿ ཨི་ཀ་ཡ་མ་ཤིག་ཤིག༔ ཨ་ཀ་ཡ་མ་ཁྲོལ་ཁྲོལ༔ ནི་ར་ཡ་མ་ཤིག་ཤིག༔ གཟའ་ཡ་མ་ཤིག་ཤིག༔ ས་བདག་ཡ་མ་ཤིག་ཤིག༔ དགེ་བསྙེན་ཡ་མ་ཤིག་ཤིག༔ བདུད་ཡ་མ་ཤིག་ཤིག བཙན་ཡ་མ་ཤིག་ཤིག༔ ཀླུ་ཡ་མ་ཤིག་ཤིག༔ གཉན་ཡ་མ་ཤིག་ཤིག དམུ་ཡ་མ་ཤིག་ཤིག༔ ས་བདག་ཡ་མ་ཤིག་ཤིག༔ སྡེ་བརྒྱད་ཡ་མ་ཤིག་ཤིག༔ ལྷ་མོ་དྲི་སང་མ་ཤག་ས་ལེ་སང་ངེ་ཡེ་སྭཱ་ཧཱཿ ཁ་རླངས་དྲི་མ་ཐམས་ཅད༔ ནམ་མཁའི་ལྷ་མོས་བསལ་


CMR018_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ༔ སའི་ལྷ་མོས་བསལ་དུ་གསོལ༔ ཆུའི་ལྷ་མོས་བསལ་དུ་གསོལ༔ མེའི་ལྷ་མོས་བསལ་དུ་གསོལ༔ རླུང་གི་ལྷ་མོས་བསལ་དུ་གསོལ༔ འབྱུང་བ་ལྔའི་ལྷ་མོས་བསལ་དུ་གསོལ༔ ཨོཾ་ལཾ་ཁཾ་རཾ་ཡཾ་ཤག་ས་ལེ་སེང་ཡེ་སྭཱ་ཧ་ཆུ་འདི་སྒྲུབ་ཁང་ལ་གཏོར་བས་སྒྲུབ་ཁང་གཞལ་ཡས་ཁང་དང་ལྡན་པར་བསམ༔ ཕྱོགས་བཞི་མཚམས་བརྒྱད་དུ་གཏོར་བས༔ དགྲ་བོ་ཆུས་གཡེང་བར་བསམ༔ ཆུ་དེ་རང་གིས་འཐུང་བ་ཡིས༔ དགྲ་བོའི་བཀྲག་མདངས་གསུམ༔ ཐམས་ཅད་རང་ཉིད་ལ་ཐིམ་པར་གྱུར༔ རང་ཉིད་དགྲ་བོ་གང་གིས་ཀྱང་མི་ཚུགས་པར་བསམ༔ ཞེས་ལིང་ཁྲུས་རྫོགས་སོ༔ དེ་ནས་ལྷ་དང་ཕྲོལ༔ ཧཱུྃ༔ གཉེན་པོ་ཀུན་བྲལ་བདུག་པའི་རྫས༔ དགྲ་བགེགས་ལྷ་དང་ཕྲལ་བའི་ས༔ མུ་ཟི་གུ་གུལ་དུད་པ་བཏང་༔ ལྷམ་ཚང་ཡུགས་སའི་ཞབས་མའི་སྤུ༔ བདུག་གོ་དམ་སྲི་ཁྱོད་ལ་བདུག༔ རྒྱབ་རྟེན་བྱེད་པའི་ལྷ་དང་ཕྱེས༔ གནོད་བྱེད་དམ་སྲི་འབྱུང་པོ་དང་༔ དགྲ་བོའི་མཐུ་དང་རྫུ་འཕྲུལ་ཕྲོག༔ བྷི་ཤ་ཡ་ཧཱུྃ་ཕཊ༔ ཅེས་རྫས་རྣམས་ཀུན་གྱིས་བདུག༔ དེ་ནས་བྱེད་དུ་བཅུག་པ་ནི༔ བྱད་ཐག་སྔོ་དམར་ལག་ཏུ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ང་ནི་


CMR018_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཧེ་རུ་ཀ༔ ལས་ངན་སྡིག་ཅན་ཉོན་མོངས་ཁྱོད རྡ་རོ་འདི་ཡི་གཟུགས་ལ་བཀུག༔ འབྱུང་བ་ལྔ་ལ་དཔེ་བླངས་ནས༔ མགོ་བོ་དུག་ལྔ་ཚང་པ་གཅིག༔ ཡན་ལག་བཞི་ནི་སྒོ་མ་བཞི༔ དུག་ལྔ་གནད་ལྔའི་དགྲ་བོ་འདི༔ ཕྱག་གི་སོར་མོ་ལྔ་ཡིས་བླངས༔ དགྲ་བོ་དུག་ལྔའི་གཟུགས་ཕུང་འདི༔ བྱད་ཐག་སྔོ་དམར་ཁྲ་ཁྲིས་ཀྱིས༔ དགྲ་བོ་བྱད་མ་རྒྱ་གྲམ་ཆིངས་སུ་བཅིངས༔ མཐེབ་མཛུབ་གཉིས་ཀྱིས་དམ་དུ་བཅིངས་ལས་ངན་དགྲ་བགེགས་དམ་དུ་བཅིངས༔ ལུས་བཅིང་༔ ངག་བཅིང་༔ ཡིད་བཅིང་ལུས་ངག་ཡིད་གསུམ་བཅིང་༔ མཱ་ར་ཡ་ནན་ཆད་བྷྱོ་བྷྱོ༔ ཞེས་བྱད་ཐག་རྫོགས་སོ༔ དེ་ནས་རེ་བ་ནག་པོས༔ ཧཱུྃ༔ དམ་སྲི་བྱ་བའི་སྡིག་ཅན་ཁྱོད༔ སྔོན་ཚེ་སྡིག་སྤྱོད་འབྲས་བུ་༦ དང་༔ ད་ལྟ་དཀར་པོའི་ཕྱོགས་ལ་ནག༔ དེ་བས་རེ་བས་མགོ་གསུམ་བསྐྱོན༔ ཅེས་རེ་བས་བསྒྲིལ༔ རང་མཁན་ཤུག་སྤོས་ཀྱིས་བསང་སྟེ༔ ཀྱེ༔ རྣལ་འབྱོར་སྔགས་འཆང་བདག་ཉིད་ཀྱི༔ ཕྲག་ལྷ་ཡུལ་ལྷ་ཞང་ལྷ་སོགས༔ འགོ་བའི་ལྷ་ལྔའི་མ་འཕངས་པས༔ མཁན་ཤུག་སྤོས་དཀར་དུ་བས་བསངས་ཡི་དམ་ཕྲག་ལྷ་བདག་ལ་དགོངས༔ སྐྱོབ་བྱེད་ལྷ་


CMR018_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལྔས་བདག་ལ་སྐྱོབས༔ སྲུང་མ་དམ་ཅན་མ་བསྣོལ་ཅིག༔ དམ་ཉམས་དགྲ་བོ་ལྷ་དང་ཕྱེས༔ ཨོཾ་ཨཱཧཱུྃ༔ དྷ་པེ་སརྦ་ཞིམ་ཞིམ་གྲམ་གྲམ་ཨཱ་ལོ་ཀེ་སྭཱ་ཏ༔ དེ་ནི་རྡ་རོ་བཅིང་གཟེར་ཡིན་འདུག །རང་གི་ལྷ་སྲུང་མནོལ་བའི་དོགས་ཡོད་པས། ལིངྒ་མི་མཐོང་སར་སྤོས་བསང་བཏང་ཞེས་ཟེར། ཞེས་པ་གནས་མདོའི་སྔགས་ནག་ལུགས་རཱ་ག་ཨ་སྱས་མཛད་པ་རྫོགས་སོ།། སརྦ་མངྒ་ལཾ། །དགེའོ། དགེའོ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR018_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྲི་འདུལ་བ་དགྲ་བྲུབ་པ་གཤེད་འདུལ་སོགས་ཐ་ན་ལིངྒ་དགོས་ཚད་སྦྱར་རྒྱུའི་ལིངྒ་བྲི་གྱེར།next