Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚོགས་ཐ་མའི་ལིངྒ་ལ་བཀུག་གཞུག་བྱ་བ།
   
   
   
   


 
previousཚོགས་ཐ་མའི་ལིངྒ་ལ་བཀུག་གཞུག་བྱ་བ།next

ཚོགས་ཐ་མའི་ལིངྒ་ལ་བཀུག་གཞུག་བྱ་བ།


CMR018_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚོགས་ཐ་མའི་ལིངྒ་ལ་བཀུག་གཞུག་བྱ་བ་ནི༔ ཕཊ༔ རང་ཉིད་སྐད་ཅིག་གིས་རྗེ་བཙུན་ཁྲོས་མ་ནག་མོར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་ཚུལ་དུ་འཕྲོས་པས༔ གནོད་བྱེད་ཐམས་ཅད་ཀྱི་སྙིང་ག་ནས་ལྕགས་ཀྱུས་བཏབ་སྟེ་རང་དབང་མེད་པར་བཀུག་ནས་ཚོགས་ཐ་མའི་ལིང་ག་འདི་ལ་ཐིམ་པར་གྱུར༔ ན་མོ་རྗེ་བཙུན་རྩ་ཟླ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ གསང་སྔགས་དང་རིག་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་རྡོ་རྗེ་ཕག་མོ་ཐུགས་རྗེ་ཁྲོས་མ་ནག་མོ་མཁའ་འགྲོ་སྡེ་ལྔ་ཌཱཀི་བརྒྱད་འབུམ་ཕྲག་མཁའ་འགྲོའི་བཀའ་བདེན་པ་དང་༔ བཀའ་སྲུང་མ་མོ་མཆེད་གསུམ་མ་མགོན་ལྕམ་དྲལ་དམ་ཅན་ཆོས་སྐྱོང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུས༔ ར་ཞིང་བཅུ་ཚང་བའི་དགྲ་བགེགས་གདུག་པ་ཅན་སངས་རྒྱས་ཀྱི་བསྟན་པ་བཤིག་པ༔ དཀོན་མཆོག་གི་དབུ་འཕང་སྨད་པ༔ བླ་མའི་སྐུ་ལ་བསྡོ་བ་


CMR018_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཡོངས་ལ་འཚེ་བར་བྱེད་པའི་དམ་ཉམས་རྣམས་དང་༔ ཚེ་ལ་བརྐུ་བ་སྲོག་ལ་འཇབ་པ་བླ་ལ་ཁྱེར་བ༔ རྣམ་པ་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་བར་ཆད་བྱེད་པའི་དགྲ་བགེགས་དམ་སྲི༔ ལོག་འདྲེན༔ ཟ་འདྲེ་ཤི་གཤེད༔ ཆུང་སྲི་དབུལ་སྲི་བསེ་རག་སྐོར་བདུན་གདུག་པ་ཅན་ཐམས་ཅད་སྐད་ཅིག་རང་དབང་མེད་པར་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྤོ་ཊ་ཐཾ༔ བཛྲ་གནྡྷེ་ཧོ༔ ལན་གསུམ་བརྗོད༔


previousཚོགས་ཐ་མའི་ལིངྒ་ལ་བཀུག་གཞུག་བྱ་བ།next