Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོས་མའི་གཏོར་ཟློག་གི་ཟིན་བྲིས།
   
   
   


 
previousཁྲོས་མའི་གཏོར་ཟློག་གི་ཟིན་བྲིས།next

ཁྲོས་མའི་གཏོར་ཟློག་གི་ཟིན་བྲིས།


CMR018_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་མའི་གཏོར་ཟློག་གི་ཟིན་བྲིས་གསལ་བ་བཞུགས་སོ།། ༈ ཐུགས་རྗེ་ཁྲོས་མ་ནག་མོའི་ལས་བྱང་དངོས་གྲུབ་གཏེར་མཛོད་ལ་ཁོག་ཕུབ་པའི་བཟློག་མདོས་སྤྱི་ལ་ཉེ་བར་མཁོ་བ་ནི། ན་མོ་བཛྲ་བྷ་རཱ་ཧི་ཡེ། ཁྲོས་མའི་གཏོར་ཟློག་ནི། རྒྱས་པར་ཉང་ལུགས་གཞུང་ལྟར་བྱས་ལ། རྣལ་འབྱོར་པ་རང་དོན་དུ་བསྡུས་ན། ལས་བྱང་ཁོ་ནས་ཀྱང་འགྲུབ་ལ། དེ་ལས་ཅུང་ཟད་རྒྱས་འདོད་ན། མཁའ་འགྲོའི་གཏོར་ཟློག་གཞུང་དེ་སབ་རུང་སྟེ། ཉང་གཏེར་ཁྲོས་མའི་གཏོར་ཟློག་དང་། སྐུ་མདོག་ཕྱག་མཚན་མ་གཏོགས་ཞུ་དག་ག ཕེར་བ་འདུག་ཀྱང་། ལས་ཚོགས་ཁ་བསྒྱུར་བདུན་མ་ནས། ལྟས་ངན་བཟློག་ན་ཁྲོས་མའི་རྩ་སྔགས་ཤམ་བུ་ཅན་བཟླ་བར་གསུངས་པ་དང་། བྱད་ཁ་ཟློག་ན་སེང་གདོང་མའི་སྔགས་བཟླ་བར་གསུངས་པའི་ཕྱིར། འདི་ཉིད་ཕག་ཁྲོས་སེང་གསུམ་དབང་ཕྱུག་ཉེར་བརྒྱད་བརྟན་མ་བཅུ་གཉིས་ལ་སོགས་ཏེ། མཁའ་འགྲོ་སྤྱི་ཡི་ཟློག་པའི་གཞུང་དུ་ངེས་པའི་ཕྱིར་རོ། །འདི་ཡི་བཅའ་གཞི་ནི། ལྕགས་འགུ་ཁ་འཇིམ་པས་བཅད་པར་ཆོས་འབྱུང་བསྣོལ་མར་གདན་ཐབས། དེ་དབུས་པདྨ་འདབ་བརྒྱད་དེ་དབུས་འདབ་བཞི་དེ་དབུས་གྲུ་གསུམ་དེའི་དབུས་སུ་


CMR018_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གཏོར་ཆེ་བ་ཁྲོས་མ། དེ་རྒྱབ་དེ་བས་ཆུང་བ་བཞི་ནི་ཁྲོས་མ་རིགས་བཞི། དེ་རྒྱབ་དེ་བས་ཆུང་བ་བརྒྱད་ནི་དུར་ཁྲོད་མཁའ་འགྲོ་བརྒྱུད། ཕྱི་རྩང་ནི་དབང་ཕྱུག་མ་ཉེར་བརྒྱད་ཀྱི་གྲངས་བཙུགས། སོ་སོའི་ཙཀ་ལི་བཙུགས་མེད་ཀྱང་རུང་། དར་གདུགས་ཕུབ། གཏོར་མ་ལ་ཤ་དར་ཉ་བོས་བརྒྱན། གཞན་ཕུགས་གཏོར་ཚོགས་བསྐང་བ་གཏོར་འབུལ་སོགས་རིམ་གྲོ་སྤྱིའི་ལུགས་ལྟར་བཤམས། འདོན་འགྲིག་ནི་དང་པོ་སྔོན་འགྲོ་ནས་བཟུང་རང་གི་ལྷ་གཞུང་ཐམས་ཅད་འདོན། དེ་ནས་ཁྲོས་མའི་བདག་བསྐྱེད་འདོན་ལ་བསྙེན་པ་བྱ། དེ་ནས་མདུན་བསྐྱེད་མཆོད་བཞི་བསྟོད་བཞི་འདོན། བསྙེན་པ་བྱའོ། །དེ་ནས་ཚོགས་བྱ། ཚོགས་ཕུད་འབུལ། གཏོར་བསྔོས་བྱ། བར་པས་བསྐང་བ་འདོན། ཚོགས་ཐ་མ་བསྒྲལ་ལས་རྒྱུའི་ཚོགས་དུམ་ཤ་དུམ་དང་ཟན་ལིང་ཆེ་བ་གཅིག །དམར་གཏོར་ཆེ་བ་གཅིག །ཆུང་བ་ཉི་ཤུ་བཤམས། དེ་ནས་བསྒྲལ་ལས་བྱས་ལ། ལིང་རོ་ཞལ་བསྟབ་བྱ། དེ་ནས་འབུམ་བསྐུལ་འདོན་ལ་དམར་གཏོར་མདོས་སུ་འབུལ། དེ་ནས་བསྟོད་བསྐུལ་འདོན་ལ་གཏོར་ཆུང་རྣམས་མདོས་སུ་འབུལ། བསྡུ་ན་དེས་ཆོག །རྒྱས་པར་ན་རང་གཞུང་གི་ཟློག་


CMR018_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་མཁའ་འགྲོའི་གཏོར་ཟློག་འདོན་ལ་ལས་ཚོགས་སོགས་ཁ་བསྒྱུར་བདུན་མའི་ནང་ནས་གང་དགོས་ཀྱི་འདོན་ལུགས་དང་སྔགས་བཟླའོ། །ཡང་ན་རྩ་སྔགས་ཤམ་བུར་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་བཟླའོ། །དེ་ནས་ལྷག་མ་འདོན་ལ་མདོས་ཟུར་དུ་ཕུལ། དེ་ནས་རྩང་བསྟོད་རྩང་ཟློག་སོགས་གཞུང་ལྟར་འདོན་། དེ་ལྟར་ཞག་གྲངས་དུ་བྱེད་ན། ཐུན་བར་རྣམས་སུ་རྩ་སྔགས་རྣམས་དང་ཟློག་སྔགས་ཅི་འགྲུབ་བཟླས་སོ། །དེ་ནས་འབུལ་དུས་བསྟོད་བསྐུལ་དེ་ཡིས་གཏོར་རྫོངས་བྱ། དེ་ནས་དཀར་གཏོར་དང་གསེར་སྐྱེམས་མཆོད། དེ་ནས་གཞུང་ལྟར་སྲིན་མོ་ཟ་ལམ་བྱ། དེ་ནས་ཆད་མདོ་བརྟན་མ་དང་། ཆོས་སྐྱོང་གཏོར་འབུལ་རྣམས་བྱའོ། །དེ་ནས་གཞུང་གི་ཟོར་བསྐུལ་དེ་འདོན་ལ་གཏོར་ཟློག་དགྲ་ཕྱོགས་སམ་གཙང་ཕྱོགས་ཡོད་སར་འབུལ་ལམ་འཕང་། དེའི་སྟེང་དུ་ཌཀྐིའི་སྟབས་བྲོ་བྱ། དེ་མན་རྗེས་རྣམས་གཞུང་ལྟར་བྱའོ། ཞེས་པ་རྣལ་འབྱོར་པ་རང་དོན་དུ་བྱ་བའི་ཆེད་དུ་མཁའ་འགྲོའི་གཏོར་ཟློག་ཟིན་བྲིས་བསྡུས་པ་གསལ་བ་༧ རཱ་ག་ཨ་སྱས་བྲིས་པའོ། །ལས་བྱང་དངོས་གྲུབ་གཏེར་མཛོད་ལ་ཁོག་ཕུབ་ནས་གཏོར་


CMR018_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་བྱས་ན། མཁའ་འགྲོའི་གཏོར་ཟློག་མ་སབ་ན། ཁྲོ་ཞལ་དམར་པོ་གཡོན་ཏུ་གཟིགས་པ་ལས། ཞེས་པའི་ཚབ་ཏུ། ཁྲོ་ཞལ་མཐིང་ནག་གཟིགས་པ་ར་སྐྱེས་འདོན་བྱ་ཁ་བསྒྱུར་ཤེསཔར་བྱའོ། །ཁྲོས་མ་དང་མཁའ་འགྲོའི་གཏོར་ཟློག་གཉིས་སྐུ་མདོག་ཁྱད་ཙམ་མ་གཏོགས་ཞུ་དག་ཕེར་བ་འདུག་པས་ཕྱོགས་གཅིག་ཏུ་དྲིལ་བའོ། །མཁའ་འགྲོའི་རྒྱུད་ལས་མོས་པས་ཕན་ཐོགས་འབྱུང་གྱུར་ཅིག ༈ །ཞལ་ཤེས་སྐོར་ལས་ཚོགས་བཤགས་པ། དེ་རྒྱབ་གཏོར་མ། དེ་རྒྱབ་བསྐང་བ། དེ་རྒྱབ་ཉ་བོ་དང་། བཞེངས་སྐུལ་ཚར་ནས་ཟློག་པ་རྩང་གྱེར་ལྷག་མ་སོགས་གཞུང་ལྟར་རོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཁྲོས་མའི་གཏོར་ཟློག་གི་ཟིན་བྲིས།next