Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་གཏེར་ཁྲོས་མ་ནག་མོའི་གཏོར་ཟློག་སྐབས་སུ་སྲི་མནན་བྱུང་གཏེར་ཁ་ཚར་བཏགས་པ་ཉེར་མཁོའི་གཅོད་ལུགས།
   
   


 
previousབཀའ་གཏེར་ཁྲོས་མ་ནག་མོའི་གཏོར་ཟློག་སྐབས་སུ་སྲི་མནན་བྱུང་གཏེར་ཁ་ཚར་བཏགས་པ་ཉེར་མཁོའི་གཅོད་ལུགས།next

བཀའ་གཏེར་ཁྲོས་མ་ནག་མོའི་གཏོར་ཟློག་སྐབས་སུ་སྲི་མནན་བྱུང་གཏེར་ཁ་ཚར་བཏགས་པ་ཉེར་མཁོའི་གཅོད་ལུགས།


CMR018_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་ཁྲོས་མ་ནག་མོའི་གཏོར་ཟློག་སྐབས་སུ་སྲི་མནན་བྱུང་གཏེར་ཁ་ཚར་བཏགས་པ་ཉེར་མཁོའི་གཅོད་ལུགས་བཞུགས་སོ།།


CMR018_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཅིག་ཁྲོས་མ་ནག་མོ་ལ་ཕྱག་འཚལ་ལོ། །འདི་ཉིད་སྒོ་ནས་སྲི་མནན་བྱེད་འདོད་ན། །ཤོག་བུ་གཙང་མར་ལིངྒ་སྤྱི་འཚམས་བྲི། །རྒྱས་པར་བྲི་ན་འདུལ་གཞུང་གསུངས་ལྟར་རོ། །ཡན་ལག་འབྲུ་བཞི་ཕྱི་རོལ་ཛཿཁྲམ་བསྐོར། །སྙིང་གར་ཛཡིག་ཁ་སྤྲོད་གཉིས་ཀྱི་བར། །ནི་ཏྲི་ཁུག་གསུམ་བརྩེགས་མར་བྲི་བར་བྱ། །ལྟོ་བའི་ནང་ལ་སྒྲུབ་ལ་བར་གཅོད་པའི། །དམ་སྲི་སྒབ་འདྲེ་གཤེད་གོད་འདྲེ་སོགས་སྲི། །སྲི་རིགས་ཀུན་གྱི་མིང་གཞུག་ཁུག་ནན་བྲི། །དྲི་མ་སོང་དོགས་ཡོད་ན་མེ་རླུང་འཕྱུར། །དེ་ལྟར་བྲི་བ་འབྲིང་པོའི་ལུགས་ཡིན་ནོ། །བསྡུ་ན་ནཱཾ་བྲི་ཟན་ལིང་ཙམ་ལ་རུང་། །མདུན་དུ་བཞག་ལ་ཆབ་བྲན་འདི་སྐད་བརྗོད། །ཧཱུྃ་བྷྱོ མ་གཡེལ་མ་གཡེལ་རིག་འཛིན་ཚོགས། །མ་གཡེལ་མ་


CMR018_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་ཡི་དམ་ཚོགས། །མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས། །མ་གཡེལ་མ་གཡེལ་དམ་ཅན་ཚོགས། །ཐམས་ཅད་ཐུགས་དམ་གནད་ནས་བསྐུལ། །རང་རང་གནས་ནས་སྐུ་བཞེངས་འཚལ། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དེ་རིང་བདག་གི་དཔུང་རོགས་མཛོད། །སྲི་ངན་འགུགས་པའི་ལས་མཛོད་ཅིག །ཐུགས་དམ་གཉན་པོའི་དུས་ལ་བབ། །མཚན་མོ་སྒྲ་སྒྲོག་གཅེར་བུའི་ལུས། །གར་མཛད་དགྱེས་པའི་གད་རྒྱངས་ཅན། །དབང་སྡུད་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །བསྐུལ་ལོ་མ་མོ་མཁའ་འགྲོའི་ཚོགས། །རྦད་དོ་ཤ་


CMR018_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཌཀྐི་མ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གསེར་སྐྱེམས་མཆོད་ནས་ཁྲོས་མའི་ཐུགས་ཀ་ནས་ལས་བྱེད་ཀྱི་ཌཱཀྐི་འཕྲོ་བ་ནི། ཧཱུཾ་བྷྱོ༔ མ་ཁྲག་འཐུང་ཁྲོས་མའི་ཐུགས་ཀ་ནས། །ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ། །ཀུན་ཀྱང་སྲོག་དང་དབུགས་ཀྱི་བདག །སྙིང་ནས་ཟུངས་ཤིག་ལྕགས་ཀྱུ་མ། །མགུལ་ནས་ཆིངས་ཤིག་ཞགས་པ་མ། །ཡན་ལག་སྡོམས་ཤིག་ལྕགས་སྒྲོག་མ། །མྱོས་པར་གྱིས་ཤིག་དྲིལ་བུ་མ། །ལྷ་དང་ཕྲོལ་ཅིག་ཕྲ་མེན་མ། །སྐད་ཅིག་ཉིད་ལ་གཟུགས་ལ་ཕོབ། །ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ལབ་སྒྲོན་བདེ་གཤེགས་འདུས་པའི་སྐུ། །མ་གཅིག་ཁྲོས་ནག་ཊཱཀྐིའི་ཚོགས། །འཁོར་དང་བཅས་པའི་བདེན་པའི་མཐུས། །གནོད་ཅིང་འཚེ་བའི་དགྲ་དང་བགེགས། །བསམ་སྦྱོར་ངན་པའི་བྱད་མ་དང་། །དམ་སྲི་སྒབ་འདྲེ་ཕོ་མོའི་སྲི། །ཆུང་སྲི་གོད་སྲི་དགྲ་རྐུན་སྲི། །རང་དབང་མེད་པར་འདིར་ཁུག་ཅིག་ནི་ཏྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ དགུ་གསུམ་བདུན་སོགས་གལ་དང་བསྟུན། དེ་ནས་སྲི་ཤ་སྲི་ཆང་ཆངས་བུ་ཡོས་ཚིག་ཚོན་སྐུད་སྣ་ལྔ་ཡས་རྫས་ཐམས་ཅད་དམར་གཏོར། ལྕི་བ་སེར་སྐམ་རའི་ཤ་ཚིལ་མི་ཡི་


CMR018_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་། རྟ་རྐང་བསྲེགས་པའི་གསུང་དུད་བཅས་སྐྱེར་པའི་ཚེར་ཕུར་རཀྟ་ཡུངས་དཀར་ནག །གུ་གུལ་རེ་བ་ནག་པོ་སོ་སོའི་སྲི་ཐོད་གཡག་རུ་སོགས་གང་རྙེད་ཟན་ལིང་བཅས་འགུགས་གཞུག་ནི། ན་མོ། རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །ཁྲོས་མའི་དཀྱིལ་འཁོར་ལྷ་ཚོགས་དང་། །མཁའ་འགྲོའི་དཀྱིལ་འཁོར་སྲུང་མ་བཅས། །མ་ལུས་བཀའ་ཡི་བདེན་པ་དང་། །ཆོས་ཉིད་རྣམ་དག་རྒྱུ་འབྲས་ཟབ། །ཕྱག་རྒྱ་ལྷ་སྔགས་ཏིང་འཛིན་མཐུས། །བསྟན་འགྲོ་གནོད་བྱེད་དགྲ་བོ་དང་། །དམ་སྲི་འབྱུང་པོ་གདོན་གྱི་རིགས། །ཁྱད་པར་བདུད་ཕོ་ཐོད་ཕྲེང་དང་། །མ་བདུད་གར་དབང་གཉིས་ཚོགས་བུ། །རྒྱལ་བློན་ཡུལ་ཁམས་ཕུང་བའི་སྲི། །དམ་སྲི་དགྲ་སྲི་རྐུན་སྲི་དང་། །རྒན་སྲི་ཆུང་སྲི་དུར་གྱི་སྲི། །གཡལ་མོའི་གོད་སྲི་སྟོང་པའི་སྲི། །ཆེ་ཆུང་ཞང་ཚ་ཆེ་ཁོལ་སྲི། །མ་བུ་ཕུ་ནུ་ལྕམ་དབལ་སྲི། །ཡོད་མེད་སྲི་སོགས་སྲི་ངན་གྱི། །བླ་སྲོག་རྣམ་ཤེས་རྟེན་འདི་ལ། །འགུགས་ཆིངས་སྡོམ་མྱོས་ལྷ་དང་དབྱེ། །དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། ཕཊ ཕཊཕཊ༔ མནན་པའི་གཟེར་ཁ་ལྟ། ཆེ་སྲི་ཆུང་སྲི་དགྲ་སྲི་གོད་སྲི་ཕུང་སྲི་དུར་སྲི་མེ་སྲི་ཆུ་སྲི་མཚོན་སྲི་གྱོད་སྲི་ལ་སོགས་པའི་སྲི་


CMR018_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རིགས་ཐམས་ཅད་སྐད་ཅིག་ཉིད་ལ་ཛཿ ཅི་མང་བཟླས་རྗེས་སྐབས་འདིར་མཛེས་རྒྱན་བྱུང་བ་རིན་ཆེན་ཀུན་འདུས་ལྟར། སྲིན་མོ་དགའ་ཡིན་དགའ་ཡིན་ཤོག །སྲིན་མོ་རྒོད་ཀྱིན་རྒོད་ཀྱིན་ཤོག །ལྕམ་མོ་འདུར་གྱིན་འདུར་གྱིན་ཤོག །དོ་ནུབ་ཙམ་ལས་དགའ་བ་མེད་དོ་ཤོག །དོ་ནུབ་ཙམ་ལས་གཞའ་བ་མེད་དོ་ཤོག །དགའ་བོ་གཞའ་བོ་ཡོད་དོ་ཤོག །བྲོ་རྡུང་གླུ་ལེན་བྱེད་དུ་ཤོག །རི་རབ་ཟས་སུ་ཟ་རུ་ཤོག །རྒྱ་མཚོ་སྐོམ་དུ་འཐུང་དུ་ཤོག །འཇའ་ཚོན་ལུས་ལ་གྱོན་དུ་ཤོག །འཕྲུལ་གྱི་མེ་ལོང་བལྟ་རུ་ཤོག །དུང་ཁང་ནང་དུ་འཛུལ་ལ་ཤོག །གཞལ་ཡས་ཁང་ལ་བལྟ་རུ་ཤོག །སྤོས་ཀྱི་དུད་པ་སྣོམ་དུ་ཤོག །གསུར་གྱི་དུད་པ་སྣོམ་དུ་ཤོག །སྲི་ཤ་ཁམ་གཅིག་ཟ་རུ་ཤོག །སྲི་ཟན་ཆང་གཅིག་ཟ་རུ་ཤོག །སྲི་ཆང་ཧུབ་གཅིག་འཐུང་དུ་ཤོག །སྲི་ཡོས་སུན་གཅིག་ཟ་རུ་ཤོག །སྲི་མཱ་ར་ཡ་མཱ་ར་ཡ་ཤོག །སརྦ་ཛ་ཏྲི་ནི་ཛ་ཤོག །སྲིན་མོ་གུང་གུང་ཤོག །ཀ་ཏྲི་ནི་ཛ་ཤོག་ཤན་ཏྲི་ནི་ཛ་ཤོག །ན་ཏྲི་ནི་ཛ་ཤོག །སུ་ཏྲི་ནི་ཛ་ཤོག །དུ་ཏྲི་ནི་ཛ་ཤོག །སྲིན་མོ་གུང་གུང་ཤོག །སྲི་མཱ་ར་ཡ་ཤོག །ཨོཾ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས། །


CMR018_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་དགྲ་སྲི་ལྟ་བུར་མཚོན་ན། དགྲ་སྲི་སོགས་འགྲེས། ཛཿཧཱུྃ་བཾ་ཧོཿ སྲི་ངན་གྱི་བླ་ཤ་རེ་མ་ཏིས་འགྲིམས་འགྲིམས་ཤ་མ་དུ་ཏྲི་ཐུམ་ཐུམ་མྱོག་མྱོག་ཡེད་ཡེད་ཤ་མ་དུ་ཏྲི་ཁུག་ཁུག་་ལིང་མྱོག་ལིང་ཤག་ལིང་ཐུམ་ཙ་མུན་ཛཿཧཱུྃ་བཾ་ཧོཿ ཞེས་བླ་འགུགས་སྔགས་བྱས། དེ་ལྟར་འགུག་གཞུག་དང་བླ་འགུགས་སྔགས་སྤེལ་ལ། གསུམ་བདུན་ཙམ་བྱས་ལ། རྩ་བར་སྲི་རྣམས་ཞུམ་སྟེ་བྲེད་ནས་སློབ་དཔོན་ལ་ཕྱག་འཚལ་བར་བསམ་ལ། ཕཊ སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ། །བདེ་ཆེན་འདུ་འབྲལ་མེད་པའི་ཐུགས། །དཀྱིལ་འཁོར་ལྷ་དང་སློབ་དཔོན་ལ། །ལུས་ངག་ཡིད་གསུམ་ཕྱག་བགྱིའོ། །དེའི་ལན་དུ། ཕུང་སྲི་བྱ་བའི་སྡིག་ཆེན་ཁྱོད། །ཚེ་རབས་སྔ་མའི་ལན་ཆགས་ཀྱིས། །དུས་འདི་ཉིད་ལ་སྲི་རྣམས་བྱུང་། །རྣལ་འབྱོར་ང་ཡི་གཤེད་མར་གྱུར། །ཁྱོད་ནི་བསྒྲལ་བའི་ཞིང་ཡིན་གྱི། །གསང་བའི་གནས་འདིར་འདུས་ཚོགས་ཤིག །ཏྲི་བཛྲ་ཨཾ་ཀུ་ཤ་ཛ་ཛཿ གནོད་པར་བྱེད་པའི་ཕུང་སྲི་འདི། །ཚེ་རབས་སྔོན་མའི་ལན་ཆགས་ཀྱིས། །དུས་འདི་ཉིད་དུ་སྲི་རྣམས་བྱུང་། །སངས་རྒྱས་བསྟན་པ་འདི་ཡིས་བཤིགས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་སྨད། །ཡོན་མཆོད་


CMR018_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གནོད་པའི་བདུད། །སྡང་བའི་དགྲ་དང་གནོད་པའི་བགེགས། །སྐད་ཅིག་ཙམ་གྱིས་འདུ་བར་བྱ། །གྲུ་གསུམ་འབར་བ་འདི་གསོལ་ལ། །ད་ལྟ་ཉིད་དུ་མཆིས་པར་གྱུར། །ནོར་གྱིས་དོགས་ནས་མིང་རུས་བྲིས། །བརླག་གིས་དོགས་ནས་ཐོད་པར་བཅུག །ཁྱོད་ཀྱི་རྫུ་འཕྲུལ་བརླག་བྱའི་ཕྱིར། །ད་ལྟ་ཉིད་དུ་འདིར་སོང་ཞིག །ཡང་འགུགས་གཞུག་སྔ་མ་ལྟར་ལས། ཡོད་མེད་སྲི་སོགས་སྲི་ངན་དང་། །ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད། །སྙིང་ནས་ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛ། །ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད། །སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད། །ཡན་ལག་སྡོམས་ཤིག་བཛྲ་སྤོ་ཊ་པཾ། །ཕུང་སྲི་བྱ་བའི་སྡིག་ཅན་ཁྱོད། །མྱོས་པར་གྱིས་ཤིག་བཛྲ་གནྡྷེ་ཧོ་གུ་གུལ་གྱིས་བདུག་ཅིང་ཐུན་རྫས་རྣམས་ཀྱིས་བྲུབ་ཁུང་དུ་བསྟན་ཚུལ་བྱ་སྟེ། ཕཊ ཕཊཛཿ གུ་གུལ་སྦྱར་བའི་སྲི་བདུག་པས། །གནོད་པ་སྲི་ཡི་རྫུ་འཕྲུལ་ཉམས་པར་ཤོག །ཆང་དང་དུག་ཁྲག་སྣ་ཚོགས་པ། །དྲག་པོ་དམར་གཏོར་མཚོན་དབལ་བརྡར། །ལྕགས་ཟངས་མཁར་རྒང་སྐྱེ་ཚེ་དང་། །དཀར་ནག་ཡུངས་ཐུན་གྱིས་བྲབ་པས། །གནོད་པའི་སྲི་ཡི་རྫུ་འཕྲུལ་ཉམས་


CMR018_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཨོཾ་སརྦ་ཛཿཏྲི་ཧཱུྃ་ཛཿ ན་ཏྲི་སུ་ཏྲི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ན་ཏྲི་ནི་ཀྲུམ་ཀྲུམ་ཛཿཛཿཛཿཧཱུྃ། བཟླས་པ་འདི་ནན་ཏན་བྱའོ། །སྲི་ཆུང་འགུགས་འདྲེན་བྱ། སྡོང་གྲོགས་དང་བྲལ་བ་ལ་སོགས་བྱ་ཞིང་བཅུད་དབབ་བོ། །ཞེས་གསུངས། དགྲ་སྲི་ཁེར་རྐྱང་ཡིན་ན་ཁུག་རྟགས་བྱུང་ནས་སྙིང་ཉང་ལྟར་ལྷ་དབྱེ་ཚུལ་བཞིན་བྱ་ཞིང་། སྲི་གཞན་ལ་གུ་གུལ་གྱིས་བདུག་ལ་རིན་ཆེན་ཀུན་འདུས་ལྟར། ཧཱུྃ། དམ་ཉམས་དགའ་བྲལ་འགུག་པའི་ཕྱིར། །འགོ་བའི་ལྷ་དང་བྲལ་བའི་ཕྱིར། །གུ་གུལ་སྦྱར་བའི་དུད་པ་ཡིས། །དམ་སྲི་འབྱུང་པོའི་སྣར་བདུག་པས། །གནོད་པར་བྱེད་པའི་འབྱུང་པོ་དང་། །སྲི་ཅན་མཐུ་དང་རྫུ་འཕྲུལ་འཕྲོག །ཕཊ༔ཕཊ༔ ཅེས་བརྗོད་པ་ཙམ་གྱིས་འཐུས་པར་སེམས། འགུགས་སྔགས་བཟླས་དམིགས་ལྷན་ཐབས་སུ་བལྟ། སྔགས་འདི་འདྲ་མིན་མང་ཡང་འདི་ཕུར་པའི་ལུགས་ལྟར་བསྐོར་བ་ཡིན། མནན་པའི་གཟེར་ཁ་ལྟར་ན། ཨོཾ་སརྦ་ཏྲི་ནི་ཧཱུྃ་ཛཿ སུ་ཏྲི་ནི་ཧཱུྃ་ཛཿ ཤན་ཏཱི་ནི་ཧཱུྃ་ཛཿ ཀ་ཏྲི་ནི་ཧཱུྃ་ཛཿ ན་ཏྲི་ནི་ཧཱུྃ་ཛཿ གྲུམ་གྲུམ་གྲུམ་ཛ་ཛ་ཛཿ ཞེས་ཅུང་ཟད་བཟླས་ན་ལེགས། དེ་ནས་གསལ་བ་གསུམ་ལྡན་གྱི་ཏིང་ངེ་འཛིན་ངང་ནས་བསྒྲལ་བ་ནི། ངར་བཏགས་པའི་གྲི་གུག་ཐོགས་ནས་འདི་སྐད་དོ། ཧཱུྃ་བྷྱོ༔ བདེ་གཤེགས་ཀུན་འདུས་མཁའ་འགྲོའི་རྒྱལ། །ཁམས་


CMR018_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཟ་བྱེད་ཕག་གི་གདོང་། །བདུད་ཀྱི་བུ་མོ་དྲག་ཤུལ་ཅན། །གསོད་ལ་དགའ་བའི་ཤན་པ་མོ། །སྲོག་ལ་རྔམས་པའི་ཤ་ཟ་མོ། །ཕྱག་ན་སྲོག་གཅོད་གྲི་གུག་བོསྣམས། །ཡར་རྩེ་རྡོ་རྗེ་རྩེ་ལྔ་ནི། །ཡེ་ཤེས་ལྔ་ཡི་དབང་རྟགས་ཡིན། །མར་གྱི་ཟངས་གྲི་འབར་བ་ནི། །དུག་ལྔ་འབྲེག་པའི་རྒྱ་ཟོར་ཡིན། །འཆང་བཟུང་ཆུ་སྲིན་རྒྱ་མདུད་ནི། །འཁོར་འདས་གཅིག་ཏུ་འདུས་པ་ཡིན། །བཏབ་ན་ལྷ་ཡང་རླག་པར་བྱེད། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ཡེ་ཤེས་ཌཱཀྐིའི་བཀའ་བྱུང་གིས། །ལས་མཁན་མཁའ་འགྲོས་ལས་མཛོད་ཅིག །སརྦ་ཌཱཀྐི་ནི་དྲི་མཱ་ར་ཡ་ཕཊ༔ ཅེས་གཏུབ་དེ་ནས་ཕུར་བུ་ཐལ་མོ་སྦྱར་བར་འདྲིལ་ཞིང་། ཧཱུྃ་བྷྱོ༔ གཅེར་བུ་ཁྲོས་ནག་ཕག་གི་གདོང་། །ཕྱག་གཉིས་ཉི་ཟླ་ཁ་སྦྱོར་བར་། །ཕུར་བུ་འདྲིལ་བས་དགྲ་བགེགས་འདུལ། །སྐུ་ལུས་སྤྱན་གྱིས་ཁེངས་པ་ལ། །དམར་ནག་ཁྲག་གི་མཆི་མ་ཟག །ལྕགས་རལ་སྤྲུགས་པའི་སྐྲ་གསེབ་ནས། །ཕུར་བུ་ཐོག་སེར་ཆར་དུ་འབེབས། །སྐུ་སྨད་རྡོ་རྗེའི་ཕུར་པ་ནི། །ཟུར་གསུམ་རྣོ་བའི་ངར་ལྡན་མ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །གནོད་བྱེད་དགྲ་བགེགས་རྡུལ་དུ་


CMR018_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧ་རི་ནི་ས་ཤ་ཏྲི་ཛནི་ཏྲི་ཁུག་དགྲ་བགེགས་འབྱུང་པོ་དམ་སྲི་སེམས་དང་བག་ཆགས་ངན་པ་ཐམས་ཅད་མཱ་ར་ཡ་ཕཊ༔ འོག་ཕྱོགས་བསད་ཁང་གྲུ་གསུམ་མེ་འབར་ནང་། །མཁའ་འགྲོས་བགེགས་བཀུག་མཚོན་ཆའི་ཆར་པ་ཕབ། །རྣམ་ཤེས་ནག་ཐུམ་བསད་ཅིང་ལུས་སྲོག་གཏུབས། །ཡ་མ་དུ་ཏྲི་ཧ་རི་ནི་ས་སོད། ཕཊ ཕཊཕཊ༔ དེ་ནས་ཞལ་བསྟབ་ནི། ཧཱུྃ་བྷྱོ༔ སྣང་སྲིད་བདག་མོ་ཊྛཀིའི་ཚོགས། །ཟ་བྱེད་ཆེན་མོ་ཕག་གི་གདོང་། །གནམ་ས་ཙམ་གྱི་ཞལ་ཕྱེས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །གློག་དམར་ཙམ་གྱི་ལྗགས་བརྐྱངས་ལ། །སྟོང་གསུམ་ཙམ་གྱི་མིད་པ་རུ། །དགྲ་བགེགས་ཤ་ཁྲག་བླ་ཚེ་སྲོག །ལྷག་མ་མེད་པར་ཞལ་ཏུ་བསྟབ། །རིགས་བཞི་མཁའ་འགྲོའི་ཞལ་དུ་བསྟབ། །མཚམས་ཀྱི་ཌཱཀྐིའི་ཞལ་དུ་བསྟབ་། །སྒོ་བཞི་ཌཱཀིའི་ཞལ་དུ་བསྟབ། །དུར་ཁྲོད་ཌཱཀིའི་ཞལ་དུ་བསྟབ། །ཌཀི་བྱེ་བའི་ཞལ་དུ་བསྟབ། །མ་མོ་བྱེ་བའི་ཞལ་དུ་བསྟབ། །སྤྲུལ་པ་ཡང་སྤྲུལ་ཞལ་དུ་


CMR018_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བསྟབ། །ཤ་ལ་ཆོས་ཚེ་དགྱེས་པར་རོལ། །ཁྲག་ལ་ལྡིབ་ལྗིབ་དགྱེས་པར་རོལ། །རུས་ལ་ཁྲུམ་ཁྲུམ་དགྱེས་པར་རོལ། །ཞལ་དུ་བསྟབ་བོ་ཁཱ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་ཨཱ་ར་ལི། །ལྷག་མ་མེད་པར་བཞེས་སུ་གསོལ། །རྣམ་ཤེས་མཁའ་སྤྱོད་གནས་སུ་དྲོངས། །འཁྲུལ་མེད་མངོན་སངས་རྒྱས་པར་མཛོད། ཨ་ཕཊ་ཕཊ་ཕཊ༔ ཨོཾ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ས་པཱ་རི་ཝཱ་ར་དགྲ་བགེགས་ཀྱི་མ་ཧཱ་ནཱཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། ཀིང་ནི་རི་ཏི་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་མནན་ཆས་བྱས་རིགས་ཚོན་སྣ་ལྔ་ཡི་སྐུད་པས་བཅིངས། གླང་ཁུང་ལ་ཐིམ་བརྒྱབ། མདུན་དུ་ཨེ་ཡིག་ནང་དུ་བཞག་རོལ་མོ་དྲག་བརྡུང་བྱས་ལ་འདི་སྐད་དོ། ཕཊ༔ སྔོན་གྱི་ལས་ངན་བསགས་པ་ལས། །ད་ལྟ་ལུས་ངན་བླངས་པ་ཡིན། །སྲི་ཅན་འཁོར་དང་བཅས་པ་འདི། །རིགས་ནི་ཡི་དྭགས་རྫུ་འཕྲུལ་ཅན། །ལས་ནི་ངན་དགུ་གདུག་རྩུབ་བྱེད། །ཐལ་བའི་མདོག་ལ་སྐུ་ཟིངས་སྐྱེས། །བོང་ཆུང་མགོ་ཆེ་བཞིན་མི་སྡུག །ལྟས་ངན་རྟགས་སུ་ཡ་སོ་རྟོལ། །སྔོན་ནས་སེམས་ལ་གདུག་རྩུབ་འཆང་། །ལས་ངན་བྱས་པས་གྲུབ་པ་ཡིན། །ཁྱོད་ཕ་མའི་སྲི་ལ་བུ་ཡི་སྲི། །ཆེ་བའི་སྲི་


CMR018_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆུང་བའི་སྲི། །ནོར་གྱི་སྲི་ལ་ཕྱུགས་ཀྱི་སྲི། །རྒྱལ་པོའི་སྲི་ལ་བློན་པོའི་སྲི། །བསྟན་པ་གཉན་པོ་ཁྱོད་ཀྱིས་བཤིགས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་འཕྲོག །རྡོ་རྗེ་སློབ་དཔོན་སྐུ་དགྲ་ཁྱོད། །ཐེག་ཆེན་ཆོས་ལ་ཁྱོད་ཀྱིས་སྨད། །སེམས་ཅན་ཡོངས་ལ་གནོད་པ་བྱས། ་།རྣལ་འབྱོར་པ་ཡི་ཚེ་བདུད་བྱས། །བསྒྲལ་བའི་ཞིང་བཅུ་ཁྱོད་ལ་ཚང་། །བརྗོད་ཀྱིས་དོགས་ནས་ལིང་ག་བྱས། །ནོར་གྱིས་དོགས་ནས་མིང་རུས་བྲིས། །ཁྲོས་ཀྱིས་དོགས་ནས་ལྕགས་སྒྲོག་བརྒྱབ། །མཚོན་ཆ་རྣམས་ཀྱིས་མཐའ་ནས་བསྐོར། །ཌཱཀི་རྣམས་ཀྱིས་འགུགས་འདྲེན་བྱས། །རཀྟ་ཁོལ་མའི་རྦ་ལ་གཡེངས། །ཡུངས་ཀར་སྦྱོར་བའི་ཐུན་གྱིས་བྲབ། །གུ་གུལ་དུད་པ་སྦྱར་བས་བདུག ། སྐྱེར་པའི་ཚེར་མས་སྙིང་ལ་གཟེར། །རེ་བ་ནག་པོའི་ཐུམ་གྱིས་བཏུམ། །ཚོན་སྐུད་སྣ་ལྔས་རྒྱ་ཆིངས་བྱས། །སོ་སོའི་སྲི་ཐོད་ནང་དུ་བཅུག །ཀླད་ཁུང་ལ་ཆའི་རྒྱ་ཡིས་བཏབ། །སྲི་ཁུང་གྲུ་གསུམ་ནང་དུ་བྲུབ། །འཇིག་རྟེན་ཁམས་འདི་མ་ཞིག་པར། །ནམ་ཡང་ཐར་བའི་སྐལ་པ་མེད། །ནམ་ཞིག་བྱང་ཆུབ་སེམས་བསྐྱེད་ནས། །ཡི་གེ་ཧཱུྃ་དུ་


CMR018_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུས་ནས་ཤོག །ཕཊ༔ ཅེས་བརྗོད། དེ་ནས་མནན་པའི་སར་ཕྱིན་ལ་ཕྱོགས་དེའི་གཞི་བདག་ལ་གཏོར་མ་སྦྱིན། བསྡུ་ན་ཕྱག་བཞེས་ལྟར་གསེར་སྐྱེམས་བཏང་བས་འཐུས། དེ་ནས་མནན་པའི་གཟེར་ཁ་ལས། མནན་༣ པའི་གནས་སོ་སོའམ་ལམ་རྒྱ་གྲམ་དུ་མནན་པས་ཐམས་ཅད་གནོན་པ་ཡིན། དེ་ནས་སློབ་དཔོན་གྱིས་གྲི་གུག་གམ་ཟོར་བས་ས་ལ་གྲུ་གསུམ་བྲིས་ལ། ཕཊ༔ རང་ཉིད་སྐད་ཅིག་མ་གཅིག་ཁྲོས་མའི་སྐུ། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས། །གཡས་བསྐུམ་གཡོན་བརྐྱང་བཻ་རོའི་སྟེང་ན་འགྱིང་། །སྤྱི་གཙུག་ཕག་ཞལ་དུར་ཁྲོད་ཆས་བརྒྱད་བརྒྱན། །ཁ་ཊཾ་གཡོན་བརྟེན་པད་ཟླ་མེ་ཀློང་བཞུགས། །གྲི་གུག་ས་ལ་བརྒྱབས་པས་ས་གོས་ནས། །རྒྱ་མཚོ་སྔོ་ཧར་བྱུང་བའི་དབུས་སུ་ནི། །གནམ་ལྕགས་ཁང་སྒྲོམ་འབར་བའི་ནང་ཉིད་དུ། །གནོད་བྱེད་དགྲ་བགེགས་ཐམས་ཅད་གསལ་བར་གྱུར། །ཛཿ དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་བདེན་པའི་མཐུས། །བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་ཀྱི་དགྲ། །བདག་དང་བསྲུང་བྱ་ལ་གནོད་གདོན་བགེགས་རྣམས། །ཕོ་སྲི་མོ་སྲི་གོད་སྲི་ཆུང་སྲི་རྣམས། །ཟ་འདྲེ་ཤི་གཤེད་དམ་སྲི་སྒབ་འདྲེ་བཅས། །ལིང་ག་འདི་


CMR018_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཛཿཧཱུྃ་བཾ་ཧོས་ཁུག །ལན་གསུམ་བརྗོད་པ་རིམ་པ་དགུའི་སས་གཡོགས་ནས། སྡིགས་མཛུབ་ཀྱིས་འཁོར་ལོ་རྩིབས་བརྒྱད་བྲིས་ལ། ཕཊ༔ གནམ་ལྕགས་འཁོར་ལོ་རྩིབས་སྟོང་ལྡན་པ་གཉིས། །སྟེང་འོག་རྒྱུན་ཆད་མེད་པར་འཁོར་བའི་བར། །གནོད་བྱེད་དགྲ་བགེགས་དམ་སྲི་ཕོ་མོ་རྣམས། །རྩིབས་ལ་བསྐྱོན་པས་བསྐལ་པར་མི་ཐར་གྱུར། །དེ་ནས་ལྷ་འདྲེའི་འོ་དོད་འབོད་པ་ནི། ཕཊ༔ ཡུལ་འདིར་གནས་པའི་སྣང་སྲིད་ལྷ་འདྲེ་རྣམས། །གནོད་བྱེད་མནན་པ་འདི་རྣམས་ཁྱོད་ལ་གཏད། །མ་ཤོར་ཟུངས་ཤིག་མཐུ་རྩལ་ཅི་འདུག་ལྟ། །གལ་ཏེ་མ་ཉེས་གནོད་བྱེད་འདི་བྱུང་ན། །ངས་ནི་མ་གཅིག་ཁྲོས་མའི་དམག་ཚོགས་ཀྱིས། །ནམ་མཁའ་གདན་བཏིང་ས་གཞི་གུར་དུ་ཕུབ། །རི་ཆེན་རྦབ་བསྒྲིལ་རི་ཆུང་ཚོགས་པོར་འཕེན། །མཛེ་ཤའི་ཐང་བརྡལ་མཛེ་ཁྲག་རྒྱ་མཚོ་བསྐྱིལ། །དཀར་ཐབ་དམར་ཐབ་བརྗོག་ནས་ལྷ་འདྲེ་རྣམས། །རྩད་ནས་སྐམ་པའི་ལས་ལ་མ་ཐུག་གང་། །གནོད་བྱེད་འདི་རྣམས་མ་གཏོང་ཟུངས་ཤིག་ཆིངས། །སྡོམས་ཤིག་ནོན་ཅིག་དམ་ཚིག་ས་མཱ་ཡ། །རྐང་དུང་ལན་གསུམ་བུས། དེ་ནས་མ་ཧཱ་བྷ་ལ་ནི། ཨོཾ་ཨཱཧཱུཾ། ལན་གསུམ། རང་གི་


CMR018_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བ་གླང་སྤྱོད་ནས་མ་ཧཱ་བྷ་ལ་བཛྲ་ས་མཱ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་མ་ཧཱ་བྷ་ལ་མ་ཧཱ་བ་ལ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་དང་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། རྩ་སྔགས་ཁཱ་ཧི་བཏགས་གཏོར་མ་སྦྱིན། ཨནྡྷཾ་སོགས་ཀྱིས་མཆོད། ཧཱུྃ། འཇིག་རྟེན་ལྷ་འདྲེ་ཀུན་གྱི་གཤེད་པོ་སྟེ། །ལས་ཀྱི་མཐུ་ལས་གྲུབ་པའི་བདུད་ཀྱི་བུ། །བ་གླང་སྤྱོད་ཀྱི་གླིང་ལ་དབང་བསྒྱུར་བ། །སྟོབས་ཆེན་མ་ཧཱ་བྷ་ལ་ཁྱོད་ལ་བསྟོད། །སྐུ་གཟུགས་འདི་དང་དབྱེར་མེད་བརྟན་བཞུགས་ལ། །ཁྱོད་ཀྱི་འདུལ་སྐལ་ཡིན་པས་འདྲེ་འདི་ནོན། །སྟོབས་ཆེན་ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཤུགས་ཆེན་མི་ཡིས་བྱིས་པ་མནན་པ་ལྟར། །བྱམས་པ་མ་བྱོན་བར་དུ་མ་ལྡང་ཞིག །དེ་ནས་ལོངས་ལ་བྱང་ཆུབ་སེམས་བསྐྱེད་ཞུས། །དེ་བར་མ་ཧཱ་བྷ་ལས་མ་གཏོང་ཞིག །ས་མ་ཡ། རྒྱ་རྒྱ་རྒྱ། དེ་ནས་བྲོ་བརྡུང་བ་ནི། ཧཱུྃ། ཐུགས་རྗེ་ཁྲོས་མའི་གཟི་བརྗིད་ཀྱིས། །བགེགས་དང་དམ་སྲི་བར་ཆད་རྣམས་། །རི་རབ་ཆེན་པོའི་འོག་ཏུ་མནན། །ཌཱཀྐི་སྡེ་ལྔས་བྲོ་ར་བཙུགས། །དཔའ་བོའི་བྲོ་རྡུང་ཁྲིགས་སེ་ཁྲིག །དཔའ་མོའི་གར་བྱེད་ཁྱུགས་སེ་ཁྱུག །ཡེ་ཤེས་ལྔ་ཡི་བྲོ་


CMR018_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུངས་པས། །དུག་ལྔའི་ཕུང་པོ་གཏན་ནས་བརླག །བདུད་དགྲ་ཐལ་བ་རྡུལ་དུ་རློགས། །ༀ་ལཾ་ཨཱལཾ་ཧཱུཾ་ལཾ་སུཾ་བྷ་ཡ་ནན། སྟེང་དུ་ཐོ་ཆུང་བརྩེགས། ཡང་ན་ཚེར་ལྕག་ལ་སོགས་ཅི་བདེ་བྱ། །ཕཊ༔ ལྕགས་ཁང་སྟེང་དུ་གནམ་ལྕགས་མཆོད་རྟེན་ནི། བང་རིམ་དགུ་པ་མུན་པའི་ན་བུན་འཐིབ། །ཆེ་ལ་བརྗིད་པ་སྲ་ལ་བརྟན་པ་ཞིག །གཡོ་འགུལ་མེད་པ་ཞིག་གིས་མནན་པར་གྱུར། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བཀྲ་ཤིས་རྣམས་བརྗོད། དེ་ནས་མནན་ལ་ཕྱི་མིག་མི་ལྟ་བར་ཐག་རིང་པོ་ནས་དཀར་འགྱེད་དམར་འགྱེད་དམིགས་པ་བྱ། ཡུད་ཙམ་བསྡད། དེ་རྗེས་ཕྱི་ལམ་བཅད་པའི་དམིགས་པ་ནི། ཕཊ༔ སྐད་ཅིག་རང་ཉིད་ཁྲོས་མ་ནག་མོར་གྱུར། །ས་འདིར་གནས་པའི་ལྷ་འདྲེ་ཁྱོད་རྣམས་ཀྱིས། །ང་ཡི་རྗེས་སུ་འབྲང་བའི་གཉན་ས་ཡི། །ལྷ་འདྲེ་འབྱུང་པོ་རྗེས་ཁྱི་ཐམས་ཅད་ཀུན། །ང་ཡི་རྗེས་སུ་མ་གཏོང་ཁྱོད་ཀྱིས་ཟུངས། །གལ་ཏེ་ང་ཡི་རྗེས་སུ་ཤོར་བྱུང་ན། །ལེ་ལན་ཁྱོད་ལ་ལེན་ནས་རྡུལ་དུ་བརླག ། ཁྱོད་ལ་མཐུ་རྩལ་ཅི་འདུག་ད་རེས་བལྟ། །བཀའ་དང་དམ་ལས་མ་འདའ་ས་མ་ཡ། །ཕཊ་ཕཊ་ཕཊ༔ དེ་ནས་ས་མཚམས་སུ་ཅུང་ཟད་འོང་ལ་ཐོ་གཅིག་བྱ། ཕཊ༔ ཐོ་ནི་བྱ་ཁྱུང་མེ་འབར་


CMR018_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་གདང་བ། །མཆུ་སྡེར་བསྒྲད་ཅིང་རལ་གྲིའི་གཤོག་པ་བརྐྱངས། །འབྱུང་པོའི་རྗེས་ཁྱི་ཡོང་ལམ་བཅད་པར་གྱུར། ཕཊ་ཕཊཕཊ༔ དེ་ལྟར་ཁྲོས་མའི་ལས་སྦྱོར་མནན་པ་འདི། །གཅོད་ཡུལ་ཉམས་ལེན་བྱེད་པའི་གང་ཟག་ལ། །ཕན་པར་བསམས་ནས་བྱང་གཏེར་ལས་གཞུང་ནས། །སྔགས་ལུགས་ཁ་ཚར་བཏབ་ཅིང་ཅུང་ཟད་སབ། །གཅོད་འདུལ་མི་ཐུབ་སེམས་ཉམ་ཆུང་བ་དང་། །ཆུང་སྲི་དམ་སྲི་སེམས་ཅན་འཚེ་བ་ལ། །ཕན་སེམས་ཆེན་པོས་བསམ་པ་བརྟན་པོ་ཡིས། །རཱ་གའི་མིང་ཅན་བདག་གིས་བྲིས་པ་ཡི། །ཉེས་འགལ་མ་གཅིག་ཁྲོས་མའི་ཚོགས་ལ་བཤགས། །སེམས་ཅན་ཕན་བདེ་འབྱུང་བའི་རྒྱུར་གྱུར་ཅིག །བཀྲ་ཤིས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀའ་གཏེར་ཁྲོས་མ་ནག་མོའི་གཏོར་ཟློག་སྐབས་སུ་སྲི་མནན་བྱུང་གཏེར་ཁ་ཚར་བཏགས་པ་ཉེར་མཁོའི་གཅོད་ལུགས།next