Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོས་མ་ནག་མོའི་སྒོ་ནས་མནན་པ་བྱ་ཐབས།
   


 
previousཁྲོས་མ་ནག་མོའི་སྒོ་ནས་མནན་པ་བྱ་ཐབས།next

ཁྲོས་མ་ནག་མོའི་སྒོ་ནས་མནན་པ་བྱ་ཐབས།


CMR018_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་མ་ནག་མོའི་སྒོ་ནས་མནན་པ་བྱ་ཐབས་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR018_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མནན་པ་བྱ་བ་ནི། གྲི་གུག་གམ་ཟོར་བའམ་སྐག་ལེས་ས་ལ་རྒྱ་གྲམ་བྲིས་དེ་ནས་བརྐོ་བཅུག །བྲུབ་ཁུང་དེ་དངོས་སུ་བཞག་ན་ལེགས། རྒྱས་པར་བཅད་ཁྲི་བང་རིམ་དགུ་པའམ་ལྔ་པའམ་གསུམ་པ་བྱེད། ནང་དུ་ཚྭ་བླུག །སྟེང་དུ་སྐྱེར་པའི་ཕུར་བུ་བཅུག་པར་བྱ་སྟེ། དེ་ཡང་དང་པོ། ༈ ཕཊ། རང་ཉིད་ཁྲོས་མར་གསལ་བས། གྲི་གུག་དང་མཚོན་ཆ་ས་གཞིར་བརྒྱབས་པས་ས་གས་ནས། རྒྱ་མཚོ་སྔོ་ཧ་རེ་སོང་བའི་ནང་དུ། གནམ་ལྕགས་ཀྱི་ཁང་སྒྲོམ་འབར་བའི་ནང་དུ་གནོད་པར་བྱེད་པ་ཐམས་ཅད་ཚུད་པར་གྱུར། བདེན་བདར་འགུག་གཞུག་ལན་གསུམ་བྱ། ས་རིམ་པ་དགུས་གཡོགས་ལ་སྡིགས་མཛུབ་ཀྱིས་འཁོར་ལོ་རྩིབས་བརྒྱད་བྲིས་ལ།


CMR018_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཉིས་སྟེང་འོག་གཉིས་སུ་རྒྱུན་ཆད་མེད་པར་འཁོར་བས། གནོད་བྱེད་བསྐལ་པའི་བར་དུ་མི་ཐར་བར་བསྒོམ། དེ་ནས་ལག་པ་གཡས་པས་གཏོར་མ་གསེར་སྐྱེམས་སྤོས་མདའ་དར་རིན་ཆེན་སྣ་ལྔ་འ བྲུ་སྣ་ལག་ཏུ་ཐོགས་ལ། རང་ཉིད་ལྷ་ཡི་ང་རྒྱལ་གྱིས་གཏོར་མ་གསེར་སྐྱེམས་སམ་དཀར་འགྱེད་གང་འཐད་ཅིག་བྱ། དེ་ནས་ལྷ་འདྲེ་ཐམས་ཅད་འབོད་པའི་ཚུལ་དུ། འོ་སྣང་སྲིད་ཀྱི་ལྷ་འདྲེ་ཁྱད་པར་དུ་ས་ཆ་ཡུལ་ཕྱོགས་འདིར་གནས་པ། བྲག་ཕ་བོང་ལམ་དང་ནགས་ཚལ། ཤིང་གཅིག་དང་། འབབ་ཆུ་མཚོ་དང་ཆུ་མིག །ལུང་མདོ་བྲག་ཕུག་གད་པ། རི་


CMR018_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་རི་རྒྱུད་གདོང་སྣ་སུམ་མདོ་འདི་ལ་གནས་པའི་ལྷ་འདྲེ་མཐུ་བོ་ཆེ་ཁྱེད་རྣམས་ཀྱིས་མདའ་དར་ཤེལ་ཚིགས་གཏོར་མ་གསེར་སྐྱེམས་འདི་བཞེས་ཤིག །ཁྱེད་རྣམས་ལ་ཟ་འདྲེ་ཤི་གཤེད་དུར་སྲི་ཆུང་སྲི་གོད་སྲི་སྒབ་འདྲེ་རྒན་སྲི། བྱད་མ་རྦོད་གཏོང་། རྟ་འདྲེ་རྟ་སྲི། ནད་འདྲེ་གཅོང་སྲི། བཙའ་འདྲེ་བཙའ་སྲི། ས་འདྲེ་ས་སྲི། དགྲ་རྐུན་ཇག་གསུམ། དུར་སྲི་རྒྱུན་ཞུགས། རྨི་ལམ་མཚན་ལྟས་ངན་པ། མོ་པྲ་སོགས་སྡིག་ངན་པ། ལྟས་ངན་ཆོ་འཕྲུལ་ངན་པ། ཐན་ཐན་བདག་དང་བཅས་པ་དགྲ་ཡ་གྱོད་ཡ་འགྲས་སུ་ཚོལ་མི། གང་དགོས་ཁ་བསྒྱུར་ཤེས་པར་བྱ། འདི་གཏད་པ་ཡིན་པས། མ་ཤོར་ཅིག་མ་བཏང་ཅིག །ཟུངས་ཤིག །ཆིངས་ཤིག །ནོན་ཅིག །ཁྲུབ་ཅིག །སོད་ཅིག །བཞེས་ཤིག །ཟོ་ཞིག ཁྱེད་རྣམས་ལ་མཐུ་དང་ནུས་པ་ཅི་གདའ་ལྟའོ། །གལ་ཏེ་ཟ་འདྲེ་ཤི་གཤེད་དུར་སྲིའམ་གང་ཡིན། གནོད་བྱེད་འདི་ནི་ཤོར་ནས་བྱུང་ན་ཁྲོས་མ་ནག་མོའམ་ཡི་དམ་ཆོས་སྐྱོང་གང་ཡིན་ཁ་བསྒྱུར། ཁྲོ་བོའི་དམག་བསྡུ། ཁྲོ་མོའི་དམག་བསྡུ། བྱ་ཁྱུང་གིས་ནམ་མཁའ་བཀང་། ནམ་མཁའ་འདི་གདན་དུ་བཏིང་། ས་གཞི་འདི་གདུགས་ལྟར་ཕུབ། རི་ཆེན་རྫོབ་


CMR018_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྒྲིལ། རི་ཆུང་འདི་ཚོགས་པོར་འཕེན། ས་འདིར་མཛེ་ཤའི་ཐང་མ་བརྡལ། མཛེ་ཁྲག་གི་རྒྱ་མཚོ་བསྐྱིལ། དཀར་ཐབ་དམར་ཐབ་བརྫོག །ཁྱོད་ཀྱི་གནས་ས་བརྟེན་འདི་རྩད་ནས་བཤིག །བཀའ་ཡི་ཆད་པས་བསྡིག །ཁྱེད་ལྷ་འདྲེ་རྣམས་ཨར་ལ་གཏད། རྩ་བ་ནས་སྐམ་པ་ཡིན་པས། དེ་མ་ཐུག་པར་གནོད་བྱེད་ཟ་འདྲེ་ཤི་གཤེད་དུར་སྲིའམ་གང་ཡིན། འདི་མ་གཏོང་ཞིག །ཟུངས་ཤིག་ཆིངས་ཤིག་སྡོམས་ཤིག །ནོན་ཅིག །མ་ཤོར་ཅིག །ཤི་སྒབ་འདི་ཆོད་ཅིག །གོད་ཁ་འདི་ཆོད་ཅིག །ཐན་སྒབ་འདི་ཆོད་ཅིག །གྱོད་སྒབ་འདི་ཆོད་ཅིག །དགྲ་རྐུན་ཇག་གསུམ་དགྲ་ཡ་གྱོད་ཡ་འགྲས་སུ་ཚོལ་མི། མིང་གི་ཡི་གེ་མཚན་གྱི་བྱང་བུ་འདི་བཏབ་པ་ཡིད་ལ་འཆང་བ་འདི་རྗེས་མེད་པར་ལོངས་ཤིག །སོད་ཅིག་ཟོ་ཞིག་ནོན་ཅིག་མ་ཤོར་ཅིག་མ་གཏོང་ཞིག་ཆིངས་ཤིག་སྡོམས་ཤིག་ཟུངས་ཤིག་ལོ་ཟླ་ཞག་དུས་ཚོད་དུ་མ་བཞག་པར་བླ་སྲོག་ཆོད་ཅིག་ལོངས་ཤིག་རྟག་དང་ཆོ་འཕྲུལ་སྟོན་ཅིག །བཀའ་ཡི་ཆད་པ་ཆོད་ཅིག །མ་ཁྲོས་མ་ནག་མོའི་བཀའ་དང་དམ་ལ་མ་འདའ་ཞིག །ཕཊཕཊཕཊ༔ དེ་ནས་རྐང་པ་གཡས་པས་ས་བཅག་ཅིང་བྲོས་


CMR018_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

མནན། ཧཱུྃ། དབུས་སངས་རྒྱས་མཁའ་འགྲོའི་བྲོ་བརྡུངས་པས། །གདོན་གཏི་མུག་མགོ་ལ་ཆེམས་སེ་ཆེམ། །སྐུ་འཁོར་ལོའི་གར་ཐབས་ཤིགས་སེ་ཤིག །གདོན་གཏི་མུག་ཆོས་ཀྱི་དབྱིངས་སུ་ནོན། །ཤར་རྡོ་རྗེ་མཁའ་འགྲོའི་བྲོ་བརྡུངས་པས། །གདོན་ཞེ་སྡང་མགོ་ལ་ཆེམས་སེ་ཆེམ། །སྐུ་རྡོ་རྗེའི་གར་ཐབས་ཤིགས་སེ་ཤིག །གདོན་ཞེ་སྡང་མེ་ལོང་དབྱིངས་སུ་ནོན། །ལྷོ་རིན་ཆེན་མཁའ་འགྲོའི་བྲོ་བརྡུངས་པས། །གདོན་ང་རྒྱལ་མགོ་ལ་ཆེམས་སེ་ཆེམ། །སྐུ་རིན་ཆེན་གར་ཐབས་ཤིགས་སེ་ཤིག །གདོན་ང་རྒྱལ་མཉམ་ཉིད་ངང་དུ་ནོན། །ནུབ་པདྨ་མཁའ་འགྲོའི་བྲོ་བརྡུངས་པས། །གདོན་འདོད་ཆགས་མགོ་ལ་ཆེམས་སེ་ཆེམ། །སྐུ་པདྨའི་གར་ཐབས་ཤིགས་སེ་ཤིག །གདོན་འདོད་ཆགས་སོར་རྟོག་ཚེ ངང་དུ་ནོན། །བྱང་ལས་ཀྱི་མཁའ་འགྲོའི་བྲོ་བརྡུངས་པས། །གདོན་ཕྲག་དོགས་མགོ་ལ་ཆེམས་སེ་ཆེམ། །སྐུ་རྒྱ་གྲམ་གར་ཐབས་ཤིགས་སེ་ཤིག །གདོན་ཕྲག་དོགས་བྱ་གྲུབ་ངང་དུ་ནོན། །ཨོཾ་ལཾ། ཨཱལཾ། ཧཱུཾ་ལཾ། ས་ལཾ། ཧཱ་ལཾ། གནོད་བྱེད་ཐམས་ཅད་སྟམྦྷ་ཡ་ནན༔ ཡང་ན། ཧཱུྃ། དགྲ་བགེགས་བསྒྲལ་བའི་ཕུང་པོ་ལ། །དཔའ་བོ་


CMR018_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོས་བྲོ་དལ་བཙུགས། །དཔའ་བོ་མཁའ་འགྲོས་བྲོ་བརྡུང་བས། །དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །དཔའ་མོའི་གླུ་ལེན་ཀྱུ་རུ་རུ། །ཞབས་ཀྱི་གར་བྱེད་ཁྱུགས་སེ་ཁྱུག །ཤེས་རབ་ཅང་ཏེའུ་ཁྲོ་ལོ་ལོ། །བདེ་བ་ཆེན་པོ་ས་མ་ཡ། །སྟོང་པ་ཆེན་པོ་ས་མ་ཡ། །བྲོ་ཡང་ཡེ་ཤེས་ཆེན་པོའི་བྲོ། །གླ་ཡང་ཡེ་ཤེས་ཆེན་པོའི་གླུ། །དགྲ་ཡང་ཐལ་བར་བརླག་པའི་བྲོ། །བགེགས་རྣམས་དུམ་བུར་གཏོང་བའི་བྲོ། །བྱིན་རླབས་དངོས་གྲུབ་འབྱུང་བའི་བྲོ། །དེ་ཕྱིར་གླུ་བྲོ་རྒྱུན་མི་འཆད། །ༀ་ལཾ། །ཨཱལཾ། ཧཱུཾ་ལཾ། དགྲ་བགེགས་གནོད་བྱེད་ཐམས་ཅད་སམྦྷ་ཡ་ནན༔ རྒྱས་པར་སྤྲོ་ན། ཧཱུྃ། སྡང་བའི་དགྲ་དང་གནོད་པའི་བགེགས། །བྱད་མ་དམ་སྲི་གདོན་གྱི་ཚེ ཚོགས། །ཞབས་ཀྱི་འོག་ཏུ་རྡུལ་ཕྲན་བཞིན། །ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བརྡུང་། །ཡེ་ཤེས་རི་རབ་བརྗིད་ཀྱིས་མནན། །དྲག་སྔགས་རྡོ་རྗེའི་མཚོན་གྱིས་གཏུབ། །གཟི་བརྗིད་མེ་དཔུང་ཟེར་གྱིས་བསྲེགས། །སྲིད་པ་ལས་ཀྱི་རླུང་གིས་གཏོར། །ཇི་སྲིད་བསྟན་པ་མ་རྫོགས་པར། །དགྲ་བགེགས་གནོད་བྱེད་ལྡང་བར་མ་བྱེད་ཅིག །མ་ལྡང་


CMR018_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །མ་འཕར་ཞིག །སརྦ་བྷིག་ག་ནན། གནོད་བྱེད་སརྦ་ཤ་ཏུཾ་མཱ་ར་ཡ་ནན། ཧཱུཾ་བྷ་ཡ་ནན། ཨོཾ་ནན། ཨཱནན། ཧཱུྃ་ནན། དགྲ་བགེགས་གནོད་བྱེད་ལུས་ངག་ཡིད་གསུམ་སརྦ་སྟམྦྷ་ཡ་ནན། ཧཱུྃ་བྷྱོ༔ ལོ་ཟླ་ཞག་ཟ་མ་དུས་ཚོད་ལ་དགྲ་བགེགས་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ་ཐམས་་ཅད་མཱ་ར་ཡ་རྦད་ནན། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མགོ་ལ་ཏིལ་རྡུང་བྱེད་པ། སེམས་ལ་སྡུག་བསྔལ་བཏང་བ། བསམ་པ་ལ་བར་ཆད་བཏང་བ། ལུས་ལ་ན་ཚ་བཏང་བ། སྲོག་ལ་བར་ཆད་བཏང་བ། ཟས་ནོར་ལ་གོད་ཁ་བཏང་བ་ཐམས་ཅད་མཱ་ར་ཡ་རྦད་ནན་། ཁ་ཡི་ཟས་འཕྲོག་མི་རྐུ་མི། ཁོག་གི་སྲོག་འཕྲོག་མི་རྐུ་མི། ལག་གི་ནོར་རྫས་འཕྲོག་མི་རྐུ་མི། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་བརྐུ་འཕྲོག་བཅོམ་གསུམ་བྱེད་མི་ཐམས་ཅད་མཱ་ར་ཡ་རྦད་ནན། རྐུན་མ་ཞག་བཟུང་ཇག་པ་རྟ་བཟུང་རྐུན་ཁ་ཤོམ་འཇབ་ལག་རིས་བྱེད་མི། རྐུ་འཕྲོག་སེམས་ལ་འཆང་མི། ཁ་ནས་བརྗོད་མི། ཡིད་སྨོན་


CMR018_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མི། གབ་རི་རྐུང་གསུམ་བྱེད་མི། གབ་སྒྲིབ་བྱེད་མི་ཐམས་ཅད་མཱ་ར་ཡ་རྦད་ནན། བརྒྱ་ཁ་མང་གིས་མི་ཁ་ཟུག་པ། སྟོང་མིག་མང་གིས་སྨྲ་མཆུ་ངན་གསོད་ཤོམ་རྐུ་ཤོམ་འཕྲོག་ཤོམ་བྱེད་མི། ངན་རྟགས་རྐུ་རྫུན་རྟགས་སྦྱོར་ངན་ཁ་ལྐོག་རྫུན་བྱེད་མི། དགྲ་གྱོད་ཀྱི་འཕོང་གནོན་ཞིང་ཁ་ཡོ་མཆུ་ཚུགས་བྱེད་མི་བསམ་པ་ངན་སྦྱོར་བ་རྩུབ་མི་ཐམས་ཅད་མཱ་ར་ཡ་རྦད་ནན། བན་བོན་སྔགས་པའི་ཕུར་དགྲ་ལང་པ། བྱད་མ་རྦོད་གཏོང་། །མཐུ་གཏད་དམོད་མོ་མཐོས་དོགས་དམས་དགའ་བྱེད་མི། འདེད་ཤོམ་གསོད་ཤོམ་རྐུ་ཤོམ་ཕྲོག་ཤོམ་བྱེད་མི་ཐམས་ཅད་མཱ་ར་ཡ་རྦད་ནན། སྐག་བདུད་གཤེད་གསུམ་ལ་བབ་པ། རྦད་འདྲེ་དྲོད་གཏོང་མི་ཁ་དགྲ་སྣ་གྱོད་སྣ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ། ཆུ་ལྟར་འབྲུབ་པ། ས་ལྟར་གཡེང་བ། ཡུལ་མི་ཁྱིམ་མཚེས་ཉེ་རིང་གི་མི་ཁ་ཟུག་པ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན། རྨི་ལམ་མཚན་ལྟས་ངན་པ། མོ་པྲ་སོགས་སྡིག་ངན་པ། ལྟས་ངན་ཆོ་འཕྲུལ་ངན་པ། ལྷ་འདྲེ་རྣམས་ཀྱི་


CMR018_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཁ་སྟོན་པ་ནད་འདྲེ་གཅོང་སྲི་གོད་འདྲེ་གོད་སྲི་བསེ་རག་འགོང་པོ་སྒབ་འདྲེ་སྒབ་སྲི་རྟོག་འགོང་ཐམས་ཅད་མཱ་ར་ཡ་ནན། གནོད་བྱེད་དགྲ་རྐུན་ཇག་གསུམ་བྱད་མ་རྦོད་གཏོང་ཐམས་ཅད་མཱ་ར་ཡ་ཆད་ནན། ཆིངས་ཤིག །མཱ་ར་ཡ་ཆད་ནན། ནོན་ཅིག །ཨོཾ་ལཾ། ཨཱལཾ། ཧཱུཾ་ལཾ། སྟམྦྷ་ཡ་ནན། ཨ་མཱ་ར་ཡ་རྦད་ནཱན། དགྲ་བགེགས་གནོད་བྱེད་ཐམས་ཅད་སརྦ་ཤ་ཏྲོ་མཱ་ར་ཡ་རྦད་ནན། མ་ཤི་ཡ་མཱནྟ་ཀ་མཱ་ར་ཡ་ཛཿ དགྲ་བགེགས་ཛཿཧཱུྃ་བཾ་ཧོཿ དགྲ་བགེགས་གནོད་བྱེད་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་ལ་དུ་ཏི་ཐུལ་ཐུལ། རྙོག་རྙོག་ལིང་ཤག་ལིང་ཐུམ་ཙ་མུན་ཎི་ཏྲི་ཛཿཧཱུྃ་བཾ་ཧོཿ ༈ ཏདྱ་ཐཱ། འདུ་ཤན་འདུ་ཤན། རཀྵ་རཀྟ། དགྲ་བགེགས་གནོད་བྱེད་ཀྱི་སྙིང་རྩ་སྲོག་རྩ་འདུས་འདུས། དགྲ་བགེགས་གནོད་བྱེད་ཀྱི་སྙིང་རྩ་སྲོག་རྩ་ཆོད་ཆོད། དགྲ་བགེགས་གནོད་བྱེད་ཀྱི་སྙིང་རྩ་སྲོག་རྩ་ལ་འཇིབ་འཇིབ། ཆིངས་ཤིག །ཨོཾ་ལཾ། ཨཱལཾ། ཧཱུཾ་ལཾ། ཐུམ་ལཾ། སྟམྦྷ་ཡི་རྦད་ནན། མཱ་ར་ཡ་རྦད་ནན། ཆིངས་ཤིག །ཧཱུྃ་ཧཱུྃ། ལཾ་ལཾ། ཧཱུཾ་ལཾ། དགྲ་བགེགས་གནོད་བྱེད་མཱ་ར་ཡ་རྦད་ནན། ཆིངས་ཤིག །སྟམྦྷ་


CMR018_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་རྦད་ནན། གནོད་བྱེད་དགྲ་བགེགས་ཐམས་ཅད་བསྐལ་པ་སྟོང་དུ་མ་ལྡང་ཞིག །མ་འཕར་ཅིག །ནོན་ཅིག །བྲུབ་ཅིག །བཞེས་ཤིག །ཟུངས་ཤིག །ཆིངས་ཤིག །སྡོམས་ཤིག །མ་ཤོར་ཅིག །མ་གཏོང་ཞིག །སོད་ཅིག་སོད་ཅིག་སོད་ཅིག །ཕཊ༔ ལན་དགུ་རྡོག་པས་བཅགས་བཅགས་ཐེངས་དགུ་བྱའོ། །མུན་པ་ནག་པོ་དགུ་རིམ་གྱིས་བསྐོར་བར་བསྒོམ། དེ་ནས་རྡོ་ཅུང་ཟད་བརྩེགས། ཕཊ༔ ལྕགས་ཁང་གི་སྟེང་དུ་གནམ་ལྕགས་ཀྱི་མཆོད་རྟེན་བང་རིམ་དགུ་པ་མུན་པའི་ན་བུན་འཐིབ་པ། ཆེ་ལ་བརྗིད་པ། ས་་ལ་བརྟན་པ། གཡོ་འགུལ་མེད་པ་ཞིག་གིས་མནན་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཕཊ་ཕཊ་ཕཊ༔ ཅེས་མནན་ལ་ཕྱི་མིག་མི་ལྟ་བར་འོང་། ཡོན་བདག་གི་ཁྱིམ་ན་འོང་རྒྱུ་ཡིན་ན།། ཚོགས་ཀྱི་མཆོད་པ་གང་འཐད་ཅིག་ཏང་རག་ཚུལ་དུ་བྱའོ། །རང་ཁྱིམ་དུ་འོང་རྒྱུ་ཡིན་ན་ས་དང་མཚམས་གཉན་སར་ཁལ་དབེན་ཡུད་ཙམ་བསྡད། རང་ཡི་དམ་ཁྲོས་མར་བསྒོམ་དབང་སྡུད་བྱ། དངོས་སུ་འབྱོར་རམ་ཡིད་ཀྱིས་ས་ཆ་ཡུལ་། ཕྱོགས་ལྷ་ཀླུ་གཞི་བདག་མཆོད་ལ། འོ་ས་འདི་ན་གནས་པའི་ལྷ་འདྲེ་རྣམས་ཀྱིས། ང་ཡི་རྗེས་སུ་འབྲང་བའི་སྒབ་འདྲེ་སྒབ་སྲི། ཟ་འདྲེ་ལྟོག་འགོང་དབུལ་སྲི་འབྱུང་པོ་བརྗེད་བྱད་འདི་


CMR018_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མ་གཏོང་ཟུངས་ཤིག །ཆིངས་ཤིག །མ་ཤོར་ཅིག །ཁྱོད་ལ་མཐུ་རྩལ་ཅི་གདའ་བལྟའོ། །དེ་ནས་ཁྱུང་གཅིག་གམ་ཁྲོ་ག་རུ་ཊ་བྲིས་ཞལ་ཕྱིར་གཟིགས་བཅུག་ལ། ༈ ཕཊ༔ ཡེ་། ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་ཞལ་ཕྱིར་གྲུ་ནས་རྗེས་བཅད་པར་གྱུར། ཕཊ་ཕཊ་ཕཊ དེ་ནས་རྗེས་མ་བཅད་ན། ཟ་འདྲེ་སྒབ་འདྲེ་རྗེས་སུ་འབྲང་ནས་ཟས་ནོར་ཡོན་གྱིས་ཕན་མི་ཐོགས་ཤིང་། ཟློག་པ་རིམ་གྲོ་སྒབ་མི་དྲོ་བ་ཡིན་པས། འདི་ཤིན་ཏུ་དོ་གལ་ཆེ་བ་ལགས། འདི་མཚོན་རྟགས་དང་གབ་སྦས་མ་བུ་མང་བས་བླ་མའི་ཞལ་ལས་ཤེས་སོ། །དུར་སྲི། ཟ་འདྲེ། ཤི་གཤེད། ཆུང་སྲི། གྲི་སྲི། ཐན་དང་ཆོ་འཕྲུལ། །ཎྞཾ བསེ་རག་འགོང་པོ་རྟ་འདྲེ་རྟ་སྲི་གོད་འདྲེ་གོད་སྲི། སེར་འདྲེ་སེར་སྲི་བཙའ་འངེ་བཙའ་སྲི། རྒྱལ་གདོན། ཆོ་འཕྲུལ།: སྒབ་འདྲེ་ཡུལ་འདྲེ་ནད་འདྲེ་དམ་སྲིའི་རིགས་གྱུར། དགྲ་བགེགས་ཐམས་ཅད་མནན་པ་ལ་དགོས་སོ། །ཨྠྀི། །མངྒ་ལཾ།། །།


previousཁྲོས་མ་ནག་མོའི་སྒོ་ནས་མནན་པ་བྱ་ཐབས།next