Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁྲོས་ནག་རྒྱུན་ཁྱེར། ནང་མཆོད་བྱིན་རླབས་བྱ་ཚུལ།


 
previousཁྲོས་ནག་རྒྱུན་ཁྱེར། ནང་མཆོད་བྱིན་རླབས་བྱ་ཚུལ།no next

ཁྲོས་ནག་རྒྱུན་ཁྱེར། ནང་མཆོད་བྱིན་རླབས་བྱ་ཚུལ།


CMR018_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ནང་མཆོད་མདུན་དུ་བཞག་ལ། ན་མོ་གུ་རུ་མཁའ་འགྲོའི་ཚོགས་དང་བཅས་པ་ལ་སྐྱབས་སུ་མཆིའོ། །བསྟན་པ་དང་སེམས་ཅན་གྱི་དོན་དུ་བདུད་འདུལ་ཁྲོས་མ་ལྷ་ལྔ་བསྒྲུབ་པར་བྱའོ། །སྐད་ཅིག་དྲན་རྫོགས་སུ་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པའི་རང་ཉིད་ཁྲོས་མ་ནག་མོ་གཡས་གྲི་གུག་གཡོན་ཐོད་ཁྲག༔ གྲུ་མོ་ན་ཁ་ཊཾ་ག་བཅུག་པ། སྤྱི་བོ་ནས་ཕག་ཞལ་ངུར་བ༔ གར་སྟབས་འཁྱུགས་པ༔ ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ༔ དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ༔ ལྷོར་རིན་ཆེན་མཁའ་འགྲོ༔ ནུབ་ཏུ་པདྨ་མཁའ་འགྲོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་རྣམས༔ གཙོ་མོ་ལྟ་བུ་ལ་གཡས་རང་རྟགས་དང་གཡོན་ཐོད་ཁྲག་འཛིན་པ༔ གྲུ་མོ་ན་ཁ་ཊཾ་ག་བསླངས་པ༔ གཙོ་འཁོར་ཐམས་ཅད་ཁྲོ་མོའི་ཆ་བྱད་ཅན༔ གཙོ་མོའི་ཐུགས་ཀར་ཧཱུཾ་ངམ་ཨཱམཐིང་ནག་ལས་སྔགས་ཕྲེང་གཡོན་དུ་འཁོར་བས༔ འཁོར་བཞིའི་ཐུགས་ཀར་རང་རང་གི་ས་བོན་གསལ་བར་གྱུར༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཧཱུཾ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བཟླས་ནས་ཐུན་བསྡུའོ༔ ནང་མཆོད་ལ་དམིགས་ནས༔ ཨོཾ་ཀརྨ་ཊཱཀི་ནི་ཧཱུྃ་ཕཊ༔ ཀྱིས་བསངས། ཨོཾ་སྭ་བྷ་ཝས་སྦྱངས།


CMR018_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་སྐྱེད་ཀྱི་སྟེང་དུ༔ ཀ་པཱ་ལ་རྒྱ་ཆེ་བའི་ནང་དུ༔ ཤ་ལྔ་བདུད་རྩི་ལྔ་སོ་སོའི་ཡིག་འབྲུས་མཚན་པ༔ རླུང་གཡོས་ཤིང་མེ་སྦར༔ ཁོལ་བས་ཞུ་བའི་སྟེང་ཧཱུྃ་ཨཱཨོཾ་བརྩེགས་པ་རིམ་བཞིན་ཞུ་བ་བདུད་རྩི་མཐིང་དམར་དཀར་པོས་ཁེངས་པར་གྱུར༔ ཨོཾ་ཨཱཧཱུྃ་ཧ་ཧོ་ཧི༔ ཐོད་པའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་སྟེང་དུ་པདྨ་འདབ་བཞི་ཉི་ཟླའི་སྟེང་དུ་ཨ་ཧ་རི་ནི་ས་ལས་འོད་འཕྲོས་བདུད་ཐམས་ཅད་བཅོམ༔ ཁྲོ་བོ་དང་ཁྲོ་མོའི་ནུས་པ་བསྡུས་ཡོངས་སུ་གྱུར་པ་ལས༔ དབུས་སུ་ལྷ ཁྲོས་མ་ནག་མོ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ༔ ལྷོར་རིན་ཆེན་མཁའ་འགྲོ་སེར་མོ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ༔ རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་གསལ་བའི་གནས་གསུམ་དང་སོ་སོའི་ས་བོན་ལས་འོད་ཟེར་འཕྲོས༔ ཨོ་རྒྱན་གྱི་གནས་ནས་ཡེ་ཤེས་ཀྱི་ཌཱཀི་རིགས་ལྔ་དཔག་ཏུ་མེད་པ་སྤྱན་དྲངས ཏྟཀི་ནི་ཧ་རི་ནི་ས ཨེ་ཨ་རལླི་ཧྲིཧྲཱིཿ ཕོ་བ༔ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས༔ ཨནྡྷཾ་པཱདྱ་པུབྦེ་དྷ་པེ་ཨཱ་ལོ་ཀེ་


CMR018_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷེ་ནེ་ཝིདྱ་ཤབྷ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མ་ཧཱ་པཱུ་ཛ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། བསྟོད་པར་འོས་པ་སོགས། ཡེ་ཤེས་མཁའ་འགྲོ་མ་རང་གི་ཐུགས་ཀར་ཐིམ༔ དམ་ཚིག་པ་འོད་དུ་ཞུ་ནས་བདུད་རྩི་ལ་ཐིམ༔ ཡེ་ཤེས་ཀྱི་བདུད་རྩི་དེ་གང་གིས་མྱོང་བ་ཐམས་ཅད་བླ་མེད་བདེ་ཆེན་གྱི་སར་འགོད་ནུས་པའི་རང་བཞིན་ཅན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲིཋཱ༔ དེ་ནས་སྲིན་ལག་གམ་རྔ་ཡབ་ཀྱིས་གཏོར་ཞིང་༔ ནམ་མཁའ་བར་སྣང་ཐམས་ཅད་རྩ་བ་གསུམ་གྱི་ལྷ་ཚོགས་ཀྱིས་གང་བར་དམིགས་ཏེ༔ བླ་མ་སྐུ་ལྔ་མཚན་བརྒྱད་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི༔ ཡི་དམ་བཀའ་དགོངས་ཕུར་གསུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི༔ མཁའ་འགྲོ་བྱེ་བ་འབུམ་སྡེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི༔ ཆོས་སྐྱོང་མ་ནིང་སྡེ་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི༔ བདུད་རྩིས་གཏོར་མ་བྲན་ལ༔ དེ་ནས་དངོས་སུ་རབ༔ མེད་ན་ཡིད་ཀྱིས་གནོད་


CMR018_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ་ལ་ལྕེ་ཐོག་ཏུ་བྱིན་པར་བསྒོམ་ལ་གཞན་གྱིས་མ་ཐོས་པར་མིང་རྣམས་སྨོས་པ་གལ་ཆེ་ལ༔ སརྦ་པཉྩ་ཨ་མྲྀ་ཏ་སྦྱིན་ནོ་ཁཱ་རཾ་ཁཱ་ཧི༔ ཞེས་མིང་སོ་སོ་ལ་བསྒྲགས་ཏེ་དམིགས་བྱའི་ལྕེ་ཐོག་ཏུ་སླེབ་པ་ཙམ་གྱིས་མཁའ་འགྲོ་མ་རྣམས་ཁོའི་ལྕེ་ཡི་དབང་པོ་ལ་ཐིམ་པས༔ རོ་མྱོང་བས་ཤེས་པ་བསྒྱུར༔ གནོད་བྱེད་གདུག་པའི་བསམ་པ་ཞི་ནས་ཕན་བདེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས༔ བདག་གི་མངའ་རིས་སུ་གྱུར་ནས་བཀའ་ཉན་པར་བསྒོམ་སྟེ༔ དམིགས་པ་མ་གསལ་བར་ནན་ཏན་དུ་བྱའོ༔ དེ་ལྟར་དུ་འགྱུར་རོ་གསུངས་སོ༔ གཏོར་མ་ལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃ༔ ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཧཱུཾ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུད་འདུལ་ཁྲོས་མ་འཁོར་དང་བཅས་པས་དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ བདུད་དང་བདུད་ཀྱི་རིགས་དང་བདུད་ཀྱི་སྡེ་ཐམས་ཅད་ཀྱི་གནོད་འཚེའི་གདུག་རྩུབ་བསམ་སྦྱོར་ངན་པ་ཐམས་ཅད་ཞི་ནས༔ ཕན་བདེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་ཕྲིན་ལས་རྒྱ་ཆེན་པོ་མྱུར་དུ་མཛད་དུ་གསོལ༔ ཞེས་པ་བརྒྱ་རྩ་རྒྱས་པར་སྤྲོ་ན་དམར་གཏོར་གཅིག་ལ་འགུགས་གཞུག་བྱས་ལ་དགོངས་འདུས་མཁའ་འགྲོའི་སྐུ་འབུམ་ནང་ལྟར༔ མཁའ་འགྲོ་སྙིང་ཐིག་གི་སྐུལ་བ་རྣམས་སོ༔ ཁྲོས་མ་དང་སེང་གདོང་མ་སོགས་མཁའ་འགྲོའི་སྐུལ་བ་གང་འདོད་སྦྱར་ལ། གཏོར་མ་ཡང་གནོད་བྱེད་ཀྱི་ཕྱོགས་སུ་ཕུལ་ལོ། །


CMR018_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་འདི་ལ་རིགས་ལྔ་ཙམ་ཡང་སྣང་། སྟབས་བདེ་ཞིང་ལག་ལེན་བདེ་བ་འདི་ལས་མི་སྣང་ལ། རྒྱས་པར་དགོངས་འདུས་མཁའ་འགྲོའི་ལས་བྱང་དང་འབྲེལ་དགོས་རྒྱུ་ཡིན་ནའང་བསྡུས་པ་འདིར་ཡང་དོན་འདུས་ངེས་པས། སྤྲུལ་སྐུའི་ཐུགས་དམ་རཱ་ག་ཨ་སྱས་བསྒྲིགས་པ་སྟེ། འདི་ནི་དགྲ་མནན་སོགས་དང་མི་འདྲ་བར། ཕ་རོལ་པོ་ལ་མི་གནོད་ཅིང་རང་ལའང་ཕན་པ་ཁུངས་བཙུན་པ་ཕུགས་ཆེའོ། །སློབ་མ་དམ་ལྡན་མ་གཏོགས་མི་སྤེལ་བཀའ་རྒྱའོ། །དགེའོ། །དོན་ལ་ཆོས་སྐུ་སྐྱེ་བ་མེད། །མིང་ཏུ་རྡོ་རྗེ་རྣལ་འབྱོར་མ། །བརྡ་རྟགས་བདེ་གཤེགས་སྐྱེས་པའི་སྡེ། །ཁྲོས་མ་ནག་མོས་དགེ་ལེགས་སྩོལ།། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཁྲོས་ནག་རྒྱུན་ཁྱེར། ནང་མཆོད་བྱིན་རླབས་བྱ་ཚུལ།no next