Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
དཔལ་རྡོ་རྗེ་ཕྲེང་བ་ལས་བྱ་སྤྱོད་དཀྱིལ་འཁོར་དྲུག་གི་དབང་སྒྲུབ་ཀྱི་ཆོ་ག་ཀློག་པས་ཆོག་པ།
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་ཕྲེང་བ་ལས་བྱ་སྤྱོད་དཀྱིལ་འཁོར་དྲུག་གི་དབང་སྒྲུབ་ཀྱི་ཆོ་ག་ཀློག་པས་ཆོག་པ།next

དཔལ་རྡོ་རྗེ་ཕྲེང་བ་ལས་བྱ་སྤྱོད་དཀྱིལ་འཁོར་དྲུག་གི་དབང་སྒྲུབ་ཀྱི་ཆོ་ག་ཀློག་པས་ཆོག་པ།


CMR020_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་ཕྲེང་བ་ལས་བྱ་སྤྱོད་དཀྱིལ་འཁོར་དྲུག་གི་དབང་སྒྲུབ་ཀྱི་ཆོ་ག་ཀློག་པས་ཆོག་པ་བཞུགས་སོ།།


CMR020_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་ར་ཡེ། རྡོ་རྗེ་འཆང་དངོས་རྩ་བརྒྱུད་བླ་མ་དང་། །རྒྱུད་སྡེའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ནས། །རས་བྲིས་ལ་བརྟེན་རྡོ་རྗེ་ཕྲེང་བ་ཡི། །དབང་སྒྲུབ་དབང་ཆོག་ཁྱེར་བདེར་བཀོད་པ་ལ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །དེ་ལ་བྱ་སྤྱོད་རྒྱུད་ཀྱི་དབང་སྒྲུབ་ནི། །དཀྱིལ་འཁོར་བུམ་པ་མཆོད་གཏོར་སྤྱི་ལྟར་བཤམས། །རང་རང་ལས་སྔགས་བརྗོད་པས་བསང་བྱ་ཞིང་། །སྲ་བྷ་ཝེ་ཡིས་སྟོང་པར་སྦྱངས་བྱས་ཏེ། སྟོང་པའི་ངང་ལས་། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཞབས་


CMR020_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ། །ཞལ་བསིལ། འཐོར་འཐུང་། མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་ཨཱཿཧཱིཝཔྲ་ཝ་ར་སཏྟ་ར་པཧཱུྃ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿཧིསོགས་མགོར་སྦྱར། དྲྀཀྵ་ཙཱ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཨཉྩ་མཱ་ནཱི་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཨགྷཾ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཨོབ་པུཋེ་ཧཱུྃ། དེ་བཞིན་དུ། །ཤབྡའི་བར་སྔགས་དང་ཕྱག་རྒྱས་བྱིན་བརླབས། ཨོཾ་བཛྲ་དྷམ་ར་ཎི་ཏ། གནྡྷེ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏ་


CMR020_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ད་སཾ་བྷ་ཝེ། བཛྲ་དྷརྨ་ཧཱུཾ་ད་ཡ་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ། རྗེའི་དཀྱིལ་འཁོར་ཉམས་སུ་བླང་བར་བྱའོ། །རང་ཉིད་སྐད་ཅིག་གིས་སྒེར་གསལ་བའི་ཐུགས་ཀར། ཉི་མའམ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ།་ས་བོན་རྒེ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས། རྗེའི་དཀྱིལ་འཁོར་ལ་བླ་མ་བརྒྱུད་པ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་


CMR020_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ཛཿ ན་མོ་གུ་རུ་བྷྱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ན་མེ་ན་བཛྲ་བྷནྡྷཱ་ནཾ་ཀ་རོ་མི། ཞེས་པས་བླ་མ་དང་ཡི་དམ་ལ་ཕྱག་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲཱིཿ པྲ་ཝ་ར་སཏྟ་ར་པཱཏྱཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤུ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཆུ་གསུམ་དང་ཤཔྟའི་བར་གྱིས་མཆོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་ཙམ་བཟུང་ནས། ཨོཾ་བཛྲ་མུཿ ཚོགས་ཞིང་གཤེགས་སུ་གསོལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཿཏྨ་ཀོཉཧཾ། སྟོང་པའི་ངང་ལས་འོག་ཏུ་སྲ་ཞིང་མཁྲེགས་ལ་དུམ་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་ས་གཞི་དང་། དེའི་ལོགས་སུ་རྡོ་རྗེའི་རྭ་བ་དང་། སྟེང་དུ་རྡོ་རྗེའི་མདའི་དྲ་བ་དང་། དེའི་འོག་ཏུ་རྡོ་རྗེའི་བླ་བྲེ་དང་། ཕྱི་རོལ་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་རྡོ་རྗེའི་


CMR020_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གུར་ཡངས་ཤིང་རྒྱ་ཆེ་བའོ། །དེ་ལྟ་བུའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། འབྱུང་བཞི་ལྷུན་པོ་དང་བཅས་པའི་སྟེང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་བཞུགས་གནས་ཀྱི་གཞལ་ཡས་ཁང་པ། གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་རིམ་པ་ལྔ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲའི་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན།་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲ་བ་ཕྱེད་པ་དང་། དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་


CMR020_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞིའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་། འདི་ཡན་བྱ་སྤྱོད་དྲུག་པོ་འདྲ།་ཤར་དཀར། ལྷོར་སེར། ནུབ་དམར། བྱང་ལྗང་། དབུས་སྔོན་པོ། རྩིག་པ་ནི་ནང་ནས་བརྩམས་ཏེ། སྔོན་པོ་ལྗང་ཁུ། དམར་པོ། སེར་པོ། དཀར་པོའོ། །གཞལ་ཡས་ཁང་གི་ནང་དུ། ལྷ་སྣམ་རིམ་པ་གསུམ་གྱི་དབུས་སུ་ལིང་ཚེ་དགུ་པའི་ལྟེ་བར། སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། ཞལ་རྣམ་པར་འགྱུར་བ་ཅན། མཆེ་བ་


CMR020_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྣོན་པོ་གཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ཀྱིས་རང་གི་ཕྱག་རྒྱ་ཐུགས་ཀར་འཆིང་བ། གཡས་ཀྱི་འོག་མས་རྡོ་རྗེ་དང་། གཡོན་གྱི་འོག་མས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས། འབྱུང་པོ་བ་གཞན་གྱིས་མི་ཐུབ་པ་དཀར་པོ་གཡས་གཉིས་ན་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ན་ཐོད་པ་དང་རྩེ་གསུམ་འཛིན་པ། ཡང་དག་པར་མནན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་དུ་གླང་པོ་ཆེ་དང་ཉི་མ་ལ་དབང་ཕྱུག་ཆེན་པོ་ཐལ་ཁ། ཕྱག་བཞི་པ། གཡས་གཉིས་ཀྱིས་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ཀྱིས་ཐོད་པ་དང་རྩེ་གསུམ་འཛིན་པ། ལྷོར་ནམ་མཁའ་ལྡིང་དང་ཉི་མ་ལ་ཁྱབ་འཇུག་ནག་པོ། གཡས་གཉིས་ཀྱིས་རྔ་ཡབ་དང་དུང་། གཡོན་གཉིས་ཀྱིས་འཁོར་ལོ་དང་དབྱུག་ཐོ་འཛིན་པ། །ནུབ་ཏུ་ངང་པ་དང་ཟླ་བའི་སྟེང་དུ། ཚངས་པ་དཀར་པོ་ཞལ་བཞི་པ། ཕྱག་བཞིའི་གཡས་གཉིས་བགྲང་ཕྲེང་དང་གདུགས། གཡོན་པ་གཉིས་ཀྱིས་པདྨ་དང་སྤྱི་བླུགས་འཛིན་


CMR020_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པ། བྱང་དུ་རྨ་བྱ་དང་ཉི་མའི་སྟེང་དུ་སྨིན་དྲུག་གི་བུ་དམར་པོ། ཕྱག་གཉིས་པའི་གཡས་པས་རྔ་ཡབ་དང་། གཡོན་པས་ཤཀྟི་འཛིན་པ། དབང་ལྡན་དུ་བྲ་བ་བྱི་བ་དང་། ཟླ་བ་ལ་ཚོགས་བདག་དཀར་པོ་གླང་གི་གདོང་པ་ཅན། ཕྱག་གཡས་པ་གཉིས་ན་ལ་ཕུག་དང་དགྲ་ས། གཡོན་པ་གཉིས་ན་རྩེ་གསུམ་དང་ཐོད་པ་འཛིན་པ། མེར་ཉི་མའི་དཀྱིལ་འཁོར་ལ་ཉི་མ་དམར་པོ་ཕྱག་གཉིས་ཀྱིས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་འཛིན་པ། བདེན་བྲལ་དུ་ཤིང་རྟའི་སྟེང་དུ། ཉི་མ་དང་ཟླ་བ་ལ་གནས་པའི་སྒྲ་གཅན་དམར་ནག །ཕྱག་གཉིས་ཀྱིས་ཉི་མ་དང་ཟླ་བར་བཅས་པའི་ཐལ་མོ་སྦྱར་བ། རླུང་དུ་ཟླ་བའི་སྟེང་དུ་དགའ་བྱེད་དབང་ཕྱུག་སེར་པོ། གཡས་ཌཱ་མ་རུ་དང་། གཡོན་རྩེ་གསུམ་འཛིན་པ། རིམ་པ་གཉིས་པའིཤར་དུ། དཔལ་མོ་དཀར་མོ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བས་མེ་ཏོག་པདྨ་འཛིན་པ། ལྷོར་ཐིག་ལེ་མཆོག་མ་དམར་མོ་སྤོས་སྣོད་འཛིན་པ། ནུབ་ཏུ་ཟླ་བ་མ་དམར་མོ་མར་མེ་འཛིན་པ། བྱང་དུ་དཀའ་ཟློག་མ་སེར་མོ་གདེངས་ཀའི་ལག་པ་བཟློག་ནས་སྤྱི་བོར་བཞག་ནས་གར་བྱེད་པ། མེར་རིན་པོ་ཆེའི་


CMR020_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མོ་དམར་མོ་དྲིའི་དུང་ཆོས་འཛིན་པ། བདེན་བྲལ་དུ་དབྱངས་ཅན་མ་ལྗང་གུས་པི་ཝང་གི་སྒྲ་སྒྲོགས་པ། རླུང་དུ་ཟླ་མཛེས་མ་ནག་མོ་རིན་པོ་ཆེའི་ཕྲེང་བ་འཛིན་པ། དབང་། ལྡན་དུ་དབང་མོ་འབྱོར་མ་སེར་མོ་གར་བྱེད་མ་རྡོ་རྗེ་རྩེ་གསུམ་འཛིན་པ། ཐམས་ཅད་ཀྱང་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པའོ།། རིམ་པ་གསུམ་པའི་ཤར་ཕྱོགས་སུ་གླང་པོ་ཆེ་ས་སྲུང་དཀར་པོ་དང་ཟླ་བའི་གདན་ལ། བརྒྱ་བྱིན་སེར་པོ་ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་པས་རྡོ་རྗེ་འཛིན་པ། ལྷོར་མ་ཧེ་དང་ཉི་མའི་གདན་ལ་གཤིན་རྗེ་ནག་པོ། གཡས་ཐོད་པས་མཚན་པའི་དབྱུག་པ། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། ནུབ་ཏུ་སྦྲུལ་དང་ཟླ་བ་ལ། ཆུ་ལྷ་དཀར་པོ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་པས་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་གྱི་སྟེང་དུ་ལུས་ངན་སེར་པོ་གཡས་དབྱུག་པ། གཡོན་ནེའུ་ལེ་འཛིན་པ། མེར་ར་དང་ཉི་མ་ལ་གནས་པའི་མེ་ལྷ་དམར་པོ། ཕྱག་བཞི་གཡས་གཉིས་ན་མཆོག་སྦྱིན་དང་བགྲང་ཕྲེང་། གཡོན་པ་གཉིས་ན་དབྱུག་གུ་རྩེ་གསུམ་དང་སྤྱི་བླུགས་འཛིན་པ། བདེན་བྲལ་དུ་རོ་ལངས་མ་དང་


CMR020_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ལ་སྲིན་པོ་ནག་པོ། གཡས་རལ་གྲི་དང་གཡོན་ཐོད་པ་འཛིན་པ། རླུང་དུ་རི་དྭགས་དང་ཟླ་བ་ལ་རླུང་ལྷ་སྔོན་པོ། ཕྱག་གཉིས་ཀྱིས་རླུང་རས་འཛིན་པ། དབང་ལྡན་དུ་པདྨ་དང་ཟླ་བ་ལ། དབང་ཕྱུག་ཆེན་པོ་ཐལ་སྐྱ་ཕྱག་བཞི་པ། གཡས་གཉིས་ན་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ན་ཐོད་པ་དང་རྩེ་གསུམ་འཛིན་པ། དེའི་གཡས་སུ་པདྨ་དང་ཟླ་བ་ལ་ཟླ་བ་དཀར་པོ་གཡས་ཀུ་མུད་ཏ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་དང་། གཡོན་མཆོག་སྦྱིན་མཛད་པ། ཐམས་ཅད་ཀྱང་རང་རང་གི་རྒྱན་དང་ཆ་ལུགས་དང་ལྡན་པའོ།། རིམ་པ་བཞི་པའི་ཤར་དུ།་སེང་གེའི་རྒྱལ་མཚན་མ་དཀར་མོ་སེང་གེའི་རྒྱལ་མཚན་འཛིན་པ། ལྷོར་རྣམ་པར་རྒྱལ་མ་དམར་མོ་ལྕགས་ཀྱུ་འཛིན་པ། །ནུབ་ཏུ་པདྨ་ལྡན་མ་དཀར་མོ་གཡས་པས་མདའ་དང་གཡོན་པས་གཞུ་འཛིན་པ། བྱང་དུ་ཆང་འཕྲོག་མ་དམར་མོ། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་པ། དབང་ལྡན་དུ་ལ་མཆོག་འཕྲོག་མ་སེར་མོ་མེ་ཏོག་དང་བཅས་པའི་ཐལ་མོ་ཐུགས་ཀར་སྦྱར་བ། མེར་རིན་ཆེན་དབང་ཕྱུག་མ་སེར་མོ་སྤོས་ཕོར་འཛིན་པ། བདེན་བྲལ་དུ་རྒྱུན་མ་སེར་མོ་དྲིའི་དུང་


CMR020_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཛིན་པ།་རླུང་དུ་འོག་སྐྱོང་མ་སེར་མོ་མར་མེའི་མཆོད་སྡོང་འཛིན་པ། བརྒྱད་པོ་ཐམས་ཅད་ཀྱང་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། ཐམས་ཅད་ཀྱང་རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །རིགས་བདག་མི་བསྐྱོད་པ། །སྔགས་ནི། ཧཱུྃ་བཛྲ་ཕཊ། ཡང་ན། ཨོཾ་བྷ་ཏ་ཌ་མ་ར་བྷ་ཏ་ཨ་ཏི་པ་ཏི་ཨཀྴོ་བྷཿ ཀི་རི་ཊི་ན་སརྦ་བྷ་ཏ་སྲེ་ཏ་པི་ཤ་ཙ་ན་ས་དྷ་ཡ་ཧཱུྃ་ཕཊ། འབྱུང་པོ་འདུལ་བྱེད་ལྷ་སུམ་ཅུ་སོ་བཞིའི་དཀྱིལ་འཁོར་འདི་ནི་སྤྱོད་རྒྱུད་ཡིན་ནོ། །ལས་སྔགས། ཨོཾ་སརྦ་བིགྷན་ཏ་ཀྲྀཏོ་ཧཱུྃ་ཕཊ། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །སོགས་ཀྱིས་བསྟོད།། ༈ །།བྱ་རྒྱུད་འོད་ཟེར་ཅན་མ་ལྷ་ཉེར་ལྔའི་དཀྱིལ་འཁོར་ནི། རྩིག་པ་ནི་ནང་ནས་དཀར་ལྗང་དམར་སེར་སྔོན་པོའོ། །ལྷ་སྣམ་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བའི་སྟེང་དུ། མཆོད་རྟེན་གྱི་བུམ་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། རྣལ་འབྱོར་རྫོགས་ཕྲེང་ལས་ཟླ་བའམ་ཉི་མ་ཞེས་གསུངས་པ་ནི། ཉིན་མོ་བསྒོམས་ན་ཉི་གདན་དང་། མཚན་མོ་བསྒོམས་ན་ཟླ་གདན་བྱེད་གསུངས། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་འོད་ཟེར་ཅན་སྐུ་ 


CMR020_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སེར་མོ་ཞལ་གསུམ་ཕྱག་དྲུག །རྩ་བའི་ཞལ་སེར་པོ། གཡས་དཀར་གཡོན་ནག་མོ་ཕག་གི་ཞལ་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ༔ ཕྱག་དྲུག་གི་གཡས་རྣམས་ན། མདའ་དང་རྡོ་རྗེ་དང་ཁབ་འཛིན་པ། གཡོན་པ་རྣམས་ཀྱིས་གཞུ་དང་སྐུད་པ་དང་མྱ་ངན་མེད་པའི་ཤིང་མེ་ཏོག་དང་བཅས་པའི་ཡལ་ག་འཛིན་པ། སྟོད་གཡོགས་དང་སྨད་གཡོགས་སྔོན་པོ་ཅན། རིན་པོ་ཆེའི་སྣ་ཚོགས་ཀྱི་ཅོད་པན་དང་། དབུ་སྐྲ་ལ་མཆོད་རྟེན་གྱིས་བརྒྱན་པ། གསེར་མདོག་ལྟ་བུའི་ཕག་གི་གདན་ལ་བཞུགས་པ། །དེའི་ཤར་ཕྱོགས་སུ་ཨརྐ་མ་སི་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་ཁབ་དང་གཡོན་པས་སྐུད་པ་འཛིན་པ། ལྷོར་མརྐ་མ་སི་སྐུ་མདོག་སེར་མོ། གཡས་པས་སྐུད་པ་དང་བཅས་པའི་ཁབ་དང་། གཡོན་པས་མྱ་ངན་མེད་པའི་ཡལ་ག་འཛིན་པ། ནུབ་ཏུ་ཨན་དྷར་དྷ་ན་མ་སི་སྐུ་མདོག་སེར་མོ། གཡས་པས་མྱ་ངན་མེད་པའི་ཡལ་ག་དང་། གཡོན་པས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། བྱང་དུ་ཏེ་ཇོ་མ་སི་སྐུ་མདོག་དམར་མོ། གཡས་ན་མདའ་དང་གཡོན་པས་གཞུ་


CMR020_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། མེ་ལ་སོགས་པའི་མཚམས་བཞིར་ཨུ་ཏ་ཡ་མ་སི་དང་། གུལ་མ་མ་སི་དང་། བ་ན་མ་སི་དང་། ཅི་འབར་མ་སི་རྣམས་དང་། རིམ་པ་བཞིན་དུ་ཨརྐ་མ་སི་ལ་ལྟསོགས་པ་ཕྱོགས་མ་བཞིའི་སྐུ་མདོག་དང་ཕྱག་མཚན་ཇི་ལྟ་བ་བཞིན་ནོ། །རིམ་པ་གཉིས་པའི་ཤར་གྱི་སྣམ་བུ་ལ། མ་ཧཱ་ཙི་ར་མ་སི་དང་། བཱ་ར་ཧི་མུ་ཁི་གཉིས་སྐུ་མདོག་ནག་མོ་གཡས་པས་ལྕགས་ཀྱུ་དང་། གཡོན་པས་ཞགས་པ་འཛིན་པ། ལྷོའི་སྣམ་བུ་ལ། པ་ད་ཀྲ་མ་སི་དང་། བ་ར་ལི་གཉིས་སྐུ་མདོག་སེར་མོ། གཡས་པས་རྡོ་རྗེ་དང་། གཡོན་པས་མྱ་ངན་མེད་པའི་ཡལ་ག་འཛིན་པ། ནུབ་ཀྱི་སྣམ་བུ་ལ། པ་ཏ་ཀྲ་མ་སི་དང་། བཱ་ར་ལི་གཉིས་སྐུ་མདོག་དམར་མོ་གཡས་པས་མདའ་དང་གཡོན་པས་གཞུ་འཛིན་པ། བྱང་གི་སྣམ་བུ་ལ། ཨུཏཱ་མ་སི་དང་། བ་ར་ལི་གཉིས་སྐུ་མདོག་ལྗང་གུ། གཡས་པས་ཁབ་དང་གཡོན་པས་སྐུད་པ་འཛིན་པ། མེར་བད་ཏ་ལི་དམར་མོ། གཡས་པས་ཁབ་དང་གཡོན་པས་སྐུད་པ་འཛིན་པ། བདེན་བྲལ་དུ་བ་ར་ལི་སེར་མོ་བ་གཡས་པས་སྐུད་པ་དང་བཅས་པའི་ཁབ་དང་། གཡོན་པས་ཡལ་ག་དང་བཅས་པའི་མྱ་


CMR020_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ངན་མེད་པའི་མེ་ཏོག་གི་ཆུན་པོ་འཛིན་པ། རླུང་དུ་བ་ར་ལི་སྐུ་མདོག་དཀར་མོ་གཡས་པས་མྱ་ངན་མེད་པའི་ཡལ་ག་དང་གཡོན་ཞགས་པ་འཛིན་པ། དབང་ལྡན་དུ་བ་ར་ཧཱ་མུ་ཁི་སྐུ་མདོག་དམར་མོ། གཡས་པས་མདའ་དང་གཡོན་པས་གཞུ་འཛིན་པ། ལྷ་མོ་ཉི་ཤུ་པོ་ཐམས་ཅད་ཀྱང་། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་གནས་པའོ། །ཤར་སྒོར་ཨཱཿ་ལོ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ཏ་ལོ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་ཀ་ལོ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་ལྕེ་ལ་ས་བ་མུཙྪཱ་ཏྲ་ལྗང་ཁུ་དྲིལ་བུ་འཛིན་པ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་མ། སྣ་ཚོགས་པདྨ་དང་ཉི་མ་ལ་གཡས་བརྐྱང་ཞིང་གཡོན་བསྐུམས་པས་བཞུགས་པ། ལྷ་མོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཀྱང་། ཕག་ཞལ་གཅིག་མ། ཕྱག་གཉིས་མ། སྤྱན་གསུམ་པ། ལང་ཚོ་དར་ལ་བབ་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་། མཆོད་རྟེན་གྱིས་དབུ་ལ་བརྒྱན་པ་སྟོད་གཡོགས་དང་སྨད་གཡོགས་སྔོན་པོ་ཅན། གསེར་མདོག་ལྟ་བུའི་ཕག་པའི་གདན་ལ་བཞུགས་པའོ། །རིགས་བདག་རྣམ་པར་སྣང་


CMR020_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། སྔགས་ནི། ཨོཾ་མཱ་རི་ཙེ་སྭཱ་ཧཱ། ཞེས་ཅི་ནུས་བཟླའོ། །ཨོཾ་མཱ་རི་ཙེ་ཧཱུྃ་སརྦ་བིགྷཱན་ཨུཙྪ་ཏ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ལས་སྔགས་སོ། །གང་ཞིག་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་སྐྱབས་མཛད་ཅིང་། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད།། ༈ །།གཟུངས་གྲྭ་ལྔ་ལྷ་མོ་བཅུ་གསུམ་གྱི་དཀྱིལ་འཁོར་ནི། ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་ལྗང་། དབུས་སེར་པོའོ། །རྩིག་པ་ནི་ནང་ནས་སེར་ལྗང་དམར་སྔོ་དཀར་བའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ཕྱོགས་བཞི་ཡང་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རེ་རེ། དབུས་ཀྱི་པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་སོ་སོ་འབྲང་མ་ཆེན་མོ། སྐུ་མདོག་སེར་མོ། ཞལ་བཞི་ཕྱག་བཅུ་གཉིས་མ། རྩ་བའི་ཞལ་སེར་པོ། གཡས་ཞལ་དཀར་གཡོན་ཞལ་དམར་རྒྱབ་ཞལ་སྔོན་མོ། ཕྱག་བཅུ་གཉིས་ཀྱི་གཡས་པ་རྣམས་ན། རིན་པོ་ཆེའི་པ་ཏྲ་དང་། འཁོར་ལོ་དང་། རྡོ་རྗེ་དང་། མདའ་དང་། རལ་གྲི་དང་། མཆོག་


CMR020_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པ་རྣམས་ཀྱིས་རིམ་པ་བཞིན་དུ། རྡོ་རྗེ་དང་། ཞགས་པ་དང་། རྩེ་གསུམ་དང་། གཞུ་དང་། དགྲ་སྟ་དང་། དུང་རྣམས་འཛིན་པ། དབུ་ལ་མཆོད་རྟེན་གྱིས་བརྒྱན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །དེའི་ཤར་ཕྱོགས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་གདན་གྱི་སྟེང་དུ། །སྟོང་ཆེན་མོ་རབ་ཏུ་འཇོམས་མ་སྐུ་མདོག་དཀར་མོ་ཞལ་བཞི་ཕྱག་བཅུ་མ། རྩ་བའི་ཞལ་དཀར་པོ། གཡས་སྔོ། གཡོན་ལྗང་གུ་རྒྱབ་སེར་བ། ཕྱག་བཅུའི་གཡས་པ་རྣམས་ན། པདྨ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་དང་། མཆོག་སྦྱིན་དང་། ལྕགས་ཀྱུ་དང་། མདའ་དང་། རལ་གྲི་འཛིན་པ། གཡོན་པ་རྣམས་ཀྱིས་རིམ་པ་བཞིན་དུ། རྡོ་རྗེ་དང་། སྡིགས་མཛུབ་དང་། ཞགས་པ་དང་། གཞུ་དང་། དགྲ་སྟ་རྣམས་འཛིན་པ། རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། ལྷོར་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། གསང་སྔགས་རྗེས་སུ་འཛིན་མ་ཆེན་མོ་སྐུ་མདོག་ནག་མོ་ཞལ་གསུམ་ཕྱག་བཅུ་གཉིས་མ། རྩ་བའི་ཞལ་ནག་པོ། གཡས་དཀར་གཡོན་དམར། ཕྱག་


CMR020_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཀྱི་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། དེའི་འོག་མ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་། མདའ་དང་། མཆོག་སྦྱིན་དང་། མི་འཇིགས་པའི་ཕྱག་རྒྱ་མཛད་པ། གཡོན་ལྷག་མ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། གཞུ་དང་རིན་པོ་ཆེའི་པ་ཏྲ་དང་། །པདྨས་མཚན་པའི་བུམ་པ་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ།། ནུབ་ཏུ་སྣ་ཚོགས་པདྨ་དང་ཉི་མ་ལ། བཅོམ་ལྡན་འདས་མ་བསིལ་བའི་ཚལ་ཆེན་མོ་སྐུ་མདོག་དམར་མོ། ཞལ་གསུམ་ཕྱག་བརྒྱད་མ། རྩ་བའི་ཞལ་དམར། གཡས་ཞལ་དཀར། གཡོན་ཞལ་ནག་པོ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ན་རིམ་བཞིན་དུ་པདྨ་དང་བཅས་པའི་མི་འཇིགས་པའི་ཕྱག་རྒྱ་དང་། མདའ་དང་། རྡོ་རྗེ་དང་། རལ་གྲི་འཛིན་པ། གཡོན་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་དང་། གཞུ་དང་རིན་པོ་ཆེའི་རྒྱལ་མཚན་དང་སྙིང་གར་གནས་པའི་པུ་ཏི་འཛིན་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། བྱང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་མ་


CMR020_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་བྱ་ཆེན་མོ་སྐུ་མདོག་ལྗང་གུ། ཞལ་གསུམ་ཕྱག་བརྒྱད་མ། རྩ་བའི་ཞལ་ལྗང་གུ། གཡས་ནག་གཡོན་དཀར་བ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ན་རྨ་བྱའི་མཇུག་སྒྲོ་དང་། མདའ་དང་། མཆོག་སྦྱིན་དང་། རལ་གྲི་འཛིན་པ། གཡོན་པ་རྣམས་ཀྱིས་ལྷུང་བཟེད་ལ་གནས་པའི་དགེ་སློང་དང་། གཞུ་དང་། པང་དུ་གནས་པའི་བུམ་པ། རིན་པོ་ཆེའི་འབར་བ་འདབ་ཅན་དང་། སྣ་ཚོགས་རྡོ་རྗེ་ལ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་འཛིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིམ་པ་གཉིས་པའི་ཤར་ལྷོར།་ཀཱ་ལི་སྐུ་མདོག་ནག་མོ་ཕྱག་གཉིས་ཀྱིས་དུང་འཛིན་པ། ལྷོ་ནུབ་ཏུ་དུས་མཚན་མ་སེར་མོ་ཕྱག་གཉིས་ཀྱིས་རྡོ་རྗེས་མཚན་པའི་རྒྱལ་མཚན་འཛིན་པ། །ནུབ་བྱང་དུ་རྣ་བ་མ་ནག་མོ། སྐུ་མདོག་དམར་མོ་ཕྱག་གཉིས་ཀྱིས་དགྲ་སྟ་འཛིན་པ། བྱང་ཤར་དུ་གོ་རིམ་སྐུ་མདོག་དཀར་མོ། ཕྱག་གཉིས་ཀྱིས་རྩེ་གསུམ་འཛིན་པ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་མ། ལྷ་མོ་དགུ་པོ་ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། གོས་དང་རིན་པོ་ཆེའི་ཅོད་པན་ཅན། རིན་པོ་ཆེའི་སྣ་ཚོགས་


CMR020_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བརྒྱན་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་རྡོ་རྗེ་ཞགས་པ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་རྡོ་རྗེ་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ།་་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡས་བརྐྱང་ཞིང་གཡོན་བསྐུམས་པས་བཞུགས་པ། རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པའོ། །རིགས་བདག་རིན་ཆེན་འབྱུང་ལྡན། གང་གིས་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །ཁྲོ་བ་ཅན་ལ་ཁྲོ་བའི་རྣམ་པ་ནི། །ཉེ་བར་བསྟན་ནས་ཁྲོ་སོགས་ཞི་མཛད་པ། །བྱང་ཆུབ་སེམས་གནས་དེ་ལ་ཕྱག་འཚལ་བསྟོད། །སྔགས་ནི། ཨོཾ་མ་ཎི་དྷ་རི་བཛྲ་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལས་ཐམས་ཅད་པའི་སྔགས་ཀྱང་དེ་ཉིད་དོ། །ཨོཾ་ཨ་མ་ཧཱ་ས་ཧ་ཤ་པྲ་མརྟ་ནི་ཧཱུཾ་ཧཱུཾ། ཨོཾ་ཨ་མ་ཧཱ་མ་ཡུ་རི་མཾ་ཧཱུཾ། ཨོཾ་ཨ་མ་ཧཱ་མནྟ་ཨ་མ་ནུ་དྷ་རི་ཎི་ཧཱུཾ་ཧཱུཾ། ཨོཾ་ཨ་མ་ཧཱ་ཤི་བ་ཏི་བཛྲ་ཧཱུྃ། ༈ །།ཀྲྀ་ཡ་ས་མུཉྩ་ལས་གསུངས་པའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་གྱི་དང་པོ། དཔལ་འབྱོར་རྒྱས་པར་བྱེད་པ་ནོར་རྒྱུན་མ་ལྷ་བཅུ་དགུའི་དཀྱིལ་འཁོར་ནི། ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་ལྗང་།


CMR020_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སེར་པོ། རྩིག་པ་ནི་ནང་ནས་སེར་ལྗང་དམར་སྔོ་དཀར་པོའོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ། ལྷ་སྣམ་རིམ་པ་གཉིས་ཀྱི་དབུས་སུ། །ལས་པདྨ་སེར་པོའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་སུམ་ཡིག་ལས་བྱུང་བའི་རིན་པོ་ཆེའི་རི་བོའི་སྟེང་དུ། པཾ་ལས་བཅོམ་ལྡན་འདས་མ་ནོར་རྒྱུན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་དྲུག་མ། རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། ཕྱག་གཡས་ཀྱི་དང་པོས་མཆོག་སྦྱིན་གྱི་ཕྱག་རྒྱས་གཏེར་སྟོན་པར་མཛད་པ། །གཉིས་པས་རིན་པོ་ཆེའི་ཆར་འབེབས་པ། གསུམ་པས་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པ་རྒྱ་མཚོ་ངེས་པར་སྒྲོགས་པས་ཕྱག་རྒྱ་མཛད་པ། གཡོན་གྱི་དང་པོས་བུམ་པ་བཟང་པོ་དང་། གཉིས་པས་འབྲས་ཀྱི་སྙེ་མ་དང་། གསུམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཕྱིར་རོལ་གྱི་སྣམ་བུ་ལ། ནུབ་ཀྱི་དབུས་སུ་པད་ཟླའི་སྟེང་དུ། དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པ་རྒྱ་མཚོ་ངེས་པར་སྒྲོག་པ་སྐུ་མདོག་སེར་པོ་གཡས་མཆོག་སྦྱིན་དང་། གཡོན་ཁུ་ཚུར་


CMR020_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བརླའི་སྟེང་དུ་འགྱིང་བག་དང་བཅས་པས་བཞག་པ། དེའི་གཡས་སུ་སྤྱན་རས་གཟིགས་དམར་པོ། ཞི་བའི་ཚུལ་ཅན། གཡས་མཆོག་སྦྱིན་གཡོན་གདན་ལ་བརྟེན་པ། གཡོན་དུ་ཕྱག་ན་རྡོ་རྗེ་ལྗང་གུ་ཅུང་ཟད་ཁྲོས་པའི་ཚུལ་ཅན། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་གདན་ལ་བརྟེན་པ། དེ་གསུམ་ཀའང་ཞལ་གཅིག་ཕྱག་གཉིས་པ། །དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཤར་གྱི་སྣམ་བུའི་དབུས་སུ་པད་ཟླ་ལ། ལྷ་མོ་ཨི་ལ་ཉེ་བར་མངོན་པ་ཐམས་ཅད་ལ་དབང་བྱེད་མ་སེར་མོ། དེའི་གཡས་སུ་ཟླ་བ་ལ་ཛམ་བྷ་ལ་སྔོན་པོ། གཡོན་དུ་པད་ཟླ་ལ་ཆུ་བདག་རོ་བཅུད་ལ་དབང་བྱེད་པ་དཀར་པོ། དེ་གསུམ་ཀའང་གཡས་བི་ཛ་པཱུ་ར་ཀ་ཐུགས་ཀར་འཛིན་ཅིང་། གཡོན་པ་བརླ་ལ་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །སྣམ་བུ་དེ་ཉིད་ཀྱི་ཤར་ལྷོར་སརྦས་པའི་ལྷ་མོ་ཟས་སྦྱིན་མ་ལྗང་གུ། གཡས་བི་ཛ་པཱུ་ར་ཀ་དང་གཡོན་བརླ་ལ་བརྟེན་པ། བདེན་བྲལ་དུ་ཤིན་ཏུ་སྦས་པའི་ལྷ་མོ། ལི་ཁྲིའི་མདོག་ཅན་ཕྱག་གཉིས་ཀྱིས་


CMR020_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་འཛིན་པ། རླུང་དུ་ལྷ་མོ་དབྱངས་ཅན་མ་སེར་མོ་ཕྱག་གཉིས་ཀྱིས་རྒྱལ་མཚན་འཛིན་པ། དབང་ལྡན་དུ་ཟླ་བ་ཆུ་ཤེལ་གྱི་ལྷ་མོ་དཀར་མོ་ཕྱག་གཉིས་ཀྱིས་བ་དན་འཛིན་པ། དེ་ཐམས་ཅད་སྒེག་ཅིང་མཛེས་པ། ནུ་འབུར་ཟུང་དང་ལྡན་པ་ལང་ཚོ་ལོན་པའི་རྣམ་པ་ཅན། རིན་པོ་ཆེའི་རྒྱན་གྱིས་སྤྲས་པའོ། །ལྷ་སྣམ་ཕྱི་མའི་ཤར་དུ་གང་བ་བཟང་པོ་གུར་གུམ་གྱི་མདོག་ཅན་ཞི་བའི་ཉམས་དང་ལྡན་པ། གཡས་བ་ཀུ་ལི་དང་གཡོན་བི་ཛ་པུ་ར་ཀ་འཛིན་པ། ལྷོར་ནོར་བུ་བཟང་པོ་སྔོན་པོ་དྲག་པོའི་ཉམས་དང་ལྡན་པ་གཡས་རིན་པོ་ཆེ་དང་། གཡོན་བི་ཛ་པཱུ་ཛ་ར་ཀ་བསྣམས་པ། ནུབ་ཏུ་ནོར་སྦྱིན་དམར་པོ་ཆགས་པའི་ཉམས་དང་ལྡན་པ། གཡས་བུམ་པ་བཟང་པོ་གཡོན་བི་ཛ་པཱུ་ར་ཀ་འཛིན་པ། བྱང་དུ་གནོད་སྦྱིན་གྱི་དབང་པོ་རྣམ་ཐོས་སྲས་སེར་པོ་རྒྱས་པའི་ཉམས་དང་ལྡན་པ། གཡས་རིན་པོ་ཆེའི་མྱུ་གུ་དང་གཡོན་བི་ཛ་པཱུ་ར་ཀ་འཛིན་པ། མེའི་མཚམས་སུ་པི་ཙི་ཀུནྡ་ལི་སྒེག་པའི་ཉམས་ཅན་ཅུང་ཟད་དམར་བའི་མདོག་ཅན། བདེན་བྲལ་དུ་ཀི་ལི་མི་ལི་ལྗང་གུ། རླུང་དུ་སྒོ་བའི་དབང་པོ་སེར་པོ། དབང་ལྡན་དུ་སྤྱོད་པའི་དབང་པོ་


CMR020_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སེར། དེ་བཞི་ཀའང་གཡས་བི་ཛ་པཱུ་ར་ཀ་དང་གཡོན་ཁུ་ཚུར་བརླའི་སྟེང་དུ་འགྱིང་བ། ཐམས་ཅད་ཀྱང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །རིགས་བདག་གཙོ་འཁོར་ཐམས་ཅད་ལ་རིན་ཆེན་འབྱུང་ལྡན། ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། ལས་སྔགས་ནི་བགེགས་མཐར་བྱེད་དང་། དཔལ་མོ་དབྱིག་གིས་དབང་ཕྱུག་ནོར་རྒྱུན་མ། །སྙན་གྲགས་ཚེ་དང་བསོད་ནམས་རྒྱས་མཛད་ཅིང་། །འགྲོ་བའི་ཕུན་ཚོགས་མ་ལུས་སྩོལ་མཛད་མ། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་བསྟོད།། ༈ །།རྟོགས་པ་ལས་གསུང་པའི་གཟའ་ཡུམ་གྱི་དཀྱིལ་འཁོར་ནི། རང་ཉིད་བཅོམ་ལྡན་འདས་རིག་པ་ཆེན་མོ། ས་བོན། ཧཱུྃ། རྩིག་པ་ནི་ནང་ནས་དཀར་ལྗང་དམར་སེར་སྔོན་པོའོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་ལྷ་སྣམ། ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་དཀར་བའི་སྟེང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བར་པདྨ་དཀར་པོའི་སྟེང་དུ། གུར་གུམ་གྱི་དྲིའི་མཎྜལ་ལ་གཟའ་ཉི་མ་སྐུ་མདོག་དམར་སེར། དཀའ་ཐུབ་ཅན་གྱི་གཟུགས་འཛིན་པ། ཕྱག་གཉིས་ཀྱིས་པདྨ་དཀར་པོ་བསྣམས་པ། ཉི་མ་བྱེ་བའི་འོད་དང་


CMR020_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ། ཤར་གྱི་འདབ་མར་པདྨ་དམར་པོའི་སྟེང་དུ། པྲི་ཡང་ཀུའི་མཎྜལ་ལ་ཟླ་བ་སྐུ་མདོག་དཀར་པོ་རལ་པའི་ཅོད་པན་ཅན། བྲམ་ཟེའི་གཟུགས་འཛིན་པ། ཕྱག་གཉིས་བགྲང་ཕྲེང་དང་མེ་ཏོག་ཀུ་མུཏྟ་ལ་གནས་པའི་སྤྱི་བླུགས་འཛིན་པའོ། །ལྷོའི་འདབ་མར་པདྨ་དཀར་པོའི་སྟེང་དུ་ཙནྡན་གྱི་དྲིའི་མཎྜལ་ལ་བཀྲ་ཤིས་སྐུ་མདོག་དམར་པོ། དགེ་སློང་གི་གཟུགས་འཛིན་པ། གོས་དམར་པོ་དང་ཅོད་པན་ཅན། གཡོན་ཤཀྟི་དང་གཡས་མཆོག་སྦྱིན་མཛད་པའོ། །ནུབ་ཀྱི་འདབ་མར་པདྨ་དམར་པོའི་སྟེང་དུ། ཨ་ཀ་རུ་ནག་པོའི་དྲིའི་མཎྜལ་ལ། གཟའ་ལྷག་པ་སྐུ་མདོག་སེར་པོ་སྨྲ་ར་དམར་པོ་དང་ལྡན་པ། ཚངས་པར་སྤྱོད་པ་ཅན། གཡས་བགྲང་ཕྲེང་དང་། གཡོན་སྤྱི་བླུགས་འཛིན་པའོ། །བྱང་གི་འདབ་མར་པདྨ་དཀར་པོའི་སྟེང་དུ། དེ་བ་ར་རུའི་དྲིའི་མཎྜལ་ལ། ཕུར་བུ་གསེར་བཙོ་མའི་མདོག་ཅན་སྨྲ་ར་དམར་པོ་དང་ལྡན་པ། དགེ་སློང་གི་རྣམ་པ་ཅན། གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པའོ།་།མེའི་འདབ་མར་པདྨ་དམར་པོའི་སྟེང་དུ། ཙནྡན་གྱི་མཎྜལ་ལ་པ་ཝ་སངས་སྐུ་མདོག་དཀར་པོ། རལ་པའི་ཅོད་


CMR020_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པན་ཅན་ཕྱུག་བདག་གི་བརྟུལ་ཞུགས་འཛིན་པ། གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པའོ། །བདེན་བྲལ་གྱི་འདབ་མར་པདྨ་དཀར་པོའི་སྟེང་དུ། ཨུཏ་པ་ལ་སྔོན་པོ་དང་ཙནྡན་གྱི་དྲིའི་མཎྜལ་ལ། སྤེན་པ་ནག་པོ་ཕྱོགས་ཀྱི་གོ་ཆ་ཅན། རལ་པ་སེར་སྐྱའི་ཅོད་པན་དང་སྨྲ་ར་ཅན། བགྲང་ཕྲེང་དང་འཁར་གསིལ་འཛིན་པའོ། །རླུང་གི་འདབ་མར་པདྨ་དམར་པོའི་སྟེང་དུ། སནྡྷ་ཀ་རའི་དྲིའི་མཎྜལ་ལ། སྒྲ་གཅན་དམར་ནག་ཐོད་དང་ལྡན་པ། ལུས་ཕྱེད་ཉི་མའི་ཤིང་རྟ་ལ་གནས་ཤིང་། ཁ་དོག་ལྔའི་སྤྲིན་གྱི་གསེབ་ན་བཞུགས་པ། འཇིགས་སུ་རུང་བའི་སྤྱན་གཉིས་དང་ལྡན་ཞིང་མཆེ་བ་ནས་སར་གཙིགས་པ། སྨིན་མའི་ཁྲོ་གཉེར་དཔྲལ་བར་བསྡུས་པ། ཕྱག་གཉིས་ཉི་མ་དང་ཟླ་བ་ཟ་བའི་ཚུལ་གྱིས་གནས་པའོ། །དབང་ལྡན་གྱི་འདབ་མར་པདྨ་དམར་པོའི་སྟེང་དུ། སྦྱོར་སྤོས་ཀྱི་དྲིའི་མཎྜལ་ལ། མཇུག་རིང་དུ་བའི་མདོག་ཅན། གཏུམ་གཟུགས་འཛིན་པ། ཕྱག་གཉིས་ཐལ་མོ་སྦྱར་བའི་རྣམ་པ་ཅན་གྱི་མཇུག་མ་འཁྱིལ་བའོ། །ཤར་སྒོར་སངས་རྒྱས་བཅོམ་ལྡན་འདས་གསེར་གྱི་མདོག་ཅན། ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ལྷོ་སྒོར་


CMR020_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེ་སྔོ་སངས་ཕྱག་གཡས་རྡོ་རྗེ་འཕྱར་ཞིང་གཡོན་པ་ས་ལ་གནས་པ། ནུབ་སྒོར་འཇིག་རྟེན་དབང་ཕྱུག་དམར་པོ་གཡས་པས་མཆོག་སྦྱིན་དང་གཡོན་པས་མི་འཇིགས་པ་མཛད་པ། བྱང་སྒོར་འཇམ་དཔལ་གཞོན་ནུར་གྱུར་པ་གུར་གུམ་གྱི་མདོག་ཅན། ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། དབང་ལྡན་དུ་གཟའ་ཐམས་ཅད་པ་སྟེ། སྣ་ཚོགས་པའི་མདོག་དང་། སྣ་ཚོགས་པའི་དབྱིབས་དང་རྣམ་པ་སྣ་ཚོགས་པའི་གཟུགས་ཅན་ནོ། །མེར་ནི་རྒྱུ་སྐར་ཐམས་ཅད་པ་སྟེ། རང་རང་གི་ཞོན་པ་ལ་ཡང་དག་པར་གནས་ཤིང་། ཐམས་ཅད་ཐལ་མོ་ཡང་དག་པར་སྦྱར་བའོ། །ཡང་ན་ལྷ་སྣམ་ཕྱོགས་མདོག་ཅན་གྱི་བྱང་ཤར་ནས་རིམ་པ་བཞིན། སྨིན་དྲུག་དམར་པོ་བུམ་པ་ལ་གནས་པ། སྣར་མ་ལྗང་གུ་ཁྱུ་མཆོག་ལ་ཞོན་པ། མགོ་སེར་པོ་ཤ་བ་ལ་ཞོན་པ། ལག་དམར་པོ་སྦྲུལ་ལ་ཞོན་པ། ནབས་སོ་དམར་པོ་པདྨ་ལ་འདུག་པ། རྒྱལ་ལྗང་གུ་བུམ་པ་ལ་གནས་པ། སྟག་ལྗང་གུ་བྱ་རོག་པ། ལྷོར་མཆུ་སེར་པོ་མེ་ཏོག་ལ་འདུག་པ། གྲེ་དཀར་པོ་མེ་ཏོག་ལ་འདུག་པ། དབོ་ལྗང་གུ་གསེར་ཁྲི་ལ་འདུག་པ། མེ་བཞི་སེར་པོ་གླང་པོ་ཆེ་ལ་ཞོན་པ། ནག་པ་


CMR020_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་རྨ་བྱ་ལ་ཞོན་པ། ས་རི་དམར་པོ་སྤྱང་མོ་ལ་ཞོན་པ། ས་ག་ལྗང་གུ་ར་སྐྱེས་ལ་ཞོན་པ། ནུབ་ཏུ་ལྷ་མཚམས་སེར་མོ་བྱ་རོག་ལ་ཞོན་པ། ལྗོན་དམར་མོ་སྟན་ནང་ཚངས་ཅན་ལ་འདུག་པ། སྣུབས་ལྗང་གུ་རུས་སྦལ་ལ་ཞོན་པ། ཆུ་སྟོད་སེར་པོ་སྟན་ནང་ཚངས་ཅན་ལ་འདུག་པ། ཆུ་སྨད་ལྗོང་གུ་མིའི་སྙིང་ལ་འདུག་པ། གྲོ་ཞུན་དཀར་པོ་སྟན་ནང་ཚངས་ཅན་ལ་འདུག་པ། བྱི་ཞུན་སེར་པོ་མོན་གྱི་སྐུར་མ་ལ་འདུག་པ། བྱང་དུ་མོན་གྲེ་དམར་མོ་སྟན་ནང་ཚངས་ཅན་ལ་འདུག་པ། མོན་གྲུ་ལྗང་གུ་ཁྱུ་མཆོག་ལ་ཞོན་པ། ཁྲུམས་སྟོད་ལྗང་གུ་གསེར་ཁྲི་ལ་འདུག་པ། ཁྲུམས་སྨད་སེར་པོ་གསེར་ཁྲི་ལ་འདུག་པ། ནམ་གྲུ་དམར་པོ་རྟ་ལ་ཞོན་པ། ཐ་སྐར་ལྗང་གུ་མི་སྙིང་ལ་འདུག་པ། བྲ་ཉེ་སེར་པོ་འཁྲོ་ལོ་ལ་འདུག་པ། དེ་ཐམས་ཅད་ཀྱང་ལྷ་མོའི་གཟུགས་ཅན་སྟོད་གཡོགས་དང་བཅས་པས་ཐལ་མོ་སྦྱར་བ་སྟེ། ཆོས་ཉན་པའི་ཕྱག་རྒྱ་ཅན་ནོ། །དེ་ལྟ་བུའི་སྐུ་མདོག་ཕྱག་མཚན་གདན་དང་བཅས་པ་ནི། རྗེ་བཙུན་གྲགས་པས་སྦྱོང་རྒྱུད་ཀྱི་མཆན་ན་ཡང་བཤད་ཅིང་། ས་བཟང་འཕགས་པས་ཀྱང་རྒྱུ་སྐར་ཐམས་ཅད་རང་རང་གི་བཞོན་པ་ལ་ཡང་དག་པར་གནས་པར་བཤད་པའི་དགོངས་པ་ཡིན་སྙམ་སྟེ་ང་སྤྱོད་དོ། །ཡང་ན་


CMR020_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་གསུང་དབང་གི་སྐབས་ནས་བཤད་པའི་རྒྱུ་སྐར་ཉེར་བརྒྱད་པོ་ཇི་ལྟ་བ་བཞིན་བསྒོམ་པར་བྱའོ། །བདེན་བྲལ་དུ་ཉེར་འཚེ་བྱེད་པ་ཐམས་ཅད་དེ། འཇིགས་སུ་རུང་བའི་གཟུགས་ཅན་ནོ། །རླུང་དུ་རང་ཉིད་གཟའ་ཐམས་ཅད་ཀྱི་ཡུམ་རྗེ་བཙུན་རིག་པ་ཆེན་མོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང་། གཡས་ལྷག་མ་གཉིས་ཀྱིས་པདྨ་དང་རིན་པོ་ཆེ་འབར་བ། གཡོན་ལྷག་མ་གཉིས་ཀྱིས་ཞགས་པ་དང་ཤུཀྟི་འཛིན་པ། ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན། པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་ཅོད་པན་ཅན། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །སྒོ་བཞིར་ཤར་དུ་ཡུལ་འཁོར་སྲུང་སེར་པོ་པི་ཝང་འཛིན་པ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་ཏུ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་དུ་ལུས་ངན་སེར་པོ་ནེའུ་ལེ་འཛིན་པ། དེ་བཞི་ཀའང་རང་རང་གི་རྒྱན་ཆ་ལུགས་དང་ལྡན་པའོ། །རིགས་བདག་ནི་ལྷ་ཐམས་ཅད་ལ་དེ་བཞིན་གཤེགས་པ་རིགས་ལྔའི་ཅོད་པན་ཅན་གྱི་དབུ་


CMR020_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན། ཡང་ན། གཙོ་མོ་ལ་མི་བསྐྱོད་པ་དང་། འཁོར་རྣམས་ལ་གཙོ་མོ་ཉིད་ཀྱིས་དབུ་བརྒྱན། ཞེས་བརྗོད་དོ། །འདིར་བཀོད་པའི་གཟའ་ཡུམ་གྱི་ཆོ་ག་ནི། གཟའ་ཡུམ་གྱི་རྟོགས་པ་དང་། ཀྲྀ་ཡ་ས་མུཉྩ་དང་། ས་བཟང་འཕགས་པའི་གཞུང་གཙོ་བོར་བྱས་པ་ཡིན་ལ། ཆོས་ཀྱི་རྒྱལ་པོ་ས་སྐྱ་པཎྜི་ཏས་མཛད་པའི་གཟའ་མཆོད་པའི་ཆོ་ག་ལྟར་ན། གཞལ་ཡས་ཁང་པའི་ནང་དུ་པད་འདབ་བརྒྱད་ཀྱི་ལྟེ་བར་རྗེ་བཙུན་རིག་པ་ཆེན་མོ་བཀོད་ནས། དེའི་མདུན་དུ་གཟའ་ཉི་མ་ཐལ་མོ་སྦྱར་བ་བྲི་ཞིང་། འདབ་མ་བརྒྱད་ལ་སྔར་ལྟར་གཟའ་བརྒྱུད་བཀོད་པ་སོགས་ཆོ་ག་ཤིན་ཏུ་མི་འདྲ་བ་མང་པོར། དེ་ཉིད་ཀྱིས་མཛད་པའི་གཞུང་ལས་ཤེས་པར་བྱའོ། །སྔགས་ནི། ཨོཾ་མ་ཧཱ་བིད་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོ་དང་ལས་སྔགས་གཉིས་ཀའོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད།། ༈ །རྣམ་རྒྱལ་མའི་རྟོག་པ་ལས་གསུངས་པའི་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་སོ་གསུམ་གྱི་དཀྱིལ་འཁོར་ནི། རྩིག་པ་ནི་ནང་ནས་དཀར་ལྗང་དམར་སེར་སྔོན་པོའོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་ནང་གི་ལྷ་སྣམ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བའི་སྟེང་དུ་སྣ་


CMR020_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པདྨ་འདབ་མ་བཅུ་དྲུག་པ། དེའི་ལྟེ་བར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བ་དང་རྩིབས་རྣམས་ལ་པདྨའི་གདན། གཞལ་ཡས་ཁང་གི་སྒོ་བཞི་དང་གྲྭ་བཞིར་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རེ་རེ། ལྷའི་གནས་ཐམས་ཅད་དུའང་། ཟླ་བའི་དཀྱིལ་འཁོར་རེ་རེ་བསམ་མོ། །དབུས་ཀྱི་གདན་གྱི་སྟེང་དུ། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་རང་བཞིན་འབྱུང་བའི་གཙུག་ཏོར་རྣམ་པར་རྒྱལ་མ། སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། ཅོ་ཞལ་དཀར། གཡས་སེར།་གཡོན་སྔོ། ཅུང་ཟད་ཁྲོས་པའི་ཚུལ་ཅན་མཆེ་བ་ཅུང་ཟད་གཙིགས་པ། ཡ་སོས་མ་མཆུ་མནན་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་བསྣམས་པ། གཉིས་པས་པདྨའི་སྟེང་ན་རྒྱལ་བ་འོད་དཔག་མེད་བཞུགས་པ་འཛིན་པ། གསུམ་པ་ན་མདའ། བཞི་པ་ན་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པ་ན་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པ་མཉམ་བཞག་གི་སྟེང་ན་འཆི་མེད་


CMR020_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་པའི་ན་བཟའ་ཅན་དུ་བསམ་མོ། །ཤར་གྱི་འཁོར་ལོའི་རྩིབས་ལ་ནམ་མཁའ་འབྱུང་བའི་གཙུག་ཏོར་སྐུ་མདོག་སྔོན་པོ། གཡས་ས་ནོན་དང་གཡོན་མཉམ་བཞག །ལྷོར་ནོར་བུའི་སྙིང་པོ་འབྱུང་བའི་གཙུག་ཏོར་སེར་་པོ། གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག །ནུབ་ཏུ་དཔག་མེད་སྙིང་པོ་འབྱུང་བའི་གཙུག་ཏོར་དམར་པོ། ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། བྱང་དུ་རྔའི་སྒྲ་དབྱངས་འབྱུང་བའི་གཙུག་ཏོར་ལྗང་གུ། གཡས་མི་འཇིགས་པ་སྦྱིན་པ་དང་གཡོན་མཉམ་བཞག །གསུམ་པོ་ཐམས་ཅད་ཀྱང་མཉམ་བཞག་གི་སྟེང་ན་འཆི་མེད་ཚེའི་བདུད་རྩིའི་གང་བའི་བུམ་པ་བསྣམས་པ། ཤར་ལྷོར་སའི་སྙིང་པོ་འབྱུང་བའི་གཙུག་ཏོར་སྔོན་པོ། ལྷོ་ནུབ་ཏུ་རྡུལ་གྱི་སྙིང་པོ་འབྱུང་བའི་གཙུག་ཏོར་སེར་པོ། ནུབ་བྱང་དུ་གཟི་བརྗིད་སྙིང་པོ་འབྱུང་བའི་གཙུག་ཏོར་དམར་པོ། བྱང་ཤར་དུ་རླུང་གི་སྒྲ་དབྱངས་འབྱུང་བའི་གཙུག་ཏོར་ལྗང་གུ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་གཡས་པ་རྣམས་མཆོག་སྦྱིན་དང་། 


CMR020_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་རྣམས་མཉམ་བཞག་གི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་བུམ་པ་བསྣམས་པ།་ཐམས་ཅད་ཀྱང་རལ་པའི་ཅོད་པན་ཅན། དར་ལིའི་སྟོད་གཡོགས་དང་ཤམ་ཐབས་མནབས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན་ནོ། །ཕྱི་རོལ་གྱི་པདྨ་འདབ་མ་བཅུ་དྲུག་ལ། ཟླ་བའི་གདན་རེ་རེའི་སྟེང་དུ། ཤར་ནས་གཡས་བསྐོར་གྱི་རིམ་པས། ནང་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། ཕྱི་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། ཕྱི་ནང་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། སྟོང་པ་ཉིད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། དོན་དམ་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། འདུས་བྱས་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། འདུས་མ་བྱས་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། དོར་བ་མེད་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། རང་བཞིན་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། ཆོས་ཐམས་ཅད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་


CMR020_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ རང་གི་མཚན་ཉིད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། མི་དམིགས་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། དངོས་པོ་མེད་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། ངོ་བོ་ཉིད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར། དེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་སྤྲུལ་སྐུའི་རྣམ་པ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པའོ། །དེའི་ཕྱི་རོལ་དུ་སྒོ་བཞི་གྲུ་བཞི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རེ་རེའི་སྟེང་དུ། ཤར་དུ་ལྷའི་བུའི་བདུད་རབ་ཏུ་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་མ་སྐུ་མདོག་སྔོན་མོ་གཡས་ཐོ་བ་འཛིན་པ། ལྷོར་འཆི་བདག་གི་བདུད་རབ་ཏུ་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་མ་སེར་མོ་གཡས་དབྱིག་པ། ནུབ་ཏུ་ཉོན་མོངས་པའི་བདུད་རབ་ཏུ་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་མ་དམར་མོ་གཡས་པདྨ། བྱང་དུ་ཕུང་པོའི་བདུད་རབ་ཏུ་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་མ་ལྗང་གུ་གཡས་རལ་གྲི། གཡོན་པ་རྣམས་སྡིགས་མཛུབ་དང་


CMR020_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ཞགས་པ་འཛིན་པ། ཤར་ལྷོར་ཕྲེང་ལྡན་མ་ཞེས་བྱ་བའི་ཚེའི་ཡུམ་སྔོན་མོ། བདེན་བྲལ་དུ་སྒྱུ་མ་ཆེན་མོ་སེར་མོ། རླུང་དུ་གསེར་འོད་མ་དམར་མོ། དབང་ལྡན་དུ་ཚེའི་ཡུམ་གསེར་གྱི་ཕྲེང་ལྡན་མ་ལྗང་གུ་རྣམས། ཕྱག་གཉིས་ཀྱིས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། ལྷ་མོ་བརྒྱད་པོ་དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་མཛེས་པ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །འདིར་བཀོད་པའི་རྣམ་རྒྱལ་ལྷ་མང་གི་སྒྲུབ་ཐབས་འདི་ནི། ཆོས་རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་སྒྲོས་ལས་བྱུང་བ་བཞིན་གཙོ་བོར་བཀོད་པ་ལགས། ཛེ་ཏ་རི་པས་མཛད་པའི་བསྟོད་པ་ནི། དབུས་སུ་བཅོམ་ལྡན་འདས་མ་ཞལ་གསུམ་ཕྱག་བརྒྱད་མ་དང་། ཤར་ལ་སོགས་པའི་ཕྱོགས་བཞིར་གཙུག་ཏོར་ནི། དཀར་སེར་དམར་ལྗང་ཁང་བཟང་། བུམ་པ། རྒྱལ་མཚན། བདུད་རྩི་འཛིན་པ་དང་། མཚམས་རྣམས་ཕྱོགས་ཀྱི་ཕྱེད་མདོག་ཅན། དཔག་བསམ་གྱི་ཤིང་། འོད་སྟོང་། རྔ་ཟླུམ། གླིང་བུ་འཛིན་པ། པད་འདབ་བཅུ་དྲུག་གི་གཙུག་ཏོར་ཐམས་ཅད་སེར་པོ། པདྨ་དང་ཟླ་ཚེས་


CMR020_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་བརྩེགས་མ་འཛིན་ཞིང་། སྒོ་མཚམས་ཀྱི་ལྷ་རྣམས། ཕྱོགས་བཞིར་ཕྱོགས་མདོག་ཅན། ཐོ་བ། དབྱུག་པ། པདྨ། རལ་གྲི་འཛིན་པ་དང་། མཚམས་བཞིར་ཕྱོགས་ཀྱི་ཕྱེད་མདོག་ཅན་ལ། རྡོ་རྗེའི་ཕྲེང་བ། རྒྱུ་མ། གླེགས་བམ། གསེར་ཕྲེང་འཛིན་པར་གསུངས་སོ། །ས་བཟང་འཕགས་པས་ནི། ནང་གི་གཙུག་ཏོར་དགུ། སེར་པོ་གཡས་འཁོར་ལོ་བཏོད་དེ་འཛིན་པ་དང་། གཡོན་གདན་ལ་བརྟེན་པ། འདབ་མའི་གཙུག་ཏོར་བཅུ་དྲུག་དཀར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན། སྒོ་བཞིའི་ལྷ་མོ་ཕྱོགས་ཟླུམདོག་དང་། མཚམས་བཞིར་དཀར་སྔོ་དམར་སེར་ཏེ། བརྒྱད་ཀའང་བདུད་རྩིའི་བུམ་པ་འཛིན་པར་བཞེད་དོ། །རིགས་བདག་རང་ཆས་ཅན་དུ་བསྒོམ་པ་ནི། གཙོ་མོ་ལ་རྣམ་པར་སྣང་མཛད་དང་། ཨོཾ་ཧཱུཾ་སྭཱ་ཧཱ། སྙིང་པོ་དང་། ཨོཾ་ཨ་མྲྀ་ཏ་ཨ་ཡུར་དྭ་དེ་སྭཱ་ཧཱ།་ལས་སྔགས་ནི། ཨོཾབཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་པ་ཡིས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་བསྟོད། །དེ་ལྟར་སྔགས་དང་བསྟོད་པ་སོ་


CMR020_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བཀོད་པ་ནི། དཀྱིལ་འཁོར་གྱི་དབང་རེ་རེ་ཐོར་བུར་བསྐུར་བ་བྱུང་ན་རྟོགས་སླ་བའི་ཕྱིར་རོ། །འདིའི་ས་བོན་ནི་ཧཱུཾ་ཡིན། བུམ་པ་གཉིས་ལ་བསང་ཆུ་གཏོར་ནས། ལས་སྔགས་ཀྱིས་བསང་། སྭ་བྷ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ། བྷཱུ་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་གཉིས། ལྟོ་བ་ཡངས་ཤིང་རྒྱ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ། ལྷ་རྫས་གོས་ཀྱིས་མགྲིན་པ་དཀྲིས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ལྔ་ཕྲག་ལྔའི་རྫས་དང་། ཡན་ལག་བརྒྱད་ལྡན་ཆུ་ཡིས་སུམ་གཉིས་གང་བར་གྱུར། ཨོཾ་ཏཔེ་ཏསྟེ་མ་ཧཱ་ཏཔེ་སྭཱ་ཧཱ། ལན་གསུམ་བརྗོད་པ་དང་། ལྷའི་ཆུ་བོ་གངྒཱ་ནས་ཆུ་རྒྱུན་བབས་པས། བུམ་པའི་ནང་གི་ཆུ་ལ་ཐིམ་པར་འདྲེས་པའི་དབུས་སུ་གཙོ་འཁོར་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨ་དང་། ཞི་བ་རྣམས་ལ་ཟླ་བ་དང་ཁྲོ་བོ་རྣམས་ལ་ཉི་མའི་གདན་རྣམས་ཀྱི་སྟེང་དུ། སྐད་ཅིག་གིས་སྒྲེའི་ལྷ་ཚོགས་ཞལ་ཕྱག་རྒྱན་ཆ་ལུགས་སྔར་སྨོས་མ་ཐག་པའི་མཚན་ཉིད་ཅན་དང་། ལས་བུམ་དུ། བགེགས་མཐར་བྱེད་དང་བདུད་རྩི་འཁྱིལ་པ། ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཆས་དང་ལྡན་པ་མངོན་སུམ་དུ་གསལ་བར་


CMR020_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཎེའི་ལྷ་ཚོགས་རྟེན་བརྟེན་པ་དང་བཅས་པའི་དཀྱིལ་འཁོར་ལས་ཐམས་ཅད་པའི་ལྷ་དང་བཅས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲིཔྲ་ཝ་ར་སཏྟ་ར། པཱཏྱཾ། པྲཀཱ་ཎཾ། ཨརྒྱུ་པུལླེ་སོགས། པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ནམ་མཁར་བཏེག་པའི་ལྷ་སྟ་གོན་གྱི་རྟེན་བརྟེན་པའི་དཀྱིལ་འཁོར་རྣམས་རས་བྲིས་སྟ་གོན་མ་བྱས་ན་མི་བརྗོད། དམ་ཚིག་པའི་རྟེན་བརྟེན་པའི་དཀྱིལ་འཁོར་སོ་སོ་ལ་དབྱེར་མེད་དུ་ཐིམ། ཛཿཧཱུྃ་བཾ་ཧོཿ ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲིཔྲ་ཝ་ར་སོགས་གོང་ལྟར་མཆོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་


CMR020_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་དབང་ལྷ་རྣམས་ཀྱིས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རིགས་བདག་དང་། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་རྒྱན། དེ་ནས་རང་གི་སྙིང་གར། ཞི་བ་ལ་ཟླ་བའི། ཁྲོ་བོ་ལ་ཉི་མའི། དཀྱིལ་འཁོར་གྱི་སྟེང་དུ་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། ཕྱག་མཚན་ལ་ཟླ་བའི་སྟེང་དུ་ས་བོན་གྱིས་མཚན་པ། དེ་ལས་རྒེའི་ལྷ་ཚོགས་དང་། དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས། སྐལ་པ་ཇི་ལྟ་བར་ཆོས་སྟོན་པ་ལ་སོགས་པ། གཞན་ལ་ཕན་པར་མཛད་དེ། བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་ཡང་འདུས་ནས་བདག་ཉིད་ལ་ཐིམ། ཞེས་སྙིང་པོ་གང་ཡིན་ཅི་ནུས་བཟླས་ནས། བདེ་བར་གཤེགས་པ་ཐམས་ཅད་


CMR020_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས ཆྒཻའི། གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རང་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་ཞོན་ཏེ་སོང་། བུམ་བསྐྱེད་ལྷའི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབ་བུམ་པ་གང་བར་གྱུར། ཅེས་སྙིང་པོ་བརྒྱ་རྩ་ལས་མི་ཉུང་བར་ཅི་ནུས་བཟླ། ལས་བུམ་ལ་དམིགས་ནས་ལས་སྔགས་ཅི་ནུས་བཟླ། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ༔ ཅི་འགྲུབ་བཟླས་ཤིང་། ཧཱུྃ་བདུན་སྔགས་པའི་མེ་ཏོག་བུམ་པ་གཉིས་སུ་བླུགས། ཨོཾ་ཨཱཿཿཧཱུྃ། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་བྱེ་བའི་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པའམ། དཀྱིལ་འཁོར་གཅིག་ལས་མི་བསྐུར་བ་ཡིན་ན་གཙོ་བོ་རྐྱང་པའི་བསྐུར་གྱུར་པ། དེ་ཉིད་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འདུག་ནས། མདུན་བུམ་ལ་མཆོད་བསྟོད་དང་། བདག་འཇུག་པ་དང་། གཞན་ལ་དབང་བྱེད་པ་རྣམས་གསལ་བར་གྱུར། འདིར་མཆོད་པ་ཁ་གསོ་དང་། མཆོད་པ་བྱིན་རླབས་སྔར་ལྟར་གྲུབ་ན་ལེགས། དེ་ནས་མཆོད་ཡུལ་ཁྱད་པར་བརྣམས་སྤྱན་དྲངས་བའི་ཕྱིར།


CMR020_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། མདུན་གྱི་ནམ་མཁར་མཆོད་པའི་ཡུལ་དུ་ཨོཾ་བཛྲ་ས་མཱ་ཛཿ སྤྲོ་ན་རབ་འབྱམས་རྒྱ་མཚོ་མ། ཁ་དོག་དབྱིབས་ལེགས་མ། རྒྱལ་སྲིད་སྣ་བདུན་རྣམས་ཀྱིས་ཀུན་རིག་ལྟར་མཆོད། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས་གསུངས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་བསྟོད་མཉམ་མེད་མི་གཡོ་བས་བསྟོད། བསྡུ་ན། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །མཆོད་ཡོན་ཞབས་བསིལ་ཞལ་བསིལ་མེ་ཏོག་དང་། །བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་མདུན་བུམ་ལྷ་ཚོགས་རྣམས་ལ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་འདིར་ལྷ་སོ་སོའི་མཚན་སྔགས་སྦྱར་གྲུབ་ན་ལེགས། ཨོཾ་ཧཱིཔྲ་ཝ་ར་སཏྟ་ར་པྲཀྵ་ཎཾ། །པཱདྱཾ། པུཥྤེ་སོགས། པྲ་ཏིཙྪ་ཡེ་སྭཱ་ཧཱ། ཨོཾབཛྲ་དྷརྨཱ་ར་ཎི་སོགས། རོལ་མོ་བྱ། གོང་དུ་བཤད་པའི་སོ་སོའི་བསྟོད་པ་ཤོ་ལོ་ཀ་དང་། བསྟོད་པར་འོས་པ་སོགས། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་


CMR020_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། དུང་ཆོས་ཀྱི་ཆུ་ཕུལ་བའི་རྐྱེན་གྱིས་ལྷ་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། ལས་བུམ་གྱི་ཆུ་ཀུ་ཤས་གཏོར་ཞིང་སྔགས་བརྗོད་དོ། །ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་བར། དེ་སྲིད་དུ་བགེགས་རྣམས་ཟློག་པའི་ཕྲིན་ལས་མཛོད་ཅིག །དེ་ནས་དཀྱིལ་འཁོར་གྱི་གཡས་ཕྱོགས་སུ་ཆ་གསུམ་བཤམས་ལ། ཆ་གསུམ་ཆོ་ག་རྒྱས་བསྡུས་གང་རུང་གིས་ཕུལ། དེ་ནས་བདག་འཇུག་བླངས་ཏེ། མཇུག་ཏུ་བདེན་སྟོབས་བརྗོད་མི་དགོས་སོ། །དེ་ནས་གཞན་ལ་དབང་བསྐུར་བ་ཚར་ནས། ༈ དེ་ནས་རྗེས་ཆོག་ནི། མཆོད་པ་ཁ་གསོས་ལ་བྱིན་གྱིས་རླབས། དཀྱིལ་འཁོར་སོ་སོའི་མཚན་སྔགས་སྔོན་དུ་འགྲོ་བས། ཤརྡའི་བར། དྷརྨཱ་ར་ཎིའི་རོལ་ཆེན་དང་། སོ་སོའི་བསྟོད་པ་ཤོ་ལོ་ཀ་དང་། བསྟོད་པར་འོས་པ་སོགས། ཐལ་མོ་སྦྱར་ཏེ་ཡིད་མ་ཡེངས་པར། བཅོམ་ལྡན་འདས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་བཀའ་དྲིན་མ་ལུས་པ་བསྩལ་དུ་གསོལ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་མ་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ་ཡང་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་


CMR020_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་བྲལ་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་དང་བརྒྱུད་པར་བཅས་པ་ཐམས་ཅད་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་རྒྱུད་ལ་ལྡན་པ་དང་ནམ་ཡང་མི་འབྲལ་ཞིང་། རིམ་པ་གཉིས་དང་མཚན་བཅས་དང་མཚན་མེད་རྣལ་འབྱོར་རྣམ་པ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་དང་བདག་ལ་འབྲེལ་ཐོགས་ཐམས་ཅད་ནམ་ཞིག་འདི་ནས་ཚེ་འཕོས་མ་ཐག་ཏུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས། ལུས་རྟེན་འདི་ལ་མངོན་པར་རྫོགས་པར་སངས་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། མ་འབྱོར་པ་དང་ཉམས་པ་སོགས། ཨོཾ་བཛྲ་སཏཱ་སོགས་ཡིག་བརྒྱ་ཚར་གསུམ། ལྷ་ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་རྟེན་འདི་རྣམས་ལ། ཇི་སྲིད་འབྱུང་བ་བཞིའི་གནོད་པ་མ་བྱུང་གི་བར་དུ་བརྟན་པར་བཞུགས་སུ་གསོལ། དེ་ནས་རང་གཙོ་བོ་གང་ཡིན་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་ཕོག །སྲུང་བའི་འཁོར་ལོ་འོད་ཟེར་གྱི་རྣམ་པར་བྱས་ཏེ་གཞལ་ཡས་ཁང་གདན་དང་བཅས་པ་ལ་ཐིམ། དེ་ཡང་འོད་ཟེར་གྱི་རྣམ་པར་བྱས་ཏེ་ 


CMR020_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ལྷ་རྣམས་ལ་ཐིམ། དེ་ཡང་རིམ་གྱིས་འོད་ཟེར་གྱི་རྣམ་པར་བྱས་ཏེ། རང་དཀྱིལ་འཁོར་གྱི་གཙོ་བོའམ། གཙོ་མོའི་རྣམ་པར་གནས་པ་ལ་ཐིམ་པས། དེ་དང་དེའི་སྐུར་གྱུར་པའི་མོས་པ་བྱའོ། །རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །མི་གཙང་ལུས་འདི་སོགས། རྡོར་དྲིལ་འཛིན་ཅིང་མེ་ཏོག་འཐོར་ལ། ཕུན་སུམ་ཚོགས་པ་སོགས། བཀྲ་ཤིས་རྒྱས་པར་བརྗོད། དེ་ལྟ་བྱ་སྤྱོད་ཀྱི་དཀྱིལ་འཁོར་དྲུག་གི་དབང་སྒྲུབ་ཁྱེར་བདེར་བཀོད་པ་འདི་ནི། བླ་མ་ཀརྨ་ཕྲིན་ལས་པས་ནན་གྱིས་བསྐུལ་བའི་ཕྱིར། ཤཱཀྱའི་དགེ་སློང་བརྩོན་འགྲུས་ཀྱིས་ཡི་གེ་པ་བྱས་ཏེ། ༧ རཱ་ག་ཨ་སྱས་བསྒྲིགས་པ་ལ། འགལ་འཁྲུལ་གང་མཆིས་ལྷ་དང་སྲུང་མའི་ཚོགས་ལ་བཤགས་ཤིང་། དགེ་བས་འབྲེལ་པ་ཐོགས་ཚད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་རྡོ་རྗེ་ཕྲེང་བ་ལས་བྱ་སྤྱོད་དཀྱིལ་འཁོར་དྲུག་གི་དབང་སྒྲུབ་ཀྱི་ཆོ་ག་ཀློག་པས་ཆོག་པ།next