Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
དབང་རྡོ་རྗེ་ཕྲེང་བའི་བདག་འཇུག་ཤིན་ཏུ་བསྡུས་པ།
   
   
   
   
   
   
   
   


 
previousདབང་རྡོ་རྗེ་ཕྲེང་བའི་བདག་འཇུག་ཤིན་ཏུ་བསྡུས་པ།next

དབང་རྡོ་རྗེ་ཕྲེང་བའི་བདག་འཇུག་ཤིན་ཏུ་བསྡུས་པ།


CMR020_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྡོ་རྗེ་ཕྲེང་བའི་བདག་འཇུག་ཤིན་ཏུ་བསྡུས་པ་བཞུགས་སོ།


CMR020_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཇུག་རྒྱས་པ་སློབ་མ་ལ་དབང་བསྐུར་བ་ལྟར་ཡོངས་རྫོགས་ལེན་པ་དང་། འབྲིང་ཕྲེང་བའི་རྒྱ་གཞུང་ལས། མེ་ཏོག་གི་ཕྲེང་དབང་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཞེས་པའི་བར་དབང་ཡོངས་སུ་རྫོགས་པར་བླངས་གསུངས་ཀྱང་། རྗེ་དཀོན་མཆོག་འབངས་ཀྱིས། དབང་དངོས་གཞི་རྣམ་བླངས་གསུངས་པ་ལྟར། མདུན་བསྐྱེད་གཙོ་བོ་དང་། །བླ་མ་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་དུ་གསལ་བཏབ་ལ། དམིགས་པ་སྤྱོད་རྒྱུ་རྣམས་བརྗོད་མི་དགོས། ཡིད་ཀྱི་བསྒོམས་པས་འཐུས། ཆས་ཞུགས་གསུམ་མི་དགོས་གསུངས། རང་དཀྱིལ་འཁོར་གྱི་ནང་དུ་བསྒོམ་ཡོད་པས། ཕྱི་འཇུག་ནང་འཇུག་མི་དགོས་སོ། །སྐྱབས་སེམས་སྡོམ་བཟུང་ད་ནངས་སོང་བས་འཐུས། མིག་རིས་བཅིང་བར་བསམས་ལ། ཨོཾ་ཙཀྐ་བྷནྡྷ་


CMR020_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ར་མ་ཎ་ཡེ་ཧཱུཾ། མེ་ཏོག་གི་ཕྲེང་བ་གཏད་པར་བསམས་ལ། ཨ་ཁཾ་ཝཱི་ར་ཧཱུཾ། གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་བསྒོམས་ལ། དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པའི་མོས་པས། ཧཱུྃ་ཨཱཿཿཨོཾ་ཧཱུྃ། སྙིང་ཁར་ཟླ་བ་རྡོ་རྗེ་བསམས་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པཱ་ད་ཡཱ་མུ། དེ་ནས་སྙིང་ཁར་རྡོ་རྗེ་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་ཧཱུཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ། བསྐོར་བ་དང་ཕྱག་མི་དགོས་གསུངས། དམ་བཞག་གསུམ་གྱིས་གནས་པར་བསམས་ལ། རྡོ་རྗེ་གནས་གསུམ་དུ་གཏུགས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་བས། འདི་དཀྱིལ་འཁོར་དུ་མ་ཞུགས་པ་དང་མ་དད་པ་ལ་སྨྲ་བར་ 


CMR020_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏེ་སྤྱི་བོ་འགས་པར་འགྱུར་རོ། །ཨོཾ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཞུགས་འདི་སྨྲས་ན་གཤེགས། །རྡོ་རྗེ་འཛིན་པ་ང་ཡིན་གྱིས། །ང་ལ་བརྙས་པ་མ་བྱེད་ཅིག །ཨོཾ་པཉྩ་མྲྀ་ཏ་ཨུ་ད་ཀ་ཋ། དམ་ཆུ་བླུད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷག་པར་བྱིན་གྱིས་རློབས་ལ། རྒེའི། ལྷ་ཚོགས་བདག་ལ་དབབ་པར་གྱུར་ཅིག །གསུམ། སྐད་ཅིག་སློབ་མ་སྣང་བ་མཐའ་ཡས་སུ་གྱུར་པའི་སྙིང་གར་ས་སེར་པོ་ལ་ཧཱུཾ། མགོ་བོར་ཆུ་དཀར་པོ་ལ་ཧ། མགྲིན་པར་རླུང་དམར་པོ་ལ་ཨཱཿཿ སློབ་དཔོན་གྱི་འོད་ཟེར་གྱིས་སྐུ་གསུང་ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་རྣམས་ལ་ཐིམ། རྐང་འོག་ཏུ་རླུང་དང་མེ་ཡི་དཀྱིལ་འཁོར་ཛྷདམར་པོ་ལ་གནས་པ་ལས་འོད་ཟེར་རྐང་བུག་ནས་ཞུགས། འོད་ཀྱིས་ལུང་གང་ཡེ་ཤེས་པ་དཔག་ཏུ་མེད་པ་ཐིམ་པར་བསྒོམ་ཞིང་རྩ་སྔགས་ལ། ཨཱཿ་ཝེ་ཤ་ཡ་སྟྭམྦྷ་ཡ་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཧ་ཨ་ཛཱི༔ རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། གྱིས་དཀྱིལ་འཁོར་ཁ་དོག་བལྟ། འདི་ཡན་ཆད་མ་བྱས་ཀྱང་རུང་། ཧཱུྃ་གྱིས་སྔགས་པའི་མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་དུ་དོར་བར་བསམས་ཤིང་། ཨོཾ་ཏིཥྛ་བཛྲ་དྲི་རྣོ་མེ་བྷ་ཝ། ཤ་ཤཱ་ཏ་མེ་བྷ་ཝ། ཧྲི་ད་ཡམྨེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ཨཱཿ་ཁཾ་ཝཱི་ར་ཧཱུཾ། པྲ་


CMR020_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཙྪ་ཀུ་སུ་མ་ཨཉྫ་ལི་ནཱི་ཐ་ཧོཿ མེ་ཏོག་དེ་སྤྱི་བོར་བྱིན་པར་བསམས་ལ། ཨོཾ་པྲ་ཏི་གཏྣ་ཏྲ་ཨི་མཾ་སཏཱ་མ་ཧཱ་བ་ལ། སྙིང་གར་ཟླ་བ་ལ་བདག་པོ། དཔྲལ་བར་ར། མིག་གཉིས་ལ་ཨོཾ་བསམས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛོད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད།་།ཨོཾ་ཛྙཱ་ན་ཙཀྵ་ཧཱུྃ་ཨཱཿཿསྭཱ་ཧཱ། དད་པའི་ཤུགས་ཀྱིས་མྱུར་དུ་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཧེ་བཛྲ་པ་བྱེ། མིག་དར་བསལ་ནས་དཀྱིལ་འཁོར་མཐོང་བར་བསམས་ལ། རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་བདག་ལ་སྟོན། །གསང་བའི་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །ས་མ་ཡ་ཧོ་ཧོ་ཧོ། རིག་པའི་དབང་ལྔ་ཞུ་བའི་མོས་པས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་སྤྲིན་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེའི་དེང་བདག་སྩོལ། །གསུམ། བསྒོམ་པས་ཆོག་པར་གསུངས་ཕྱིར། དབང་སྟེགས་གྲུ་བཞི་སྒོ་བཞི་རིམ་པ་གཉིས་པ། རྟ་བབས་མེད་པའི་ཕྱོགས་མཚམས་སུ་རིགས་ལྔ་ཡུམ་བཞིས་མཚན་པ། དབུས་སུ་འདབ་བརྒྱད་སེང་ཁྲི་ཟླ་བའི་སྟེང་། སློབ་མ་རྡོ་རྗེ་འཆང་གི་སྐུར་གྱུར་པ་


CMR020_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོད་པར་བསམས་ལ། ཨོཾ་བཛྲ་ཨརྒྱུ་སོགས། མདུན་དུ་ཡུངས་དཀར་དང་མེ་ཆུ་བཞག །ཨོཾ་ཨཱཿབིགྷ་ནཱན་ཏ་ཀྲྀཏ་ཧཱུྃ་ཧཱུྃ། བདུན། ཡུངས་དཀར་གཡས་གཡོན་གྱིས་བསྐོར་ཞིང་མེ་ཆུར་དོར་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་སཏཱ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། སྦྱོང་བ་གཞན་དང་ཉེ་རེག་མི་དགོས་གསུངས། ནང་ཆོག་གི་སློབ་མ་ལྷར་བསྐྱེད་ཀྱང་མི་དགོས་གསུངས། ནམ་མཁའ་གང་བའི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་བཀྲ་ཤིས་བརྗོད་བུམ་པས་དབང་བསྐུར་བར་བསམ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་བདག་པོ་ཡེ་ཤེས་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་ཡི། །བཀྲ་ཤིས་དེས་ནི་དབང་བསྐུར་མཆོག་དེས་ཁྱེད་ལ་ཤོག །རྣམ་རྒྱལ་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་ངོ་བོས་དབང་བསྐུར་བར་བསམས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏེ་སྟེ་ཨ་ཧཾ། ཨོཾ་དང་རིན་པོ་ཆེ་ལས་བྱུང་བའི་རིན་ཆེན་འབྱུང་གནས་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པའི་དབུ་རྒྱན་གྱིས་སློབ་མ་དེ་ལྟར་གྱུར་པ་ལ་དབང་བསྐུར་བར་བསམ་ཞིང་། རལ་པའི་ཐོར་


CMR020_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཙུགས་ཀྱིས་བརྒྱན་པའི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་ཅོད་པན་དག་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏེ་ཨ་ཧཱུཾ། ཨོཾ་བཛྲ་ཏུ་ཁྱེ་ཧོ་དར་དཔྱངས་སྦྱིན་པར་བསམ་མོ། །ཨོཾ་ཧཱུཾ་ཏྲཾ་ཧྲིཿཨཱཿཿ ཧྲཱིཿདང་པདྨ་ལས་བྱུང་བའི་སྣང་བ་མཐའ་ཡས་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པའི་རྡོ་རྗེའི་སློབ་མ་དེ་ལྟར་གྱུར་པ་ལ་དབང་བསྐུར་བར་བསམ་ཞིང་། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་བསྒྲུབ་ཕྱིར་རྡོ་རྗེ་ཟུང་། ཨོཾ་མ་ཧཱ་སུ་ཁ་བཛྲ་ཧཱུྃ། ཁཊཾ་དང་རལ་གྲི་ལས་བྱུང་བའི་དོན་ཡོད་གྲུབ་པའི་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པའི་དྲིལ་བུས་སློབ་མ་དེ་ལྟར་གྱུར་པ་ལ་དབང་བསྐུར་བར་བསམ་ཞིང་། ཆོས་ཀྱི་དྲིལ་བུ་བླ་ན་མེད། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོགས་པས། །ཐམས་ཅད་སྟོང་ཉིད་དོན་སྟོན་པ། །དྲིལ་བུའི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་དྷི་པ་ཏི་སྭ་ཨ་བྷི་ཥིཉྩནྟཾ། ཏིཥྛ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་གྷནྡྷེ་ཨཱཿཿ ཨོཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པའི་རྡོར་དྲིལ་གྱིས་སློབ་མ་དེ་ལྟར་གྱུར་པ་ལ་དབང་བསྐུར་བར་བསམས་ལ། རྡོར་དྲིལ་སྤྱི་བོར་བཟུང་


CMR020_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ཅིས་ཀྱང་མི་ཤིགས་མི་གཡོ་བའི། །མིང་གི་དབང་འདི་ཁྱོད་ཀྱིས་ལོངས། །ཨོཾ་བཛྲ་སཏྭ་ཧཱུྃ་ཨ་བྷི་ཥིཉྩནྟཾ། བཛྲ་ན་མ་ཨ་བྷི་ཁི་ཀ་ཏ་ཀྱི་དཔལ་དྨེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །བྱ་སྤྱོད་ཀྱི་རྒྱུད་ལ་སློབ་དཔོན་གྱི་དབང་འདི་མི་སྦྱར། རྣལ་འབྱོར་རྒྱུད་ཡན་ཆོད་ལ། བདག་ནི་ཁྱོད་ཞབས་བཀའ་དྲིན་ལས། །བདག་གིས་རང་བཞིན་དོན་ནུས་པའི། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་གྱི་བདག་ལ་སྩོལ། །རྡོ་རྗེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་སུ་གྱུར་པ་བྱིན་པར་མོས་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམ་མ་བདག་པོས་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨ་ལས་སྐྱེས་པའི་དྲིལ་བུ་བྱིན་པར་བསམས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །དྲིལ་བུ་འཁྲོལ་ཞིང་། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་


CMR020_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དག་མཆོག་སེམས་དཔའ་ཡིས། །དམ་པའི་སྲིད་པ་བྱེད་པར་གྱུར། །རྡོ་དྲིལ་བསྣོལ་ཞིང་། ཡིད་ཀྱི་ལུས་ནི་བསྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་གྲགས། །གང་གིས་ལུས་ཀྱང་བརྟན་བྱེད་པ། །དེ་ནི་ཕྱག་རྒྱར་རབ་ཏུ་གྲགས། །སློབ་མ་མངལ་འབྱིན་གྱི་དམིགས་པ་འདི་རྣམས་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ་མི་དགོས། སློབ་མ་རྡོར་སེམས་དུ་བསྒོམས་པས་འཐུས། སློབ་མ་རང་གི་ཞལ་དུ་ཞུགས་ཡུམ་གྱི་པདྨར་རྡོ་རྗེ་སེམས་དཔའི་གཟུགས་ལ་སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་ལ་མཆོད་། དེ། །རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །དེ་བཞིན་གཤེགས་པ་རྣམས་ཤེས་རབ་མ་དང་སྙོམས་པར་ཞུགས་པས། འདོད་ཆགས་ཆེན་པོས་ཞུ་བར་གྱུར་པ་རྣམ་སྣང་གི་སྒོ་ནས་ནང་དུ་ཞུགས། རྡོ་རྗེའི་ལམ་ནས་པདྨར་བརྒྱུད་པའི་ཁུ་བ་སློབ་མའི་ཁར་ཞུགས་པས་དབང་བསྐུར། དེ་ཉིད་པདྨ་ནས་ཐོན་མདུན་དུ་ཟླའཁོད་པ་ལ་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རིག་མ་དང་བཅས་པས་གདུགས་དང་རྒྱལ་མཚན་དང་བ་དན་དང་རས་དང་། རོལ་མོའི་སྒྲ་དང་། གླུ་དང་གར་དང་། མེ་ཏོག་དང་གུར་གུམ་ལ་སོགས་པའི་ཚར་རྣམས་དང་། ཕྱག་


CMR020_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡལ་གས་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་དབང་བསྐུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མཱ་ཡ་ཤྲཱི་ཧཱུྃ་སྭཱ་ཧཱ། དེ་བཞིན་གཤེགས་པ་དང་ལྷ་མོ་གཞན་རྣམས་ཡེ་ཤེས་སེམས་དཔའི་ངོ་བོར་རབ་ཏུ་བཅུག་ནས་མི་བསྐྱོད་པའི་ཅོད་པན་ཅན་དུ་གྱུར་པར་བསམ། མེ་ཏོག་དོར་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་བཛྲ་པུཊྚེ་སོགས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་གཉིས་ཀྱིས་འཁྱུད་ནས་ནི། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་གྱི་ནི་དབང་དུ་འདོད། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད། །ལྷ་ཡི་དེ་ཁོ་ན་ཉིད་དང་། །དེ་བཞིན་ཉིད་ཀྱི་དེ་ཁོ་ན་ཉིད་དང་། །སློབ་དཔོན་གྱི་བྱ་བ་མ་ལུས་པ་དང་། འདའ་བར་བྱ་བ་མ་ཡིན་པའི་དམ་ཚིག་དང་། བྱ་བ་དང་བྱ་བ་མ་ཡིན་པའི་བདག་ཉིད་ཅན་གྱི་སྡོམ་པ་རྣམས་ཚུལ་བཞིན་དུ་སྒྲུབ་པར་གྱིས་ཤིག །བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ལན་གསུམ་བཟླ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །གསེར་དངུལ་གྱི་སྣོད་དུ་མིག་སྨན་གསེར་གྱི་ཐུར་མས་མིག་ལ་བྱུག །མིག་ལ་པྲ་དྲྀ་བསམས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་


CMR020_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །ལིང་ཐོག་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཎ་ལཾ་ཧྲཱིཿ མེ་ལོང་བསྟན་ལ། ཨཱཿཿ ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས་ཀུན་བདག་བུ་ཁྱོད་ཀྱི། །རང་ཉིད་ཀྱི་ནི་སྙིང་ལ་གནས། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ལ་མཉམ་མེད་གྱིས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །གཞུ་བྱིན་ལ། ཧོ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་ཡ་སྭཱ་ཧཱ། མདའ་འཕང་བར་བྱེད་ཚུལ་བྱ། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་མི། དེ་ནས་མཆོག་དབང་སྐོར་གསུམ་འདི་བླ་མེད་མ་གཏོགས་མི་རུང་། ཁྱོད་ཀྱི་ཞབས་ཀྱི་དྲིན་གྱིས་ནི། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་དག་གིས། །མགོན་པོས་རྗེས་སུ་བཟུང་བར་མཛོད། །བླ་མ་འཁོར་ལོའི་དབང་ཕྱུག་ཡབ་ཡུམ་སྙོམས་པར་འཇུག་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷེ་ཝ་ཨཱཿཏྨ་ཀོཉཧཾ།


CMR020_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་ས་བོན་གྱིས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་རྣམ་སྣང་གི་སྒོ་ནས་ཞུགས་ཞུ་བ་ཨ་ཝ་དྷུ་ཏི་ནས་བབས་པས་དབང་བསྐུར། བདུད་རྩི་བླུད་ནས། རྡོ་རྗེ་འཆང་ལ་སོགས་པ་ཡི། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་ལྟར་བྱང་ཆུབ་སེམས་བཟང་པོས། །བུ་ཁྱོད་དབང་ནི་བསྐུར་བར་བགྱི། །གཙོ་བོའི་སྔགས་བརྗོད་ལ་བླུད། ཨ་ཧོ་མ་ཧཱ་སུ་ཁཾ། ཁྱོད་ཞབས་པད་མོའི་བཀའ་དྲིན་གྱིས། །བདག་གིས་གསང་བའི་དབང་བསྐུར་ཐོབ། །ཤེས་རབ་ཡེ་ཤེས་དབང་བསྐུར་ཡང་། །མགོན་པོས་རྗེས་སུ་བཟུང་བར་མཛོད། །རིག་མ་གཏད་པར་བསམས་ལ། གཟུང་མ་ཤིན་ཏུ་ཉམས་དགའ་འདི། །བརྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས། །འཁོར་ལོའི་རིམ་པར་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུར་ཆུད་པ་ལྟ་བ་ཡིན། །རིག་མས་ཀྱང་། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་ག་བཞིན་བརྟེན་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བཀུར་སྟི་ལ་སོགས་པ། །པདྨར་བྱས་པ་ཅི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷཉྫམོཀྵ་


CMR020_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿ ལྷ་ཡི་གཟུགས་ཡུམ་དུ་གསལ་བའི་ཨཿདང་ཧཱུྃ་ལས་སྐྱེས་པའི་པདྨ་དང་རྡོ་རྗེ་དག་གི་ཟེའུ་འབྲུ་དང་ནོར་བུ་དག་ཨདང་ཨོཾ་ལས་སྐྱེས་པ་བུ་ག་ཕཊ་སེར་པོས་མཚན་པ། སློབ་མ་དང་བླ་མའི་སྙིང་ཁའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་སྤྱན་དྲངས་པ་སློབ་མའི་ལུས་ལ་ཐིམ་པས་དགའ་བ་བཞི་རྒྱུད་ལ་སྐྱེས་པར་བསམས་ལ། སཱི་སཱི་སཱི་ཧ་ཧ་ཧ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཱཿཏྨ་ཀོཉཧཾ། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །ཤེས་རབ་ཡེ་ཤེས་དབང་བསྐུར་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །མགོན་པོས་རྗེས་སུ་བཟུང་བར་མཛོད། །ཡེ་ཤེས་འདི་ནི་ཆེས་ཕྲ་བ་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཆོས་རྣམས་ཐམས་ཅད་བསལ་དུ་མེད་པའི་རང་བཞིན་ཡན་ལག་བདུན་དང་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་གི་རང་བཞིན་དབང་བཞི་པའི་ངོ་བོ་ཡིན་ནོ། །སློབ་དཔོན་གྱི་ལག་གཡོན་གྱིས་རིག་མ་བཟུང་ནས། རྡོ་རྗེ་དང་བཅས་པས་ལག་པ་གཡས་སློབ་མའི་མགོ་ལ་བཞག་བློསྟེ། དེ་བཞིན་གཤེགས་པ་རྣམ་པ་དཔང་དུ་བཙུགས་ཏེ་གཏད་པར་བསམ། འདིར་ནི་ཁྱོད་རྣམས་དཔང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །


CMR020_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདི་སྤང་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །འདི་མན་རྒྱུད་སྡེ་བཞི་ག་ལ་དགོས། སློབ་མ་རྡོ་རྗེ་སེམས་དཔར་མོས་ལ་རྡོ་རྗེ་གཏད་པར་བསམས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟེ་དྷ་ར་ཡཱ་མི་བཛྲ་སཏྭ་ཧཱུྃ། སྤྱོད་པའི་བརྟུལ་ཞུགས་མི་དགོས་གསུངས། སློབ་དཔོན་ཕྱག་གཡོན་གྱིས་ཆོས་གོས་ཀྱི་སྣེ་མོ་རི་དྭགས་ཀྱི་རྣ་བ་ལྟར་བྱས་ལ། ཐུབ་པར་གསལ་བའི་ཕྱག་གཡས་སྐྱབས་སྦྱིན་གྱིས། ང་ཡིས་འདི་ལྟར་ཁྱོད་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་མཆོག་གི་རབ་བསྒྲུབ་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་རྒེ་ཞེས་བྱ་བར་འགྱུར་རོ། སིདྡྷི་ས་མཱ་ཡ་ཙཱ་བྷུར་བྷུ་ཝ་གང་འདི་ལྟར་ལུང་བསྟན་པར་བྱེད་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་


CMR020_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཏུ་ལུང་བསྟན་ཏོ། །རྗེས་གནང་ནི། ཨོཾ་བཛྲ་ཧེ་ཏུ་མཾ། བུམ་ལས་སྐྱེས་པའི་ཆོས་ཀྱི་འཁོར་ལོའོ། །ༀ་བཛྲ་བྷ་ཥ་རཾ། ཨ་ལས་སྐྱེས་པའི་དུང་ངོ་། །དབྱངས་དང་པོ་ལས་སྐྱེས་པའི་པུ་ཏིའོ། །དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུའོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་རྫོབ་མཉམ་པ་ཉིད་དུ་གསལ། །དེང་ནས་བརྩམས་ཏེ་ལྷན་ཅིག་ཏུ། །སེམས་བསྐྱེད་བྱས་པ་ཙམ་གྱིས་ཀྱང་། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་དུང་ནི་བླ་ན་མེད། །ཀུན་ནས་ཡོངས་སུ་གང་བ་ཡི། །འཁོར་ཡུག་ཏུ་ནི་འབུད་པར་གྱིས། །སློབ་མ་རིགས་ལྔའི་སྐུར་བསྒོམ་ཞིང་ཕྱག་རྒྱ་བྱ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་དང་རྡོ་རྗེ་རིན་ཆེན་དང་། །པདྨ་ལས་ཀྱི་འཁོར་ལོ་བསྐོར། །ཤེས་རབ་ཐབས་ཀྱི་རང་བཞིན་དག །ཡིད་བཞིན་ནོར་བུ་ལྟར་མཐོང་བ། །དུབ་མེད་ཆགས་དང་བྲལ་བ་ཡིས། །སེམས་ཅན་དོན་ནི་མཛད་པར་རིགས། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་


CMR020_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དག་བདག་གིས་བྱ་བར་བགྱི། །སློབ་མའི་སྤྱི་བོར་གདུགས་བཟུང་ལ་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱས་ནས། མདུན་ནས་ཕྱག་གསུམ་འཚལ་བར་བསམས་ལ་མགོ་བོ་འདུད་པ་གསུམ་བྱ། སློབ་མ་འདི་ནི་ཕུལ་བ་ལགས་། །གསང་སྔགས་རྒྱུད་རྣམས་འཛིན་པར་འཚལ། །སློབ་མ་ལ་ཕན་ཡོན་བརྗོད་པ་ནི། ད་ནི་དཀྱིལ་འཁོར་ཆེན་པོ་དང་། །སྔགས་དང་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་དགོངས་པར་འགྱུར། །དེ་ལྟར་ཡིད་ནི་རབ་དད་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྦྱིན་བསྟེན་པར་གྱིས། །དེ་རིང་ཚེགས་ཆུང་བདེ་བས་འགྲོ་བ་རྡོ་རྗེ་སེམས་དཔའ་དང་། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་ཁྱེད་རྣམས་འགྱུར། །གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ལ་དགེ་བའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡུག་པའི་བུ་དང་འདྲ་བར་ཐུགས་དང་བས་ཡང་དག་པར་དགོངས་པར་མཛད་པ་འདི་ནི་ཆོས་ཉིད་ཡིན་ནོ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་


CMR020_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །དེས་བདག་འཇུག་ཚང་བར་འགྱུར་ཏེ། གཞན་ལ་བསྐུར་ན་དེ་ཡིས་མི་ཆོག་པས། རྒྱས་འབྲིང་བསྡུས་གསུམ་ལོགས་སུ་གསལ་བ་ལྟར་བྱའོ། །དཀྱིལ་འཁོར་སོ་སོའི་བསྙེན་པའམ་སྒྲུབ་པ་བྱེད་པའི་སྐབས་སུ། བདག་བསྐྱེད་རྐྱང་པ་ཐུན་བཞི་ཡིན་པས། མདུན་བུམ་མེད་པས་བདག་འཇུག་ལེན་ཏུ་མེད་ཅིང་། ལེན་ཀྱང་མི་དགོས་ནའང་། བདག་མདུན་བུམ་གསུམ་གཅིག་ཆོག །ཆོ་ག་འདི་ཡི་ལུགས་ཀྱི་བསྙེན་སྒྲུབ་བྱེད་དུས་ཀྱང་། དགོང་མོའི་ཐུན་ལ་བདག་འཇུག་རེ་བླང་ན། ཉམས་ཆག་ཅུང་ཟད་ཡོད་ཀྱང་བྱང་བས་རྟགས་གསལ། ཚོགས་བསགས་སྒྲིབ་སྦྱོང་གི་མཆོག་ཡིན། གཞན་ལ་དབང་བསྐུར་ན་ཡང་བདག་འཇུག་རྒྱས་པ་ནི་ལེན་དཀའ། མ་བླངས་ན་སློབ་དཔོན་ལ་ཉམས་ཆག་ཅུང་ཟད་ཡོད་ན། སློབ་མ་ལ་བྱིན་རླབས་མི་འཇུག་པར་གསུངས་པས་བསྡུས་པ་འདི་ཙམ་ལེན་པ་ལེགས། ཞེས་པ་རང་གིས་ཉམས་སུ་ལེན་པའི་ཕྱིར། རྗེ་དཀོན་མཆོག་འབངས་ཀྱིས་མཛད་པ་ལ་གཞིར་བྱས་ཏེ། ༧ རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་། དགེ་བས་འདི་དང་འབྲེལ་པ་ཐོགས་ཚད་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག་།ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཀྱིས་བགྱིས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR020_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདབང་རྡོ་རྗེ་ཕྲེང་བའི་བདག་འཇུག་ཤིན་ཏུ་བསྡུས་པ།next