Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
རྡོ་རྗེ་ཕྲེང་བ་ལས་བླ་མེད་སྤྱི་ཡི་དབང་སྒྲུབ་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   


 
previousརྡོ་རྗེ་ཕྲེང་བ་ལས་བླ་མེད་སྤྱི་ཡི་དབང་སྒྲུབ་བལྟས་ཆོག་ཏུ་བཀོད་པ།next

རྡོ་རྗེ་ཕྲེང་བ་ལས་བླ་མེད་སྤྱི་ཡི་དབང་སྒྲུབ་བལྟས་ཆོག་ཏུ་བཀོད་པ།


CMR020_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བ་ལས་བླ་མེད་སྤྱི་ཡི་དབང་སྒྲུབ་བལྟས་ཆོག་ཏུ་བཀོད་པ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR020_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་ར་ཡེ། རྡོ་རྗེ་འཆང་དངོས་རྩ་བརྒྱུད་བླ་མ་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ནས། །རྡོར་ཕྲེང་བླ་མེད་སྤྱི་ཡི་དབང་སྒྲུབ་བྲི། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །དཀྱིལ་འཁོར་བུམ་པ་གཏོར་མཆོད་སྤྱི་ལྟར་བཤམས། །མཆོད་གཡོག་པ་ཡིས་ཕྱག་འཚལ་སྔོན་འགྲོ་བཤམས། །དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་སྔོན་དུ་འགྲོ་བའི་གཏོར་མ་བྱིན་གྱིས་བརླབས་ནས་འབུལ་བར་ཞུ། ཞེས་བརྗོད་ཅིང་སློབ་དཔོན་གྱིས་རྡོ་རྗེའི་རྩེས་ནང་མཆོད་གཏོར་ཞིང་། ཨོཾ་ཨཱཿབིབྷཱནྟ་ཀྲྀཏ་ཧཱུྃ། སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་གཏོར་སྣོད་ཨ་ལས་བྱུང་


CMR020_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡེ་ཤེས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་མཆོད་སྦྱིན་གྱི་གཏོར་མ་འདོད་དགུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཿཧཱུྃ། ཨོཾ་ཨཱཿཿཧཱུྃ། ཧཱུཾ་ཨཱཿཿཨོཾ། ཞེས་བརྗོད་ཅིང་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དང་། རང་གི་སྙིང་གའི་ཧཱུཾ་ལས་འོད་འཕྲོས་པས། ཕྱོགས་སྐྱོང་བཅུ་ལ་སོགས་པ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་གཏོར་མགྲོན་ཐམས་ཅད། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨ་ཀར་ཤ་ཡ་ཛཿ གཏོར་སྣོད་ཀྱི་མཐའ་སྐོར་དུ་འཁོད་ནས། གཏོར་མ་རྣམས་གསོལ་ཞིང་ཚིམས་པས་མཉེས་པར་


CMR020_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་། ཨོཾ་ད་ཤ་དིཀ་ལོ་ཀ་སྔོན་དུ་འགྲོ་བའི་ཆུ་གསུམ་གྱིས་མཆོད་ནས། པད་ཀོར་སྔོན་དུ་འགྲོ་བའི་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར། སརྦ་དུཥྚ་མ་མ་ཡ་མུད་ཏྲ་པྲ་བྷི་ཛ་ཀ་མ་མཱ་ཤིནྟཾ་རཀུན་ཙ་ཀུ་རུ་སྭཱ་ཧཱ་ཧཱུྃ། ཞེས་པ་གསུམ་མམ་ལྔས་ཕུལ་ལ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་པུཊྚེ་སོགས། མེ་ཏོག་ལ་སོགས་པས་མཆོད་ཅིང་། ཨོཾ་ད་ཤ་དིཀ་ལོ་ཀ་པ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿཿཧཱུྃ། གིས་ནང་མཆོད་གཏོར་ལ། སྤྲོ་ན། རྡོ་རྗེ་སྙིང་ག་དང་དྲིལ་བུ་གཅིག་རྡུང་བྱེད་ཅིང་། གང་གིས་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་མནོས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེ་ཕྱོགས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་གྲུབ་ཤོག །གི་བར་བརྗོད་ཅིང་། ཐལ་མོ་སྦྱར་ཏེ། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་དུ། སའི་ཕྱོགས་འདིར་ཧྥེ་ལ་སོགས་པ། དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་


CMR020_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཆེན་པོ་རྣམས་སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བ་དང་། སློབ་མ་རྣམས་གཞུག་ཅིང་དབང་བསྐུར་བར་འཚལ་ན། ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། དཀྱིལ་འཁོར་ཁང་པའི་ཕྱོགས་མཚམས་སུ་བཞུགས་ནས། བར་དུ་གཅོད་པ་ཐམས་ཅད་བཟློག་ཏུ་གསོལ། དེས་ན་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ། བར་དུ་གཅོད་པ་ཐམས་ཅད་སྲུང་བ་དང་། སྐྱོབ་པ་དང་སྦ་བའི་ཕྲིན་ལས་མཛོད་ཅིག །གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་ཞིང་དཀྱིལ་འཁོར་ཆེན་པོའི་གསང་སྤྱོད་ལྟ་བར་མི་དབང་བ་རྣམས། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །ཨོཾ་སརྦ་བིག་ནཱན་གཙྪ། སོ་སོའི་སྙིང་པོ་དང་། ཨོཾ་ཨཱཿབིགྷཱན་ཀྲྀཏ་ཧཱུཾ། མང་དུ་བརྗོད་ལ། རྡོ་རྗེ་གསོར་དྲིལ་བུ་དྲག་དཀྲོལ་བྱ་ཞིང་། གཏོར་མ་གཙང་སར་དོར་རོ། །ཨོཾ་སརྦ་བིགྷན་གཙཱའི་རྗེས་སུ་དཀྱིལ་འཁོར་སོ་སོའི་གཙོ་བོའི་རྩ་སྔགས་དང་། ལས་ཐམས་ཅད་པའི་སྔགས་བརྗོད། དེ་ནས་གནས་


CMR020_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོད་པའི་ཡོ་བྱད་ལ་རྡོ་རྗེའི་རྗེས་ནང་མཆོད་གཏོར་ཞིང་། དཀྱིལ་འཁོར་སོ་སོའི་ལས་ཐམས་ཅད་པའི་སྔགས་ཀྱིས་བསངས། སྭ་བྷ་ཝའམ། ཤུ་ནྱ་ཏའི་སྔགས་ཀྱིས་སྟོང་པ་སྦྱངས་ལ། སྟོང་པའི་ངང་ལས། ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེའི་ས་གཞི་རྭ་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་ཡིག་ལས་བྱུང་བའི་གནས་ཁང་ཐར་པ་ཆེན་པོ་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ་རྩིག་པ་རིམ་པ་ལྔ་དང་ལྡན་པ་རྟ་བབས་བཞིས་མཛེས་པ། སྟེང་ཐོག་རིམ་པར་ཕུབ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ། ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་གྱུར་པ་རྣམས་ཀྱི་ནང་དུ། ཧཱུྃ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཞབས་བསིལ། ཞལ་བསིལ་མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། ཞལ་ཟས་རོལ་མོ་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ། རྒྱུ་དེ་དག་བ་ལས་བྱུང་བ་། ངོ་བོ་བཟང་ཞིང་རྒྱ་ཆེ་བ། དུས་འཁོར་བ་མ་སྟོངས་ཀྱི་བར་དུ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་


CMR020_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པ་གཅིག །བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་ཨཱཿཛདྭིཔྲ་ཝ་ར་སཏྟ་ར་པཱཏྱཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་དུ། པྲཀཱ་ཎཾ། ཆུ་བཞི་བྱེད་ན། འཐོར་འཐུང་ལ།་ཨ་མཱ་ནཾ། ཆུ་གསུམ་ལ་དེ་དོར་ལ། ཨགྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པུལླེ་ཨཱཿཧཱུྃ། དེ་བཞིན་དུ། དྷུ་པེ། ཨཱཿ་ལོ་ཀེ་་།གནྡྷེ། ནི་ཝི་ཏྱ། ཤརྡ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། །ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ།། སརྦ་བྷུདྡྷ་ཀྵེ་ཊ་པ་ཙ་ལི་ཏེ། པྲཛྙཱ་པ་ར་མི་ཏ་ན་ཏ་སཾ་བྷ་ཝེ། བཛྲ་དྷརྨཱ་ཧྲི་དྷ་ཡ་སན་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། ལན་གསུམ་བརྗོད་ཅིང་། དུང་དཀར་གྱིས་སྣ་དྲངས་ལ་མཆོད་པ་བྱིན་ཆགས་རོལ་ཆེན་བྱའོ། །དེ་ནས་ལྷའི་རྣལ་འབྱོར་ལ་གནས་པ་ཞུ་བའི་དོན་དུ། སྒྲུབ་མཆོད་པ་མང་པོ་ཡོད་ན་དྲུག་གསུམ་བཅོ་བརྒྱད་པའི་ཕྱག་དང་མཎྜལ་འབུལ། སློབ་དཔོན་རྐྱང་པ་ཡིན་ན། ཕྱག་གསུམ་དང་མཎྜལ་ཕུལ་ཏེ། ཕུན་སུམ་ཚོགས་པ་མ་ཚང་པ་མེད་པ་འདི་ཉིད་དཔལ་ལྡན་བླ་མ་དམ་པ་ལ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་གནས་པར་ཞུ་བའི་ཡོན་དུ་འབུལ་


CMR020_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། སློབ་དཔོན་གྱིས་ཀྱང་། སློབ་མས་ཕུལ་བའི་མཎྜལ་དེ་ཉིད་ལ་དམིགས་ནས། རྩ་བརྒྱུད་ཀྱི་བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་ཅག་དཔོན་སློབ་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབས་ནས། དབང་གི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། ཞེས་བརྗོད་དོ། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག ། སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །དེ་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་། །སྐུ་མདོག་དཀར་པོ་ཞལ་གཅིག་པ། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །མཚན་དཔེའི་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་སྟེ། །མ་


CMR020_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཡིན་ན་རང་འདྲ་བའི་ཡུམ་གྱིས་རྣམ་པར་འཁྱུད། ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །ཡི་གེ་བརྒྱ་པས་བསྐོར་བར་གྱུར། །ཡིག་ཕྲེང་དེ་ལས་འོད་འཕྲོས་ཏེ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །སྤྱན་དྲངས་རྡོར་སེམས་ལ་ཐིམ་པས། །སངས་རྒྱས་ཀུན་འདུས་སྐུ་རུ་གྱུར། །བདག་སོགས་སེམས་ཅན་རྣམས་ཀྱི་ཐོག་མེད་ནས། །ད་ལྟ་ཡན་གྱི་སྡིག་སྒྲིབ་ཉེས་ལྟུང་ཀུན། །མཐོལ་ལོ་བཤགས་སོ་ཕྱིན་ཆད་སྡོམ་ལགས་པས། །འདི་ཕྱིར་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །ཞེས་གསོལ་མོད་ལ་སྔགས་ལས་བདུད་རྩི་བབས། །སྐུ་ཡི་དབྱིབས་རྒྱུད་སྦྱོར་་་་ཡབ་རྐྱང་དུས་མཐེ་བོང་ནས། མཚམས་ནས་བབས་ཏེ། །སྤྱི་བོ་ནས་ཞུགས་ལུས་ངག་སྡིག་སྒྲིབ་བསལ། །བདུད་རྩིས་ལུས་ཀྱི་ནང་གང་སྤྱི་བོར་རེག །དམིགས་པ་དེ་ལྟ་བུ་ཡང་ཡང་བསྒོམ་ཞིང་སྡིག་སྒྲིབ་དག་པའི་ངེས་ཤེས་བརྟན་པོར་བྱས་ལ་ཡིག་བརྒྱ་བཟླས། ཐུན་བསྡུ་དུས། རྡོར་སེམས་་་་ཡབ་རྐྱང་དུས་རྡོ་རྗེ་སེམས་དཔའི། ཡབ་ཡུམ་ཞལ་ནས་བུ་ཁྱོད་ཀྱི། །སྡིག་སྒྲིབ་དག་གོ་གསུངས་ནས་དགྱེས་བཞིན་དུ། །འོད་ཞུ་རང་ལ་ཐིམ་པས་རང་ཉིད་དང་། །རྡོ་རྗེ་སེམས་དཔའ་དབྱེར་མེད་རོ་གཅིག་གྱུར། །རང་སྐད་ཅིག་གིས་


CMR020_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་འགྱུར་བའི་དཀྱིལ་འཁོར་གྱི་གཙོ་བོར་བསམ་པའི་སྙིང་གའི་ས་བོན་གྱི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་བཀོད་པའི་ཚོགས་ཀྱི་ཞིང་མདུན་དུ་སྤྱན་དྲངས། ན་མོ་གུ་རུ་བྷྱཿ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་པྲ་ན་མེ་ཎ་བཛྲ་བྷནྡ་ནཾ་ཀ་རོ་མི། ཞེས་པས་ཕྱག་བྱ་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧིཔྲ་ཝ་ར་སཏྟ་ར་པཱཧཱུྃ་པྲ་ཏིཙྪཔཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། པྲཀཱ་ཎཾ། ཨཉྩམཱ་ནཾ། ཨནྡྷཾ། པུཤྲཱི། དྷུ་པེ། དྷི་པཾ། གནྡྷེ། ནེ་ཝི་ཏྱ། ཤད། ཞེས་པས་མཆོད་ནས། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོགས་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་རང་ཞིང་། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབ། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ཡི། །བདེ་གཤེགས་


CMR020_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང་། །སེམས་དཔའ་དམ་པ་ཀུན་གྱི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་རྟག་ཏུ་གྲོལ་འགྱུར་ཞིང་། །སྙིང་རྗེ་མཆོག་གིས་བསྒྲུབ་པའི་དཔལ་དང་ལྡན། །རབ་ཏུ་དགའ་སོགས་ས་ལ་རབ་ཞུགས་པའི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་པས། །སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱིན། །ལྷག་པའི་མོས་པས་རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ། །སྦྱིན་སོགས་རྣམ་བཅུ་དཀར་བའི་ཡོན་ཏན་ཚུལ། །རྫོགས་སངས་རྒྱས་བདག་མ་ལུས་ངོ་བོས་བློས། །ཡང་དག་ཉིད་དུ་ད་ནི་གནས་བགྱིད་དོ། །ཞེས་པའམ། ཡང་ན་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་གང་རུང་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་


CMR020_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཀྱི་བར་ལན་གསུམ་གསུམ་གྱིས་ཐུན་མོང་དང་ཁྱད་པར་གྱི་ས་སྡོམ་པ་བཟུང་ནས། ཨོཾ་བཛྲ་མུས་ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། སེམས་ཅན་ཐམས་ཅད་ལ་དམིགས་པ་ཚད་མེད་པ་བཞི་བསྒོམ་པར་བྱས་ཏེ། སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། སྟོང་པའི་ངང་ལས་འོག་ཏུ་སྲ་ཞིང་མཁྲེགས་ལ་དུམ་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་ས་གཞི་དང་། དེའི་ལོགས་སུ་རྡོ་རྗེའི་རྭ་བ་དང་། སྟེང་དུ་རྡོ་རྗེའི་མདའི་དྲྭ་བ་དང་། དེའི་འོག་ཏུ་རྡོ་རྗེའི་བླ་རེ་དང་། ཕྱི་རོལ་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་རྡོ་རྗེ་གུར་ཡངས་ཤིང་རྒྱ་ཆེ་བའོ། །དེ་ནི་ཐུན་མོང་བའི་སྲུང་བའི་འཁོར་ལོ་སྟེ། དེ་ཡན་ཆད་ནི་བླ་མེད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ཐུན་མོང་བའོ། །ད་ནི་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ནི། དེ་ལྟ་བུའི་སྲུང་བའི་འཁོར་ལོའི་ནང་དུ་སྣ་ཚོགས་པདྨ་


CMR020_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉི་མ་ལ་གནས་པའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་བསྐོར་དུ་འགྲོ་བ་མི་མངོན་པ་མགྱོགས་པར་འཁོར་བ། དེའི་རྩིབས་རྣམས་ལ་ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་རྡོ་རྗེའི་ཐོ་བ་ནག་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་དང་། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་རིལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ། དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་པདྨ་དམར་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་འཁོར་ལོ་འཛིན་པ། བྱང་དུ་བགེགས་མཐར་བྱེད་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱི་གཡས་གཉིས་ན་ཁྲོ་བོའི་རྡོ་རྗེ་རལ་གྲི་དང་། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། མེར་འདོད་རྒྱལ་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་ལྕགས་ཀྱུ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་


CMR020_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། བདེན་བྲལ་དུ་དབྱུག་པ་སྔོན་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་དབྱུག་པ་སྔོན་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། རླུང་དུ་སྟོབས་པོ་ཆེ་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་རྩེ་གསུམ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། དབང་ལྡན་དུ་མི་གཡོ་བ་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ། སེར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ནི་འཁོར་ལོ་སྔོན་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ།། འོག་ཏུ་གནོད་མཛེས་རྒྱལ་པོ་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། ཐམས་ཅད་ཀྱང་རྩ་བའི་ཕྱག་དག་གིས་རང་འདྲའི་ཡེ་ཤེས་སེམས་མ་ལ་འཁྱུད་པ། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། འདོད་པའི་རྒྱལ་པོ་དང་། མི་གཡོ་བ་དང་། གནོད་མཛེས་


CMR020_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་རིན་པོ་ཆེའི་ཅོད་པན་ཅན་ལ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། འགྱིང་བར་གྱུར་པ་མཆེ་བ་ཅུང་ཙད་གཙིགས་པ་སྟོན་པ། ཁྲོ་བོའི་སྨྲ་ར་དང་ལྡན་པ་དེ་ལས་གཞན་རྣམས་ནི་མི་སྡུག་པའི་གཟུགས་ཅན། སྨིན་མ་འཁྱོགས་པ་དང་བཅས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨིན་མ་དང་སྨ་ར་དམར་སེར་དང་བཅས་པ། ཞལ་གདངས་བ་མཆེ་བ་གཙིགས་པ། ལྗགས་འགྱུར་བ་གད་རྒྱངས་དང་ལྡན་པ། དྲག་པོའི་ཀླུ་བརྒྱད་ཀྱིས་བརྒྱན་པ། སྐུ་བོངས་ཐུང་ཞིང་ཡན་ལག་རགས་པ། ལྟོ་བ་འཕྱང་བ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། །ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས། རང་རང་གི་རྩིབས་ཀྱི་ནང་གི་རྩེ་མོར་ཅུང་ཟད་མ་རེག་པའི་སྣ་ཚོགས་པདྨ་དང་ཉི་མའི་གདན་དང་བཅས་པ་ལ་བརྟེན་པར་གནས་པ། ཉི་མའི་འོད་ཅན་ཤིན་ཏུ་ཁྲོ་བ་འབར་བ་དང་བཅས་པས་ཤིན་ཏུ་འཇིགས་པ། བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུའི་འོད་དང་ལྡན་པ། རང་གི་སྐུ་ཡི་སྤྲུལ་པ་དཔག་ཏུ་མེད་པའི་ཚོགས་ཀྱིས་ཀྱང་། ཁམས་གསུམ་མཐའ་ཡས་པ་ན་གནས་པའི་བགེགས་མ་


CMR020_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་ཡང་དང་ཡང་དུ་རླག་པར་བྱེད་པ། འཁོར་ལོ་ཡང་རྒྱུན་མི་འཆད་པར་དྲག་ཏུ་འཁོར་བས་བརྟན་པར་གནས་པ་ལྟ་བུ། འབར་བའི་ཚོགས་དཔག་ཏུ་མེད་པ་འཕྲོ་བའོ། །དེ་ལྟ་བུའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཆོས་འབྱུང་གྲུ་གསུམ་དཀར་པོ་ཤིན་ཏུ་ཡངས་པའི་ནང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེ། །དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་བཞུགས་གནས་གཞལ་ཡས་ཁང་པ། གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེའི་རྩིག་པ། ཕྱི་ནས་རིམ་པ་བཞིན། དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་ན་རིན་པོ་ཆེའི་་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞི་ཡི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱངས་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་


CMR020_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་ལྷོ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ནང་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོན་པོའི་ལྷ་སྣམ་གྱི་ལེའུ་ཚེ་དགུར་གྱུར་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་སྐུ་མདོག་སེར་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་གུར་གུམ་


CMR020_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ལྟ་བུ། གཡས་ནག་གཡོན་དཀར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། །ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། །གཡས་ལྷག་མ་གཉིས་ཀྱིས་རལ་གྲི་དང་མདལ། གཡོན་ལྷག་མ་གཉིས་ཀྱིས་ཨུཏྤལ་དང་གཞུ་འཛིན་པ། རིན་པོ་ཆེའི་ཅོད་པན་ཅན། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། འོད་ཟེར་མཐའ་ཡས་པའོ། །ཤར་དུ་རྣམ་སྣང་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། ལྷོར་རིན་འབྱུང་སེར་པོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་རིན་པོ་ཆེ་མ་ར་ཀ་ཏ་ཟུར་དགུ་པ་དང་རལ་གྲི༔ གཡོན་གཉིས་ན་འཁོར་ལོ་དང་པདྨ་འཛིན་པ། ནུབ་ཏུ་འོད་དཔག་མེད་དམར་པོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་པདྨ་དམར་པོ་དང་རལ་གྲི་། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་རལ་གྲི་དང་འཁོར་ལོ། 


CMR020_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རིན་པོ་ཆེའི་ཅོད་པན་ཅན། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། །འོད་ཟེར་མཐའ་ཡས་པའོ། །མེར་སྤྱན་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། བདེན་བྲལ་དུ་མཱ་མ་ཀཱི་སྔོན་མོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་ཨུཏྤལ་དམར་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། རླུང་དུ་གོས་དཀར་མོ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་པདྨ་དམར་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། དབང་ལྡན་དུ་སྒྲོལ་མ་སེར་མོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་ཨུཏྤལ་སེར་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། རིམ་པ་གཉིས་པའི་མེ་མཚམས་སུ། གཟུགས་རྡོ་རྗེ་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་མེ་ལོང་དམར་པོ་


CMR020_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། སྲིན་པོར་སྒྲ་རྡོ་རྗེ་མ་སྔོན་མོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་པི་ཝང་སྔོན་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། རླུང་དུ་དྲི་རྡོ་རྗེ་མ་སེར་མོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་དྲི་སེར་པོས་གང་བའི་དུང་ཆོས་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་པདྨ་འཛིན་པ། དབང་ལྡན་དུ་རོ་རྡོ་རྗེ་མ་དམར་མོ། དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་རོའི་སྣོད་དམར་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་འཁོར་ལོ་འཛིན་པ། ཤར་སྒོའི་གཡོན་ལོགས་སུ་རེག་བྱ་རྡོ་རྗེ་མ་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་གོས་སྣ་ཚོགས་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། ཤར་སྒོའི་གཡས་ལོགས་སུ་ཆོས་དབྱིངས་རྡོ་རྗེ་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་གཉིས་ན་ཆོས་འབྱུང་དཀར་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། ཤར་སྒོར་གཤིན་རྗེ་མཐར་བྱེད་ནག་པོ། ནག་


CMR020_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་གཉིས་ན་རྡོ་རྗེའི་ཐོ་བ་ནག་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། ལྷོ་སྒོར་ཤེས་རབ་མཐར་བྱེད་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་གཉིས་ན་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། ནུབ་སྒོར་པདྨ་མཐར་བྱེད་དམར་པོ། དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་པདྨ་དམར་པོ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་འཁོར་ལོ་འཛིན་པ། བྱང་སྒོར་བགེགས་མཐར་བྱེད་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་ཁྲོ་བོའི་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་པདྨ་འཛིན་པ། དེ་བཞིན་གཤེགས་པ་རྣམས་ཀྱི་རྩ་བའི་ཕྱག་དག་གིས་རང་འདྲའི་ཤེས་རབ་མ་ལ་འཁྱུད་པ། ལྷ་མོ་རྣམས་ཀྱི་རྩ་བའི་ཕྱག་དག་གིས་རང་འདྲའི་ཡབ་ལ་འཁྱུད་པ། འཇམ་པའི་རྡོ་རྗེ་དང་། རྣམ་པར་སྣང་མཛད་དང་། ལྷ་མོ་བཅུ་པོ་རྣམས་ནི། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཞན་


CMR020_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ། དེ་བཞིན་གཤེགས་པ་གསུམ་ནི་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་། ཁྲོ་བོ་བཞི་ནི་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའོ། །དབུ་རྒྱན་མི་བསྐྱོད་པ། ཨོཾ་ཨཱཿམཾ་ཧཱུཾ། ཨོཾ་ཨ་ཛི་ན་ཛིཀ་ཧཱུཾ། ཨོཾ་ཨཱཿརཏྣ་དྷིཀ་ཧཱུཾ། ཨོཾ་ཨཱཿཨ་རོ་ལིཀྲ་ཧཱུྃ། ཨོཾ་ཨཱཿཔྲཛྙཱ་དྷིཀ་ཧཱུཾ། ཨོཾ་ཨཱཿམོ་ཧ་ར་ཏི་ཧཱུཾ། ཨོཾ་ཨཱཿདེ་ཥ་ར་ཏི་ཧཱུྃ། ཨོཾ་ཨཱཿརཱ་ག་ར་ཏི་ཧཱུཾ། ཨོཾ་ཨཱཿབཛྲ་ར་ཏི་ཧཱུཾ། ཨོཾ་ཨཱཿརཱུ་པ་བཛྲ་ཛཿཧཱུཾ། ཨོཾ་ཨཱཿཤལྟ་བཛྲ་ཧཱུཾ་ཧཱུཾ། ཨོཾ་ཨཱཿགནྡྷེ་བཛྲ་བི་ཧཱུྃ། ཨོཾ་ཨཱཿརཱ་ས་བཛྲ་ཧོཿཧཱུྃ། ཨོཾ་ཨཱཿམྤནྣེ་བཛྲ་ཁཾ་ཧཱུཾ། ཨོཾ་ཨཱཿདྷརྨཱ་དྷ་ཏུ་བཛྲ་ཁཾ་ཧཱུཾ། ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུཾ། ཨོཾ་ཨཔྲཛྙཱན་ཏ་ཀྲྀ་ཧཱུཾ། ཨོཾ་ཨཱཿཿཔདྨནྟ་ཀྲྀཏ་ཧཱུཾ། ཨོཾ་ཨཱཿབིགྷ་ནཱན་ཏ་ཀྲྀཏ་ཧཱུྃ། ཞེས་པ་ཅི་ནུས་སུ་བཟླས་པར་བྱའོ།།་།སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན། བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ནི། དེ་ལྟ་བུའི་རྡོ་རྗེ་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་སེར་པོ་རྩིབས་བཅུ་པ། གཡས་སྐོར་དུ་འགྲོ་བ་མི་མངོན་པ་མགྱོགས་པར་འཁོར་བ། དེའི་རྩིབས་བཅུའི་ཤར་དུ། གཤིན་རྗེ་གཤེད་ནག་པོ། ནག་དཀར་དམར་


CMR020_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྣམས་ན་རྡོ་རྗེ་ཐོ་བ་དང་འཁོར་ལོ་དང་རྡོ་རྗེ། གཡོན་པ་རྣམས་ནི་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟ་འཛིན་པ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྣམས་ན་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་རལ་གྲི། གཡོན་པ་རྣམས་ན་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དྲིལ་བུ་དང་དགྲ་སྟ་འཛིན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ན་པདྨ་དམར་པོ་དང་རལ་གྲི་དང་གཏུན་ཤིང་། གཡོན་པ་རྣམས་ན་དྲིལ་བུ་དང་དགྲ་སྟ་དང་ཞགས་པ་འཛིན་པ། བྱང་དུ་བགེགས་མཐར་བྱེད་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ལ་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང་། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དགྲ་སྟ་འཛིན་པ། ཤར་ལྷོར་མི་གཡོ་བ་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རལ་གྲི་རྡོ་རྗེ་འཁོར་ལོ། གཡོན་


CMR020_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་སྡིགས་མཛུབ་དང་དགྲ་སཱུ་ཞགས་པ་འཛིན་པ། ལྷོ་ནུབ་ཏུ་འདོད་རྒྱལ་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་འཆིང་བ། གཡས་ལྷག་མས་རྡོ་རྗེ་རལ་གྲི། གཡོན་ལྷག་མས་ཞགས་པ་དང་ལྕགས་ཀྱུ་འཛིན་པ། ནུབ་བྱང་དུ་དབྱུག་སྔོན་ཅན་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་རལ་གྲི་འཁོར་ལོ། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་པདྨ་དགྲ་སྟ་འཛིན་པ། བྱང་ཤར་དུ་སྟོབས་པོ་ཆེ་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ་རྡོ་རྗེ་འཁོར་ལོ། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་རྩེ་གསུམ་དགྲ་སྟ་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་མཛད་པ། གཡས་ལྷག་མས་རྡོ་རྗེ་པདྨ་དང་། གཡོན་ལྷག་མས་སྡིགས་མཛུབ་དང་རལ་གྲི་འཛིན་པ། འོག་ཏུ་གནོད་མཛེས་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་


CMR020_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་གཡས་ན་རྡོ་རྗེ་འཁོར་ལོ་རིན་པོ་ཆེ། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པདྨ་རལ་གྲི་འཛིན་པ། ཁྲོ་བོ་བཅུ་ཀའང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨིན་མ་དང་སྨ་ར་དམར་སེར་འབར་བ། བཞིན་ཤིན་ཏུ་རྣམ་པར་འགྱུར་བའི་ཁྲོ་གཉེར་ཅན། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། མི་བཟད་པ་ཡི་ཧ་ཧའི་སྒྲས་གད་རྒྱངས་དྲག་པོ་སྒྲོག་ཅིང་མཆེ་བ་རྣོན་པོ་གཙིགས་པ། གསུས་ཁྱིམ་ཆེ་ཞིང་གསུས་པ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་དང་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཐམས་ཅད་ཀྱང་རང་རང་གི་རྩིབས་ཀྱི་ནག་གི་རྩེ་མོར་ཅུང་ཟད་མ་རེག་པའི་སྣ་ཚོགས་པདྨ་དང་ཉི་མའི་གདན་དང་བཅས་པ་ལ་བརྟེན་པར་གནས་པ། ཉི་མའི་འོད་ཅན་ཤིན་ཏུ་ཁྲོ་བ་དང་འབར་བས་ཤིན་ཏུ་འཇིགས་པ། བསྐལ་པ་འཇིགས་པའི་དུས་ཀྱི་མེ་ལྟ་བུའི་འོད་དང་ལྡན་པ་རང་གི་སྐུ་ཡི་སྤྲུལ་པ་དཔག་ཏུ་མེད་པའི་ཚོགས་ཀྱིས་ཀྱང་ཁམས་གསུམ་མཐའ་ཡས་པ་ན་གནས་པའི་བགེགས་ཀྱི་ཚོགས་མ་ལུས་པ་ཡང་དང་ཡང་རླག་པར་བྱེད་པ། འཁོར་ལོ་ཡང་རྒྱུན་མི་འཆད་


CMR020_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པར་དྲག་ཏུ་འཁོར་བར་བརྟན་པར་གནས་པ་ལྟ་བུ། འབར་བའི་ཚོགས་དཔག་ཏུ་མེད་པ་འཕྲོ་བ་ལྟ་བུའོ། །དེ་ལྟ་བུའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་ཤིན་ཏུ་ཡངས་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་བཞུགས་གནས་གཞལ་ཡས་ཁང་པ་གྲུ་བཞི་པ། སྒོ་བཞི་པ། རྩིག་པ་ནི་ནང་ནས་བརྩམས་ཏེ། སྔོན་པོ་ལྗང་ཁུ་དོམར་པོ་སེར་པོ། དཀར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་རྔ་ཡབ་ལ་སོགས་


CMR020_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲེམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བ། དེའི་ནང་དུ་ལྷ་སྣམ་རིམ་པ་གཉིས་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་བའི་དབུས་སུ། དཀྱིལ་འཁོར་ནང་མ་ལ་ཕྱི་ནས་འོད་ཟེར་སྣ་ལྔས་བསྐོར་བའི་ནང་དུ་རྡོ་རྗེ་རྩེ་གསུམ་པ་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ། ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲིས་མཚན་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་སྟེང་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པའི་རྩེ་


CMR020_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མོར་རྡོ་རྗེ་རིན་པོ་ཆེ་ཏོག་གིས་སྤྲས་པ། ལྷ་དང་མི་ལས་ཁྱད་པར་འཕགས་པའི་ཁང་བཟང་དྭངས་ཤིང་ཐོགས་པ་མེད་པ་ཕྱི་བལྟས་ནང་གསལ། ནང་བལྟས་ཕྱི་གསལ་བའི་གཞལ་ཡས་ཁང་པར་གྱུར་པའི་ནང་དུ། ཐུན་མོང་གི་གདན་སྣ་ཚོགས་པདྨ་སུམ་ཅུ་རྩ་གཅིག །ཐུན་མོང་མ་ཡིན་པའི་གདན་གཙོ་བོ་དང་ཁྲོ་བོ་བཅུ་ལ་ཉི་མའི་གདན། ཤར་ཕྱོགས་པ་རྣམས་ལ་ཟླ་བ། མཱ་མ་ཀཱི་ལ་རྡོ་རྗེ། དེ་མ་གཏོགས་པའི་ལྷོ་ཕྱོགས་པ་རྣམས་ལ་རིན་པོ་ཆེ། ནུབ་ཕྱོགས་པ་རྣམས་ལ་པདྨ་དམར་པོ། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེ་སྟེ༔ ཐམས་ཅད་ཀྱང་ལྷ་རྫས་ཀྱི་རིན་པོ་ཆེ་ལས་གྲུབ་པའོ། །དེ་ནས་དབུས་ཀྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་དཔལ་གསང་བ་འདུས་པ་ཞེ་སྡང་རྡོ་རྗེ། སྐུ་མདོག་མཐིང་ནག་རྩ་ཞལ་ནག་པོ། ཁྲོ་བོའི་ཉམས་ཅན། གཡས་ཞལ་དཀར་པོ་ཞི་བའི་ཉམས་ཅན། གཡོན་ཞལ་དམར་པོ་འདོད་ཆགས་ཆེན་པོའི་ཉམས་ཅན། ཕྱག་དྲུག་གི་གཡས་ན་རྡོ་རྗེ་རྩེ་དགུ་པ་འཁོར་ལོར་པདྨ་དང་། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་ཅིང་། རྩ་ཕྱག་གཉིས་ཀྱིས་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་


CMR020_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཞུགས་པ། དེའི་པང་ན་རེག་བྱ་རྡོ་རྗེ་མ་སྔོན་མོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ན། རྡོ་རྗེ་འཁོར་ལོ་པདྨ། གཡོན་ན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ་དང་སྙོམས་པར་འཇུག་པ། ཤར་དུ་རྣམ་སྣང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་རྡོ་རྗེ་འཁོར་ལོ་པདྨ་དཀར་པོ་གཡོན་ན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ལྷོར་རིན་འབྱུང་སེར་པོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྣམས་ན། ནོར་བུ་རྡོ་རྗེ་འཁོར་ལོ། །གཡོན་ན་དྲིལ་བུ་པད་སེར་རལ་གྲི་འཛིན་པ། ནུབ་ཏུ་འོད་དཔག་མེད་དམར་པོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡོན་དང་པོས་དྲིལ་བུ་དང་བཅས་པའི་པདྨ་དམར་པོ་རྩ་བ་དཀུར་བརྟེན་ནས་འཛིན་པ། ཕྱག་གཡས་དང་པོས་ཐུགས་ཀར་པདྨ་ཁ་འབྱེད་པར་མཛད་པ། གཡས་ལྷག་མ་རྡོ་རྗེ་འཁོར་ལོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། བྱང་དུ་དོན་གྲུབ་ལྗང་གུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་ལྗང་ནོར་བུ་འཛིན་པ།


CMR020_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་དབུ་སྐྲ་རལ་པའི་ཐོར་ཅོག་བྱས་པ་ལ་རིན་པོ་ཆེའི་ཅོད་པན་དང་སྲོག་ཞུ་གསོལ་བ། རིན་པོ་ཆེའི་སྙན་རྒྱན་དང་། མགུལ་རྒྱན་དང་། སེ་མོ་དོ་དང་། དོ་ཤལ་དང་། སྐ་རགས་དང། ཕྱག་གདུབ་དང་། ཞབས་གདུབ་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་ན་བཟས་ག་ཤལ་བྱས་པ། སྨད་ལྷ་རྫས་ཀྱི་དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །ཤར་ལྷོར་སྤྱན་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་བློགི །གཡས་འཁོར་ལོ་རྡོ་རྗེ་ཨུཏྤལ་ལ་སྔོན་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འཁོར་ལོ་རྡོ་རྗེ་ཨུཏྤལ་ལ་སྔོན་པོ་རྩ་བ་དམར་བ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ནུབ་བྱང་དུ་གོས་དཀར་མོ་དམར་མོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །གཡོན་དང་པོས་དྲིལ་བུ་དང་བཅས་པའི་ཨུཏྤལ་ལ་དམར་པོ་རྩ་བ་དཀུར་བརྟེན་ནས་འཛིན་པ། གཡས་དང་པོས་ཐུགས་ཀར་ཨུཏྤལ་ལ་ཁ་འབྱེད་པར་མཛད་པ།


CMR020_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ལྷག་མས་རྡོ་རྗེ་འཁོར་ལོ། གཡོན་ལྷག་མས་རིན་ཆེན་རལ་གྲི་འཛིན་པ། བྱང་ཤར་དུ་སྒྲོལ་མ་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་རྡོ་རྗེས་མཚན་པའི་ཨུཏྤལ་ལྗང་གུ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རིམ་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་ཕྱག་དང་པོ་གཉིས་ཀྱིས་མེ་ལོང་དམར་པོ་འཛིན་པ། གཡས་ལྷག་མས་རྡོ་རྗེ་ཨུཏྤལ་དཀར་པོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་སེར་མོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །ཕྱག་དང་པོ་གཉིས་ཀྱིས་པི་ཝང་སྔོན་པོ་བསྒྲེངས་པ། གཡས་ལྷག་མས་འཁོར་ལོ་དང་ཨུཏྤལ་ལ་སྔོན་པོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། ནུབ་བྱང་དུ་དྲི་རྡོ་རྗེ་མ་དམར་མོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་ཕྱག་དང་པོ་གཉིས་ཀྱིས་དྲིའི་དུང་ཆོས་འཛིན་པ། གཡས་ལྷག་མས་འཁོར་ལོ་དང་རྡོ་རྗེས་མཚན་པའི་ཨུཏྤལ་ལ་དམར་མོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་


CMR020_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པ། བྱང་དུ་རོ་རྡོ་རྗེ་མ་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་ཕྱག་དང་པོ་གཉིས་ཀྱིས་རོའི་སྣོད་འཛིན་པ། གཡས་ལྷག་མས་འཁོར་ལོ་དང་རྡོ་རྗེས་མཚན་པའི་ཨུཏྤལ་ལ་ལྗང་གུ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། གཙོ་བོའི་མདུན་དུ་སྔར་གྱི་རེག་བྱ་རྡོ་རྗེ་མ་སྟེ། ལྷ་མོ་དགུ་པོ་ཐམས་ཅད་ཀྱང་ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་ལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་སིལ་སྒྲ་འབྱིན་པ། །འདོད་པའི་ཡོན་ཏན་ལྔ་ཡི་དགའ་བས་རོལ་བ། ལྷའི་ན་བཟའ་སྣ་ཚོགས་པས་མཛེས་པའོ། །རིམ་པ་གསུམ་པའི་ཤར་གྱི་སྣམ་བུའི་གཡས་སུ་བྱམས་པ་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་ཕྱག་གཡས་དང་པོས་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ་འཛིན་ཅིང་། ལྷག་མ་གཉིས་ཀྱིས་རྡོ་རྗེ་པདྨ་དཀར་པོ། །གཡོན་པ་རྣམས་ན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། གཡོན་དུ་ས་སྙིང་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་ན་འཁོར་ལོ་རྡོ་རྗེ་པདྨ་དཀར་


CMR020_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ལྷོའི་སྣམ་བུའི་གཡས་སུ་ཕྱག་རྡོར་དང་། གཡོན་དུ་ནམ་སྙིང་གཉིས་སེར་པོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་ནོར་བུ་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་སེར་རལ་གྲི་འཛིན་པ། ནུབ་ཀྱི་སྣམ་བུའི་གཡས་སུ་འཇིག་རྟེན་དབང་ཕྱུག་དང་། གཡོན་དུ་འཇམ་དཔལ་གཉིས་དམར་པོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །ཕྱག་གཡོན་དང་པོས་དྲིལ་བུ་དང་བཅས་པའི་པདྨ་དམར་པོའི་རྩ་བ་དཀུར་བརྟེན་ནས་འཛིན་པ།། གཡས་དང་པོས་ཐུགས་ཀར་པདྨ་ཁ་འབྱེད་པར་མཛད་པ། གཡས་ལྷག་མས་རྡོ་རྗེ་འཁོར་ལོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། བྱང་གི་སྣམ་བུའི་གཡས་སུ་སྒྲིབ་སེལ་དང་། གཡོན་དུ་ཀུན་བཟང་གཉིས་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་ལྗང་ནོར་བུ་འཛིན་པའོ། །དེ་ཐམས་ཅད་ཀྱང་ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་རྡོ་རྗེ་


CMR020_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་གིས་བཞུགས་པའོ། །ཤར་སྒོར་གཤིན་རྗེའི་གཤེད་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །ཕྱག་གཡས་ན་རྡོ་རྗེས་མཚན་པའི་ཐོ་བ་འཁོར་ལོ་རྡོ་རྗེ༔ གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དགྲ་སྟ་འཛིན་པ། ལྷོ་སྒོར་ཤེས་རབ་མཐར་བྱེད་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི །ཕྱག་གཡས་ན་རྡོ་རྗེ། རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་རལ་གྲི། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དགྲ་སྟ་འཛིན་པ། ནུབ་སྒོར་རྟ་མགྲིན་དམར་པོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །ཕྱག་གཡས་པདྨ་དང་རལ་གྲི་གཏུན་ཤིང་། གཡོན་དྲིལ་བུ་སྙིམ་པ་དང་བཅས་པ་དཀུར་བརྟེན་པ་དང་དགྲ་སྟ་ཞགས་པ་འཛིན་པ། བྱང་སྒོར་བགེགས་མཐར་བྱེད་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང་།་གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དགྲ་སྟ་འཛིན་པ། ཤར་ལྷོར་མི་གཡོ་བ་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་


CMR020_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གི །གཡས་རལ་གྲི་རྡོ་རྗེ་འཁོར་ལོ། གཡོན་ཐུགས་ཀར་སྡིགས་མཛུབ་དང་དགྲ་སྟ་ཞགས་པ་འཛིན་པ། ལྷོ་ནུབ་ཏུ་འདོད་རྒྱལ་སྔོན་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །ཕྱག་དང་པོ་གཉིས་ཀྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་འཆིང་བ། གཡས་ལྷག་མས་རྡོ་རྗེ་རལ་གྲི། གཡོན་ལྷག་མས་ཞགས་པ་དང་སྡིགས་མཛུབ་མཛད་པ། ནུབ་བྱང་དུ་དབྱུག་སྔོན་ཅན་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ། རལ་གྲི་འཁོར་ལོ། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ། པདྨ་དགྲ་སྟ་འཛིན་པ། བྱང་ཤར་དུ་སྟོབས་པོ་ཆེ་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །ཕྱག་གཡས་རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ། རྡོ་རྗེ་འཁོར་ལོ། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ། རྩེ་གསུམ་དགྲ་སྣ་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །ཕྱག་དང་པོ་གཉིས་ཀྱིས་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་མཛད་པ། གཡས་ལྷག་མས་རྡོ་རྗེ་དང་


CMR020_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ༔ གཡོན་ལྷག་མས་སྡིགས་མཛུབ་དང་རལ་གྲི་འཛིན་པ། འོག་ཏུ་གནོད་མཛེས་སྔོན་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་རྡོ་རྗེ་འཁོར་ལོ་རིན་ལྷཆེན་། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ། པདྨ་རལ་གྲི་འཛིན་པ། ཁྲོ་བོ་བཅུ་ཀའང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨིན་མ་དང་སྨ་ར་དམར་སེར་འབར་བ། བཞིན་ཤིན་ཏུ་རྣམ་པར་བསྒྱུར་བའི་ཁྲོ་གཉེར་ཅན། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། མི་བཟད་པའི་ཧ་ཧའི་གད་རྒྱངས་དྲག་པོ་སྒྲོག་ཅིང་། །མཆེ་བ་རྣོན་པོ་གཙིགས་པ། གསུས་ཁྱིམ་ཆེ་ཞིང་གསུས་པ་འཕྱང་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། སྦྲུལ་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་བ། འཇོག་པོ་དམར་པོས་རྣ་བ་ལ་བརྒྱན་པ། རིགས་ལྡན་ཁྲ་བོས་དཔུང་པ་ལ་བརྒྱན་པ། པདྨ་དཀར་པོས་མགུལ་པ་ལ་བརྒྱན་པ། དུང་སྐྱོང་སེར་པོས་ཕྱག་གདུབ་བྱས་པ། སྟོབས་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐ་རགས་བྱས་པ། པདྨ་ཆེན་པོ་དཀར་པོས་རྐང་གདུབ་བྱས་པ། སྟག་གི་པགས་པའི་ཤམ་ཐབས་


CMR020_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། པདྨ་དང་ཉི་མའི་སྟེང་ན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པའོ། །རིགས་བདག་མི་བསྐྱོད་པ། ཨོཾ་ཨཱཿབཛྲ་དྷིཀ་ཧཱུྃ་ཧཱུྃ། ༈ བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཅན་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ནི། ཐུན་མོང་སྲུང་འཁོར་གྱི་ནང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་བསྐོར་དུ་འགྲོ་བ་མི་མངོན་པ་མགྱོགས་པར་འཁོར་བ། དེའི་ནང་དུ་ཁྲོ་བོ་བཅུ་བསྐྱེད་པ་ནི། ཤར་གྱི་རྩིབས་ལ། གཤིན་རྗེ་མཐར་བྱེད་ནག་པོ། སྐུ་མདོག་དང་ཞལ་ཐམས་ཅད་ནག་པོ།་ཞལ་དྲུག །ཕྱག་དྲུག །ཞབས་དྲུག་པ། ཕྱག་དྲུག་གི་གཡས་པ་རྣམས་ན་རལ་གྲི་དང་རྡོ་རྗེ་དང་མདའ། གཡོན་པ་རྣམས་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ལྷ་མོའི་ནུ་མ་དང་གཞུ་འཛིན་པ། གཡོན་བརྐྱང་གི་སྟབས་ཀྱིས་མ་ཧེའི་གདན་ལ་བཞུགས་པའོ། །དེའི་གཡས་སུ་རིག་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་ཨུཏྤ་ལ་སྔོན་པོ་འཛིན་ཞིང་། གཡོན་པས་ཡབ་ཀྱི་མགུལ་པ་ནས་འཁྱུད་པ། 


CMR020_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་རིག་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡོན་པས་པདྨ་དཀར་པོ་འཛིན་ཅིང་། གཡས་པས་ཡབ་ཀྱི་མགུལ་པ་ནས་འཁྱུད་པ། ལྷོར་གཞན་གྱིས་མི་ཐུབ་པ་སེར་པོ། སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་པ་རྣམས་ན་རྡོ་རྗེ་དང་དབྱུག་ཐོ་དང་མདའ། །གཡོན་པ་རྣམས་ཀྱིས་སྡིག་གས་མཛུབ་དང་བཅས་པའི་ཞགས་པ་དང་ལྷ་མོའི་ནུ་མ་དང་གཞུ་འཛིན་པ། ནུབ་ཏུ་རྟ་མགྲིན་དམར་པོ། དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་པ་རྣམས་ཀྱིས་རྡོ་རྗེའི་དབྱུག་པ་དང་ཀ་ན་ཡ་དང་མདའ་པ་་་ཀ་ན་ཡ་ནི་མདུང་ཐུང་ཕྱེད་པའོ། །ཞེས་མན་ངག་སྙེ་མར་བཤད་དོ། །གཡོན་པ་རྣམས་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ལྷ་མོའི་ནུ་མ་དང་གཞུ་འཛིན་པ། བྱང་དུ་བདུད་རྩི་འཁྱིལ་པ་སྔོན་པོ་སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་ག་ཡས་པ་རྣམས་ཀྱིས་རལ་གྲི་དང་དགྲ་སྟ་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ལྷ་མོའི་ནུ་མ་དང་གཞུ་འཛིན་པ། དབང་ལྡན་དུ་རི་བོའི་སྟེང་དུ་མི་གཡོ་བ་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རལ་གྲི་དང་ཞགས་པ་དང་མདའ། གཡོན་


CMR020_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ལྷ་མོའི་ནུ་མ་དང་གཞུ་འཛིན་པ། མེར་འདོད་པའི་རྒྱལ་པོ་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་གི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་རྡོ་རྗེ་དང་མདའ། གཡོན་ལྷག་མ་གཉིས་ཀྱིས་ལྷ་མོའི་ནུ་མ་དང་གཞུ་འཛིན་པ། བདེན་བྲལ་དུ་དབྱུག་པ་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ལྷ་མོའི་ནུ་མ་དང་གཞུ་འཛིན་པ། རླུང་དུ་སྟོབས་པོ་ཆེ་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་རལ་གྲི་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ལྷ་མོའི་ནུ་མ་དང་ཐོ་བ་དང་གཞུ་འཛིན་པའོ། །སྟེང་དུ་གནོད་མཛེས་རྒྱལ་པོ་སྔོན་པོ་སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་ཀྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅིང་བ། གཡས་ལྷག་མ་གཉིས་ཀྱིས་རལ་གྲི་དང་མདའ། གཡོན་ལྷག་མ་གཉིས་ཀྱིས་ལྷ་མོའི་ནུ་


CMR020_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་གཞུ་འཛིན་པ། འོག་ཏུ་རྡོ་རྗེ་ས་འོག་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ལྕགས་ཀྱུ་དང་མདའ། གཡོན་པ་རྣམས་ཀྱིས་ལྷ་མོའི་ནུ་མ་དང་ཞགས་པ་དང་བཅས་པའི་རྡོ་རྗེ་རྩེ་གཅིག་པ་དང་གཞུ་རྣམས་འཛིན་པ། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་ཞལ་རེ་རེ་ནས་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ་མཆེ་བ་གཙིགས་པ་སྨ་ར་དང་སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔ་ལྔས་དབུར་བརྒྱན་ཅིང་། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གཤིན་རྗེ་མཐར་བྱེད་མ་གཏོགས་པ་ཐམས་ཅད་ཉི་མའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེ་ལྟ་བུའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་དཀར་པོ་ཤིན་ཏུ་ཡངས་པའི་ནང་དུ་རླུང་དང་།་མེ་དང་། ཆུ་དང་། དབང་ལྡན་གྱི་དཀྱིལ་འཁོར་གྱི་སྟེང་དུ། །རི་རབ་ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་ར་ག །བྱང་གསེར་ལས་གྲུབ་པ། རྩེ་མོར་ཅོག་བརྒྱད་ཀྱིས་མཛེས་པའི་སྟེང་དུ། སངས་རྒྱས་ཀྱི་མཆོད་རྟེན་དཀར་པོ། འོད་


CMR020_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོ་བ་དང་བཅས་པའི་བུམ་པའི་ནང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་བཞུགས་གནས་གཞལ་ཡས་ཁང་པ་གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནི་ནང་ནས་རིམ་པ་བཞིན་སེར་པོ་ལྗང་གུ་དཀར་པོ་དམར་པོ་སྔོན་པོ་སྟེ་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞི་ཡི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། །བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་


CMR020_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ་སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་། བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་། ཤར་སྔོ་ལྷོ་དམར་ནུབ་དཀར་བྱང་ལྗང་དབུས་སེར་པོའོ། །དེའི་ཕྱེད་ནང་མ་ལ། དཀྱིལ་འཁོར་གཉིས་པ། གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་སྔོ་དམར་དཀར་བའི་རིམ་པ་གསུམ་དང་ལྡན་པ། དེའི་ཕྱི་ནང་མ་ལ། དཀྱིལ་འཁོར་གསུམ་པ། གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེ་དཀར་པོའི་རྩིག་པ་རིམ་པ་གཅིག་དང་ལྡན་པ། ཐམས་ཅད་ཀྱང་ཕ་གུ་དང་དྲ་བ་དང་དྲ་བ་ཕྱེད་པ་དང་ཤར་བུ་དང་མདའ་ཡབ་ལ་སོགས་པོས་མཛེས་པར་བྱས་པའི། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་


CMR020_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་མིག་མང་རིས་སུ་བྲེས་ཤིང་མཛེས་པར་བྱས་པ།་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་དབུས་ལེའུ་ཙེ་དགུར་གྱུར་པ་འདི་དབུས་སུ། སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་རྣམ་པར་སྣང་མཛད་འཇམ་པའི་རྡོ་རྗེ་སྐུ་མདོག་སེར་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་སེར། གཡས་སྔོ། གཡོན་དཀར་བ། ཞལ་རེ་རེ་ལའང་ཨུཏྲ་ལ་རྒྱས་པ་ལྟ་བུའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རལ་གྲི་དང་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ། རང་འདྲ་བའི་ཤེས་རབ་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་སྙོམས་པར་འཇུག་པ། གཡས་ལྷག་མ་གཉིས་ཀྱིས་མཆོག་སྦྱིན་དང་མདའ། གཡོན་ལྷག་མ་གཉིས་ཀྱིས་པདྨ་སྔོན་པོ་དང་གཞུ་འཛིན་པ། རིན་པོ་ཆེའི་ཅོད་པན་ཅན། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། འོད་ཟེར་མཐའ་ཡས་པ་འཕྲོ་བ། །ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། །དེའི་ཤར་དུ་གླང་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཉི་མ་ལ་མི་བསྐྱོད་པ་སྐུ་མདོག་སྔོན་པོ། སྔོ་


CMR020_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་བའི་ཞལ་གསུམ། ཕྱག་བརྒྱད་ཀྱི་གཡས་དང་པོས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དང་པོས་དྲིལ་བུ་དཀུར་བརྟེན་པ། གཡས་ལྷག་མ་རྣམས་ཀྱིས་རལ་གྲི་དང་ལྕགས་ཀྱུ་དང་མདའ། གཡོན་ལྷག་མ་རྣམས་ཀྱིས་ལྷ་མོའི་ནུ་མ་དང་། ཞགས་པ་དང་གཞུ་འཛིན་པ། འགྱིང་བའི་ཚུལ་གྱིས་བཞུགས་པ། ལྷོར་རྟ་མཆོག་གི་ཁྲི། སྣ་ཚོགས་པདྨ་དང་ཉི་མ་ལ། རིན་ཆེན་འབྱུང་ལྡན་སེར་པོ། སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི། གཡོན་ལྷག་མ་གཉིས་ཀྱིས་ལྷ་མོའི་ནུ་མ་དང་རྡོ་རྗེ་འཛིན་པ། ནུབ་ཏུ་རྨ་བྱའི་ཁྲི་ལ། སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ། སྣང་བ་མཐའ་ཡས་དཀར་པོ། དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡོན་དང་པོས་པདྨ་ཐུགས་ཀར་འཛིན་པ། གཡས་དང་པོས་རྡོ་རྗེ་དང་བཅས་པའི་དེ་ཡི་ཁ་འབྱེད་པ། གཡས་འོག་མ་གཉིས་ཀྱིས་བགྲང་ཕྲེང་དང་རྡོ་རྗེ། གཡོན་འོག་མ་གཉིས་ཀྱིས་ལྷ་མོའི་ནུ་མ་དང་སྤྱི་བླུགས་འཛིན་པ། བྱང་དུ་མཁའ་ལྡིང་གི་ཁྲི། སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ།


CMR020_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་གྲུབ་པ་དམར་པོ། དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་རལ་གྲི། གཡོན་ལྷག་མ་གཉིས་ཀྱིས་ལྷ་མོའི་ནུ་མ་དང་ལྕགས་ཀྱུ་འཛིན་པ། རིན་འབྱུང་དང་། འོད་དཔག་མེད་དང་། དོན་གྲུབ་གསུམ་ནི་སེམས་དཔའི་སྐྱིལ་ཀྲུང་གིས་ཚུ་བཞུགས་པ། དབང་ལྡན་དུ་སྤྱན་མ་སེར་མོ། སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་མཆོག་སྦྱིན་དང་། མི་འཇིགས་པ་དང་རྡོ་རྗེ་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། རིན་པོ་ཆེའི་སྙེ་མ་དང་། བགྲང་ཕྲེང་དང་གཞུ་རྣམས་འཛིན་པ། མེར་མཱ་མ་ཀཱི་སྔོན་མོ་རྡོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་མི་འཇིགས་པའི་ཕྱག་རྒྱུ་དང་རྡོ་རྗེ་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཞགས་པ་དང་གཞུ་རྣམས་འཛིན་པ། བདེན་བྲལ་དུ་གོས་དཀར་མོ། སྐུ་མདོག་དཀར་མོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་མི་འཇིགས་པའི་ཕྱག་རྒྱ་དང་རྡོ་རྗེ་དང་མདའ། 


CMR020_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་རྣམས་ཀྱིས་པདྨ་དང་བགྲང་ཕྲེང་དང་ག་ཞུ་རྣམས་འཛིན་པ། རླུང་དུ་སྒྲོལ་མ་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་མི་འཇིགས་པའི་ཕྱག་རྒྱ་དང་རྡོ་རྗེ་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཨུཏྤལ་དང་གཞུ་འཛིན་པ། སྤྱན་མ་དང་མཱ་མ་ཀཱི་དང་སྒྲོལ་མ་རྣམས་སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས་པ། གོས་དཀར་མོ་ནི་འགྱིང་བའི་ཚུལ་གྱིས་བཞུགས་པ། རིམ་པ་གཉིས་པའི་ཤར་དུ་སེམས་མ་རྡོ་རྗེ་མ་སྔོན་མོ། སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་བརྒྱད་ཀྱི་གཡས་དང་པོས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དང་པོས་དྲིལ་བུ་དཀུར་བརྟེན་པ། གཡས་ལྷག་མ་རྣམས་ཀྱིས་རལ་གྲི་དང་ལྕགས་ཀྱུ་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཞགས་པ་དང་གཞུ་རྣམས་འཛིན་པ། ལྷོར་རིན་ཆེན་རྡོ་རྗེ་མ་སེར་མོ། སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི། གཡོན་ལྷག་མ་གཉིས་ཀྱིས་སྡིགས་མཛུབ་དང་རྡོ་རྗེ་འཛིན་པ། ནུབ་ཏུ་ཆོས་ཀྱི་རྡོ་རྗེ་མ་དཀར་མོ། དཀར་སྔོ་


CMR020_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡོན་དང་པོས་པདྨ་ཐུགས་ཀར་འཛིན་ཅིང་། གཡས་དང་པོས་རྡོ་རྗེ་དང་བཅས་པས་དེ་ཡི་ཁ་འབྱེད་པ། གཡས་ལྷག་མ་གཉིས་ཀྱིས་བགྲང་ཕྲེང་དང་རྡོ་རྗེ། གཡོན་ལྷག་མ་གཉིས་ཀྱིས་སྤྱི་བླུགས་དང་ཞགས་པ་འཛིན་པ། བྱང་དུ་ལས་ཀྱི་རྡོ་རྗེ་མ་དམར་མོ། དམར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་ལྷག་མ་གཉིས་ཀྱིས་སྡིགས་མཛུབ་དང་ལྕགས་ཀྱུ་འཛིན་པ། དབང་ལྡན་དུ་ཙུན་དཱ་མ་དཀར་མོ། དཀར་སྔོ་སེར་བའི་ཞལ་གསུམ། ཕྱག་ཉི་ཤུ་རྩ་དྲུག་གི་དང་པོ་གཉིས་ཀྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ཐལ་མོ་སྦྱར་ཏེ། །མཛུབ་མོ་གཉིས་གུང་མོའི་ཚིགས་བར་པ་ལ་ཟླུམ་པོའི་རྣམ་པར་བཞག་སྟེ་མཐེ་བོང་གཉིས་པོའི་རྩེ་མོ་མཛུབ་མོའི་རྩ་བའི་ལོགས་ལ་བཞག་སྟེ་སྙིང་ཁར་བཞག་པ་ནི་འདིའི་རྩ་བའི་ཕྱག་རྒྱའོ་། །གཡས་ལྷག་མ་མི་འཇིགས་པའི་ཕྱག་རྒྱ་དང་། རལ་གྲི་དང་། རིན་པོ་ཆེའི་ཕྲེང་བ་དང་། ཤིང་ཐོག་བི་ཛ་པཱུ་ར་དང་། མདའ་དང་། དགྲ་སྟ་དང་། མདུང་ཐུང་


CMR020_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཐོ་བ་དང་། ལྕགས་ཀྱུ་དང་རྡོ་རྗེ། བ་དན་གསུམ་གྱི་ཚུལ་དང་། བགྲང་ཕྲེང་འཛིན་པ། གཡོན་ལྷག་མ་རྣམས་ཀྱིས། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། པདྨ་དང་། སྤྱི་བླུགས་དང་། ཞགས་པ་དང་། གཞུ་དང་། ཤཀྟི་དང་། འཁོར་ལོ་དང་། རལ་གྲི་དང་། སྡིགས་མཛུབ་དང་། བུམ་པ་བཟང་པོ་དང་། །བྷིན་དྷི་པཱ་ལ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ། མེར་རིན་ཆེན་སྐར་མདའ་མ་སེར་མོ། སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རིན་པོ་ཆེ་ཁ་སྦྱོར་ཐུགས་ཀར་འཛིན་པ། གཡས་ལྷག་མ་གཉིས་ཀྱིས་མི་འཇིགས་པའི་ཕྱག་རྒྱ་དང་མདའ། གཡོན་ལྷག་མ་གཉིས་ཀྱིས་སྡིགས་མཛུབ་དང་གཞུ་འཛིན་པ། བདེན་བྲལ་དུ་ཁྲོ་གཉེར་ཅན་མ་དཀར་མོ། དཀར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། དབྱུག་པ་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་སྤྱི་བླུགས་དང་། གཞུ་འཛིན་པ། རླུང་དུ་རྡོ་རྗེ་ལྕགས་སྒྲོག་མ་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། །


CMR020_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྒྲོག་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་ཞགས་པ་དང་། གཞུ་འཛིན་པ། ལྷ་མོ་བཅུ་གཉིས་པོ་ཐམས་ཅད་ཀྱང་ཟླ་བའི་གདན་ལ་རོལ་པའི་ཀུན་ཏུ་སྤྱོད་པས་བཞུགས་པ། འོད་ཟེར་དམར་པོ་འཕྲོ་བའོ། །རིམ་པ་གསུམ་པའི་དཀྱིལ་འཁོར་གྱི་སྣམ་བུའི་ཤར་གཡས་སུ་བྱམས་པ་སེར་པོ། སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་འོག་མ་གཉིས་ཀྱིས་མཆོག་སྦྱིན་ཕྱག་རྒྱ་དང་མདའ། གཡོན་འོག་མ་གཉིས་ཀྱིས་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་དང་གཞུ་འཛིན་པ། འཇམ་དཔལ་དམར་པོ། དམར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རལ་གྲི་དང་། མཆོག་སྦྱིན་དང་མདའ། གཡོན་པ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། པདྨ་སྔོན་པོ་དང་། གཞུ་འཛིན་པ། གཡོན་དུ་སྤོས་ཀྱི་གླང་པོ་ལྗང་གུ། ལྗང་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་མཆོག་སྦྱིན་དང་མདའ། གཡོན་ལྷག་མ་གཉིས་ཀྱིས་བུམ་པ་ལ་གནས་པའི་


CMR020_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་ཆེ་དང་གཞུ་འཛིན་པ། ཡེ་ཤེས་ཏོག་སེར་པོ། སེར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་མཆོག་སྦྱིན་དང་། གཡོན་ལྷག་མ་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། གཞུ་འཛིན་པ། ལྷོའི་སྣམ་བུའི་གཡས་སུ་བཟང་སྐྱོང་སྐུ་མདོག་དམར་པོ་དམར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་མཆོག་སྦྱིན་དང་མདའ། གཡོན་ལྷག་མ་གཉིས་ཀྱིས་རིན་པོ་ཆེ་དང་། གཞུ་འཛིན་པ། བློ་གྲོས་རྒྱ་མཚོ་དཀར་པོ། དཀར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ། དེའི་འོག་མ་གཉིས་ཀྱིས་སོར་མོ་ཐམས་ཅད་བརྐྱང་བས་ཆུ་རླབས་ཀྱི་ཚུལ་བྱེད་པ། འོག་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། གཡོན་དུ་བློ་གྲོས་མི་བཟད་པ་སེར་པོ། སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་ཕྱག་དང་པོ་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་མཆོག་སྦྱིན་དང་མདའ།


CMR020_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གྱི་གཉིས་པས་ཁུ་ཚུར་སྙིང་གར་བཞག་ཅིང་འོག་མས་གཞུ་འཛིན་པ། སྤོབས་པ་གཙིགས་པ་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། གཡས་འོག་མ་གཉིས་སེ་གོལ་གཏོགས་པ་དང་མདའ། གཡོན་འོག་མ་གཉིས་ཀྱིས་ཁུ་ཚུར་མཁལ་ཁུང་དུ་བཞག་པ་དང་། གཞུ་འཛིན་པ། ནུབ་ཀྱི་སྣམ་བུའི་གཡས་སུ་མཐུ་ཆེན་ཐོབ་དཀར་པོ། དཀར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། །གཡས་ལྷག་མ་གཉིས་ཀྱིས་མཆོག་སྦྱིན་དང་མདའ། གཡོན་ལྷག་མ་གཉིས་ཀྱིས་པདྨ་དཀར་པོ་དང་གཞུ་འཛིན་པ། ངན་སོང་ཀུན་འདྲེན་དཀར་པོ། སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། དེའི་འོག་མ་གཉིས་ཀྱིས་སྡིག་པ་སྤྲུག་པའི་ཚུལ་དང་ཐ་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། གཡོན་དུ་མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་སེར་པོ། སེར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་


CMR020_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེའི་འོག་མ་གཉིས་ཀྱིས་ཁ་སྦྱར་བ་བཏེག་པའི་ཚུལ་དང་། ཐ་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། དྲྭ་བ་ཅན་གྱི་འོད་དམར་པོ། དམར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ། གཡས་འོག་མ་གཉིས་ཀྱིས་མཆོག་སྦྱིན་དང་མདའ། གཡོན་འོག་མ་གཉིས་ཀྱིས་ཉི་མའི་དཀྱིལ་འཁོར་དང་གཞུ་འཛིན་པ། བྱང་གི་སྣམ་བུ་གཡས་སུ་ཟླ་འོད་སྐུ་མདོག་དཀར་པོ། དཀར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་མཆོག་སྦྱིན་དང་མདའ། གཡོན་ལྷག་མ་གཉིས་ཀྱིས་ཟླ་བའི་དཀྱིལ་འཁོར་དང་གཞུ་འཛིན་པ། འོད་དཔག་མེད་དམར་པོ། དམར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། བར་པ་གཉིས་ཀྱིས་དབང་བསྐུར་བའི་བུམ་པ་འཛིན་པ། ཐ་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། གཡོན་དུ་ནམ་མཁའ་མཛོད་སྐུ་མདོག་སེར་པོ་སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། གཡས་


CMR020_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་གཉིས་ཀྱིས་ཁུ་ཚུར་ནམ་མཁའ་ལ་བསྐོར་བ་དང་མདའ། གཡོན་འོག་མ་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་འགྱིང་པས་དཀུར་བརྟེན་པ་དང་གཞུ་འཛིན་པ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་དཀར་པོ། དཀར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། གཡས་ཀྱི་གཉིས་པས་ཁུ་ཚུར་གྱི་མཐེ་བོང་དང་། སྡིགས་མཛུབ་སྦྱར་ཏེ་བྲི་བའི་ཚུལ་བྱེད་པ། གསུམ་པས་མདའ། གཡོན་གྱི་གཉིས་པས་ས་ལ་རེག་པ། གསུམ་པས་གཞུ་འཛིན་པ། བྱང་ཆུབ་སེམས་དཔའ་རྣམས་ནི། སྤྱན་གསུམ་གསུམ་དང་ལྡན་པ། འོད་ཟེར་དཀར་པོ་འཕྲོ་བ། འཇམ་དབྱངས་མ་གཏོགས་པའི་སེམས་དཔའ་རྣམས་ནི་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པ། ཐམས་ཅད་ཀྱང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷ་ཐམས་ཅད་ཀྱང་རིན་པོ་ཆེ་དང་གོས་སྣ་ཚོགས་པས་བརྒྱན་པ། རལ་པའི་ཐོར་ཙུགས་ཀྱིས་རྒྱན་དང་། འཛུམ་བག་དང་བཅས་པའི་ཞལོ་ཅན། སྒེག་པའི་ཉམས་དང་ལྡན་པའོ། །དེའི་ཕྱི་རོལ་གྱི་ཤར་སྒོར་མ་ཧེའི་སྟེང་དུ་གཤིན་རྗེ་མཐར་བྱེད་ནག་པོ། སྐུ་མདོག་


CMR020_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞལ་ཐམས་ཅད་ནག་པོ། ཞལ་དྲུག །ཕྱག་དྲུག །ཞབས་དྲུག་པ།་ཕྱག་དྲུག་གི་གཡས་པ་རྣམས་ན་རལ་གྲི་དང་། རྡོ་རྗེ་དང་། མདའ། གཡོན་པ་རྣམས་ན་། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ལྷ་མོའི་ནུ་མ་དང་། གཞུ་འཛིན་པ། གཡོན་བརྐྱང་གི་སྟབས་ཀྱིས་མ་ཧེའི་གདན་ལ་བཞུགས་པའོ། །དེའི་གཡས་སུ་རིག་མ་ལྗང་གུ། ཞལ་གཅིག་ཕྱག་གཉིས་མ། གཡས་ཨུཏྤ་ལ་སྔོན་པོ་འཛིན་ཅིང་། གཡོན་པས་ཡབ་ཀྱི་མགུལ་པ་ནས་འཁྱུད་པ། གཡོན་དུ་རིག་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡོན་པས་པདྨ་དཀར་པོ་འཛིན་ཅིང་གཡས་པས་ཡབ་ཀྱི་མགུལ་པ་ནས་འཁྱུད་པ། ལྷོར་གཞན་གྱིས་མི་ཐུབ་པ་སེར་པོ། སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་འི་གཡས་པ་རྣམས་ན་རྡོ་རྗེ་དང་། དབྱུག་ཐོ་དང་། མདའ། གཡོན་པ་རྣམས་ཀྱི་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ལྷ་མོའི་ནུ་མ་དང་གཞུ་འཛིན་པ། ནུབ་ཏུ་རྟ་མགྲིན་དམར་པོ། དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ན་རྡོ་རྗེའི་དབྱུག་པ་དང་། ཀ་ན་ཡ་དང་མདའ། ཀ་ན་ཡ་ནི་མདུང་ཐུང་ཕྱེད་པའོ། །ཞེས་


CMR020_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་སྙེ་མར་བཤད་དོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ལྷ་མོའི་ནུ་མ་དང་གཞུ་འཛིན་པ། བྱང་དུ་བདུད་རྩི་འཁྱིལ་པ་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རལ་གྲི་དང་དགྲ་སྟ་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ལྷ་མོའི་ནུ་མ་དང་གཞུ་འཛིན་པ། དབང་ལྡན་དུ་རི་བོའི་སྟེང་དུ་མི་གཡོ་བ་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རལ་གྲི་དང་ཞགས་པ་དང་མདའ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ལྷ་མོའི་ནུ་མ་དང་གཞུ་འཛིན་པ། མེར་འདོད་པའི་རྒྱལ་པོ་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་གི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་རྡོ་རྗེ་དང་མདའ། གཡོན་ལྷག་མ་གཉིས་ཀྱིས་ལྷ་མོའི་ནུ་མ་དང་གཞུ་འཛིན་པ། བདེན་བྲལ་དུ་དབྱུག་པ་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། དབྱུག་པ་དང་མདའ། གཡོན་པ་རྣམས་ཀྱིས་


CMR020_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ལྷ་མོའི་ནུ་མ་དང་གཞུ་རྣམས་འཛིན་པ། རླུང་དུ་སྟོབས་པོ་ཆེ་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ་ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་། དབྱུག་པ་དང་། རལ་གྲི་དང་མདའ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ལྷ་མོའི་ནུ་མ་དང་། ཐོ་བ་དང་། གཞུ་འཛིན་པའོ། །གཙོ་བོའི་སྟེང་གི་དབུས་སུ་རིན་པོ་ཆེའི་རི་ལ་གནས་པའི་པདྨ་དང་ཉི་མ་ལ། གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ། སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་བརྒྱད་ཀྱི་དང་པོ་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་རྣམས་ཀྱིས་འཁོར་ལོ་དང་། བགྲང་ཕྲེང་དང་མདའ། གཡོན་ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་ལྷ་མོའི་ནུ་མ་དང་གཞུ་འཛིན་པ། དེའི་གཡས་སུ་སངས་རྒྱས་སྤྱན་མ། རྒྱབ་ཏུ་མཱ་མ་ཀཱི། གཡོན་དུ་གོས་དཀར་མོ། །མདུན་དུ་སྒྲོལ་མ་རྣམས་ཀྱིས་བསྐོར་བའོ། །དེའི་སྟེང་དུ་གནོད་མཛེས་རྒྱལ་པོ་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་འཆིང་བ། གཡས་ལྷག་མ་གཉིས་ཀྱིས་རལ་གྲི་དང་མདའ། གཡོན་


CMR020_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་གཉིས་ཀྱིས་ལྷ་མོའི་ནུ་མ་དང་གཞུ་འཛིན་པ། འོག་ཏུ་རྡོ་རྗེ་ས་འོག་སྔོན་པོ། སྔོ་སེར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ལྕགས་ཀྱུ་དང་མདའ། གཡོན་པ་རྣམས་ཀྱིས་ལྷ་མོའི་ནུ་མ་དང་ཞགས་པ་དང་བཅས་པའི་རྡོ་རྗེ་རྩེ་གཅིག་པ་དང་གཞུ་རྣམས་འཛིན་པ། ཁྲོ་བོ་ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱི་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་པ་སྨ་ར་དང་། སྨིན་མ་དང་། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་། ཀླུ་ཆེན་པོ་བརྒྱད་ཀྱི་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གཤིན་རྗེ་མཐར་བྱེད་མ་གཏོགས་པ་ཐམས་ཅད་ཉི་མའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །རིགས་བདག་རྡོ་རྗེ་སེམས་དཔའ། ས་བོན་ནི། མུའོ། །ཨོཾ་མུ། ཨོཾ་ཨཱཿཿཧཱུྃ། སྙིང་པོའོ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཐིག་ནཱན་ཏ་ཀ་ཧཱུྃ། ལས་སྔགས་སོ།། ༈ །།བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་ནི། སྔོན་དུ་འགྲོ་བ་སྔར་བཞིན་བྱས་ལ། རྡོ་རྗེའི་གུར་གྱི་ནང་དུ། ཆོས་འབྱུང་གྲུ་གསུམ་དཀར་པོ་ཤིན་ཏུ་ཡངས་པའི་ནང་དུ་སྣ་ཚོགས་


CMR020_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་བཞུགས་གནས་གཞལ་ཡས་ཁང་པ། གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནི་ནང་ནས་བརྩམས་ཏེ་སྔོན་པོ་ལྗང་གུ་དམར་པོ་སེར་པོ་དཀར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། རྗེ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་


CMR020_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ནང་ཤར་དཀར། ལྷོ་སེར་ནུབ་དམར་བྱང་ལྗང་། དབུས་སྔོན་པོ་ནང་དུ་ལྷ་སྣམ་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་མ་ཧེ་ནག་པོ་ཁྲོས་པ་རུས་པའི་རྒྱན་གྱིས་བརྒྱན་པའི་རྒྱབ་ཏུ་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་སྐུ་མདོག་ནག་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་སྔོ། གཡས་དཀར། གཡོན་དམར། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། ལྗགས་རྣམ་པར་འགྱུར་བ། མཆེ་བ་གཙིགས་པ། སྨིན་མ་དང་ཨག་ཚོམ་གྱེན་དུ་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྗེས་


CMR020_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཕྱག་དྲུག་གི་གཡས་དང་པོས་གྲི་གུག་དང་། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་འཛིན་པས་རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། གཡས་ལྷག་མ་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་ལྷག་མ་གཉིས་ཀྱིས་འཁོར་ལོ་དང་པདྨ་འཛིན་པ། སྐུ་བོངས་ཐུང་ཞིང་རགས་པ། གསུས་པ་འཕྱང་བ། མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་། །རློན་པ་ལྔ་བཅུས་དོ་ཤལ་བྱས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་དུ་གཏི་མུག་གཤིན་རྗེའི་གཤེད་དཀར་པོ། དཀར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི༔ གཡོན་འོག་མ་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པ། ལྷོར་སེར་སྣ་གཤིན་རྗེའི་གཤེད་སེར་པོ། སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི། གཡོན་འོག་མ་གཉིས་ཀྱིས་འཁོར་ལོ་དང་པདྨ་འཛིན་པ། ནུབ་ཏུ་འདོད་ཆགས་གཤིན་རྗེའི་གཤེད་དམར་པོ། དམར་ནག་དཀར་བའི་ཞལ་


CMR020_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་པདྨ་དང་རལ་གྲི། གཡོན་འོག་མ་གཉིས་ཀྱིས་ནོར་བུ་དང་འཁོར་ལོ་འཛིན་པ། བྱང་དུ་ཕྲག་དོག་གཤིན་རྗེའི་གཤེད་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་རལ་གྲི་དང་འཁོར་ལོ། གཡོན་འོག་མ་གཉིས་ཀྱིས་ནོར་བུ་དང་པདྨ་འཛིན་པ། ཐམས་ཅད་ཀྱི་རྩ་བའི་ཕྱག་དག་གིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲ་བའི་ཡུམ་ལ་འཁྱུད་པ། མེར་རྡོ་རྗེ་ཙར་ཙི་ཀ་དཀར་མོ་ཤིན་ཏུ་སྒེག་པ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་འོག་མ་གཉིས་ཀྱིས་རིན་པོ་ཆེ་དང་པདྨ་འཛིན་པ། བདེན་བྲལ་དུ་རྡོ་རྗེ་ཕག་མོ་སེར་མོ། །སེར་སྔོ་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི། གཡོན་འོག་མ་གཉིས་ཀྱིས་འཁོར་ལོ་དང་པདྨ་འཛིན་པ། རླུང་དུ་རྡོ་རྗེ་དབྱངས་ཅན་མ་དམར་མོ། དམར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་པདྨ་དང་རལ་གྲི། གཡོན་ལྷག་མ་གཉིས་ཀྱི་ནོར་བུ་དང་འཁོར་ལོ་


CMR020_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། དབང་ལྡན་དུ། གོ་རི་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་རལ་གྲི་དང་འཁོར་ལོ། གཡོན་འོག་མ་གཉིས་ཀྱིས་ནོར་བུ་དང་པདྨ་འཛིན་པ། ཐམས་ཅད་ཀྱི་རྩ་བའི་ཕྱག་དག་གིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲ་བའི་ཡབ་ལ་འཁྱུད་པ། ཤར་སྒོར་ཐོ་བ་གཤིན་རྗེའི་གཤེད་ནག་པོ། །ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་རྡོ་རྗེའི་ཐོ་བ་དང་རལ་གྲི། གཡོན་འོག་མ་གཉིས་ཀྱིས་ནོར་བུ་དང་པདྨ་འཛིན་པ། ལྷོ་སྒོར་དབྱུག་པ་གཤིན་རྗེའི་གཤེད་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་དབྱུག་པ་དང་རལ་གྲི།་གཡོན་འོག་མ་གཉིས་ཀྱིས་པདྨ་དང་འཁོར་ལོ་འཛིན་པ། ནུབ་སྒོར་པདྨ་གཤིན་རྗེའི་གཤེད་དམར་པོ། དམར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་པདྨ་དང་རལ་གྲི། གཡོན་འོག་མ་གཉིས་ཀྱིས་ནོར་བུ་དང་འཁོར་ལོ་འཛིན་པ། བྱང་སྒོར་རལ་གྲི་གཤིན་རྗེའི་གཤེད་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་འོག་མ་གཉིས་ཀྱིས་


CMR020_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་དང་འཁོར་ལོ། གཡོན་འོག་མ་གཉིས་ཀྱིས་ནོར་བུ་དང་པདྨ་འཛིན་པ། ཐམས་ཅད་ཀྱི་རྩ་བའི་ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འདྲ་བའི་ཡུམ་ལ་འཁྱུད་པ། ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་རྣམ་པར་འགྱུར་བ་ཅན། མཆེ་བ་གཙིགས་པ་འཇིགས་པའི་གད་རྒྱངས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། གཏི་མུག་གཤིན་རྗེའི་གཤེད་དང་ལྷ་མོ་རྣམས་ནི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། གཞན་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཐམས་ཅད་ཀྱང་ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པའོ། །དཀྱིལ་འཁོར་མེ་ལ་སོགས་པའི་མཚམས་བཞིར་སྣ་ཚོགས་པདྨ་ལ་གནས་པའི་བྱང་སེམས་དཀར་བ་དང་། དམར་བ་དང་། བདུད་རྩི་ལྔ་དང་། སྒྲོལ་མ་ལྔས་གང་བའི་ཐོད་པ་བཞི་གནས་པའོ། །རིགས་བདག་མི་བསྐྱོད་པ། ས་བོན་ནི། ཡཾ། ཨོཾ་ཧཱིཏྟི་ཝི་ཀྲྀ་ཏ་ནཱ་ན་ཧཱུྃ་ཧཱུྃ་ཕཊ༔ཕཊ༔སྭ་


CMR020_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཕ་རྒྱུད་བཞི་པོའོ།།་༈ །།བརྟག་གཉིས་ལས་གསུངས་པའི་ཧེ་རུ་ཀ་བཞིའི་དཀྱིལ་འཁོར་ནི། རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ། རིན་པོ་ཆེའི་རྩིག་པའི་ནང་ནས་བརྩམས་ཏེ་སྔོན་པོ་དམར་པོ་སེར་པོ་དཀར་པོ་ནག་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞི་ཡི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་


CMR020_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ཕྱིའི་རྡོ་རྗེ་མེ་རིའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་། ཤར་སྔོ་ལྷོ་དཀར་ནུབ་སེར་བྱང་དམར་དབུས་སྔོན་པོའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཉོན་མོངས་པ་ལ་སོགས་པ་བདུད་བཞིའི་ངོ་བོ། །ཚངས་པ་སེར་པོ། ཁྱབ་འཇུག་ནག་པོ། དབང་ཕྱུག་ཆེན་པོ་དཀར་པོ། ལྷའི་དབང་པོ་སེར་པོ་རྣམས་ཀྱི་སྙིང་གར་ཉི་མའི་དཀྱིལ་འཁོར། འདབ་མ་བརྒྱད་ལ་ཤར་དུ་ཚངས་པ་


CMR020_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་སྔོན་པོ། བྱང་དུ་དྲག་པོ་ནག་པོ། བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ། ནུབ་བྱང་དུ་ཐགས་བཟང་རིས་དུད་ཁ་རྣམས་ཀྱི་སྙིང་གར་ཟླ་བའི་དཀྱིལ་འཁོར། དབུས་ཀྱི་གདན་གྱི་སྟེང་དུ་བདག་ཉིད་སྐད་ཅིག་གིས་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ། །ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་དང་ལྡན་པ། རྩ་བའི་ཞལ་ནག་པོ་གཡས་དཀར་གཡོན་དམར་སྟེང་ཞལ་དུད་ཁ་རྒྱབ་ཞལ་བཞི་ནག་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཆོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་པ་རྣམས་ན། གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། གླང་དང་། རྔ་མོང་དང་། མི་དང་། ཤ་ར་བྷ་དང་། བྱི་ལ་རྣམས་འཛིན་པ། གཡོན་པ་རྣམས་ན་སའི་ལྷ་དང་༔ ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། ཟླ་བ་དང་། ཉི་མ་དང་། གཤིན་རྗེ་དང་། གནོད་སྦྱིན་རྣམས་འཛིན་པ། རྩ་ཕྱག་གཉིས་ཀྱིས་ཡུམ་ལ་འཁྱུད་


CMR020_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། ཞབས་མདུན་མ་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པ། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྒེག་པ་དཔའ་བ་མི་སྡུག་པ། རྒོད་དང་དྲག་ཤུལ་འཇིགས་སུ་རུང་བ། སྙིང་རྗེ་རྔམ་དང་ཞི་བ་སྟེ། གར་དགུའི་ཉམས་དང་ལྡན་པ་ཉིད། དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང། རློན་པ་ལྔ་བཅུས་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ༈ ཤར་དུ་གེ་རི་ནག་མོ། གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་འཛིན་པ། ལྷོར་ཙོ་རཱི་དམར་མོ། གཡས་ཌ་མ་རུ། གཡོན་ཕག་པ་འཛིན་པ། ནུབ་ཏུ་བེ་ཏ་ལི་སེར་མོ། གཡས་རུས་སྦལ། གཡོན་ཐོད་པ་འཛིན་པ། བྱང་དུ་


CMR020_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གསྨ་རི་ལྗང་གུ། གཡས་སྤྲུལ་གཡོན་ཐོད་པ་འཛིན་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ། གཡས་སེང་གེ་གཡོན་དགྲ་སྟ་འཛིན་པ། ཤར་ལྷོར་ཤ་ཝ་རཱི་དཀར་མོ། གཡས་དགེ་སློང་གཡོན་གསིལ་བྱེད་འཛིན་པ། ལྷོ་ནུབ་ཏུ་ཙནྡ་ལི་སྔོན་མོ། གཡས་འཁོར་ལོ་གཡོན་ཐོང་གཤོལ་འཛིན་པ། ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་པ། གཡས་པས་རྡོ་རྗེ་གཡོན་པས་སྡིགས་མཛུབ་མཛད་པ། ལྷ་མོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ། སྐྱ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔ་ཡིས་དབུ་བརྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ་ཞབས་གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །རིགས་བདག་མི་བསྐྱོད་པ། ས་བོན་ཧཱུཾ་སྔོན་པོ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ༈ ཡང་གཞལ་ཡས་ཁང་བསྐྱེད་པའི་བར་སྔ་མ་དང་འདྲ་ཞིང་། གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རོ་དང་ཉི་མའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ། ཞལ་གསུམ་ཕྱག་དྲུག་པ་རྩ་བའི་


CMR020_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྔོན་པོ། གཡས་དཀར་གཡོན་དམར་བ། ཕྱག་གཡས་པ་གཉིས་ན་རྡོ་རྗེ་དང་གྲི་གུག །གཡོན་པ་གཉིས་ན་རྩེ་གསུམ་དང་དྲིལ་བུ་འཛིན་པ། ལྷག་མ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྒེག་པ་ལ་སོགས་པའི་གར་གྱི་ཉམས་དགུ་དང་ལྡན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་ཟླ་པའི་གར་གྱིས་བཞུགས་པའོ། །དེའི་པང་དུ་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ། སྐྲ་སེར་པོ་གྱེན་དུ་བརྗེ་ས་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་དུ་གོ་རཱི་སོགས་འཁོར་གྱི་ལྷ་མོ་བརྒྱད་གོང་དང་འདྲ།


CMR020_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བདག་མི་བསྐྱོད་པ། སྔགས་ནི། ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊསྭཱ་ཧཱ། ༈ ཡང་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ཐུགས་རྡོ་རྗེ་དང་འདྲ་བ་ལ། དབུས་ཀྱི་གདན་གྱི་སྟེང་དུ་བདག་ཉིད་སྐད་ཅིག་གིས་གསུང་རྡོ་རྗེ་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་དང་པོས་རྡོ་རྗེ་འཛིན་པ། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་འཛིན་པ། ལྷག་མ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། །མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ་སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། ཞབས་གཡོན་


CMR020_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་ཞིང་གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་དུ་གོ་རཱི་ནག་མོ་སོགས་གོང་དང་འདྲ་། རིགས་བདག་མི་བསྐྱོད་པ། སྔགས་ནི། ༀ་ཛྭ་ལ་ཛྭ་ལ་བྷོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ།།་༈ ཡང་གདན་བསྐྱེད་པའི་བར་ཐུགས་རྡོ་རྗེ་དང་འདྲ་བ་ལས། དབུས་ཀྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་སྐུ་རྡོ་རྗེ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ་གཡས་པས་རྡོ་རྗེ་རྩེ་ལྔ་པ་འཕྱར་བའི་ཚུལ་དུ་འཛིན་ཅིང་། གཡོན་པས་རྡོ་རྗེས་མཚན་པའི་ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། གཡོན་པའི་གྲུ་མོར་ཁ་ཊཾ་ག་ཡོད་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །དེའི་པང་དུ་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ་སྐྲ་སེར་པོ་གྱེན་


CMR020_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྗེས་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ༈ ཤར་དུ་གོ་རཱི་ནག་མོ། གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་འཛིན་པ། ལྷོར་ཙོ་རཱི་དམར་མོ། གཡས་ཌ་མ་རུ་གཡོན་ཕག་པ་འཛིན་པ། ནུབ་ཏུ་བེ་ཏ་ལཱི་སེར་མོ། གཡས་རུས་སྦལ། གཡོན་ཐོད་པ་འཛིན་པ། བྱང་དུ་གསྨ་རི་ལྗང་གུ། གཡས་སྦྲུལ་གཡོན་ཐོད་པ་འཛིན་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ། གཡས་སེང་གེ་གཡོན་དགྲ་སྟ་འཛིན་པ། ཤར་ལྷོར་ཤ་ཝ་རཱི་དཀར་མོ། གཡས་དགེ་སློང་གཡོན་གསལ་བྱེད་འཛིན་པ། ལྷོ་ནུབ་ཏུ་ཙནྡ་ལི་སྔོན་མོ། གཡས་འཁོར་ལོ་གཡོན་ཐོང་གཤོལ་འཛིན་པ། ནུབ་བྱང་དུ་གཡུང་མོ་ཁ་དོག་སྣ་ཚོགས་པ། གཡས་པས་རྡོ་རྗེ་གཡོན་པས་སྡིགས་མཛུབ་མཛད་པ། ལྷ་མོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་


CMR020_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་སྐམ་པོ་ལྔ་ཡི་དབུ་བརྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ་ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །རིགས་བདག་མི་བསྐྱོད་པ། སྔགས་ནི། ཨོཾ་ཀྲེ་ལོ་ཀྱ་ཨཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊསྭཱ་ཧཱ། ༈ གུར་རིགས་བསྡུས་མཁའ་འགྲོ་ལྔ་ཡི་དཀྱིལ་འཁོར་ནི།་གཞལ་ཡས་ཁང་གོང་དང་འདྲ།་ནང་གི་ཕྱོགས་མདོག་ཤར་དཀར་བ། ལྷོར་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། དེའི་དབུས་སུ་རྡོ་རྗེ་ཅན་གྱི་དཀྱིལ་འཁོར་ལ། ཕྱི་ནས་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། ཤར་དུ་སན་པའི་དཀྱིལ་འཁོར་ལ། སྔོ་སེར་དམར་ལྗང་དཀར་བ། ལྷོར་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ། དཀར་སྔོ་དམར་ལྗང་སེར་བ། ནུབ་ཏུ་པདྨ་གར་དབང་གི་དཀྱིལ་འཁོར་ལ། དཀར་སེར་དམར་སྔོ་ལྗང་དམར་བ། བྱང་དུ་རྟའི་རྒྱལ་པོའི་དཀྱིལ་འཁོར་ལ། དཀར་སེར་དམར་སྔོ་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། ཐམས་ཅད་ཀྱི་ཕྱིའི་དབྱིབས་ནི། གྲུ་བཞི་སྒོ་བཞི་པ། འདོད་ཡོན་གྱི་སྣམ་བུ་དང་། ཕ་གུ་དང་དྲུ་བ་དང་དྲ་བ་ཕྱེད་པ་དང་ཤར་བུ་དང་མདའ་


CMR020_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ལ་སོགས་པས་བརྒྱན་ཅིང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་གི་དབྱིབས་ནི་རྡོ་རྗེ་ཅན་གྱི་ཟླ་བ་ཕྱེད་པ། སན་པའི་ཟླུམ་པོ། ཉི་མའི་རིན་པོ་ཆེ་ཟུར་བརྒྱད་པ། གར་དབང་གི་པདྨ། རྟ་མཆོག་གི་ཆོས་འབྱུང་གི་དབྱིབས་ལྟ་བུ། རྩིག་པའི་རིམ་པ་དང་མཐུན་པའི་ཕྱོགས་མདོག་ཅན། དེ་ལྟ་བུའི་གཞལ་ཡས་ཁང་རྣམས་ཀྱི་དབུས་སུ་པདྨ་འདབ་མ་བརྒྱུད་པ་རེ།་དེ་རྣམས་ཀྱི་ལྟེ་བར་ཚངས་པ་སེར་པོ། དབང་པོ་དཀར་པོ། ཉེ་དབང་སྔོན་པོ། དྲག་པོ་ནག་པོ་སྟེ། བདུད་བཞིའི་གདན་དེ་རྣམས་ཀྱི་སྙིང་གར་དབུས་སུ་ཉི་མའི་དཀྱིལ་འཁོར། ཤར་དུ་ཟླ་བ། ཕྱོགས་གཞན་གསུམ་ལའང་ཉི་མའི་གདན་འདབ་མ་བརྒྱད་པོ་རྣམས་དང་། ཕྱིའི་དཀྱིལ་འཁོར་གྱི་ཕྱོགས་མཚམས་རྣམས་སུ་པདྨ་དང་ཉི་མ་དང་རོའི་གདན་ལ། དབུས་ཀྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་མཁའ་འགྲོ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་དང་ལྡན་པ། རྩ་བའི་ཞལ་སྔོ། གཡས་དཀར་གཡོན་དམར་བ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་པ་རྣམས་ན། གླང་པོ་ཆེ་དང་། རྟ་དང་། བོང་བུ་


CMR020_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གླང་དང་། རྔ་མོང་དང་། མི་དང་། ཤ་ར་བྷ་དང། བྱི་ལ་འཛིན་ཅིང་། གཡོན་པ་རྣམས་ན། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། གཟའ་དང་། ཉི་མ་དང་། གཤིན་རྗེ་དང་། གནོད་སྦྱིན་རྣམས་འཛིན་པ། རྩ་ཞལ་སྤྱི་བོས་རྡོ་རྗེ་ནག་པོས་མཚན་ཅིང་། ཡུམ་མཱ་མ་ཀཱི་སྔོན་མོ་དང་མཉམ་པར་སྦྱོར་བ། ཤར་ཕྱོགས་ཀྱི་གཞལ་ཡས་ཁང་གི་དབུས་སུ། སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་མོ། རྩ་བའི་ཞལ་དཀར། གཡས་ནག་པོ་གཡོན་དམར་བ།་ཕྱག་དྲུག་གི་གཡས་པ་རྣམས་ན།་རྨ་བྱ་དང་། མ་ཧེ་དང་། ཆུ་སྲིན་མ་ཀ་ར་དང་། ཉ་རོ་ཧི་ཏ་དང་། རུས་སྦལ་དང་། འོག་གི་ཀླུ་དང་། དང་སྐྱ་དང་། རི་བོང་རྣམས་འཛིན་པ། གཡོན་པ་རྣམས་ན། སྦལ་པ་དང་། ཆུ་སྲིན་ཤུག་དང་། སྦྲུལ་ཧ་ལ་དང་།་གཙང་པ་ནག་པོ་དང་། བྱི་བ་དང་། གཡག་དང་། གླ་བ་དང་། །བྱ་བཞད་རྣམས་འཛིན་ཅིང་། རྩ་ཞལ་གྱི་སྤྱི་བོར་འཁོར་ལོ་དཀར་པོས་མཚན་པ། ཡུམ་སངས་རྒྱས་སྤྱན་མ་སྐུ་མདོག་དཀར་མོ་དང་མཉམ་པར་སྦྱོར་བ། ལྷོ་ཕྱོགས་ཀྱི་གཞལ་


CMR020_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་གི་དབུས་སུ། རིན་ཆེན་མཁའ་འགྲོ་སེར་མོ། རྩ་བའི་ཞལ་སེར། གཡས་ནག་གཡོན་དམར་བ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན། བྱ་ཀ་རན་ཏ་དང་། ངུར་པ་དང་། ལུག་དང་། བྱིའུ་ཙ་ཀོ་ར་དང་། བྱི་ཁྲ་དང་། ཧོར་ཁྲ་དང་། འོལ་བ་དང་། ཉ་ཁྲ་རྣམོས་འཛིན་པ། གཡོན་པ་རྣམས་ན་སྟོབས་ཀྱི་རྒྱུ་དང་། དུང་སྐྱོང་དང་། རིགས་ལྡན་དང་། པདྨ་དང་། པདྨ་ཆེན་པོ་དང་། འཇོག་པོ་དང་། ནོར་རྒྱས་དང་། མཐའ་ཡས་རྣམས་འཛིན་ཅིང་། རྩ་ཞལ་གྱི་སྤྱི་བོར་རིན་པོ་ཆེ་ཟུར་བརྒྱད་པས་མཚན་ཅིང་། ཡུམ་རིན་ཆེན་སྒྲོལ་མ་སྐུ་མདོག་སེར་མོ་དང་མཉམ་པར་སྦྱོར་བ། ནུབ་ཀྱི་གཞལ་ཡས་ཁང་གི་དབུས་སུ། པདྨ་མཁའ་འགྲོ་སྐུ་མདོག་པདྨ་ར་ག་ལྟར་དམར་ཞིང་། རྩ་བའི་ཞལ་དམར་གཡས་ནག་གཡོན་དཀར་བ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན། དོམ་དང་། བྱ་རྒོད་དང་། བསེ་དང་། བ་མན་དང་། སྟག་དང་། །སྤྲེའུ་དང་། ཆུ་སྲིན་ན་ཀྲ་དང་། ལྕེ་སྤྱང་རྣམས་འཛིན་པ། གཡོན་པ་རྣམས་ན། ལྭ་དང་། འུག་པ་དང་། བྱ་དཀར་དང་། སེང་གེ་དང་། ས་ར་པ་དང་། ར་


CMR020_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཀྲྀཥཱ་ས་རི་དང་། ཕག་རྣམས་འཛིན་པ། རྩ་ཞལ་སྤྱི་བོར་པདྨ་དམར་པོས་མཚན་ཅིང་། ཡུམ་གོས་དཀར་མོ་སྐུ་མདོག་དམར་མོ་དང་མཉམ་པར་སྦྱོར་བ། བྱང་གི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་མཁའ་འགྲོ་སྐུ་མདོག་མར་གད་ལྟར་ལྗང་བ། རྩ་ཞལ་རྟའི་གདོང་པ་ཅན་ལྗང་གུ། གཡས་ནག་གཡོན་དཀར་བ། ཕྱག་བཅུ་དྲུག་གི་བ་གཡས་པ་རྣམས་ན། གཟའ་ལྷག་དང་། ཕུར་བུ་དང་། མཇུག་རིང་དང་། སྒྲ་གཅན་དང་། མིག་དམར་དང་། པ་སངས་དང་། སྤེན་པ་དང་། ཁྱབ་འཇུག་རྣམས་འཛིན་ཅིང་། གཡོན་པ་རྣམས་ན། དབང་པོ་དང་། ཚངས་པ་དང་། དྲག་པོ་དང་། བདུད་སྡིག་ཅན་དང་། ཁྱབ་འཇུག་གི་བུ་མོ་གཤོལ་མདའ་འཛིན་པ་དང་། ལྷ་རྒྱལ་བ་དམ་པ་དང་། ཐགས་བཟང་རིས་དང་། ལྷ་མ་ཡིན་སྟོབས་ལྡན་རྣམས་འཛིན་པ། རྩ་ཞལ་གྱི་སྤྱི་བོར་རལ་གྲི་དཀར་པོས་མཚན་ཅིང་ཡུམ་དམ་ཚིག་སྒྲོལ་མ་སྐུ་མདོག་ལྗང་གུ་དང་མཉམ་པར་སྦྱོར་བ། ཐམས་ཅད་ཀྱི་སྟེང་ཞལ་དུད་ཁ།་རྒྱབ་ཞལ་བཞི་ནག་པ། ཞལ་མཆེ་བ་གཙིགས་པ། སྤྱན་ཉི་ཤུ་རྩ་བཞི་ཆེ་བ། དབུ་སྐྲ་སེར་པོ་


CMR020_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་རྫོགས་པ་ལྔ་ལྔས་དབུ་ལ་བརྒྱན་པ། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཞབས་མདུན་མ་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པ། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་པ་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་གྱི་ཉམས་དགུ་དང་ལྡན་པ། །དེ་དག་གི་པང་ན་གནས་པའི་ཡུམ་རྣམས་ཀྱང་། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དང་ལྡན་ཞིང་། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་པས་སྡིགས་མཛུབ་དང་བཅས་པའི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་པས་བདུད་བཞིའི་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ཕྱག་རྒྱ་ལྔས་བརྒྱན་པ། གཅེར་བུ་ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །རྡོ་རྗེ་ཅིན་གྱི་དཀྱིལ་འཁོར་གྱི་འདབ་མ་བརྒྱད་


CMR020_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཤར་དུ་གོ་རཱི་དཀར་མོ་གཡས་པས་ལྕགས་ཀྱུ་འཛིན་པ། ལྷོར་ཙོ་རཱི་སེར་མོ་རྡོ་རྗེའི་ཞགས་པ་འཛིན་པ། ནུབ་ཏུ་བེ་ཏ་ལི་དམར་མོ་ཕྱག་གཉིས་ཀྱིས་ལྕགས་སྒྲོག་འཛིན་པ། བྱང་དུ་གསྨ་རི་ལྗང་གུ་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ་ཕྱག་ན་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་འཛིན་པ། ཤར་ལྷོར་ཤ་ཝ་རཱི་དཀར་མོ་རི་རབ་འཛིན་པ། ལྷོ་ནུབ་ཏུ་ཙཎྜ་ལི་སྔོན་མོ་མེ་ཐབ་འཛིན་པ། ནུབ་བྱང་དུ་ཌ་དྷི་ནཱི་སྐུ་མདོག་སྣ་ཚོགས་པ་རྒྱལ་མཚན་ཆེན་པོའི་བ་དན་འཛིན་པའོ། །བརྟག་པའི་དཀྱིལ་འཁོར་གྱི་ཤར་དུ་སྐམ་པ་མ་སྔོན་མོ་ཕྱག་གཡས་པ་སྐམ་པ་འཛིན་པ། ལྷོར་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ནུབ་ཏུ་ངོ་ཟླུམ་མ་དམར་མོ་ཉ་རྒྱ་འཛིན་པ། བྱང་དུ་ལྕགས་ཀྱུ་མ་ལྗང་གུ་ལྕགས་ཀྱུ་འཛིན་པ། བྱང་ཤར་དུ་མེ་ཏོག་མ་དཀར་མོ་མེ་ཏོག་གི་ཟ་མ་ཏོག་འཛིན་པ། ཤར་ལྷོར་བདུག་སྤོས་མ་ནག་མོ་སྤོས་ཕོར་འཛིན་པ། །ལྷོ་ནུབ་ཏུ་མར་མེ་མ་སེར་མོ་མར་མེའི་མཆོད་སྡོང་འཛིན་པ། ནུབ་བྱང་དུ་དྲི་ཆབ་མ་དམར་མོ་དྲི་སེར་པོས་གང་བའི་དུང་ཕོར་འཛིན་པའོ། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་ཤར་དུ་ཉི་


CMR020_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལག་མ་དཀར་མོ་ཉི་མའི་དཀྱིལ་འཁོར་འཛིན་པ། ལྷོར་མར་མེ་མ་སྔོན་མོ་མར་མེའི་མཆོད་སྡོང་འཛིན་པ། ནུབ་ཏུ་རིན་པོ་ཆེ་སྐར་མདའ་མ་སེར་མོ་རིན་པོ་ཆེ་འཛིན་པ། བྱང་དུ་གློག་ལག་མ་ལྗང་གུ་གློག་གི་ཕྲེང་བ་འཛིན་པ། བྱང་ཤར་དུ་སྒེག་མོ་དམར་མོ་སྙིམ་པ་དང་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་འཛིན་པ། ཤར་ལྷོར་ཕྲེང་བ་མ་དམར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཕྲེང་བ་འཛིན་པ། ལྷོ་ནུབ་ཏུ་གླུ་མ་དམར་སྐྱ་ཕྱག་གཉིས་ཀྱིས་ཏིང་ཏིང་ཤག་འཛིན་པ། ནུབ་བྱང་དུ་གར་མ་སྣ་ཚོགས་པའི་མདོག་ཅན་ཕྱག་གཉིས་ཀྱིས་རྡོ་རྗེ་དང་བཅས་པའི་གར་བྱེད་པའོ། །པདྨ་གར་དབང་གི་དཀྱིལ་འཁོར་གྱི་ཤར་གྱི་འདབ་མ་ལ། པདྨ་ཅན་དཀར་མོ་པདྨ་འཛིན་པ། ལྷོར་ཆོས་འབྱུང་མ་སེར་མོ་ཆོས་འབྱུང་འཛིན་པ། ནུབ་ཏུ་ལྕགས་སྒྲོག་མ་ནག་མོ་ཕྱག་གཉིས་ཀྱིས་ལྕགས་སྒྲོག་འཛིན་པ། བྱང་དུ་རང་འཁྱུད་མ་ལྗང་ཁུས་སངས་རྒྱས་ཐམས་ཅད་ལ་རྗེས་སུ་ཆགས་པའི་ཚུལ་གྱིས་ཕྱག་ན་རྡོ་རྗེ་དང་ཐོད་པ་བཟུང་ནས་རང་ལ་འཁྱུད་པ། བྱང་ཤར་དུ་གླིང་བུ་མ་དམར་མོ་ཕྱག་གཉིས་ཀྱིས་གླིང་བུ་བཟུང་ནས་སྒྲ་སྒྲོགས་པ། ཤར་ལྷོར་པི་ཝཾ་མ་སེར་མོ་ཕྱག་གཉིས་ཀྱིས་པི་ཝཾ་བགྲེང་བ་ལ་


CMR020_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པ། ལྷོ་ནུབ་ཏུ་ཀུཎ་ཌ་མ་དཀར་མོ་ཕྱག་གཉིས་ཀྱིས་རྔ་བོ་ཆེ་བརྡུང་བ། ནུབ་བྱང་དུ་རྗེ་རྔ་མ་དུ་བའི་མདོག་ཅན། ཕྱག་གཉིས་ཀྱིས་རྫ་རྔ་བརྡུང་བའོ། །རྟ་མཆོག་གི་དཀྱིལ་འཁོར་གྱི་ཤར་དུ་སྒོ་ལྕགས་མ་དཀར་མོ་སྒོ་ལྕགས་འཛིན་པ། ལྷོར་ལྟེ་ཀྱོག་མ་སེར་མོ་ལྟེ་ཀྱོག་འཛིན་པ་་་འབྲུག་ལུགས་ལ། ལྡེ་མིག་མ་སེར་མོ་ལྡེ་མིག་མཆན། ནུབ་ཏུ་སྒོ་གླེགས་མ་དམར་མོ་སྒོ་གླེགས་འཛིན་པ། བྱང་དུ་ཡོལ་བ་མ་ནག་མོ་ཡོལ་བ་འཛིན་པ། བྱང་ཤར་སྤྱན་མ་དཀར་མོ་འཁོར་ལོ་འཛིན་པ། ཤར་ལྷོར་མཱ་མ་ཀཱི་སྔོན་མོ་རྡོ་རྗེ་འཛིན་པ། ལྷོ་ནུབ་ཏུ་གོས་དཀར་མོ་དམར་མོ་པདྨ་འཛིན་པ། ནུབ་བྱང་དུ་སྒྲོལ་མ་ལྗང་གུ་ཨུཏྤ་ལ་འཛིན་པའོ། །ཕྱིའི་དཀྱིལ་འཁོར་གྱི་ཤར་སྒོར་གོ་རཱི་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ཙོ་རཱི་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་བེ་ཏ་ལི་དམར་མོ་ཕྱག་གཉིས་ཀྱིས་ལྕགས་སྒྲོག་འཛིན་པ། བྱང་སྒོར་གྷསྨ་རཱི་ལྗང་གུ་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། བྱང་ཤར་དུ་པུཀྐ་སཱི་སེར་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་འཛིན་པ། ཤར་ལྷོར་ཤ་ཝ་རཱི་དཀར་མོ་རི་རབ་འཛིན་པ། ལྷོ་ནུབ་ཏུ་ཙན་དྷ་ལཱི་སྔོན་


CMR020_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མེ་ཐབ་འཛིན་པ། ནུབ་བྱང་དུ་ཌོམྦི་ནི་སྐུ་མདོག་སྣ་ཚོགས་པ། རྒྱལ་མཚན་ཆེན་པོའི་བ་དན་འཛིན་པ། ལྷ་མོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པའི་གར་སྟབས་ཀྱིས་བཞུགས་པའོ། །གཙོ་མོ་ལྔ་ལ་རང་འདྲ་བས་དབུ་བརྒྱན། ས་བོན་ནི། ཧཱུྃ་ཨོཾ་ཧཱུྃ་ཨཱཿལཾ། སྔགས་ནི། ཨོཾ་དྷ་ར་དྷ་ར། དྷ་ར་ཡ་དྷ་ར་ཡ། མར་དྷ་མར་དྷ༔ བཛྲ་དྷིཀ་ཕཊ་སྭཱ་ཧཱ། ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤྭ་ཤྭ་ཏ་ཨེ་ཧྱ་ཧི་ཛི་ན་ཛིཀྲ་ཧཱུཾ་ཕཊསྭཱ་ཧཱ། ཨོཾ་བཛྲ་སཱུརྱ་ཏ་མོ་བི་ཏ་མ་ཧཱ་ས་མ་ཡ་སཱུ་ཨ་ཧཾ་རཏྣ་དྷིཀ་ཕཊསྭཱ་ཧཱ། ཨོཾ་བཛྲ་དྷརྨ་ས་མ་ཡ་ཧཱུྃ་ཧུ་ལུ་ཧུ་ལུ་ཨ་རོ་ལིཀྲ་ཕཊསྭཱ་ཧཱ། ཨོཕུཕུལ༔ ཧི་ཧི་ཧི་པྲཛྙཱ་དྷིཀ་ཕཊ་སྭཱ་ཧཱ། ༈ ཉེར་གསུམ་གྱི་བདག་ཉིད་ཅན་གྱི་བདག་མེད་མའི་དཀྱིལ་འཁོར་ནི། གཞལ་ཡས་ཁང་བསྐྱེད་པ་ཡན་ཡབ་དང་འདྲ།་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་པའི་ནང་དུ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་ལྷ་སྣམ་གྱི་དབུས་སུ་སྣ་


CMR020_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་། འདབ་མའི་ཕྱོགས་བཞི་དང་། ཕྱིའི་ལྷ་སྣམ་གྱི་ཕྱོགས་མཚམས་བརྒྱད་དང་། དབུས་ཀྱི་ཐད་ཀའི་སྟེང་འོག་ཨ་གཉིས་སུ་སྣ་ཚོགས་པདྨ་རེ་རེ་སྟེ། གནས་བཅོ་ལྔར་རོ་དང་ཟླ་བའི་གདན། སྒོ་བཞིར་སྣ་ཚོགས་པདྨ་དང་རོ་དང་ཉི་མའི་གདན། ཟུར་བཞིར་སྣ་ཚོགས་པདྨ་དང་ཟླ་བའི་གདན། དབུས་ཀྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་བཞི་མ་སྤྱན་གསུམ་མ། སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གཉིས་ན་རྡོ་རྗེ་དང་གྲི་གུག །གཡོན་གཉིས་ན་ཐོད་པ་དང་ཁ་ཊཾ་ག་འཛིན་པ། མི་མགོ་སྐམ་པོའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ཤར་གྱི་འདབ་མར་རྡོ་རྗེ་མ་དང་། ལྷོར་གསང་བའི་གོ་རིམ། ནུབ་ཏུ་ཆུ་མ། བྱང་དུ་རྡོ་རྗེ་མཁའ་འགྲོ་མ་རྣམས་སྐུ་མདོག་སྔོན་མོ། རིམ་པ་གཉིས་པའི་ཤར་དུ་གོ་རཱི་དཀར་སེར། ལྷོར་ཙོ་རཱི་དམར་མོ། ནུབ་ཏུ་བེ་ཏ་ལི་དམར་སེར། བྱང་དུ་གསྨྲ་


CMR020_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རི་ལྗང་སེར། དབང་ལྡན་དུ་པུཀྐ་སཱི་སེར་མོ། ཤར་ལྷོར་ཤ་ཝ་རཱི་དཀར་མོ། ལྷོ་ནུབ་ཏུ་ཙན་དྷ་ལཱི་སྔོན་མོ། ནུབ་བྱང་དུ་ཌོབྷི་ནཱི་ནག་མོ། སྟེང་དུ་མཁའ་སྤྱོད་མ། འོག་ཏུ་ས་སྤྱོད་མ་གཉིས་སྔོན་མོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ། གཡས་པ་དག་གིས་རྡོ་རྗེ་དང་གྲི་གུག །གཡོན་པ་དག་གིས་ཐོད་པ་དང་ཁ་ཊཾ་ག་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ནང་གི་མཚམས་བཞིར་བུམ་པ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞི་གནས་པའོ། །རིམ་གསུམ་པའི་དབང་ལྡན་དུ་གླིང་བུ་མ་དམར་མོ་གླིང་བུ་འཛིན་པ། མེར་པི་ཝང་མ་སེར་མོ་སྒེག་པའི་ཉམས་ཀྱི་བག་ཅན་མ་ལུས་གཡོ་བ། ཕྱག་གཉིས་ཀྱིས་པི་ཝང་འཛིན་པ། བདེན་བྲལ་དུ་མུ་ཀུན་དྷ་མ་དཀར་མོ་རྔ་པ་ཌ་ཧ་འཛིན་པ། རླུང་དུ་རྫ་རྔ་མ་སྔོན་མོ་རྫ་རྔ་འཛིན་པ། ཤར་སྒོར་རྟ་གདོང་མ་དཀར་སྔོ། ལྷོ་ཕག་གདོང་མ་སེར་སྔོ། ནུབ་ཏུ་ཁྱི་གདོང་མ་དམར་མོ་སྔོ། བྱང་དུ་སེང་གདོང་མ་ལྗང་སྔོ། བཞི་ཀའང་ཞལ་གཅིག་ཕྱག་


CMR020_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡོན་བསྐུམ་གཡས་བརྐྱང་བའི་སྟབས་ཀྱིས་ཉི་མའི་གདན་ལ་བཞུགས་པའོ། །དབུ་རྒྱན་མི་བསྐྱོད་པ། ས་བོན་ནི། ཨོཾ་སྔོན་པོ། ཨོཾ་ཨོཾ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཨོཾ་སྭ་ཧཱ། ཞེས་པའོ། །ཨོཾ་ཨ་བཛྲ་གསྶ་རཱི་ཨོཾ་ཧཱུྃ་སྭཱ་ཧཱ། ལས་སྔགས་སོ།། ༈ །།བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ནི། གཞལ་ཡས་ཁང་རྣམས། གནས་བཅོ་ལྔར་རོ་དང་ཟླ་བའི་གདན་བསྐྱེད་པའི་བར་གོང་དང་འདྲ། དབུས་ཀྱི་གདན་གྱི་སྟེང་དུ། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་བདག་མེད་ལྔ་སྐུ་མདོག་ནག་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། སྐྱ་སེར་པོ་གྱེན་དུ་བརྫེས་པ།་གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁཊཾ་ག་བསྣམས་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ཤར་དུ་རྡོ་


CMR020_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མ། ལྷོར་གསང་བའི་གོ་རིམ། ནུབ་ཏུ་ཆུ་མ། བྱང་དུ་རྡོ་རྗེ་མཁའ་འགྲོ་མ། རིམ་པ་གཉིས་པའི་ཤར་དུ་གོ་རཱི་མ། ལྷོར་ཙོ་རཱི་མ། ནུབ་ཏུ་བེ་ཏ་ལཱི། བྱང་དུ་གསྨྲ་རཱི༔ བྱང་ཤར་དུ་པུཀྐ་སཱི། ཤར་ལྷོར་རི་ཁྲོད་མ། ལྷོ་ནུབ་ཏུ་གསོལ་བ་མོ། ནུབ་བྱང་དུ་གཡུང་མོ། སྟེང་དུ་མཁའ་སྤྱོད་མ། འོག་ཏུ་ས་སྤྱོད་མ་རྣམས་སྐུ་མདོག་ནག་མོ། ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པ། གཡོན་པའི་གྲུ་མོ་ན་ཁཊཾ་ག་ཡོད་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །རིགས་བདག །ས་བོན། སྙིང་པོ། ལས་སྔགས་རྣམས་གོང་བཞིན་ནོ།། ༈ །།ཀུ་རུ་ཀུལླེའི་དཀྱིལ་འཁོར་ནི། གཞལ་ཡས་ཁང་གདན་དང་བཅས་པས་བསྐྱེད་པ་གོང་དང་འདྲའོ། །གནས་བཅོ་ལྔར་པདྨ་དམར་པོ་བཅོ་ལྔའི་གདན་གྱི་སྟེང་དུ། རོའི་སྙིང་ཁར་ཟླ་བ་ལ། དབུས་སུ་སྐད་ཅིག་གིས་བདག་ཉིད་བཅོམ་ལྡན་འདས་མ་ཀུ་རུ་ཀུ་ལེ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་མདའ་དང་ལྕགས་ཀྱུ་འཛིན་


CMR020_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཡོན་གཉིས་ཀྱིས་ཨུཏྤལ་དམར་པོ་དང་གཞུ་འཛིན་པ།་སྤྱན་གསུམ་དང་ལྡན་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་། ཕྱག་རྒྱ་ལྔས་ཡང་དག་པར་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། ཤར་དུ་རྡོ་རྗེ་མ་དང་། ལྷོར་གོ་རི་མ། ནུབ་ཏུ་ཆུ་མ། བྱང་དུ་རྡོ་རྗེ་མཁའ་འགྲོ་མ། མཚམས་བཞིར་བུམ་ཐོད་བཞི་དང་། རིམ་པ་གཉིས་པའི་ཤར་དུ་གོ་རཱི། ལྷོར་ཙོ་རཱི། ནུབ་ཏུ་བེ་ཏ་ལཱི། བྱང་དུ་གསྨ་རཱི། དབང་ལྡན་དུ་པུཀྐ་སཱི། ཤར་ལྷོར་ཤ་ཝ་རཱི༔ ལྷོ་ནུབ་ཏུ་ཙནྡྷ་ལི། ནུབ་བྱང་དུ་ཌོམ་བྷི་ནཱི། སྟེང་དུ་མཁའ་སྤྱོད་མ། འོག་ཏུ་ས་སྤྱོད་མ་རྣམས་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་ཀྱིས་ཨུཏྤལའི་མདའ་གཞུ་རྣ་དྲུང་འགེང་བའི་ཚུལ་གྱིས་འཛིན་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །རིགས་བདག་འོད་དཔག་མེད། ས་བོན། ཧཱིའོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧཱུྃསྭཱ་ཧཱ། གསྨ་རཱི། ལས་སྔགས།། ༈ །།


CMR020_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ནི། སྔོན་འགྲོ་སྤྱི་དང་འདྲ། རྡོ་རྗེའི་གུར་གྱི་ནང་དུ། ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་ཤིན་ཏུ་ཡངས་པའི་དབུས་སུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནི་ནང་ནས་རིམ་པ་བཞིན། །སེར་ལྗང་དམར་སྔོ་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་ན་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་ལ། གསེར་གྱི་སྐ་རགས་བཞི་ཡིས་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲུ་བ་ཕྱེད་པ་དང་དྲིལ་བུ་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་


CMR020_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་བུ་ལ་གཟུང་མ་སྣ་ཚོགས་པ་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེའི་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ཕྱིའི་རྡོ་རྗེ་མེ་རིའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་ལྗང་དབུས་སེར་པོའི་ནང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་ཀྱི་འདབ་མ་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་སྒྲོལ་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་བཞི་ཕྱག་བརྒྱད་མ། རྩ་བའི་ཞལ་གསེར་གྱི་མདོག་ཅན། གཡས་དཀར་རྒྱབ་སྔ་གཡོན་དམར་


CMR020_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཞལ་རེ་རེ་ལ་ཨུཏྲ་ལ་རྒྱས་པ་ལྟ་བུའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་རྒྱུ་ལྔའི་ཅོད་པན་ཅན། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་ཞགས་པ། གསུམ་པ་ན་མདའ། བཞི་པ་ནི་དུང་འཛིན་པ། གཡོན་གྱི་དང་པོ་ན་ཨུཏྤ་ལ་སེར་པོ། གཉིས་པ་ན་གཞུ།་གསུམ་པ་ན་ལྕགས་ཀྱུ། བཞི་པས་སྡིགས་མཛུབ་མཛད་པ། ཤར་གྱི་འདབ་མར་མེ་ཏོག་སྒྲོལ་མ་དཀར་མོ་ཕྱག་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་པ། ལྷོར་བདུག་སྤོས་སྒྲོལ་མ་ནག་མོ་ཕྱག་གཉིས་ཀྱིས་བདུག་སྤོས་ཀྱི་སྣོད་འཛིན་པ། ནུབ་ཏུ་མར་མེ་སྒྲོལ་མ་སེར་མོ་ཕྱག་གཉིས་ཀྱིས་མར་མེའི་ཀོང་བུ་འཛིན་པ། བྱང་དུ་དྲིའི་སྒྲོལ་མ་དམར་མོ་ཕྱག་གཉིས་ཀྱིས་དྲི་ཆབ་ཀྱི་དུང་ཕོར་འཛིན་པ། མེ་ལ་སོགས་པའི་མཚམས་བཞིའི་འདབ་མ་རྣམས་ལ་གནས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྒྱལ་བ་ཡབ་བཞིའི་ངོ་བོ་འཁོར་ལོ་དཀར་པོ་དང་། རྡོ་རྗེ་སྔོན་པོ་དང་། པདྨ་དམར་པོ་དང་། དྲིལ་བུ་ལྗང་གུ་རྣམས་གནས་པ། རིམ་པ་གཉིས་པའི་ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་གཡས་པས་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་རྡོ་རྗེ་ཞགས་པ་མ་སེར་མོ་གཡས་པས་ཞགས་པ་འཛིན་པ།


CMR020_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་གཡས་པས་རྡོ་རྗེས་མཚན་པའི་ལྕགས་སྒྲོག་འཛིན་པ། བྱང་སྐོར་རྡོ་རྗེ་དྲིལ་བུ་མ་ལྗང་གུ་གཡས་པས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པ། མེ་ལ་སོགས་པའི་མཚམས་རྣམས་སུ་སྣ་ཚོགས་པདྨ་ལ་གནས་པའི་སྤྱན་མ་ལ་སོགས་པ་རྣམ་པར་དག་པའི་ངོ་བོ་བྱང་སེམས་ཀྱིས་གང་བའི་བུམ་པ་དཀར་པོ། རི་རབ་སྔོན་པོ། མེ་ཐབ་དམར་པོ་རྒྱལ་མཚན་ཆེན་པོ་ལྗང་གུ་རྣམས་གནས་པ། སྟེང་དུ་གཙུག་ཏོར་རྣམ་པར་རྒྱལ་མ་དཀར་པོ་གཡས་པས་འཁོར་ལོ་འཛིན་པ། འོག་ཏུ་གནོད་མཛེས་མ་སྔོན་མོ་གཡས་པས་སྦྲུལ་ཞགས་འཛིན་པ། ལྷ་མོ་དྲུག་པོ་འདི་རྣམས་ནི་ཕྱག་གཡོན་པ་སྡིགས་མཛུབ་དང་བཅས་པ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ། བཅུ་པོ་འདི་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་མ། བཅུ་གཅིག་པོ་ཐམས་ཅད་ཀྱང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གསེར་གྱི་རྣ་ཆ་གཡོ་བས་བརྒྱན་པ། གོས་སྣ་ཚོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འོད་ཟེར་དམར་པོ་འཕྲོ་བའོ། །དབུ་རྒྱན་རིན་ཆེན་འབྱུང་ལྡན། ས་བོན། ཧཱུྃ། སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་


CMR020_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ༈ །།དཔལ་སམ་བྷུ་ཊི་ལས་གསུངས་པའི་ཀྱེ་རྡོ་རྗེ་ལྷ་བཅུ་བདུན་ལ་མཚོན་ཆ་ཅན་གྱི་དཀྱིལ་འཁོར་ནི། སྐྱབས་སུ་འགྲོ་ནས་ཐུན་མོང་གི་སྲུང་འཁོར་གྱི་བར་སྔར་དང་འདྲ། སྲུང་འཁོར་གྱི་དབུས་སུ་ཆོས་འབྱུང་གི་ནང་དུ་གཞལ་ཡས་ཁང་པ། གྲུ་བཞི་པ་སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནི་ནང་ནས་རིམ་པ་བཞིན། སྔོན་པོ་ལྗང་གུ་དམར་པོ་སེར་པོ་དཀར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་ན་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། །རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲེམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་


CMR020_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ཕྱིའི་རྡོ་རྗེ་མེ་རིའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོན་པོ། ལྷ་སྣམ་དང་བཅས་པའི་དབུས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཉི་མ་དང་བདུད་བཞིའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ། ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་དང་ལྡན་པ། རྩ་བའི་ཞལ་སྔོ། གཡས་དཀར། གཡོན་དམར། སྟེང་ཞལ་དུད་ཁ། རྒྱབ་ཞལ་བཞི་ནག་པ། ཞལ་


CMR020_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་པ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གི་གཡས་དང་པོས་རྡོ་རྗེ་དང་། གཡོན་དང་པོས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རལ་གྲི། གསུམ་པ་ན་མདའ། བཞི་པ་ན་འཁོར་ལོ། ལྔ་པ་ན་ཐོད་པ། དྲུག་པ་ན་དབྱུག་པ། བདུན་པ་ན་རྩེ་གསུམ། བརྒྱད་པ་ན་ལྕགས་ཀྱུ། གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་གཞུ། བཞི་པ་ན་ཁ་ཊཾ་ག །ལྔ་པ་ན་ཐོད་པ། དྲུག་པ་ན་རིན་པོ་ཆེ་བདུན་པ་ན་སྡིགས་མཛུབ། བརྒྱད་པ་ན་ཞགས་པ་འཛིན་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་མདུན་མ་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པ། རྒྱབ་མ་གཉིས་ཀྱིས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ་སྐྲ་སེར་པོ་


CMR020_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་བརྫེས་པ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། །རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་གྱི་འདབ་མར་གོ་རཱི་དཀར་སེར། གཡས་གཉིས་ན་མདའ་དང་རྡོ་རྗེས་མཚན་པའི་གྲི་གུག །གཡོན་གཉིས་ན་གཞུ་དང་ཉ་རོ་ཧི་ཏ་དང་བཅས་པའི་ཐོད་པ་ཁྲག་གིས་གང་བ་འཛིན་པ། ལྷོར་ཙོ་རཱི་མ་དམར་མོ། གཡས་གཉིས་ན་རྡོ་རྗེ་དང་ཌཱ་མ་རུ། གཡོན་གཉིས་ན་ལྕགས་ཀྱུ་དང་ཕག་པ་དང་བཅས་པའི་ཐོད་པ་ཁྲག་གིས་གང་བ་འཛིན་པ། ནུབ་ཏུ་རོ་ལངས་མ་དམར་སེར། གཡས་གཉིས་ན་རལ་གྲི་དང་རུས་སྦལ་དང་བཅས་པའི་ཐོད་པ་ཁྲག་གིས་གང་བ། གཡོན་གཉིས་ཆང་གིས་གང་བའི་ཐོད་པ་དང་དྲི་ཆུས་གང་བའི་ཐོད་པ་འཛིན་པ། བྱང་དུ་གསྨ་རཱི་ལྗང་སེར། གཡས་གཉིས་ན་སྦྲུལ་དང་བཅས་པའི་རྐང་མར་གྱིས་གང་བའི་ཐོད་པ་དང་། མི་འཇིགས་པའི་ཕྱག་རྒྱ་མཛད་པ། གཡོན་གཉིས་ན་རྡོ་


CMR020_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མཚན་པའི་མེ་ཐབས་དང་། དགྲ་སྟ་འཛིན་པ། དབང་ལྡན་དུ་པུཀྐ་སཱི་སེར་མོ། གཡས་གཉིས་ན་ཤ་ཆེན་གྱིས་གང་བའི་ཐོད་པ་ལ་གནས་པའི་སེང་གེ་དང་། མཆོག་སྦྱིན་་གྱི་ཕྱག་རྒྱ་མཛད་པ། གཡོན་གཉིས་ན་དཔག་བསམ་གྱི་ཤིང་གི་ཡལ་ག་དང་རིན་པོ་ཆེ་འཛིན་པ། མེར་ཤ་ཝ་རཱི་དཀར་མོ། གཡས་ན་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པར་གནས་པའི་དགེ་སློང་དང་རྡོ་རྗེ། གཡོན་གཉིས་ན་ཁ་ཊཾ་ག་དང་ཞགས་པ་འཛིན་པ། སྲིན་པོར་ཙན་དྷ་ལི་སྔོན་མོ། གཡས་དང་པོས་སྟག་དང་བཅས་པའི་ཐོད་པ་ཁྲག་གིས་གང་བ་དང་། གཡོན་དང་པོས་པདྨ་དཀར་པོ་འཛིན་ཅིང་།། འོག་མ་གཉིས་ཀྱིས་རླུང་དང་རལ་གྲི་འཛིན་པ། རླུང་དུ་ཌོམ་བྷི་ནི་ནག་པོ། གཡས་གཉིས་ན་ཆང་གིས་གང་བའི་ཐོད་པ་དང་རྩེ་གསུམ། གཡོན་གཉིས་ན་བདུད་རྩིས་ལྔས་གང་བའི་ཐོད་པ་ལ་གནས་པའི་ལྕེ་སྤྱང་དང་། གཤོལ་མདའ་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ། སྣ་ཚོགས་པདྨ་དང་ཐོད་པ་དང་ཟླ་བའི་གདན་ལ་བཞུགས་པའོ། །དེའི་ཕྱི་རོལ་གྱི་དབང་ལྡན་དུ་གླིང་བུ་མ་དམར་མོ་གླིང་བུ་འཛིན་པ། མེར་པི་ཝཾ་མ་སེར་མོ་པི་ཝཾ་འཛིན་པ། 


CMR020_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བྲལ་དུ་མུ་ཀུན་དཀར་མོ་རྔ་མུ་ཀུན་འཛིན་པ། རླུང་དུ་རྫ་རྔ་མ་སྔོན་མོ་རྫ་རྔ་འཛིན་པ་སྟེ། ལྷ་མོ་བཞི་པོའང་ཞལ་གཅིག་ཕྱག་གཉིས་ཀྱིས་རང་རང་གི་རོལ་ཆ་སྒྲོགས་པ་ལ་བརྩོན་པའོ། །ཤར་སྒོར་རྟ་གདོང་མ་ནག་མོ། ནག་དཀར་སེར་བའི་ཞལ་ཅན། སྟེང་ཞལ་རྟའི་གདོང་པ་ཅན་ལྗང་གུ། ཕྱག་བཞིའི་གཡས་གཉིས་ན་ལྕགས་ཀྱུ་དང་རལ་གྲི། གཡོན་གཉིས་ནི་ཞགས་པ་དང་སྡིགས་མཛུབ་མཛད་པ། ལྷོ་སྒོར་ཕག་གདོང་མ་སེར་མོ། སེར་ནག་དཀར་བའི་ཞལ་ཅན། སྟེང་ཞལ་ཕག་གདོང་ཅན་དམར་མོ་གཡས་གཉིས་ན་ཞགས་པ་དང་རྡོ་རྗེ། གཡོན་གཉིས་ན་འཁོར་ལོ་དང་དྲིལ་བུ་འཛིན་པ། ནུབ་སྒོར་ཁྱི་གདོང་མ་དམར་མོ། དམར་ནག་དཀར་བའི་ཞལ་ཅན། སྟེང་ཞལ་ཁྱི་གདོང་ཅན་སེར་པོ། གཡས་གཉིས་ན་ལྕགས་སྒྲོག་དང་རྡོ་རྗེ། གཡོན་གཉིས་ན་འཁོར་ལོ་དང་དྲིལ་བུ་འཛིན་པ། བྱང་སྒོར་སེང་གདོང་མ་ལྗང་གུ། ལྗང་ནག་དཀར་བའི་ཞལ་ཅན། སྟེང་ཞལ་སེང་གེའི་གདོང་པ་ཅན་དམར་པོ། གཡས་གཉིས་ན་དྲིལ་བུ་དང་རྡོ་རྗེ། གཡོན་གཉིས་ན་འཁོར་ལོ་དང་ལྕགས་ཀྱུ་འཛིན་པ། སྒོ་མ་བཞི་ཀའང་ཞལ་


CMR020_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། ཕྱག་བཞི་མ་སྤྱན་གསུམ་མ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྣ་ཚོགས་པདྨ་དང་ཐོད་པ་དང་རོའི་གདན་ལ་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པ། དབུ་རྒྱན་མི་བསྐྱོད་པ། ས་བོན་ཧཱུཾ་སྔོན་པོ། སྔགས་ནི། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊསྭཱ་ཧཱ། ལས་སྔགས། ཨོཾ་ཨོཾ་སྭཱ་ཧཱ།། ༈ །།ཧེ་རུ་ཀ་གསུམ་གྱི་དཀྱིལ་འཁོར་ནི། ཉི་མའི་གདན་བསྐྱེད་པ་ཡན་གོང་དང་འདྲ་ཞིང་། ཉི་མ་དང་རོའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་སྔོན་པོ། གཡས་ཞལ་དཀར། གཡོན་ཞལ་དམར་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་དང་འདྲ་བའི་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་ལ་འཁྱུད་པ། གཡས་འོག་མ་གཉིས་ཀྱིས་མདའ་དང་རྩེ་གསུམ། གཡོན་འོག་མ་གཉིས་ཀྱིས་གཞུ་དང་ཐོད་པ་འཛིན་པ། ཞལ་རེ་རེ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། ཞབས་


CMR020_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བརྐྱང་བའི་བརླ་ལ་གཡོན་བསྐུམ་པའི་སོར་མོ་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་ལུ་གུ་རྒྱུད་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས་ཡབ་ལ་འཁྱུད་པ། ཡབ་ཝེ་ཁམས་གསར་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །འོག་ནས། ཤར་དུ་རྡོ་རྗེ་དྲག་མོ་སོགས། མི་བསྐྱོད་པ། ༈ ཡང་གཞལ་ཡས་ཁང་གི་དབུས་སུ་སྔར་གྱི། ཉི་མ་དང་རོའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་གསུང་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་དང་པོས་ཐོད་པ་ཁྲག་གིས་གང་བ་འཛིན་པ། ཕྱག་ལྷག་མ་གཉིས་ཀྱིས་རང་འདྲ་བའི་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་


CMR020_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། ཞབས་གཡས་བརྐྱང་བའི་བརླ་ལ་གཡོན་བསྐུམ་པའི་སོར་མོ་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་པ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམས་པས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །འོག་ནས། ཤར་དུ་རྡོ་རྗེ་དྲག་མོ་སོགས། མི་བསྐྱོད་པ། ༈ ཡང་གཞན་གོང་དང་འདྲ་བ་ལས། ཉི་མ་དང་རོའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་སྐུ་རྡོ་རྗེ་འཇིག་རྟེན་བ། སུམ་ཀུན་ཏུ་བསྐྱོད་པ། སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་བའི་ཚུལ་གྱིས་འཛིན་ཅིང་། གཡོན་ཐོད་པ་


CMR020_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གིས་གང་བ་འཛིན་པས། ཡུམ་རྡོ་རྗེ་བདག་མེད་མ་ལ་འཁྱུད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། ཞབས་གཡས་བརྐྱང་བའི་བརླ་ལ་གཡོན་བསྐུམ་པའི་སོར་མོ་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ། སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མ། དབུ་སྐྲ་སེར་པོ་གྱེན་དུ་བརྗེ་ས་པ། ཕྱག་གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་པ་ནས་འཁྱུད་པ་མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཧེ་རུ་ཀ་འདི་གསུམ་གྱི་དཀྱིལ་འཁོར་གྱི་འདབ་མ་བརྒྱད་ལ། ཤར་དུ་རྡོ་རྗེ་དྲག་མོ་དཀར་མོ་ཕྱག་གཡས་གཉིས་ན་མདའ་དང་ལྕགས་ཀྱུ།


CMR020_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གཉིས་ན་གཞུ་དང་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་འཛིན་པ། ལྷོར་རྡོ་རྗེ་གཟུགས་མ་སེར་མོ་གཡས་གཉིས་ན་རྡོ་རྗེ་དང་མདུང་། གཡོན་གཉིས་ན་ཞགས་པ་དང་ཁྲག་གིས་གང་བའི་ཐོད་པ། ནུབ་ཏུ་འདོད་ཆགས་རྡོ་རྗེ་མ་དམར་མོ། གཡས་གཉིས་ན་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ན་དྲི་ཆུས་གང་བའི་ཐོད་པ་དང་དྲིལ་བུ་འཛིན་པ། །བྱང་དུ་རྡོ་རྗེ་ཞི་བ་མ་ལྗང་གུ། གཡས་དང་པོས་ཐལ་མོ་འཕྱར་བ་དང་། གཉིས་པས་བ་རྩེ་དན་གསུམ་པ། གཡོན་གཉིས་ན་རྡོ་རྗེས་མཚན་པའི་ཁ་ཊཾ་ག་དང་སྨན་གྱིས་གང་བའི་ཐོད་པ་འཛིན་པ། དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་མ་དཀར་སེར། གཡས་གཉིས་ན་དབྱུག་ཐོ་དང་ཨུཏྤ་ལ། གཡོན་གཉིས་ན་ཤ་ཆེན་གྱིས་གང་བའི་ཐོད་པ་དང་ཌ་མ་རུ། མེར་ཟོརྡོ་རྗེ་མཁའ་འགྲོ་མ་དམར་སེར། གཡས་གཉིས་ན་པདྨ་དང་མེ་ལོང་དང་། གཡོན་གཉིས་ན་རྐང་དམར་གྱིས་གང་བའི་ཐོད་པ་དང་དགྲ་སྣ། བདེན་བྲལ་དུ་སྒྲ་རྡོ་རྗེ་མ་སྔོ་དམར། གཡས་གཉིས་ན་ཤཀྟི་དང་དུང་། གཡོན་གཉིས་ན་འཁོར་ལོ་དང་ཁྲག་གིས་གང་བའི་ཐོད་པ། རླུང་དུ་སའི་རྡོ་རྗེ་མ་དཀར་ལྗང་། གཡས་གཉིས་ན་པདྨ་དང་རྡོ་རྗེ།


CMR020_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གཉིས་ན་བདུད་རྩི་ལྔ་དང་ཤ་ལྔས་གང་བའི་ཐོད་པ་དང་དྲིལ་བུ་འཛིན་པ་སྟེ། ལྷ་མོ་བརྒྱད་ཀའང་ཞལ་གཅིག་ཕྱག་བཞི་མ། སྤྱན་གསུམ་པ། རལ་པའི་ཐོར་ཅོག་དང་ཐོད་པའི་ཕྲེང་བའི་ཅོད་པན་ཅན། ལྷའི་ན་བཟས་མཛེས་པ། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །དེའི་ཕྱི་རོལ་གྱི་དབང་ལྡན་དུ་གླིང་བུ་མ་དམར་མོ་གླིང་བུ་འཛིན་པ། མེར་པི་ཝཾ་མ་སེར་མོ་པི་ཝཾ་འཛིན་པ། བདེན་བྲལ་དུ་མུ་ཀུན་ཌ་དཀར་མོ་རྔ་མུ་ཀུན་ཌ་འཛིན་པ། རླུང་དུ་རྫོ་རྔ་མ་སྔོན་མོ་རྫ་རྔ་འཛིན་པ་སྟེ། །ལྷ་མོ་བཞི་ཀའང་ཞལ་གཅིག་ཕྱག་གཉིས་ཀྱིས་རང་རང་གི་རོལ་ཆ་སྒྲོགས་པ་ལ་བརྩོན་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་སྔོ་བསངས། སྔོ་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་།གཡས་པ་རྣམས་ན་ལྕགས་ཀྱུ་དང་རལ་གྲི་དང་འཁོར་ལོ། གཡོན་པ་རྣམས་ཀྱིས་ཞགས་པ་དང་སྡིགས་མཛུབ་དང་དྲིལ་བུ་འཛིན་པ། ལྷོ་སྒོར་རྡོ་རྗེ་ཞགས་པ་མ་དཀར་མོ། །དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་པ་རྣམས་ན་ཞགས་པ་དང་རྡོ་རྗེ་དང་རལ་གྲི། གཡོན་པ་རྣམས་ན་འཁོར་ལོ་དང་དྲིལ་བུ་དང་སྡིགས་མཛུབ་དང་བཅས་


CMR020_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་པ་རྣམས་ལ་ལྕགས་སྒྲོག་དང་རྡོ་རྗེ་དང་རལ་གྲི། གཡོན་པ་རྣམས་ན་འཁོར་ལོ་དང་དྲིལ་བུ་དང་ལྕགས་ཀྱུ། བྱང་སྒོར་རྡོ་རྗེ་དྲིལ་བུ་མ་ལྗང་གུ། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་པ་རྣམས་ན་དྲིལ་བུ་དང་རྡོ་རྗེ་དང་རལ་གྲི། གཡོན་པ་རྣམས་ན་འཁོར་ལོ་དང་ལྕགས་ཀྱུ་དང་ཞགས་པ་འཛིན་པ། བཞི་ཀའང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྗེ་ས་པ། མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་། རུས་པའི་རྒྱན་ཆ་ལྔས་སྤྲས་པ།་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་སྣ་ཚོགས་པདྨ་དང་ཉི་མ་དང་ཐོད་པའི་གདན་ལ་བཞུགས་པའོ། །ས་བོན་ཧེ་རུ་ཀ་གསུམ་ལ་ཧཱུཾ། སྔགས་ནི། ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཛྭ་ལ་ཛྭ་ལ་བྷོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཨོཾ་ཀྲེ་ལོཀྱ་ཨ་ཀྱཱ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊསྭཱ་ཧཱ།། ༈ །།དཔལ་སམ་བྷུ་ཏྲི་ལས་གསུང་པའི་ཁ་སྦྱོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་འདི་བདེ་མཆོག་ཞི་བ་རྡོར་སེམས་སུ་བཞེད། ཐུན་མོང་གི་སྲུང་འཁོར་བསྒོམ། དེའི་


CMR020_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་སེར་པོ་རྩིབས་བཅུ་པ། གཡས་བསྐོར་དུ་འགྲོ་བ་མི་མངོན་པར་མགྱོགས་པར་འཁོར་བ། དེའི་ཤར་གྱི་རྩིབས་ལ་གཤིན་རྗེའི་གཤེད་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ན། རྡོ་རྗེ་ལྕགས་ཀྱུ་དང་འཁོར་ལོ་དང་རྡོ་རྗེ། གཡོན་པ་རྣམས་ཀྱིས་སྙིང་གར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དང་དགྲ་སྟ་འཛིན་པ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ན། རྡོ་རྗེ་ཞགས་པ་དང་རྡོ་རྗེ་རལ་གྲི། གཡོན་པ་རྣམས་ཀྱིས་སྙིང་གར་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟ་འཛིན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ན། ལྕགས་སྒྲོག་དང་པདྨ་དང་རལ་གྲི། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་དགྲ་སྣ་ཞགས་པ་འཛིན་པ། བྱང་དུ་ལ༔ བགེགས་མཐར་བྱེད་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ན། དྲིལ་བུ་དང་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ། གཡོན་པ་རྣམས་ཀྱིས་སྡིགས་


CMR020_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མཛུབ་དང་བཅས་པའི་ཞགས་པ་དང་གཏུན་ཤིང་དང་དགྲ་སྣ་འཛིན་པ། དབང་ལྡན་དུ་མི་གཡོ་བ་སྔོན་པོ་རྟོགས་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རལ་གྲི་དང་འཁོར་ལོ་དང་རྡོ་རྗེ། གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་དགྲ་སྟ་དང་ཞགས་པ་འཛིན་པ། མེར་འདོད་པའི་རྒྱལ་པོ་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་མཛད་པ། གཡས་ལྷག་མ་གཉིས་ཀྱིས་ལྕགས་ཀྱུ་དང་རལ་གྲི། གཡོན་ལྷག་མ་གཉིས་ཀྱིས་རྡོ་རྗེ་དང་ཞགས་པ་འཛིན་པ། བདེན་ཟློབྲལ་དུ་དབྱུག་པ་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་རལ་གྲི་དང་འཁོར་ལོ། གཡོན་པ་རྣམས་ཟཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པདྨ་དང་དགྲ་སྟ་འཛིན་པ། རླུང་དུ་སྟོབས་པོ་ཆེ་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ན་རྩེ་གསུམ་དང་རལ་གྲི་དང་འཁོར་ལོ། གཡོན་པ་རྣམས་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པདྨ་དང་དགྲ་སྟ་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ།


CMR020_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་བཅིང་བ། གཡས་ལྷག་མ་གཉིས་ཀྱིས་འཁོར་ལོ་དང་པདྨ། གཡོན་ལྷག་མ་གཉིས་ཀྱིས་སྡིགས་མཛུབ་དང་རལ་གྲི་འཛིན་པ། འོག་ཏུ་གནོད་མཛེས་རྒྱལ་པོ་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ། གཡོན་པོ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པདྨ་དང་རལ་གྲི་འཛིན་པ། ཐམས་ཅད་ཀྱི་རྩ་བའི་ཕྱག་དག་གིས་རང་འདྲ་བའི་ཡེ་ཤེས་སེམས་མ་ལ་འཁྱུད་པ། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། འདོད་པའི་རྒྱལ་པོ་དང་། མི་གཡོ་བ་དང་། གནོད་མཛེས་རྣམས་ནི་རིན་པོ་ཆེའི་ཅོད་པན་ཅན་ལ། །རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། འགྱིང་བར་གྱུར་པ་མཆེ་བ་ཅུང་ཟད་གཙིགས་པ་སྟོན་པ། ཁྲོ་བོའི་སྨྲ་ར་དང་ལྡན་པ། དེ་ལས་གཞན་རྣམས་ནི་མི་སྡུག་པའི་གཟུགས་ཅན། སྨིན་མ་འཁྱོག་པ་དང་བཅས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨིན་མ་དང་སྨ་ར་དམར་སེར་དང་བཅས་པ། ཞལ་གདངས་པ། མཆེ་བ་གཙིགས་པ། ལྗགས་


CMR020_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་གད་རྒྱངས་དང་ལྡན་པ། དྲག་པོའི་ཀླུ་བརྒྱད་ཀྱིས་བརྒྱན་པ། སྐུ་བོངས་ཐུང་ཞིང་རིགས་པ། ལྟོ་བ་འཕྱང་བ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་།གསུམ་གསུམ་དང་ལྡན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས། རང་རང་གི་རྩིབས་ཀྱི་ནང་གི་རྩེ་མོར་ཅུང་ཟད་མ་རེག་པའི་སྣ་ཚོགས་པདྨ་དང་ཉི་མའི་གདན་དང་བཅས་པ་ལ་བརྟེན་པར་གནས་པ། ཉི་མའི་འོད་ཅན་ཤིན་ཏུ་ཁྲོ་བ་དང་འབར་བ་དང་བཅས་པས་ཤིན་ཏུ་འཇིགས་པ། བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུའི་འོད་དང་ལྡན་པ། རང་གི་སྐུ་ཡི་སྤྲུལ་པ་དཔག་ཏུ་མེད་པའི་ཚོགས་ཀྱིས་ཀྱང་། ཁམས་གསུམ་མཐའ་ཡས་པ་ན་གནས་པའི་བགེགས་མ་ལུས་པ་ཡང་དང་ཡང་དུ་རླག་པར་བྱེད་པ། འཁོར་ལོ་ཡང་རྒྱུན་མི་འཆད་པར་དྲག་ཏུ་འཁོར་བས་བརྟེན་པར་གནས་པ་ལྟ་བུའི་འབར་བའི་ཚོགས་དཔག་ཏུ་མེད་པ་འཕྲོ་བའོ། །དེ་ལྟ་བུའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། རླུང་དང་མེ་དང་ཆུ་དང་། དབང་ཆེན་གྱི་ས་གཞིའི་སྟེང་དུ་རི་རབ་ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ་རྩེ་མོ་ཅོག་བརྒྱད་དང་ལྡན་པའི་སྟེང་དུ། །


CMR020_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་དཀར་པོ་ཤིན་ཏུ་ཡངས་པའི་ནང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེའི་རྩིག་པ། ནང་ནས་རིམ་བཞིན། སྔོན་པོ། ལྗང་གུ། དམར་པོ་སེར་པོ་དཀར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞི་ཡི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པ་ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་


CMR020_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ཕྱིའི་རྡོ་རྗེ་མེ་རིའི་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་ནང་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོན་པོའི་ནང་དུ། ལྷ་སྣམ་གྲུ་བཞི་པ་དེའི་ནང་དུ་ལྷ་སྣམ་ཟླུམ་པོ་རིམ་པ་གཉིས་ཀྱི་དབུས་ལེའུ་རྩེ་དགུར་གྱུར་པའི་ཤར་དཀར། ལྷོ་སེར་ནུབ་དམར་བྱང་ལྗང་བའི་དབུས་སུ། སྣ་ཚོགས་པདྨ་དང་། ཟླ་བ་དང་། ཐོད་པའི་གདན་གྱི་སྟེང་དུ།་བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ལ་ཅུང་ཟད་དམར་བའི་མདངས་དང་ལྡན་པ་ཞལ་གསུམ་པ། ཕྱག་དྲུག་པ། རྩ་བའི་ཞལ་དཀར།


CMR020_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སྔོ། གཡོན་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་རྣམ་པར་འགྱུར་བ་ཅན། མཆེ་བ་གཙིགས་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་དང་འདྲ་བའི་ཡུམ་རྡོ་རྗེ་སྙེམ་མ་དང་མཉམ་པར་སྦྱོར་བ། གཡས་ལྷག་མ་གཉིས་ཀྱིས་རལ་གྲི་དང་ལྕགས་ཀྱུ། གཡོན་ལྷག་མ་གཉིས་ཀྱིས་ཐོད་པ་དང་ཞགས་པ་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། ཚེས་གཅིག་གི་ཟླ་བས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པ། ཞབས་གཡས་བརྐྱང་ཞི་ང་གཡོན་བསྐུམ་པའིསྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཤར་དུ་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ན་འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ། གཡོན་གཉིས་ན་ཐོད་པ་དང་ཞགས་པ་བསྣམས་པ། ལྷོར་རིན་འབྱུང་སེར་པོ་ཕྱག་བཞིའི་གཡས་གཉིས་ན་རིན་པོ་ཆེ་དང་ལྕགས་ཀྱུ།


CMR020_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གཉིས་ན་ཐོད་པ་དང་ཞགས་པ་འཛིན་པ། ནུབ་ཏུ་འོད་དཔག་མེད་དམར་པོ་གཡས་གཉིས་ན་མདའ་དང་པདྨ། གཡོན་གཉིས་ན་གཞུ་དང་ཞགས་པ་འཛིན་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་གཡས་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ། གཡོན་གཉིས་ན་དྲིལ་བུ་དང་ཐོད་པ་འཛིན་པ། བཞི་ཀའང་ཞལ་གཅིག་ཕྱག་བཞི་པ། དབང་ལྡན་དུ་སྤྱན་མ་དཀར་མོ་ཕྱག་བརྒྱད་མ། གཡས་པ་རྣམས་ཀྱིས་འཁོར་ལོ་དང་རྡོ་རྗེ་དང་རལ་གྲི་དང་མདའ། གཡོན་པ་རྣམས་ཀྱིས་ཐོད་པ་དང་དྲིལ་བུ་དང་ཞགས་པ་དང་གཞུ་འཛིན་པ། མེར་མཱ་མ་ཀཱི་སྔོན་མོ་ཕྱག་བཅུ་གཉིས་ཀྱི་གཡས་རྣམས་ན་མདའ་དང་རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ། གཡོན་རྣམས་ན་གཞུ་དང་ལྕགས་ཀྱུ་དང་དྲིལ་བུ་དང་ཞགས་པ་དང་ཐོད་པ་དང་ཁ་ཊཾ་ག་འཛིན་པ། བདེན་བྲལ་དུ་གོས་དཀར་མོ་དམར་མོ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ཀྱིས་མདའ་དང་པདྨ་དང་རལ་གྲི་དང་རྡོ་རྗེ། གཡོན་པ་རྣམས་ཀྱིས་གཞུ་དང་ཐོད་པ་དང་ཞགས་པ་དང་དྲིལ་བུ་འཛིན་པ། རླུང་དུ་སྒྲོལ་མ་ལྗང་གུ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ན། ཨུཏྤ་ལ་དམར་པོ་དང་རལ་གྲི་དང་ལྕགས་ཀྱུ་དང་


CMR020_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མདའ། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་ཞགས་པ་དང་ཐོད་པ་དང་གཞུ་རྣམས་འཛིན་པ། རིམ་པ་གཉིས་པའི་ཤར་ཕྱོགས་སུ་རྡོ་རྗེ་དྲག་མོ་དཀར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ན་མདའ་དང་ལྕགས་ཀྱུ། གཡོན་གཉིས་ན་གཞུ་དང་བྱང་ཆུབ་སེམས་ཀྱིས་གང་བའི་ཐོད་པ། ལྷོར་རྡོ་རྗེ་གཟུགས་མ་སེར་མོ་ཕྱག་བཞིའི་གཡས་གཉིས་ན་རྡོ་རྗེ་དང་མདུང་། གཡོན་གཉིས་ན་ཞགས་པ་དང་ཐོད་པ་ཁྲག་གིས་གང་བ། ནུབ་ཏུ་འདོད་ཆགས་རྡོ་རྗེ་མ་དམར་མོ། ཕྱག་བཞིའི་གཡས་གཉིས་ན་རལ་གྲི་དང་རྡོ་རྗེ། །གཡོན་གཉིས་ན་དྲི་ཆུས་གང་བའི་ཐོད་པ་དང་དྲིལ་བུ། བྱང་དུ་རྡོ་རྗེ་ཞི་བ་མ་ལྗང་གུ། ཕྱག་བཞིའི་གཡས་གཉིས་ཀྱིས་ཐལ་མོ་སྦྱར་བ་དང་བ་དན་གསུམ་པ། གཡོན་གཉིས་ན་རྡོ་རྗེས་མཚན་པའི་ཁཊཾ་ཀ་དང་སྨན་གྱིས་གང་བའི་ཐོད་པ། དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་མ་དཀར་སེར། གཡས་གཉིས་ན་དབྱུག་ཐོ་དང་ཨུཏྤ་ལ། གཡོན་གཉིས་ན་ཤ་ཆེན་གྱིས་གང་བའི་ཐོད་པ་དང་ཌཱ་མ་རུ། མེར་རྡོ་རྗེ་མཁའ་འགྲོ་མ་དམར་སེར། གཡས་གཉིས་ན་པདྨ་དང་མེ་ལོང་། གཡོན་གཉིས་ན་རྐང་དམར་གྱིས་གང་བའི་ཐོད་པ་དང་དགྲ་སྟ། 


CMR020_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བྲལ་དུ་སྒྲ་རྡོ་རྗེ་མ་སྔོན་དམར། གཡས་གཉིས་ན་ཤཀྟི་དང་མདུང་། གཡོན་གཉིས་ན་འཁོར་ལོ་དང་ཁྲག་གིས་གང་བའི་ཐོད་པ། རླུང་དུ་ས་ཡི་རྡོ་རྗེ་མ་དཀར་ལྗང་གཡས་གཉིས་ན་པདྨ་དང་རྡོ་རྗེ། གཡོན་གཉིས་ན་བདུད་རྩི་ལྔས་གང་བའི་ཐོད་པ་དང་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མའོ། །རིམ་པ་གསུམ་པའི་ཤར་དུ་བཞད་པ་མོ་དམར་མོ་བཞད་པའི་ཚུལ་གྱིས་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ལྷོར་སྒེག་མོ་སྔོན་མོ་རྡོ་རྗེ་དང་དྲིལ་བུ་སྙིམ་པའི་ཚུལ་དུ་འཛིན་པ། ནུབ་ཏུ་གླུ་མ་སེར་མོ་ཅུང་ཟད་གཡོ་ཞིང་སྒེག་པའི་ཕྱག་གཉིས་ཀྱིས་ཏིང་ཏིང་ཤག་འཛིན་པ། བྱང་དུ་གར་མ་ལྗང་གུ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་གར་བྱེད་པ། དབང་ལྡན་དུ་གླིང་བུ་མ་དམར་མོ་ཕྱག་གཉིས་ཀྱིས་གླིང་བུ་འཛིན་པ། མེར་པི་ཝཾ་མ་སེར་མོ་པི་ཝཾ་འཛིན་པ། བདེན་བྲལ་དུ་མུ་ཀུཎྜ་མ་དཀར་མོ་རྔ་མུ་ཀུཎྜ་འཛིན་པ། རླུང་དུ་རྫ་རྔ་མ་སྔོན་མོ་རྫ་རྔ་འཛིན་པ། བཞི་ཀའང་རང་རང་གི་རོལ་ཆ་བརྡུང་བ་ལ་བརྩོན་པའོ། །དེའི་ཕྱི་རོལ་གྱི་སྣམ་བུ་ལ་མེར་མེ་ཏོག་མ་དཀར་མོ་ཕྱག་གཉིས་ཀྱིས་གཡས་འཁོར་ལོ་དང་། གཡོན་མེ་


CMR020_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གི་ཕྲེང་བ་འཛིན་པ། བདེན་བྲལ་དུ་བདུག་སྤོས་མ་སྔོན་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་། བདུག་སྤོས་ཀྱི་སྣོད་འཛིན་པ། རླུང་དུ་མར་མེ་མ་སེར་མོ་ཕྱག་གཉིས་ཀྱིས་པདྨ་དང་། མར་མེའི་ཀོང་བུ་འཛིན་པ། དབང་ལྡན་དུ་དྲི་ཆབ་མ་དམར་མོ་ཕྱག་གཉིས་ཀྱིས་གཡས་རལ་གྲི་དང་། གཡོན་པས་དྲི་ཡི་དུང་ཆོས་འཛིན་པ། །ཤར་དུ་མེ་ལོང་མ་དཀར་མོ་ཕྱག་གཉིས་ཀྱིས་མེ་ལོང་འཛིན་པ། ལྷོར་རོ་མ་དམར་མོ་ཕྱག་གཉིས་ཀྱིས་རོའི་སྣོད་འཛིན་པ། ནུབ་ཏུ་རེག་བྱ་མ་ལྗང་གུ་ཕྱག་གཉིས་ཀྱིས་གོས་སྣོད་འཛིན་པ། བྱང་དུ་ཆོས་མ་དཀར་མོ་ཕྱག་གཉིས་ཀྱིས་ཆོས་འབྱུང་དཀར་པོ་འཛིན་པ། སྤྱན་མ་ལ་སོགས་ལྷ་མོ་ཐམས་ཅད་ཀྱང་ཞལ་གཅིག་སྤྱན་གསུམ་པ། རལ་པའི་ཐོར་ཅོག་དང་ཐོད་པའི་ཕྲེང་བའི་ཅོད་པན་ཅན། རུས་པའི་རྒྱན་ཆ་ལྔ་དང་ལྡན་པ། སྣ་ཚོགས་པདྨ་དང་ཐོད་པ་དང་ཟླ་བའི་གདན་ལ་གཡོན་བརྐྱང་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་སྔོན་མོ། སྔོ་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ན་ལྕགས་ཀྱུ་དང་རལ་གྲི་དང་འཁོར་ལོ། གཡོན་པ་རྣམས་ཀྱིས་ཞགས་


CMR020_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྡིགས་མཛུབ་དང་དྲིལ་བུ་འཛིན་པ། ལྷོ་སྒོར་རྡོ་རྗེ་ཞགས་པ་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་ཞགས་པ་དང་རྡོ་རྗེ་དང་རལ་གྲི། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་དྲིལ་བུ་དང་སྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་ལྕགས་སྒྲོག་དང་རྡོ་རྗེ་དང་རལ་གྲི། གཡོན་པ་རྣམོས་ཀྱིས་འཁོར་ལོ་དང་དྲིལ་བུ་དང་ལྕགས་ཀྱུ་འཛིན་པ། བྱང་སྒོར་དྲིལ་བུ་མ་ལྗང་ཁུ་། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་དྲིལ་བུ་དང་རྡོ་རྗེ་དང་རལ་གྲི། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་ལྕགས་ཀྱུ་དང་ཞགས་པ་འཛིན་པ་སྟེ་བཞི་ཀའང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔ་དང་། ཕྱག་རྒྱ་ལྔས་བརྒྱན་པ། །སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམས་པས་སྣ་ཚོགས་པདྨ་དང་ཐོད་པ་དང་ཉི་མའི་གདན་ལ་བཞུགས་པའོ། །རིགས་བདག་མི་བསྐྱོད་


CMR020_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པ། ས་བོན་ཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ་སྭཱ་ཧཱ། སུ་ཁ་ཧཱུྃ་ཕཊ་སྭཱ་ཧཱ། འང་སྣང་། སྙིང་པོའོ། །ཨོཾ་ཨཱཿབཛྲ་གནྡྷེ་ཧོ་ཧཾ་སྭཱ་ཧཱ། ལས་ཐམས་ཅད་པའི་སྔགས་སོ།། ༈ །དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ལ། སྐྱབས་འགྲོ་སོགས་སྤྱི་དང་འདྲ། རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རླུང་དང་མེ་དང་ཆུ་དང་། དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་རྩེ་མོར་ཅོག་བརྒྱད་དང་ལྡན་པའི་སྟེང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནང་ནས་བརྩམས་ཏེ། སྔོན་པོ་ལྗང་གུ་དམར་པོ་སེར་པོ་དཀར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞི་ཡི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པ་དག་གིས་བརྒྱན་


CMR020_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ་སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ཕྱི་ཡི་རྡོ་རྗེ་མེ་རིའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་གི་ལྷ་སྣམ་ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སེར། དབུས་སྔོ་བའི་དབུས་སུ་འཁོར་ལོ་རིམ་པ་ལྔ་


CMR020_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་གྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་སྔོ། །གཡོན་ལྡང་། རྒྱབ་དམར། གཡས་སེར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་ཀོ་བ་རློན་པ་ཁྲག་དང་བཅས་པ་བརྒྱངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌ་མ་རུ། བཞི་པས་དགྲ་སྟ། ལྔ་པས་གྲི་གུག །དྲུག་པས་རྩེ་གསུམ། གཡོན་གྱི་གསུམ་པས་རྡོ་རྗེས་མཚན་པའི་བཞི་པས་ཁྲག་གིས་གང་བའི་ཐོད་པ། ལྔ་པས་རྡོ་རྗེའི་ཞགས་པ། དྲུག་པས་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ། །པའི་སྟབས་ཀྱིས་བཞུགས་པ། རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་རྩེར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། གཡོན་ན་ཚེས་གཅིག་གི་ཟླ་བས་བརྒྱན་ཅིང། མཚོག་མའི་


CMR020_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ན་སྣ་ཚོགས་རྡོ་རྗེས་མཚན་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དང་ལྡན་པ་སྐྲ་གྲོལ་བ། གཡོན་པས་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཀྱིས་གདུག་པ་ཅན་རྣམས་སྡིགས་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། །གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྱུད་པའོ། །པདྨའི་འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧེ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་ཞལ་གཅིག་ཕྱག་བཞི་མ། སྤྱན་གསུམ་པ། གཡས་ཀྱིས་གྲི་གུག་དང་ཌ་མ་རུ། གཡོན་གྱིས་ཐོད་པ་དང་ཁ་ཊཾ་ག་


CMR020_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། གཅེར་བུ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། མཚམས་ཀྱི་འདབ་མ་བཞི་ལ་བུམ་པ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞི་གནས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །དེའི་ཕྱི་རོལ་ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་སུ་ཁཎྜ་ཀ་བ་པ་ལ་དང་རབ་ཏུ་གཏུམ་མོ། བྱང་དུ་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། ནུབ་ཏུ་ཀཾ་ཀ་ལ་དང་འོད་ལྡན་མ། ལྷོར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། ཤར་ལྷོར་པཱུ་ར་ཝི་རི་དང་བརྟན་པའི་བློ་ཅན་མ། ལྷོ་ནུབ་ཏུ་འོད་དཔག་མེད་དང་མིའུ་ཐུང་མ། ནུབ་བྱང་དུ་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། བྱང་ཤར་དུ་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་རྣམས་སྐུ་མདོག་སྔོན་མོ། དེའི་ཕྱི་རོལ་གསུང་གི་འཁོར་ལོའི་ཤར་དུ་ཨཾ་ཀུ་རི་དང་ཨེ་ར་ཝ་ཏི། བྱང་དུ་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏུ་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། ལྷོར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཤར་ལྷོར་རབ་ཏུ་བཟང་པོ་དང་བྱ་མ་དེ་ཝི། ལྷོ་ནུབ་ཏུ་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་བྱང་དུ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། བྱང་ཤར་དུ་མིག་མི་བཟང་དང་ཁ་ག་ན་རྣམས་


CMR020_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མདོག་དམར་པོ། དེའི་ཕྱི་རོལ་སྐུ་ཡི་དཀྱིལ་འཁོར་གྱི་ཤར་དུ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་དུ་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི། ནུབ་ཏུ་རྟ་མགྲིན་དང་ཤོཎྜི་ནི། ལྷོར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཤར་ལྷོར་དཔལ་ཧེ་རུ་ཀ་ཤིན་ཏུ་དཔའ་མོ། ལྷོ་ནུབ་ཏུ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ནུབ་བྱང་དུ་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། བྱང་ཤར་དུ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་རྣམས་སྐུ་མདོག་དཀར་པོ་སྟེ། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞི། སྤྱན་གསུམ་རལ་པའི་ཐོར་ཚུགས་ཅན། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པས་ཌ་མ་རུ་དང་། གཡོན་གྱི་གཉིས་པས་ཁ་ཊཾ་ག་འཛིན་པ། རུས་པའི་རྒྱན་དྲུག་གིས་སྤྲས་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །རབ་གཏུམ་མ་ལ་སོགས་པའི་དཔའ་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་འཛིན་པ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྱུད་པ། དྲག་མོའི་གཟུགས་ཅན་མ། གཅེར་བུ་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པའོ། །དེའི་


CMR020_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་དམ་ཚིག་གི་འཁོར་ལོའི་ཤར་སྒོར་ཁྲ་གདོང་མ་སྔོན་མོ། བྱང་སྒོར་འུག་གདོང་མ་ལྗང་གུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ། སྤྱན་གསུམ་པ། གཡས་གཉིས་ཀྱིས་གྲི་གུག་དང་ཊཱ་མ་རུ། གཡོན་གཉིས་ཀྱིས་ཐོད་པ་དང་ཁ་ཊཾ་ག་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །རིགས་བདག་མི་བསྐྱོད་པ། ས་བོན་ཧཱུཾ་སྔོན་པོ། །ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ༔ ཌཱཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ༈ །ཡང་སྐྱབས་འགྲོ་ནས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་བར་སྔར་བཞིན་ལ། འཇིགས་བྱེད་དུས་མཚན་གྱི་གདན་གྱི་སྟེང་དུ། །བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་དང་ལྡན་པ། 


CMR020_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་རྣམ་པར་འགྱུར་ཞིང་མཆེ་བ་གཙིགས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། རལ་པའི་ཐོར་ཚུགས་སྤྱི་བོར་བཅིང་བའི་རྩེར་ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་། གཡོན་ན་ཚེས་གཅིག་གི་ཟླ་བས་བརྒྱན་ཅིང་། མཚོག་མའི་སྟེང་ན་སྣ་ཚོགས་རྡོ་རྗེས་མཚན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དང་ལྡན་པ་སྐུ་གྲོལ་བ། གཡོན་པས་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པའོ། །གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཀྱིས་གདུག་པ་ཅན་རྣམས་འཇིགས་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ།


CMR020_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྱུད་པའོ། །པདྨའི་འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་སྔོན་མོ།་བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧི་དམར་མོ། ལྷོར་གཟུགས་ཅན་མ་ཡེར་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། གཡས་པ་རྣམས་ཀྱིས་ཌཱ་མ་རུ་དང་། །གཡོན་པར་ཐོད་པ་དང་། གྲུ་མོ་ན་ཁ་ཊཾ་ག་ཡོད་པ། གཅེར་བུ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། མཚམས་ཀྱི་འདབ་མ་བཞི་ལ། བུམ་པ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞི་གནས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །དེའི་ཕྱི་རོལ་ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་སུ། ཁཎྜ་ཀ་བ་པ་ལ་དང་རབ་ཏུ་གཏུམ་མོ། བྱང་དུ་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། །ནུབ་ཏུ་ཀཾ་ཀ་ལ་དང་འོད་ལྡན་མ། ལྷོར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། ཤར་ལྷོར་པཱུ་ར་ཝ་རཱི་དང་བརྟན་པའི་བློ་ཅན་མ། ལྷོ་ནུབ་ཏུ་འོད་དཔག་མེད་དང་མིའུ་ཐུང་མ། ནུབ་བྱང་དུ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ། བྱང་ཤར་དུ་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་རྣམས་སྐུ་མདོག་སྔོན་པོ། དེའི་ཕྱི་རོལ་གསུང་གི་འཁོར་ལོའི་ཤར་དུ་ཨཾ་ཀུ་རི་དང་ཨེ་


CMR020_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ར་བ་ཏི། བྱང་དུ་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏུ་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། ལྷོར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཤར་ལྷོར་རབ་ཏུ་བཟང་པོ་དང་བྱ་མ་དེ་ཝི། ལྷོ་ནུབ་ཏུ་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་བྱང་དུ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། བྱང་ཤར་དུ་མིག་མི་བཟང་དང་ཁ་ག་ན་རྣམས་སྐུ་མདོག་དམར་པོ། དེའི་ཕྱི་རོལ་སྐུའི་འཁོར་ལོའི་ཤར་དུ། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་དུ་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི། ནུབ་ཏུ་རྟ་མགྲིན་དང་ཤོཎྜིནི། ལྷོར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཤར་ལྷོར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། ལྷོ་ནུབ་ཏུ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ནུབ་བྱང་དུ་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། བྱང་ཤར་དུ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ་རལ་པའི་ཐོར་ཚུགས་ཅན། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་རྒྱན་དྲུག་གིས་སྤྲས་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། རབ་


CMR020_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མ་ལ་སོགས་པའི་དཔའ་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་མ། གྲི་གུག་དང་ཐོད་པ་འཛིན་པ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྱུད་པ། །དྲག་མོའི་གཟུགས་ཅན་མ། གཅེར་བུ་སྐུ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པའོ། །དེའི་ཕྱི་རོལ་དམ་ཚིག་གི་འཁོར་ལོའི་ཤར་སྒོར་ཁྭ་གདོང་མ་སྔོན་མོ། བྱང་སྒོར་འུག་གདོང་མ་ལྗང་གུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། གཡས་པས་ཌཱ་མ་རུ། གཡོན་པས་ཐོད་པ་འཛིན་པ། གཡོན་པའི་གྲུ་མོར་ཁ་ཊཾ་ག་ཡོད་པ། ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །རྒྱས་གདབ་སྔར་བཞིན། ༈ ཡང་སྐྱབས་འགྲོ་ནས་གཞལ་ཡས་ཁང་གདན་བསྐྱེད་པ་ཡན་འདྲ་ཞིང་། གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་སྐུ་


CMR020_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སེར་པོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ཞལ་རྣམ་པར་འགྱུར་བའི་མཆེ་བ་གཙིགས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། རལ་པའི་ཐོར་ཙུགས་སྤྱི་བོར་བཅིངས་པའི་རྩེར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། གཡོན་ན་ཚེས་གཅིག་གི་ཟླ་བས་བརྒྱན་ཅིང་། མཚོག་མའི་སྟེང་ན་སྣ་ཚོགས་རྡོ་རྗེས་མཚན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སྒེག་པ་དཔའ་བ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དང་ལྡན་པ། སྐུ་གྲོལ་བ། གཡོན་པས་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པའོ། །གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཀྱིས་གདུག་པ་ཅན་རྣམས་སྡིགས་པར་བྱེད་པ། མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་།


CMR020_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྱུད་པའོ། །པདྨའི་འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ། །བྱང་དུ་ལཱ་མ། ནུབ་ཏུ་ཁཎྜ་རོ་ཧེ། ལྷོར་གཟུགས་ཅན་མ་རྣམས་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། གཡས་པས་ཌཱ་མ་རུ་དང་། གཡོན་པས་ཐོད་པ་འཛིན་པ། གྲུ་མོར་ཁ་ཊཾ་ག་ཡོད་པ། གཅེར་བུ་གཡས་བརྐྱང་གི་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པ། མཚམས་ཀྱི་འདབ་མ་བཞི་ལ་བུམ་པ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞི་གནས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །དེའི་ཕྱི་རོལ་ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་སུ། ཁཎྜ་ཀ་བ་པ་ལ་དང་རབ་ཏུ་གཏུམ་མོ། །བྱང་དུ་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། ནུབ་ཏུ་ཀཾ་ཀ་ལ་དང་འོད་ལྡན་མ། ལྷོར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། ཤར་ལྷོར་པུ་ར་ཝ་རི་དང་བརྟན་པའི་བློ་ཅན་མ། ལྷོ་ནུབ་ཏུ་འོད་དཔག་མེད་དང་མིའུ་ཐུང་མ། ནུབ་བྱང་དུ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ། བྱང་ཤར་དུ་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ།


CMR020_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་འཁོར་ལོའི་དཔའ་བོ་རྣམས་སྐུ་མདོག་ནག་པོ། རྡོ་རྗེ་དང་དྲིལ་བུ་འཛིན་པ། དཔའ་མོ་རྣམས་སྐུ་མདོག་དཀར་མོ་གཡས་པས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་དང་གཡོན་པས་ཐོད་པ་འཛིན་པ། དེའི་ཕྱི་རོལ་གསུང་གི་འཁོར་ལོའི་ཤར་དུ་ཨཾ་ཀུ་རི་དང་ཨེ་ར་ཝ་ཏི། བྱང་དུ་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏུ་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། ལྷོར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཤར་ལྷོར་རབ་ཏུ་བཟང་པོ་དང་བྱ་མ་དེ་ཝི། ལྷོ་ནུབ་ཏུ་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་བྱང་དུ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། བྱང་ཤར་དུ་མིག་མི་བཟང་དང་ཁ་ག་ན་སྟེ། གསུང་གི་འཁོར་ལོའི་དཔའ་བོ་རྣམས་སྐུ་མདོག་དམར་པོ་གཡས་པདྨ་དང་། གཡོན་པདྨས་ཡུ་བ་བ་བྱས་པའི་དྲིལ་བུ་འཛིན་པ། དཔའ་མོ་རྣམས་སྐུ་མདོག་ནག་མོ་གཡས་པདྨ་དང་བཅས་པའི་སྡིགས་མཛུབ་དང་། གཡོན་ཐོད་པ་འཛིན་པ། དེའི་ཕྱི་རོལ་སྐུ་ཡི་འཁོར་ལོའི་ཤར་དུ་་སྟོབས་པོ་ཆེ་དང་འཁོར་ལོ་ཤུགས་ཅན་མ། བྱང་དུ་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧི། ནུབ་ཏུ་རྟ་མགྲིན་དང་ཤོཎྜི་ནི། ལྷོར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཤར་


CMR020_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། ལྷོ་ནུབ་ཏུ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ནུབ་བྱང་དུ་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། བྱང་ཤར་དུ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། སྐུའི་འཁོར་ལོའི་དཔའ་བོ་རྣམས་སྐུ་མདོག་དཀར་པོ། གཡས་འཁོར་ལོ་དང་གཡོན་འཁོར་ལོས་མཚན་པའི་དྲིལ་བུ་འཛིན་པ། དཔའ་མོ་རྣམས་སྐུ་མདོག་དམར་མོ་གཡས་པས་སྡིགས་མཛུབ་དང་བཅས་པའི་འཁོར་ལོ་དང་། གཡོན་པས་ཐོད་པ་འཛིན་པ། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་པ་།གཉིས་སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན། རུས་པའི་རྒྱན་དྲུག་གིས་སྤྲས་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། རབ་ཏུ་གཏུམ་མ་ལ་སོགས་པའི་དཔའ་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། དྲག་མོའི་གཟུགས་ཅན། གཅེར་བུ་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པའོ། །དེའི་ཕྱི་རོལ་དམ་ཚིག་གི་འཁོར་ལོའི། །ཤར་སྒོར་ཁ་གདོང་མ་སྔོན་མོ། བྱང་སྒོར་འུག་གདོང་མ་ལྗང་གུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་


CMR020_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཡས་སྡིགས་མཛུབ་དང་བཅས་པའི་གྲི་གུག་དང་། གཡོན་པས་ཐོད་པ་འཛིན་པ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། གཡས་ཌཱ་མ་རུ་དང་། གཡོན་སྡིགས་མཛུབ་དང་བཅས་པས་མི་མགོ་འཛིན་པ། བརྒྱད་པོ་ཐམས་ཅད་ཀྱང་གཡོན་པའི་གྲུ་མོར་ཁ་ཊཾ་ག་ཡོད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ།། ༈ །།བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ནི། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་བར་ཡབ་དང་འདྲ། དེ་ནས་འཇིགས་བྱེད་དང་དུས་མཚན་གྱི་གདན་གྱི་སྟེང་དུ། །བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ་སྐྲ་གྲོལ་བ། ཕྱག་གཡས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཕྱར་བས་གདུག་པ་ཅན་རྣམས་སྡིགས་པར་


CMR020_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། འོད་ཟེར་དམར་པོ་འཕྲོ་བ། ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། པདྨའི་འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧི་དམར་པོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་ཞལ་གཅིག་ཕྱག་བཞི་མ། སྤྱན་གསུམ་པ། གཡས་གཉིས་ཀྱིས་གྲི་གུག་དང་ཌ་མ་རུ།་གཡོན་གཉིས་ཀྱིས་ཐོད་པ་དང་ཁཊཾ་ག་འཛིན་པ། གཅེར་བུ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། མཚམས་ཀྱི་འདབ་མ་བཞི་ལ་བུམ་པ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞི་གནས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །དེའི་ཕྱི་རོལ་ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་སུ། རབ་ཏུ་གཏུམ་མོ། བྱང་དུ་གཏུམ་པའི་མིག་ཅན་མ། ནུབ་ཏུ་འོད་ལྡན་མ། ལྷོར་སྣ་ཆེན་མ། ཤར་ལྷོར་བརྟན་པའི་བློ་ཅན་མ། ལྷོ་ནུབ་ཏུ་མིའུ་ཐུང་མ། ནུབ་བྱང་དུ་ལང་ཀའི་དབང་ཕྱུག་མ། བྱང་ཤར་དུ་ཤིང་གྲིབ་མ་རྣམས་སྐུ་མདོག་


CMR020_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མོ། དེའི་ཕྱི་རོལ་གསུང་གི་འཁོར་ལོའི་ཤར་དུ་ཨེ་ར་ཝ་ཏི། བྱང་དུ་འཇིགས་བྱེད་ཆེན་མོ། ནུབ་ཏུ་རླུང་གི་ཤུགས་ཅན་མ། ལྷོར་ཆང་འཐུང་མ། ཤར་ལྷོར་ཤུ་མ་དེ་ཝི། ལྷོ་ནུབ་ཏུ་ཤིན་ཏུ་བཟང་མོ། ནུབ་བྱང་ཏུ་རྟ་རྣ་མ། བྱང་ཤར་དུ་ཁ་ག་ན་རྣམས་སྐུ་མདོག་དམར་མོ། དེའི་ཕྱི་རོལ་སྐུ་ཡི་འཁོར་ལོའི་ཤར་དུ། འཁོར་ལོའི་ཤུགས་ཅན་མ། །བྱང་དུ་ཁཎྜ་རོ་ཧི། ནུབ་ཏུ་ཤོན་ཌི་ནི། ལྷོར་འཁོར་ལོའི་གོ་ཆ་མ། ཤར་ལྷོར་ཤིན་ཏུ་དཔའ་མོ། ལྷོ་ནུབ་ཏུ་སྟོབས་ཅན་མ། ནུབ་བྱང་དུ་འཁོར་ལོས་སྒྱུར་མ། །བྱང་ཤར་དུ་བརྩོན་འགྲུས་ཆེན་མོ་རྣམས་སྐུ་མདོག་དཀར་མོ། ཉེར་བཞི་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། གཡས་གྲི་གུག་ནམ་མཁའ་ལ་ཕྱར་ཞིང་། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། དྲག་མོའི་གཟུགས་ཅན། གཅེར་བུ་སྐྲ་གྲོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་བྱས་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་ཕྱི་རོལ་དམ་ཚིག་གི་འཁོར་ལོའི་ཤར་སྒོར་ཁ་གདོང་མ་སྔོན་མོ། བྱང་སྒོར་འུག་གདོང་མ་ལྗང་གུ། ནུབ་སྒོར་ཁྱི་


CMR020_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྡང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ། སྤྱན་གསུམ་པ། གཡས་གཉིས་ཀྱིས་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ཀྱིས་ཐོད་པ་དང་ཁཊཾ་ག་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །རྣམ་སྣང་གི་དབུ་བརྒྱན། ས་བོན་ཝཾ། སྔགས། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ༈ ཡང་ཕག་མོ་སྔོན་མོའི་དཀྱིལ་འཁོར་ནི། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་བར་གོང་དང་འདྲ་ལ། འཇིགས་བྱེད་དང་དུས་མཚན་གྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མ་སྐུ་གྲོལ་བ། ཕྱག་གཡས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཕྱར་བས་གདུག་པ་ཅན་རྣམས་སྡིགས་པར་མཛད་པ། གཡོན་པས་ཐོད་པ་ཁྲག་གིས་


CMR020_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གང་བ་འཛིན་པ། ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། འོད་ཟེར་སྔོན་པོ་འཕྲོ་བ། ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། པདྨའི་འདབ་མ་བཞི་ལ། ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧེ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ་། སྤྱན་གསུམ་པ་གཡས་པ་རྣམས་ཀྱིས་ཌཱ་མ་རུ་དང་། གཡོན་པར་ཐོད་པ་དང་། གྲུ་མོ་ན་ཁ་ཊཾ་ག་ཡོད་པ། གཅེར་བུ་ཚེགཡས་བརྐྱང་གིས་བཞུགས་པ། མཚམས་བཞིར་བུམ་པ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞི་གནས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །དེའི་ཕྱི་རོལ་ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་སུ། རབ་ཏུ་གཏུམ་མོ། །བྱང་དུ་གཏུམ་པའི་མིག་ཅན་མ། །ནུབ་ཏུ་འོད་ལྡན་མ།་ལྷོར་སྣ་ཆེན་མ།་ཤར་ལྷོར་བརྟན་པའི་བློ་ཅན་མ། ལྷོ་ནུབ་ཏུ་མིའུ་ཐུང་མ། ནུབ་བྱང་དུ་ལང་ཀའི་དབང་ཕྱུག་མ། བྱང་ཤར་དུ་ཤིང་གྲིབ་མ་རྣམས་སྐུ་མདོག་སྔོན་མོ། དེའི་ཕྱི་རོལ་གསུང་གི་འཁོར་ལོའི་ཤར་དུ་ཨེ་ར་ཝ་ཏི། བྱང་དུ་འཇིགས་བྱེད་


CMR020_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ། ནུབ་ཏུ་རླུང་གི་ཤུགས་ཅན་མ། ལྷོར་ཆང་འཐུང་མ། ཤར་ལྷོར་ཤུ་མ་དེ་ཝི། ལྷོ་ནུབ་ཏུ་ཤིན་ཏུ་བཟང་མོ། ནུབ་བྱང་དུ་རྟ་རྣ་མ། བྱང་ཤར་དུ་ཁ་ག་ནི་རྣམས་སྐུ་མདོག་དམར་མོ། དེའི་ཕྱི་རོལ་སྐུ་ཡི་འཁོར་ལོའི་ཤར་དུ་འཁོར་ལོའི་ཤུགས་ཅན་མ། བྱང་དུ་ཁཎྜ་རོ་ཧེ། ནུབ་ཏུ་ཤོན་ཌི་ནི། ལྷོར་འཁོར་ལོའི་གོ་ཆ་མ། །ཤར་ལྷོར་ཤིན་ཏུ་དཔའ་མོ། ལྷོ་ནུབ་ཏུ་སྟོབས་ཆེན་མ། ནུབ་བྱང་དུ་འཁོར་ལོས་སྒྱུར་མ། བྱང་ཤར་དུ་བརྩོན་འགྲུས་ཆེན་མོ་རྣམས་སྐུ་མདོག་དཀར་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། གཡས་གྲི་གུག་ནམ་མཁའ་ལ་འཕྱུར་ཞིང་། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། དྲག་མོའི་གཟུགས་ཅན། །གཅེར་བུ་སྐུ་གྲོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་བྱས་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་ཕྱི་རོལ་དམ་ཚིག་གི་འཁོར་ལོའི་ཤར་སྒོར་ལྔ་གདོང་མ་སྔོན་མོ། བྱང་སྒོར་འུག་གདོང་མ་ལྗང་གུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་


CMR020_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་གཡོན་སེར། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ། གཡས་ཌཱ་མ་རུ། གཡོན་གྱིས་ཐོད་པ་དང་ཁཊ་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔསོ་བརྒྱན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ།། ༈ །།རྡོ་རྗེ་ཕག་མོ་སེར་མོའི་དཀྱིལ་འཁོར་ནི། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་བར་གོང་དང་འདྲ། འཇིགས་བྱེད་དུས་མཚན་གྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མ་སྐུ་གྲོལ་བ། ཕྱག་གཡས་པས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཕྱར་བས་གདུག་པ་ཅན་རྣམས་སྡིགས་པར་མཛད་པ། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱུན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། འོད་ཟེར་སེར་པོ་འཕྲོ་བ། ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ།


CMR020_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ། བྱང་དུ་ལཱ་མ། ནུབ་ཏུ་ཁཎྜ་རོ་ཧི། ལྷོར་གཟུགས་ཅན་མ་རྣམས་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ། གཡས་ཌཱ་མ་རུ་དང་གཡོན་ཐོད་པ་འཛིན་པ། གྲུ་མོ་ན་ཁཊཾ་ག་ཡོད་པ། གཅེར་བུ་གཡས་བརྐྱང་གིས་བཞུགས་པ། མཚམས་བཞིར་བུམ་པ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞི་གནས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །དེ་ཡི་ཕྱི་རོལ་ཐུགས་ཀྱི་འཁོར་ལོའི་ཤར་དུ་རབ་ཏུ་གཏུམ་མོ། བྱང་དུ་གཏུམ་པའི་མིག་ཅན་མ། ནུབ་ཏུ་འོད་ལྡན་མ།། ལྷོར་སྣ་ཆེན་མ། ཤར་ལྷོར་བརྟན་པའི་བློ་ཅན་མ། ལྷོ་ནུབ་ཏུ་མིའུ་ཐུང་མ། ནུབ་བྱང་དུ་ལང་ཀའི་དབང་ཕྱུག་མ། བྱང་དུ་ཤིང་གྲིབ་མ་རྣམས་སྐུ་མདོག་དཀར་མོ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། དེའི་ཕྱི་རོལ་གསུང་གི་འཁོར་ལོའི་ཤར་དུ་ཨེ་ར་ཝ་ཏི། བྱང་དུ་འཇིགས་བྱེད་ཆེན་མོ། ནུབ་ཏུ་རླུང་གི་ཤུགས་ཅན་མ། ལྷོར་ཆང་འཐུང་མ། ཤར་ལྷོར་ཤུ་མ་དེ་ཝི། ལྷོ་ནུབ་ཏུ་ཤིན་ཏུ་བཟང་མོ། ནུབ་བྱང་དུ་རྟ་རྣ་


CMR020_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མ། བྱང་ཤར་དུ་ཁ་ག་ན་རྣམས་སྐུ་མདོག་སྔོན་མོ། གཡས་པདྨ་དང་བཅས་པའི་སྡིགས་མཛུབ་འཕྱར་ཞིང་། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། དེའི་ཕྱི་རོལ་སྐུ་ཡི་འཁོར་ལོའི་ཤར་དུ་འཁོར་ལོའི་ཤུགས་ཅན་མ། བྱང་དུ་ཁཎྜ་རོ་ཧི། ནུབ་ཏུ་ཤོན་ཌི་ནི། །ལྷོར་འཁོར་ལོའི་གོ་ཆ་མ། ཤར་ལྷོར་ཤིན་ཏུ་དཔའ་མོ། ལྷོ་ནུབ་ཏུ་སྟོབས་ཆེན་མ། ནུབ་བྱང་དུ་འཁོར་ལོས་སྒྱུར་མ། བྱང་ཤར་དུ་བརྩོན་འགྲུས་ཆེན་མོ་རྣམས་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ་གཡས་འཁོར་ལོ་དང་བཅས་པའི་སྡིགས་མཛུབ་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་པ་འཛིན་པ། ཉེར་བཞི་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ། གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་། གཡོན་ཐོད་པས་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། དྲག་མོའི་གཟུགས་ཅན། གཅེར་བུ་སྐུ་གྲོལ་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་བྱས་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་ཕྱི་རོལ་དམ་ཚིག་གི་འཁོར་ལོའི་ཤར་དུ་ཁཱ་གདོང་མ་སྔོན་མོ། བྱང་དུ་འུག་གདོང་མ་ལྗང་གུ། ནུབ་ཏུ་


CMR020_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་གདོང་མ་དམར་མོ། ལྷོར་ཕག་གདོང་མ་སེར་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། གཡས་སྡིགས་མཛུབ་དང་བཅས་པའི་གྲི་གུག་དང་༔ གཡོན་པས་ཐོད་པ་འཛིན་པ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། བརྒྱད་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་གཡས་ཌཱ་མ་རུ་དང་། །གཡོན་སྡིགས་མཛུབ་དང་བཅས་པས་མི་མགོ་འཛིན་པ། གཡོན་པའི་གྲུ་མོ་ན་ཁཊཾ་ག་ཡོད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་བའི་གར་གྱིས་བཞུགས་པའོ།། ༈ །།རྡོ་རྗེ་ཧཱུྃ་མཛད་ཀྱི་དཀྱིལ་འཁོར་ནི། རྡོ་རྗེའི་གུར་གྱི་ནང་དུ། ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་ཤིན་ཏུ་ཡངས་པའི་ནང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། གྲུ་བཞི་


CMR020_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནང་ནས་རིམ་པ་བཞིན་སྔོན་པོ་ལྗང་གུ་དམར་པོ་སེར་པོ་དཀར་པོའོ། །རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་ན་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲུ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པ།་ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་


CMR020_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ་དང་། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ཕྱིའི་རྡོ་རྗེ་མེ་རིའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་དུ། ལྷ་སྣམ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བའི་དབུས་དང་ཕྱོགས་མཚམས་སྟེང་འོག་རྣམས་སུ། སྣ་ཚོགས་པདྨ་འདབ་མ་བརྒྱུད་པ་རེ་རེ། དབུས་ཀྱི་པདྨའི་ལྟེ་བར་ཉི་མ་ལ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་ཧཱུྃ་མཛད་སྐུ་མདོག་སྔོན་པོ། ཞལ་གསུམ་ཕྱག་དྲུག་པ། ཞབས་ས་བརྐྱང་ཞིང་གཡོན་བསྐུམས་པས་འཇིགས་བྱེད་དང་དུས་མཚན་མ་མནན་པ། རྩ་བའི་ཞལ་སྔོན་པོ། གཡས་སེར་གཡོན་ལྗང་བའི་ཞལ་གསུམ་གདངས་བ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། ཞལ་རེ་རེ་ཞིང་སྨིན་མ་འཁྱོག་ཅིང་ཁྲོ་གཉེར་དང་བཅས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དྲིལ་བུ་འཛིན་


CMR020_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་གི་ཕྱག་རྒྱས་རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། གཡས་ལྷག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། གཡོན་ལྷག་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊཾ་ག་འཛིན་པ། ཕྱག་རྒྱ་དྲུག་དང་ཀླུ་ཆེན་པོ་བརྒྱད་ཀྱིས་སྤྲས་པ། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་བ། སྟག་གི་པགས་པའི་ཤམ་ཐབས་ཅན་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་འགྲོ་བ་མ་ལུས་པའི་བགེགས་ཀྱི་ཚོགས་ཟ་བར་ནུས་པ་ལྟ་བུའི་རང་བཞིན་ཅན། དེའི་ཤར་དུ་རྡོ་རྗེ་དབྱུག་པ་སྔོན་པོ། སྔོ་སེར་ལྗང་བའི་ཞལ་གསུམ་ཕྱག་གཡས་ཀྱི་དང་པོས་རྡོ་རྗེའི་ཐོ་བ་འཛིན་པ། བྱང་དུ་རྡོ་རྗེའི་ཉི་མ་སེར་པོ། སེར་སྔོ་ལྗང་བའི་ཞལ་གསུམ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེས་མཚན་པའི་དབྱུག་པ་འཛིན་པ། ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་མོ། དམར་དཀར་ལྗང་བའི་ཞལ་གསུམ། ཕྱག་གཡས་ཀྱི་དང་པོས་པདྨ་དམར་པོ་འཛིན་པ། ལྷོར་རྡོ་རྗེ་འཁྱིལ་པ་ལྗང་གུ། ལྗང་དཀར་སེར་བའི་ཞལ་གསུམ། ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་འཛིན་པ། མེར་རྡོ་རྗེ་གནོད་སྦྱིན་དུད་པའི་མདོག་ཅན། རྩ་ཞལ་དུད་པའི་མདོག་ཅན། གཡས་ཞལ་


CMR020_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ། གཡོན་ཞལ་ལྗང་གུ། ཕྱག་གཡས་དང་པོས་ལྕགས་ཀྱུ་འཛིན་པ། སྲིན་པོར་རྡོ་རྗེ་དུས་མཚན་དམར་པོ། དམར་སེར་ལྗང་བའི་ཞལ་གསུམ། །ཕྱག་གཡས་དང་པོས་དགྲ་སྟ་འཛིན་པ། རླུང་དུ་ནག་པོ་ཆེན་པོ་སྔོན་པོ། སྔོ་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་ཏྲི་ཤུ་ལ་འཛིན་པ། དབང་ལྡན་དུ་རྡོ་རྗེ་འཇིགས་སུ་རུང་བ་ནག་པོ། སྔོ་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་རལ་གྲི་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དཀར་པོ། དཀར་སྔོ་ལྗང་བའི་ཞལ་གསུམ་ཕྱག་གཡས་དང་པོས་འཁོར་ལོ་འཛིན་པ། འོག་ཏུ་གནོད་མཛེས་སྔོན་པོ། སྔོ་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་གཏུན་ཤིང་འཛིན་པ། ཐམས་ཕྱག་གཡས་དང་པོས་རང་རང་གི་ཕྱག་མཚན་དང་། གཡོན་དང་པོས་ཐོད་པ་འཛིན་པ་དང་བཅས་པས་རང་འདྲའི་ཤེས་རབ་མ་ལ་འཁྱུད་པ། གཡས་འོག་མས་རྡོ་རྗེ་དང་། གཡོན་འོག་མས་ཁཊཾ་ག་འཛིན་པ། སྨིན་མ་གཡོ་བ་དང་བཅས་པའི་ཁྲོ་གཉེར་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་པ། མི་མགོ་སྐམ་པོ་


CMR020_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཉི་མ་དང་རང་རང་གི་ཕྱོགས་སྐྱོང་གི་གདན་ལ་གཡས་བརྐྱང་གིས་བཞུགས་པའོ། །རྡོ་རྗེ་སེམས་དཔས་དབུ་བརྒྱན། ས་བོན་ནི་ཧཱུཾ། སྔགས། ཨོཾ་ཁ་བཛྲ་དྷིཀ་བཛྲ་ཧཱུྃ་ཀ་ར་བཛྲ་ཧཱུྃ་ཕཊ། སྙིང་པོའོ། །ལས་སྔགས་ནི། ཨོཾ་བཛྲ་ཀུཎྜ་ལཱི་བཛྲ་ཧཱུྃ་ཕཊ༔ འདི་བདེ་མཆོག་ཁྲོ་བོ་རྡོར་སེམས་ཡིན་པར་བཞེད། ༈ འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་ནི། རྡོ་རྗེའི་གུར་སྲུང་བའི་འཁོར་ལོའི་ནང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་ཟློསེར་པོ་རྩིབས་བཅུ་པ་གཡས་སྐོར་དུ་འགྲོ་བ་མི་མངོན་པར་མགྱོགས་པར་འཁོར་བ། དེའི་རྩིབས་རྣམས་ལ་ཤར་དུ་རྡོ་རྗེ་དབྱུག་པ་སྔོན་མོ། སྔོ་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེ་ཐོ་བ་འཛིན་པ། བྱང་དུ་རྡོ་རྗེ་ཉི་མ་སེར་པོ། སེར་སྔོ་ལྗང་བའི་ཞལ་གསུམ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེས་མཚན་པའི་དབྱུག་པ་འཛིན་པ། ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་པོ། དམར་དཀར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་པདྨ་དམར་པོ་འཛིན་པ། ལྷོར་རྡོ་རྗེ་འཁྱིལ་བ་ལྗང་གུ། ལྗང་དཀར་སེར་བའི་ཞལ་


CMR020_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་འཛིན་པ། མེར་རྡོ་རྗེ་གནོད་སྦྱིན་དུ་བའི་མདོག་ཅན། རྩ་ཞལ་དུ་བའི་མདོག་ཅན། གཡས་ཞལ་སེར་པོ། གཡོན་ཞལ་ལྗང་གུ། ཕྱག་གཡས་དང་པོས་ལྕགས་ཀྱུ་འཛིན་པ། སྲིན་པོར་རྡོ་རྗེ་དུས་མཚན་དམར་པོ། དམར་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་དགྲ་སྟ་འཛིན་པ། རླུང་དུ་ནག་པོ་ཆེན་པོ་སྔོན་པོ། སྔོ་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་ཏྲི་ཤུ་ལ་འཛིན་པ། དབང་ལྡན་དུ་རྡོ་རྗེ་འཇིགས་སུ་རུང་བ་ནག་པོ། སྔོ་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་རལ་གྲི་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དཀར་པོ། དཀར་སྔོ་ལྗང་བའི་ཞལ་གསུམ་ཕྱག་གཡས་དང་པོས་འཁོར་ལོ་འཛིན་པ། འོག་ཏུ་གནོད་མཛེས་སྔོན་པོ། སྔོ་སེར་ལྗང་བའི་ཞལ་གསུམ། ཕྱག་གཡས་དང་པོས་གཏུན་ཤིང་འཛིན་པ། ཐམས་ཅད་ཀྱི་ཕྱག་གཡས་དང་པོས་རང་རང་གི་ཕྱག་མཚན་དང་། གཡོན་དང་པོས་ཐོད་པ་འཛིན་པ་དང་བཅས་པས་རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། གཡས་འོག་མས་རྡོ་རྗེ་དང་གཡོན་འོག་མས་ཁཊཾ་ག་འཛིན་


CMR020_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྨིན་མ་གཡོ་བ་དང་བཅས་པའི་ཁྲོ་གཉེར་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་པ། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཉི་མ་ལ་རང་རང་གི་ཕྱོགས་སྐྱོང་གི་གདན་ལ་གཡས་བརྐྱང་གིས་བཞུགས་པའོ།་།སྲུང་བའི་འཁོར་ལོའི་དབུས་སུ། ཆོས་འབྱུང་གི་ནང་དུ། རླུང་དང་། མེ་དང་། ཆུ་དང་། དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ། རི་རབ་ཤར་ཤེལ། ལྷོ་བཻཌཱུརྨ། ནུབ་པདྨ་རཱ་ལྕོག །བྱང་གསེར་ལས་གྲུབ་པ། རྩེ་མོར་ཅོག་བརྒྱད་ཀྱིས་མཛེས་པའི་རི་རབ་ཀྱི་སྟེང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་བཞུགས་གནས་གཞལ་ཡས་ཁང་པ། གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེའི་རྩིག་པ། ནང་ནས་བརྩམས་ཏེ། སྔོན་པོ་ལྗང་གུ་དམར་པོ་སེར་པོ་དཀར་པོ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན།


CMR020_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། །དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་


CMR020_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ནང་། ཕྱིའི་རྡོ་རྗེ་མེ་རིའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་། ཤར་དཀར་ལྷོ་སེར་ནུབ་དམར་བྱུང་ལྗང་དབུས་སྔོན་པོའི་དབུས་སུ་རྡོ་རྗེ་སེམས་དཔའ། ཤར་ནས་རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། མི་བསྐྱོད་པ། དོན་ཡོད་གྲུབ་པ་རྣམས་ཀྱི་གཞལ་ཡས་ཁང་རྣམས་ཀྱི་དབུས་སུ་རྡོ་རྗེ་ཅན་གྱི་དཀྱིལ་འཁོར་ལ། ཕྱི་ནས་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། ཤར་དུ་སན་པའི་དཀྱིལ་འཁོར་ལ། སྔོ་སེར་དམར་ལྗང་དཀར་བ། ལྷོར་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ། དཀར་སྔོ་དམར་ལྗང་སེར་བ། ནུབ་ཏུ་པདྨ་གར་དབང་གི་དཀྱིལ་འཁོར་ལ། དཀར་སེར་སྔོ་ལྗང་དམར་བ། བྱང་དུ་རྟའི་རྒྱལ་པོའི་དཀྱིལ་འཁོར་ལ། དཀར་སེར་དམར་སྔོ་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། ཐམས་ཅད་ཀྱི་ཕྱིའི་དབྱིབས་ནི། གྲུ་བཞི་སྒོ་བཞི་པ། རྟ་བབས་དང་བྲལ་བ། རིན་པོ་ཆེའི་རྩིག་པ་དང་ཕ་གུ་དང་དྲི་བ་དང་དྲ་བ་ཕྱེད་པ་དང་། ཤར་བུ་དང་མདའ་ཡབ་ལ་སོགས་པས་བསྐོར་བ། མཚན་ཉིད་ཐམས་ཅད་ཡོངས་སུ་


CMR020_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་དབུས་ཀྱི་གཞལ་ཡས་ཁང་གི་ཤུར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོན་པོའི་དབུས་སུ། སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཉི་མ། འཇིགས་བྱེད་དང་དུས་མཚན་གྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་ཡེ་ཤེས་མཁའ་འགྲོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་པས་རྡོ་རྗེ་དང་། གཡོན་པས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཅོག་དང་ཐོད་པའི་ཕྲེང་བའི་ཅོད་པན་ཅན་ཕྱག་རྒྱ་དྲུག་གིས་སྤྲས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །དེའི་པང་ན་ཡུམ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། རྣམ་པར་སྣང་མཛད་ཀྱི་གཞལ་ཡས་ཁང་གི་ནང་། ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་དཀར་པོའི་དབུས་སུ། སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བ་དང་ཚངས་པའི་གདན་གྱི་སྟེང་དུ། སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ།


CMR020_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་འཁོར་ལོ་དང་གཡོན་པས་འཁོར་ལོས་མཚན་པའི་དྲིལ་བུ་འཛིན་པས་ཡུམ་སངས་རྒྱས་མཁའ་འགྲོ་མ་དཀར་མོ་ལ་འཁྱུད་པ། རིན་ཆེན་འབྱུང་ལྡན་གྱི་གཞལ་ཡས་ཁང་གི་ནང་ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་ལྗང་དབུས་སེར་པོའི་དབུས་སུ། རྟའི་ཁྲི་སྣ་ཚོགས་པདྨ་དང་ཉི་མ་དང་ལྷའི་བུ་ཉི་མའི་གདན་གྱི་སྟེང་དུ། རིན་ཆེན་མཁའ་འགྲོ་སེར་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་རིན་པོ་ཆེ་དང་གཡོན་རིན་པོ་ཆེས་མཚན་པའི་དྲིལ་བུ་འཛིན་པས་ཡུམ་རིན་ཆེན་མཁའ་འགྲོ་སེར་མོ་ལ་འཁྱུད་པ། སྣང་བ་མཐའ་ཡས་ཀྱི་གཞལ་ཡས་ཁང་གི་ནང་ཤར་དཀར་ལྷོ་སེར་ནུབ་སྔོ་བྱང་ལྗང་དབུས་དམར་པོའི་དབུས་སུ། རྨ་བྱའི་ཁྲི་སྣ་ཚོགས་པདྨ་དང་ཉི་མ་དང་དབང་ཕྱུག་ཆེན་པོའི་གདན་གྱི་སྟེང་དུ། པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་པདྨ་དང་གཡོན་པས་པདྨས་མཚན་པའི་དྲིལ་བུ་འཛིན་པ་ཡུམ་པདྨ་མཁའ་འགྲོ་མ་དམར་མོ་ལ་འཁྱུད་པ། མི་བསྐྱོད་པའི་གཞལ་ཡས་ཁང་གི་ནང་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོན་པོའི་དབུས་སུ། གླང་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་མ་དང་ཁྱབ་འཇུག་གི་གདན་གྱི་སྟེང་དུ་རྡོ་རྗེ་མཁའ་


CMR020_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་སྐུ་མདོག་ནག་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་པས་རྡོ་རྗེ་དང་གཡོན་པས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་ལ་འཁྱུད་པ། དོན་ཡོད་གྲུབ་པའི་གཞལ་ཡས་ཁང་གི་ནང་ཤར་དཀར་ལྷོ་སེར་ནུབ་དམར་བྱང་སྔོ་དབུས་ལྗང་བའི་དབུས་སུ། མཁའ་ལྡིང་གི་ཁྲི་སྣ་ཚོགས་པདྨ་དང་ཉི་མ་དང་ལྷའི་བུ་ཟླ་བའི་གདན་གྱི་སྟེང་དུ། སྣ་ཚོགས་མཁའ་འགྲོ་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པས་ཡུམ་སྣ་ཚོགས་མཁའ་འགྲོ་མ་ལྗང་སེར་ལ་འཁྱུད་པ། དེ་ཐམས་ཅད་ཀྱང་དབུ་སྐྲ་རལ་པའི་ཐོར་ཅོག་དང་། ཐོད་པའི་ཕྲེང་བའི་ཅོད་པན་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འདི་དག་གི་པང་ན་གནས་པའི་ཡུམ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་མ། གཡས་པས་རིམ་པ་བཞིན་རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རྡོ་རྗེ། སྣ་ཚོགས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་དང་། གཡོན་པ་རྣམས་ཀྱིས་ཁྲག་གིས་གང་བའི་ཐོད་པ་འཛིན་པའི་ཕྱག་གིས་


CMR020_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ལ་འཁྱུད་པ། གཅེར་བུ་སྐུ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པ། ཡབ་ཡུམ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་ཤར་ལྷོར་མཁའ་འགྲོ་མ་སྔོན་མོ། ལྷོ་ནུབ་ཏུ་ལཱ་མ་ལྗང་གུ། ནུབ་བྱང་དུ་ཁཎྜ་རོ་ཧེ་དམར་མོ། བྱང་ཤར་དུ་གཟུགས་ཅན་མ་སེར་མོ་བཞི་ཀའང་ཞལ་གཅིག་ཕྱག་གཉིས་མ། གཡས་པས་ཌ་མ་རུ་དང་། གཡོན་པས་ཐོད་པ་འཛིན་པ། གཡོན་པའི་གྲུ་མོ་ན་ཁཊཾ་ག་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཤར་དུ་ཁཎྜ་ཀ་པ་ལ་དང་རབ་ཏུ་གཏུམ་མོ། བྱང་དུ་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། ནུབ་ཏུ་ཀཾ་ཀ་ལ་དང་འོད་ལྡན་མ། ལྷོར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ། དཔའ་བོ་རྣམས་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ་གཡས་པས་རྡོ་རྗེ་དང་གཡོན་པས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྣམས་སྐུ་མདོག་དཀར་མོ། གཡས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་དང་། གཡོན་པས་ཁྲག་གིས་གང་བས་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་ཤར་དུ།། སུ་ར་ཝི་རི་


CMR020_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྟན་པའི་བློ་ཅན་མ། བྱང་དུ་འོད་དཔག་མེད་དང་མིའུ་ཐུང་མ། ནུབ་ཏུ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ། ལྷོར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ། །དཔའ་བོ་རྣམས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་འཁོར་ལོ་དང་། གཡོན་འཁོར་ལོས་མཚན་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྣམས་སྐུ་མདོག་སེར་མོ། གཡས་སྡིགས་མཛུབ་དང་བཅས་པའི་འཁོར་ལོ་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གྱི་ཤར་དུ། ཨང་ཀུ་རི་དང་ཨེ་ར་ཝ་ཏི། བྱང་དུ་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏུ་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། ལྷོར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ་སྟེ། དཔའ་རྣམས་ཀྱང་སྐུ་མདོག་སེར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་པས་རིན་པོ་ཆེ་དང་གཡོན་པས་རིན་པོ་ཆེས་མཚན་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྣམས་སྐུ་མདོག་ལྗང་གུ། གཡས་སྡིགས་མཛུབ་དང་བཅས་པའི་རིན་པོ་ཆེ་དང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་གྱི་ཤར་དུ།


CMR020_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བཟང་པོ་དང་བྱ་མ་དེ་ཝི། བྱང་དུ་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་ཏུ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། ལྷོར་མིག་མི་བཟང་དང་ཁ་ག་ན་སྟེ། དཔའ་བོ་རྣམས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་པདྨ་དང་གཡོན་པས་པདྨས་མཚན་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྣམས་སྐུ་མདོག་དཀར་མོ་གཡས་སྡིགས་མཛུབ་དང་བཅས་པའི་པདྨ། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། མི་བསྐྱོད་པའི་དཀྱིལ་འཁོར་གྱི་ཤར་དུ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། །བྱང་དུ་རིན་ཆེན་རྡོ་རྗེ་དང་ཁ་ཎྜ་རོ་ཧེ། ནུབ་ཏུ་རྟ་མགྲིན་དང་ཤོན་ཌི་ནི། ལྷོར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ། དཔའ་བོ་རྣམས་སྐུ་མདོག་ནག་པོ། གཡས་རྡོ་རྗེ་དང་གཡོན་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྣམས་སྐུ་མདོག་སེར་མོ། གཡས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་དང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་ཤར་དུ། དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བྱང་དུ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ནུབ་


CMR020_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། ལྷོར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། དཔའ་བོ་རྣམས་སྐུ་མདོག་ལྗང་གུ། གཡས་སྣ་་ཡཚོགས་རྡོ་རྗེ་དང་གཡོན་སྣ་ཚོགས་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྣམས་སྐུ་མདོག་སྔོ་སྐྱ། གཡས་སྣ་ཚོགས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་དང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། དཔའ་བོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ་ལ། དཔའ་མོ་རྣམས་གཡོན་བརྐྱང་གིས་འཁྱུད་པའོ། །ཕྱིའི་དཀྱིལ་འཁོར་གྱི་ཤར་སྒོར་ཁྲ་གདོང་མ་སྔོན་མོ་གཡས་པས་ལྕགས་ཀྱུ་འཛིན་པ། བྱང་སྒོར་འུག་གདོང་མ་ལྗང་གུ་གཡས་པས་ཞགས་པ་འཛིན་པ། ནུབ་སྒོར་ཁྱི་གདོང་མ་དམར་མོ་གཡས་པས་ལྕགས་སྒྲོག་འཛིན་པ། ལྷོ་སྒོར་ཕག་གདོང་མ་སེར་མོ་གཡས་པས་དྲིལ་བུ་འཛིན་པ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། །གཡས་པས་མེ་ལོང་འཛིན་པ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། གཡས་པས་པི་ཝཾ་འཛིན་པ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་


CMR020_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་བ། གཡས་པས་དྲིའི་དུང་ཆོས་འཛིན་པ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། གཡས་པས་རོའི་སྣོད་འཛིན་པ། ལྷ་མོ་བརྒྱད་པོ་དེ་དག་གི་ཕྱག་གཡོན་པས་ཐོད་པ་དང་གྲུ་མོ་ན་ཁ་ཊཾ་ག་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །དཔའ་བོ་ཐམས་ཅད་རལ་པའི་ཐོར་ཅོག་དང་ཐོད་པའི་ཕྲེང་བའི་ཅོད་པན་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། རྣལ་འབྱོར་མ་རྣམས་ནི་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ། གཅེར་བུ་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པའོ། །དཀྱིལ་འཁོར་དྲུག་པོ་ཐམས་ཅད་ཀྱི་མཚམས་རྣམས་སུ། སྣ་ཚོགས་པདྨ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་རྣམས་གནས་པའོ། །རིགས་བདག་ནི། རྡོ་རྗེ་མཁའ་འགྲོ་ལ་ཡེ་ཤེས་མཁའ་འགྲོས་དབུར་བརྒྱན། འཁོར་ལོས་སྒྱུར་བ་ལྔ་ལ་རྡོ་རྗེ་མཁའ་འགྲོས་དབུར་བརྒྱན། འཁོར་རྣམས་ལ་རང་རང་གི་གཙོ་བོས་དབུར་བརྒྱན། སྒོ་མཚམས་མ་བརྒྱད་ལ་སྣ་ཚོགས་མཁའ་འགྲོས་དབུར་བརྒྱན། ས་བོན་ནི། ཧཱུྃ་བཾ་ཨཱཿཿཧཱུྃཧཱུྃ་ཁཾ། སྔགས་རྣམས་ནི། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་སཏཱ་ཏྲཱ་ཀི་ནཱི་ཛཱ་ལ་སཾ་བྷ་རཾ། ཧཱུཾ་ཨཱཿཿཧཱུྃ་


CMR020_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔སྭཱ་ཧཱ། ༀ་ཤྲཱི་བུདྡྷ་ཌཱ་ཀ་ཨ་ལ་ལ་ལ་བྷྲཱུཾ་ཨཱཿཿཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་ར་ཧཱུྃ་ཕཊ་སྭཱ་ཧཱ། ༀ་ཤྲཱི་རཏྣ་ཊཱ་ཀ་ཧྲཱིཿཨཱཿཿ ཧཱུྃ་ཌཀི་ནཱི་ཛཱ་ལ་སཾ་བྷ་ར་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤི་ཁཔདྨ་ཊཱ་ཀ་ཧཱི་ཨཱཿཿ ཧཱུྃ་ཌཀི་ནཱི་ཛཱ་ལ་སཾ་བྷ་རཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ཌཱ་ཀ་ཨཱཿཿ ཧཱུྃ་ཌཱཀི་ནཱི་ཛཱ་ལ་སཾ་བྷ་རཾ་ཧཱུྃ་ཕཊསྭཱ་ཧཱ། ཨོཾ་ཤྲཱི་བི་ཤཱ་ཊ་ཀ་ཧོཿ ཁཾ་ཨཱཿཙྪཱཧཱུྃ་ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་རེ་ཧཱུྃ་ཕཊ་སྭཱ་ཧཱ། ལས་སྔགས་ནི། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཕཊ༔ ༈ བཅོམ་ལྡན་རྡོ་རྗེ་བདུད་རྩི་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་བཞི་ཡོད་པ་ལས། དང་པོ་ནི། དེ་ལྟ་བུའི་རྡོ་རྗེ་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་ཤིན་ཏུ་ཡངས་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། གྲུ་བཞི་པ་སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནི་ནང་ནས་བརྩམས་ཏེ། སྔོན་པོ་ལྗང་གུ་དམར་པོ་སེར་པོ་དཀར་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན་། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་


CMR020_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་དྲ་བ་དང་དྲ་བ་ཕྱེད་པ་དང་དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ་དང་། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ནང་དུ། ལྷ་སྣམ་ཤར་


CMR020_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོན་པོའི་དབུས་སུ། འོད་ཟེར་གྱི་ཕྲེང་བ་དང་རྡོ་རྗེའི་རྭ་བས་ཡོངས་སུ་བསྐོར་བའི་ནང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རེ་རེ། ཕྱིའི་རྡོ་རྗེ་མེ་རིའི་ཕྱི་རོལ་དུ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཆེན་པོར་གྱུར། འདི་ཡན་བཞི་ཀ་ལ་འདྲ།་༈ དཀྱིལ་འཁོར་དང་པོ་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་ནི། པདྨའི་ལྟེ་བར་ཟླ་བའི་གདན་ལ། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་བདུད་རྩི་སྐུ་མདོག་ལྗང་གུ། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་ལྗང་གུ། གཡས་དཀར་གཡོན་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས། རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། གཡས་འོག་མ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ཞི་ཞིང་སྒེག་པའི་ཉམས་དང་ལྡན་ཞིང་། རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །འདབ་མ་བརྒྱད་ལ་ཤར་དུ་ཞི་བ་མ་དཀར་མོ། དཀར་ནག་དམར་བའི་ 


CMR020_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཅན། ལྷོར་ཞི་གདོང་མ་སེར་མོ། སེར་དཀར་དམར་བའི་ཞལ་ཅན། ནུབ་ཏུ་ཟླ་གདན་མ་དམར་མོ། དམར་ནག་དཀར་བའི་ཞལ་ཅན། བྱང་དུ་རི་བོང་ཅན་མ་ལྗང་གུ་།་ལྗང་དཀར་དམར་བའི་ཞལ་ཅན། མེར་ཟླ་དཀྱིལ་མ་སྔོན་མོ། སྔོ་དཀར་དམར་བའི་ཞལོ་ཅན། བདེན་བྲལ་དུ་ཟླ་ཚེས་མ་ལྗང་གུ། ལྗང་དཀར་དམར་བའི་ཞལ་ཅན་། རླུང་དུ་ཡིད་འོང་མ་སྔོན་མོ། སྔོ་དཀར་དམར་བའི་ཞལ་ཅན། དབང་ལྡན་དུ་ཡིད་ཚིམ་པར་བྱེད་པ་སེར་མོ། སེར་དཀར་དམར་བའི་ཞལ་ཅན། ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་མ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་ཟླ་བའི་དཀྱིལ་འཁོར་དང་རལ་གྲི་འཛིན་པ། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ལྕགས་ཀྱུ་དང་ཞགས་པ་འཛིན་པ། །ཁྱད་པར་དུ་ཟླ་ཚེས་མས་ཟླ་བའི་ཆ་གཅིག་འཛིན་པ། རིམ་པ་གཉིས་པའི་ལྷ་སྣམ་གྱི་བྱང་ཤར་དུ། མེ་ཏོག་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་དང་པོས་མེ་ཏོག་གི་ཟ་མ་ཏོག་འཛིན་པ། ཤར་ལྷོར་བདུག་སྤོས་མ་སྔོན་མོ། སྔོ་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་དང་པོས་སྤོས་ཕོར་འཛིན་པ། ལྷོ་


CMR020_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་མར་མེ་མ་སེར་མོ། སེར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་དང་པོས་མར་མེའི་མཆོད་སྡོང་འཛིན་པ། ནུབ་བྱང་དུ་དྲི་ཆབ་མ་དམར་མོ། དམར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་དང་པོས་དྲིའི་དུང་ཆོས་འཛིན་པ། ཐམས་ཅད་ཀྱི་གཡས་ལྷག་མ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་པ་གསུམ་གྱིས་དྲིལ་བུ་དང་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ཤར་གྱི་སྣམ་བུ་ལ་གླིང་བུ་མ་དམར་མོ་ཕྱག་གཉིས་ཀྱིས་གླིང་བུ་འཛིན་པ། ལྷོར་པི་ཝཾ་མ་སེར་མོ་ཕྱག་གཉིས་ཀྱིས་པི་ཝཾ་འཛིན་པ། ནུབ་ཏུ་མུ་ཀུཎྜ་མ་དཀར་མོ་ཕྱག་གཉིས་ཀྱིས་རྔ་མུ་ཀུཎྜ་བརྡུངས་བ། བྱང་དུ་རྫ་རྔ་མ་སྔོན་མོ་ཕྱག་གཉིས་ཀྱིས་རྫ་རྔ་འཛིན་པ། ཤར་སྒོར་ཁྲོ་གཉེར་རིམ་པ་ལྔ་ལྡན་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་དང་པོས་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་འཇིག་སྡིག་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་དང་པོས་ཞགས་པ་འཛིན་པ། ནུབ་སྒོར་རྟའི་གཟུགས་དམར་པོ། དམར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་དང་པོས་ལྕགས་སྒྲོག་འཛིན་པ། བྱང་སྒོར་


CMR020_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་གཙོ་བོ་ལྗང་གུ། ལྗང་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་དང་པོས་དྲིལ་བུ་འཛིན་པ། ཐམས་ཅད་ཀྱི་གཡས་ལྷག་མ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་པ་གསུམ་གྱིས་རིམ་པ་བཞིན་དུ། དྲིལ་བུ་དང་ལྕགས་ཀྱུ་དང་ཞགས་པ་འཛིན་པ་སྒོ་བཞི་ན་འགྱིང་བའི་ཁྲོ་བོ་སྟེ། འགྱིང་བའི་སྟབས་ཀྱིས་བཞུགས་པ། མཆེ་བ་ཅུང་ཟད་གཙིགས་པའོ། །ཐམས་ཅད་ཀྱང་རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ། ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །གཙོ་བོ་ལ་དེ་བཞིན་གཤེགས་པ་ལྔ་དང་རྡོ་རྗེས་མཚན་པའི་རིན་པོ་ཆེ་སྣ་ཚོགས་པའི་ཅོད་པན་ཅན་ནོ། །འཁོར་རྣམས་ལ་རྡོ་རྗེ་བདུད་རྩི་དང་། པོ་ཏིས་མཚན་པའི་རིན་པོ་ཆེའི་ཅོད་པན་ཅན་ནོ། ཡང་ན་གཙོ་བོ་ཉིད་ཀྱིས་དབུ་བརྒྱན། ས་བོན་ནི་ས༔ ཨོཾ་ཧ་བཛྲ་ཨ་མྲྀ་ཏ་སྭཱ་ཧཱ། སྙིང་པོ་དང་ལས་སྔགས་གཉིས་ཀའོ།། ༈ རྡོ་རྗེ་བདུད་རྩིའི་རྒྱུད་ལེའུ་དྲུག་པ་ལས་གསུངས་པའི། བདུད་རྩི་མཛད་ལྷ་ཉེར་དགུའི་དཀྱིལ་འཁོར་ནི། དབུས་ཀྱི་པདྨའི་ལྟེ་བ་དང་། ཕྱོགས་བཞིའི་འདབ་མའི་སྟེང་དུ་ཟླ་བའི་གདན། དེའི་ཕྱི་རོལ་གྱི་ལྷ་སྣམ་ནང་མའི་ཕྱོགས་མཚམས་བརྒྱད་དང་། །


CMR020_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྣམ་ཕྱི་མའི་སྒོ་བཞིའི་གཡས་གཡོན་དང་། མཚམས་བཞི་དང་། སྒོ་བཞིར་སྣ་ཚོགས་པདྨ་དང་ཟླ་བའི་གདན་རེ་རེ་དབུས་ཀྱི་གདན་གྱི་སྟེང་དུ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུྃ་མཛད་ནག་དཀར་དམར་བའི་ཞལ་གསུམ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་མཆེ་བ་གཙིགས་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་མཛད་པ། བར་པ་གཉིས་ཀྱིས་མདའ་གཞུ་འཛིན་པ། གཡོན་གྱི་གསུམ་པས་རང་དང་འདྲ་བའི་ཡུམ་མཱ་མ་ཀཱི་ལ་རྒྱབ་ནས་འཁྱུད་པ། ནུ་མ་གཡོན་པ་འཛིན་པ། །གཡས་ཀྱི་གསུམ་པས་དེའི་མདུན་ནས་ནུ་མ་གཡས་པ་འཛིན་པ། ཞབས་གཡོན་བསྐུམས་པས་དབང་ཕྱུག་ཆེན་པོའི་རྣ་བ་གཡོན་པ་མནན་པ། གཡས་བརྐྱང་བས་ཨུ་མ་དཀར་མོ་གན་རྐྱལ་དུ་བསྐྱེལ་བའི་ནུ་མ་མནན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཉི་མའི་འོད་ཅན་བདུད་རྩིའི་ཅོད་པན་ཅན་ནོ། །རིག་མ་བཞི་ནི་ཕྱོགས་ཀྱི་འདབ་མ་བཞི་ལ། ཤར་དུ་རྡོ་རྗེ་སྙིང་པོ་མ་ནག་མོ། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་བདུག་སྤོས། བར་པ་གཉིས་ཀྱིས་མདའ་གཞུ། ཐ་མ་གཉིས་ཀྱིས་ 


CMR020_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དང་ཞགས་པ་འཛིན་པ། ལྷོར་རྡོ་རྗེ་མཚོན་ཆ་མ་སེར་མོ། སེར་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མདའ་གཞུ། བར་པ་གཉིས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་དང་རྡོ་རྗེ།་ཐ་མ་གཉིས་ཀྱིས་ཞགས་པ་དང་འཁོར་ལོ་འཛིན་པ། ནུབ་ཏུ་རེག་བྱ་རྡོ་རྗེ་མ་ལྗང་གུ། ལྗང་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཐུགས་ཀར་རྡོ་རྗེ་དང་དྲིལ་བུ། བར་པ་གཉིས་ཀྱིས་མདའ་གཞུ། ཐ་མ་གཉིས་ཀྱིས་རྡོ་རྗེ་དང་འཁོར་ལོ་འཛིན་པ། བྱང་དུ་ཀི་ལི་ཀི་ལ་མ་དམར་མོ། དམར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཨ་མྱའི་ཤིང་དང་ཞགས་པ། བར་པ་གཉིས་ཀྱིས་མདའ་གཞུ། ཐ་མ་གཉིས་ཀྱིས་རྡོ་རྗེ་དང་འཁོར་ལོ་འཛིན་པའོ། ༣མཚམས་ཀྱི་འདབ་མ་བཞི་ལ། རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བའི་སྟེང་དུ། ཐོད་པ་བདུད་རྩིས་གང་བ་བཞིས་བརྒྱན་པའོ། །ལྷ་སྣམ་ནང་མའི་ཤར་དུ་པི་ཝཾ་མ་དམར་མོ། དམར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་པི་ཝཾ་དང་གླིང་བུ། བར་པ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། ཐ་མ་གཉིས་ཀྱིས་མདའ་


CMR020_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་འཛིན་པ། ལྷོར་གླིང་བུ་མ་སེར་མོ། སེར་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གླིང་བུ་དང་པི་ཝཾ། བར་པ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། ཐ་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། ནུབ་ཏུ་རྔ་ཟླུམ་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ། །ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྔ་ཟླུམ་དང་གླིང་བུ་དང་། །བར་པ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། ཐ་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། བྱང་དུ་རྫ་རྔ་མ་དུད་ཁ། དུད་དཀར་དམར་བའི་ཞལ་གསུམ། །ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྔ་དང་གླིང་བུ། བར་པ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། ཐ་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། དབང་ལྡན་དུ་སྒེག་མོ་དམར་མོ། དམར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མདའ་གཞུ། བར་པ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། ཐ་མ་གཉིས་ཀྱིས་རྡོ་རྗེ་དང་འཁོར་ལོ་འཛིན་པ། མེར་ཕྲེང་བ་མ་སེར་མོ། སེར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ། བར་པ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། ཐ་མ་


CMR020_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་མདའ་གཞུ་འཛིན་པ། བདེན་བྲལ་དུ་ཀླུ་མ་སྔོན་མོ་སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་འཁར་རྔ་དང་པི་ཝཾ། བར་པ་གཉིས་ཀྱིས་མདའ་གཞུ། ཐ་མ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། རླུང་དུ་གར་མ་སེར་མོ་སེར་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གར་སྟབས་ཀྱི་རྣམ་པ། །བར་པ་གཉིས་ཀྱིས་མདའ་གཞུ། ཐ་མ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བའོ། །ལྷ་སྣམ་ཕྱི་མའི་ཤར་སྒོའི་གཡས་སུ་བྱམས་པ་སེར་པོ་གཡས་པས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། །གཡོན་པས་ནཱ་ག་གེ་སར་འཛིན་པ། གཡོན་དུ་འཇམ་དཔལ་སེར་པོ་གཡས་མཆོག་སྦྱིན་དང་། གཡོན་པོ་ཏི་འཛིན་པ། དེ་བཞིན་དུ། ལྷོར་ནམ་མཁའི་སྙིང་པོ་སྔོན་པོ་རལ་གྲི་དང་ཆོས་འབྱུང་འཛིན་པ། ཕྱག་ན་རྡོ་རྗེ་དམར་པོ་རིན་པོ་ཆེ་དང་པདྨ་འཛིན་པ། ནུབ་ཏུ་ཀུན་ཏུ་བཟང་པོ་སེར་པོ་མེ་ཏོག་དང་པདྨ་འཛིན་པ། འཇིག་རྟེན་དབང་ཕྱུག་དཀར་པོ་ན་དང་པདྨ་འཛིན་པ། བྱང་དུ་སྒྲིབ་པ་རྣམ་སེལ་སེར་པོ་སྒྲིབ་པ་སེལ་བའི་ཕྱག་རྒྱ་མཛད་པ།་་་་་ནམ་མཁའ་ལ་རི་མོ་བྲི་ཚུལ། སའི་སྙིང་པོ་ལྗང་གུ་སྙིང་ཁའི་གཡས་སུ་


CMR020_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་མོ་སྦྱར་བའོ། །དབང་ལྡན་དུ་མེ་ཏོག་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མེ་ཏོག་གི་སྣོད་དང་འཁོར་ལོ། བར་པ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། ཐ་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། མེར་བདུག་སྤོས་མ་དུད་ཁ། དུད་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་བདུག་སྤོས་ཀྱི་སྣོད་དང་འཁོར་ལོ། བར་པ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། ཐ་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། བདེན་བྲན་དུ་མར་མེ་མ་སེར་མོ། སེར་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་མར་མེ་དང་རྡོ་རྗེ། བར་པ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། ཐ་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། རླུང་དུ་དྲི་ཆབ་མ་དམར་མོ། དམར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་དྲིའི་དུང་ཆོས་འཛིན་པས་དྲི་བྱུག་པའི་ཚུལ་དང་། བར་པ་གཉིས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་བ། ཐ་མ་གཉིས་ཀྱིས་མདའ་གཞུ་འཛིན་པ། ཤར་སྒོར་ལྕགས་ཀྱུ་དམར་མོ། དམར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་ 


CMR020_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་དང་རལ་གྲི་དང་མདའ། གཡོན་ན་གཞུ་དང་སྡིགས་མཛུབ་དང་འཁོར་ལོ་འཛིན་པ། ལྷོ་སྒོར་ཞགས་པ་དཀར་མོ།་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་ཞགས་པ་དང་རལ་གྲི་དང་མདའ། གཡོན་ན་གཞུ་དང་སྡིགས་མཛུབ་དང་རྡོ་རྗེ་འཛིན་པ། ནུབ་སྒོར་ལྕགས་སྒྲོག་སེར་པོ། སེར་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ལྕགས་སྒྲོག །བར་པ་གཉིས་ཀྱིས་མདའ་གཞུ། ཐ་མ་གཉིས་ཀྱིས་རལ་གྲི་དང་སྡིགས་མཛུབ་མཛད་པའོ། །བྱང་སྒོར་རྡོ་རྗེ་དྲིལ་བུ་ལྗང་གུ། ལྗང་དཀར་དམར་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་དྲིལ་བུ་དང་རལ་གྲི་དང་མདའ། གཡོན་ན་གཞུ་དང་སྡིགས་མཛུབ་དང་རྡོ་རྗེ་འཛིན་པའོ། །གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་རྡོ་རྗེ་བདུད་རྩིའི་པོ་ཏིའི་ཅོད་པན་གྱིས་མཚན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་ཅིང་། ཟླ་བའི་གདན་ལ་འགྱིང་བག་གིས་བཞུགས་པ། རང་རང་གི་ཁ་དོག་དང་མཐུན་པའི་འོད་ཀྱི་དཀྱིལ་འཁོར་འཕྲོ་བའོ། །ས་བོན་དང་བཟླས་བྱའི་སྔགས་ཀྱང་། ཧཱུྃ། གཅིག་པུའོ། ཨོཾ་བཛྲ་ཧཱུྃ་ཀ་ར་བཛྲ་ཧཱུྃ་ཕཊ། སྙིང་པོ་ལས་སྔགས་གཉིས་ཀའོ། །


CMR020_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།རྡོ་རྗེ་བདུད་རྩིའི་རྒྱུད་ལེའུ་བརྒྱད་པ་ལས་གསུངས་པའི་བདུད་རྩི་ཁྲག་འཐུང་ངམ། ཧེ་རུ་ཀ་ཁྲོ་བོ་ལྷ་ཉེར་གཅིག་གི་དཀྱིལ་འཁོར་ནི། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར། འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་རེ་རེ། ལྷ་སྣམ་གྱི་ཕྱོགས་མཚམས་བརྒྱད་དང་སྒོ་བཞིར་ཐོད་པ་དཀར་པོའི་གདན་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་དཔལ་ལྡན་ཁྲག་འཐུང་སྔོན་པོ། ཞལ་བཞི་ཕྱག་བརྒྱད་པ། རྩ་ཞལ་སྔོན་པོ། གཡས་ཞལ་དུད་ཁ། གཡོན་ཞལ་སེར་པོ། རྒྱབ་ཞལ་དཀར་པོ། ཐོད་པའི་ཕྲེང་བ་དང་བཅས་པའི་རྡོ་རྗེ་བདུད་རྩིའི་པོ་ཏིའི་ཅོད་པན་དུ་བྱས་པ། ཞལ་རྣམ་པར་འགྱུར་ཞིང་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བརྒྱད་ཀྱི་གཡས་པ་བཞིར། རྡོ་རྗེ་དང་རྒྱུ་མ་དང་མགོ་བོ་དང་རྩེ་གསུམ་འཛིན་པ། གཡོན་པ་བཞིར་ཁཊཾ་ག་དང་ཐོད་པ་ཁྲག་གིས་གང་བ་དང་། སྲིན་པོའི་མགྲིན་པར་དམ་པོར་བཙིར་བ་དང་། རུས་པའི་ཕྲེང་བ་འཛིན་པའོ། །འདབ་མ་བརྒྱད་ལ། ཤར་དུ་གཙིགས་བཅས་མ་སེར་མོ། སེར་དཀར་དམར་བའི་


CMR020_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གསུམ། ཕྱག་དྲུག་གི་གཡས་ན། རལ་གྲི་དང་རྡོ་རྗེ་དང་མགོ་བོ། གཡོན་ན་ཁཊཾ་ག་དང་ཐོད་པ་དང་རུས་པའི་ཕྲེང་བ་འཛིན་པ། ལྷོར་རྣམ་གཙིགས་མ་དཀར་མོ། །དཀར་སྔོ་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ན། རལ་གྲི་དང་རུས་པའི་ཕྲེང་བ་རྡོ་རྗེ། གཡོན་པ་ན་ཁཊཾ་ག་ཐོད་པ་མགོ་བོ་འཛིན་པ། ནུབ་ཏུ་གཏུམ་མོ་སྔོན་མོ། སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ན། རལ་གྲི་རྡོ་རྗེ་མགོ་བོ། གཡོན་ན་རྒྱུ་མའི་ཕྲེང་བ་ཁཊཾ་ག་ཐོད་པ་འཛིན་པ། བྱང་དུ་གཡུང་མོ་དུད་ཁ། དུད་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་པ་རྣམས་ན། རལ་གྲི་དང་རུས་པའི་ཕྲེང་བ་རྡོ་རྗེ། གཡོན་ན་ཁཊཾ་ག་མགོ་བོ་ཐོད་པ་འཛིན་པ། མེར་སེར་སྐྱ་མ་དམར་མོ། དམར་ནག་དཀར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ལ། རལ་གྲི་རྒྱུ་མའི་ཕྲེང་བ་རྡོ་རྗེ། གཡོན་ཁཊཾ་ག་ཐོད་པ་སྲིན་པོའི་མགྲིན་པ་ནས་འཛིན་པ། བདེན་བྲལ་དུ་ཀུ་ལི་ནི་ནག་མོ། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ན། རལ་གྲི་མགོ་བོ་རྩེ་གསུམ། གཡོན་ན་ཁཊཾ་ག་ཐོད་པ་རྒྱུ་མའི་


CMR020_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་འཛིན་པ། རླུང་དུ་དྲག་མོ་སེར་མོ། སེར་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན། རལ་གྲི་རྡོ་རྗེ་རུས་པའི་ཕྲེང་བ། གཡོན་ན་ཁཊཱ་ག་ཐོད་པ་སྲིན་པོའི་མགྲིན་པ་ནས་འཛིན་པ། དབང་ལྡན་དུ་འཇིགས་བྱེད་མ་ནག་མོ། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་པ་རྣམས་ན། རལ་གྲི་རྒྱུ་མའི་ཕྲེང་བ་རྡོ་རྗེ། གཡོན་ན་ཁ་ཊཾ་ག་ཐོད་པ་མགོ་བོ་འཛིན་པའོ། །ལྷ་སྣམ་ལ། ཤར་དུ་མེ་ཏོག་མ་དཀར་མོ། ཕྱག་གཡས་མེ་ཏོག་འཛིན་པ། ལྷོར་བདུག་སྤོས་མ་དམར་མོ། བདུག་སྤོས་འཛིན་པ། ནུབ་ཏུ་མར་མེ་མ་སེར་མོ། མར་མེ་འཛིན་པ། བྱང་དུ་དྲི་ཆབ་མ་དམར་མོ་དྲིའི་སྣོད་འཛིན་པ། དེ་བཞི་ཀའང་གཡོན་པས་རྡོ་རྗེས་མཚན་པའི་ཁཊཾ་ག་འཛིན་པའོ། །མེར་པི་ཝཾ་མ་དམར་མོ། ཕྱག་གཡས་དག་བྱེད་དང་། གཡོན་པི་ཝཾ་འཛིན་པ། བདེན་བྲལ་དུ་གླིང་བུ་མ་སེར་མོ། ཕྱག་གཡས་མཆོད་ཕྱིར་ཐོགས་དང་།་གཡོན་གླིང་བུ་འཛིན་པ། རླུང་དུ་རྔ་ཟླུམ་མ་དཀར་མོ། ཕྱག་གཡས་རྡོ་རྗེ་དང་གཡོན་རྔ་ཟླུམ་འཛིན་པ། དབང་ལྡན་དུ་རྫ་རྔ་མ་དུད་ཁ། ཕྱག་གཡས་ཁཊཾ་ག་དང་


CMR020_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་རྫ་རྔའི་དཀྱིལ་འཁོར་སྟོན་ཅིང་འཆིང་བའོ། །ཤར་སྒོར་བ་གླང་སྣ་དཀར་པོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་གླང་ཆེན་སྣ་དམར་པོ་ཞགས་པ་འཛིན་པ། ནུབ་སྒོར་ཞལ་མཛེས་མ་སེར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་ཞལ་སྤྲུག་མ་དུད་ཁ་དྲིལ་བུ་འཛིན་པ། དཀྱིལ་འཁོར་པ་ཐམས་ཅད་དྲག་པོའི་རྒྱན་གྱིས་བརྒྱན་ཅིང་། རྡོ་རྗེ་གཙུག་ཏོར་དང་ནོར་བུའི་ཅོད་པན་ཅན། འོད་དམར་པོ་འབར་བའི་དཀྱིལ་འཁོར་ལ་གླུ་ལེན་ཅིང་གར་བྱེད་པའི་སྟབས་ཀྱིས་བཞུགས་པའོ། །སྔགས་ནི། ༀ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊབྷོ་སྭཱ་ཧཱ། ༈ རྡོ་རྗེ་བདུད་རྩིའི་རྒྱུད་ལེའུ་དགུ་པ་ལས་གསུངས་པའི། བདུད་རྩི་འཁྱིལ་བ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ནི། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཉི་མའི་དཀྱིལ་འཁོར། འདབ་མ་བརྒྱད་དང་སྒོ་བཞིར་ཟླ་བའི་གདན། དབུས་ཀྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ནག་པོ། ནག་དཀར་དམར་བའི་ཞལ་གསུམ་མཆེ་བ་གཙིགས་པ། རབ་ཏུ་གཏུམ་པའི་མིག་སེར་ཞིང་སྨིན་མ་སེར་བ། སྤུ་གྱེན་དུ་འབར་བའི་སྤྱི་བོར་རྡོ་རྗེ་བདུད་རྩིའི་པོ་ཏིས་མཚན་པ། གསུས་པ་འཕྱང་ཞིང་བོངས་ཐུང་བ། ཞབས་གཡོན་


CMR020_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པས་བགེགས་ཀྱི་རྒྱལ་པོ་མཉམ་པར་མནན་པ། ཕྱག་དྲུག་གི་གཡས་ན་སྟ་རེ་རལ་གྲི་རྡོ་རྗེ། གཡོན་པས་སྡིགས་མཛུབ་དང་གཏུན་ཤིང་ཞགས་པ་འཛིན་པའོ། །ཨ་འདབ་མ་བརྒྱད་ལ། ཤར་དུ་རྡོ་རྗེ་བདུད་རྩི་མ་སྔོན་མོ། སྔོ་དཀར་དམར་བའི་ཞལ་གསུམ།་ཕྱག་དྲུག་གི་གཡས་ན་པདྨ་བདུད་རྩིའི་སྣོད་རྡོ་རྗེ། གཡོན་ན་སྟ་རེ་ཞགས་པ་སྡིགས་མཛུབ་བོ། །ལྷོར་བདུད་རྩིའི་ཞལ་མ་ལྗང་གུ། ལྗང་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་པདྨ་མེ་ལོང་ཙཱ་ར། གཡོན་ན་ཞུགས་པ་གཏུན་ཤིང་སྡིགས་མཛུབ་བོ། །ནུབ་ཏུ་བདུད་རྩིའི་ལུས་ཅན་མ་སྔོན་མོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ན་པདྨ་དང་། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སངས་རྒྱས་ཀྱི་སྐུ་གཟུགས་དང་རལ་གྲི། གཡོན་ན་སྔ་རེ་དང་ཞགས་པ་སྡིགས་མཛུབ་བོ། །བྱང་དུ་བདུད་རྩིའི་སྤྱན་མ་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་པདྨས་མཚན་པའི་སྤྱན་དང་ཟླ་བ་རལ་གྲི། གཡོན་ན་སཱུ་རེ་ཞགས་པ་སྡིགས་མཛུབ་བོ། །མེར་ཨ་མེ་ཡ་ལྗང་གུ། ལྗང་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་


CMR020_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རལ་གྲི་གཏུན་ཤིང་། གཡོན་ན་ཞོགས་པ་སྣ་རེ་སྡིགས་མཛུབ། བདེན་བྲལ་དུ་གཟུགས་བཟང་མ་སེར་མོ། སེར་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་པདྨ་རྡོ་རྗེ་རལ་གྲི། གཡོན་ན་སྟ་རེ་ཞགས་པ་སྡིགས་མཛུབ་བོ། །རླུང་དུ་མཛེས་པའི་གཟུགས་ཅན་མ་སེར་སྐྱ། སེར་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་པདྨ་རྡོ་རྗེ་རལ་གྲི། གཡོན་ན་ཞགས་པ་སྣ་རེ་སྡིགས་མཛུབ་བོ། །དབང་ལྡན་དུ་བདེན་སྒྲུབ་མ་དམར་མོ།། དམར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་པདྨ་ཚོརལ་གྲི་སྟ་རེ། གཡོན་ན་ཞགས་པ་གཏུན་ཤིང་སྡིགས་མཛུབ་བོ། །ཕྱོགས་ཀྱི་ལྷ་མོ་རྣམས་ཅུང་ཟད་བཞད་པ། མཚམས་ཀྱི་ལྷ་མོ་རྣམས་ཤིན་ཏུ་བཞད་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་དམར་མོ། དམར་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་ལྕགས་ཀྱུ་རལ་གྲི་རྡོ་རྗེ། གཡོན་ན་གཏུན་ཤིང་སཱུ་རེ་སྡིགས་མཛུབ་བོ། །ལྷོ་སྒོར་ཞགས་པ་མ་སེར་མོ། སེར་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་ཞགས་པ་རལ་གྲི་རྡོ་རྗེ། གཡོན་ན་གཏུན་ཤིང་སྟ་རེ་སྡིགས་མཛུབ་བོ། །ནུབ་སྒོར་ལྕགས་སྒྲོག་མ་


CMR020_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་ལྕགས་སྒྲོག་རལ་གྲི་སྟ་རེ། གཡོན་ན་གཏུན་ཤིང་རྡོ་རྗེ་སྡིགས་མཛུབ་བོ། །བྱང་སྒོར་དྲིལ་བུ་མ་ལྗང་གུ། ལྗང་དཀར་ནག་པའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་དྲིལ་བུ་རྡོ་རྗེ་རལ་གྲི། གཡོན་ན་སཱུ་རེ་གཏུན་ཤིང་སྡིགས་མཛུབ་བོ། །སྒོ་སྐྱོང་རྣམས་ནི་ཞལ་རྣམ་པར་འགྱུར་ཞིང་། མཆེ་བ་གཙིགས་པ། སྐྱ་སེར་པོ་གྱེན་དུ་སྒྲེང་བ། པདྨ་དང་ཟླ་བའི་གདན་ལ་འགྱིང་བག་གིས་བཞུགས་པ། དཀྱིལ་འཁོར་པ་ཐམས་ཅད་ཁྲོས་པའི་གཟུགས་ཅན། རྒྱན་སྣ་ཚོགས་དང་ལྡན་པ། སྤྱི་བོར་རྡོ་རྗེ་བདུད་རྩིའི་པོ་ཏིའི་ཅོད་པན་ཅན། འོད་དམར་པོ་འབར་བའི་དབུས་ན་བཞུགས་པའོ། །ས་བོན་ནི། ཧཱུྃ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཨཱཿ་ཨོཾ་་་་མི་ཡང་སྣང་། སྭ་ཧཱ། ཞེས་པ་ལྷ་ཐམས་ཅད་ཀྱི་རྩ་བའི་སྔགས་སོ། །ཨོཾ་ཨཱཿཿཧཱུྃ་སྭཱ་ཧཱ། སྔགས་འདི་དྲི་མེད་བཟང་པོའི་བཞེད་རྒྱུད་དང་མཐུན།། ༈ །།བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ནི། དེ་ལྟ་བུའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཆོས་འབྱུང་གྲུ་གསུམ་དཀར་པོ་ཤིན་ཏུ་ཡངས་པའི་ནང་དུ། སྣ་ཚོགས་


CMR020_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་བཞུགས་ནས་གཞལ་ཡས་ཁང་པ། གྲུ་བཞི་པ། སྒོ་བཞི་པ༔ རིན་པོ་ཆེའི་རྩིག་པ་ནི་ནང་ནས་རིམ་པ་བཞིན། སྔོན་པོ་ལྗང་གུ་དམར་པོ་སེར་པོ་དཀར་པོ་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞི་ཡི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲི་བ་དང་དྲ་བ་ཕྱེད་པ་དང་དྲིལ་བུ་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་


CMR020_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ཕྱིའི་རྡོ་རྗེ་མེ་རིའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་ཤར་སྔོ། བྱང་དཀར། ནུབ་སེར། ལྷོ་དམར། དབུས་སྔོ་བའི་ལྷ་སྣམ་གྱི་དབུས་སུ། འཁོར་ལོ་རྩིབས་བརྒྱུད་པ་དཀར་པོ། དེའི་ནང་དུ་འཁོར་ལོ་རྩིབས་བརྒྱད་པ་དམར་པོ། དེའི་ནང་དུ་འཁོར་ལོ་རྩིབས་བརྒྱད་པ་སྔོན་པོ། དེའི་ལྟེ་བར་རོ་དང་ཉི་མའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་སངས་རྒྱས་ཐོད་པ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་ཌ་མ་རུ་དང་གྲི་གུག །གཡོན་གཉིས་ན་ཐོད་པ་དང་ཁ་ཊཾ་ག་འཛིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་


CMR020_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་དང་ལྡན་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། གླང་པོ་ཆེའི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ། གཡས་བརྐྱང་གི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། དེའི་པང་ན་ཤེས་རབ་མ་སྣ་ཚོགས་བདེ་མ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། གཡས་གྲི་གུག་དང་། གཡོན་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་པ་ནས་མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་༄༅མེ་འབར་བའི་དབུས་ན་བཞུགས་པ། དེའི་ཤར་དུ་ལེགས་ཕྲེང་ཅན་མ། བྱང་དུ་ཐོད་པ་ཅན་མ། ནུབ་ཏུ་འཇིགས་བྱེད་མ། ལྷོར་མི་ཐུབ་མ། མཚམས་བཞིར་ཐོད་པ་བདུད་རྩིས་གང་བ་བཞི་གནས་པའི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་སྔོན་པོས་བསྐོར་བ། དེའི་ཕྱི་རོལ་དུ་ཤར་དུ་དགེ་བའི་སྐེ་རགས་མ། བྱང་དུ་གཟུགས་ཅན་མ། ནུབ་ཏུ་རྣམ་རྒྱལ་མ། 


CMR020_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོར་འོད་ཅན་མ། དབང་ལྡན་དུ་དུས་ཅན་མ། མེར་མཚོན་ཅན་མ། བདེན་བྲལ་དུ་བྱེད་མ། རླུང་དུ་གསོད་མ་རྣམས་གནས་པའི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་དམར་པོས་བསྐོར་བ། དེའི་ཕྱི་རོལ་གྱི་ཤར་དུ་སྒྲོལ་མ། བྱང་དུ་འཇིགས་མཐོང་མ། ནུབ་ཏུ་ལེགས་མཐོང་མ། ལྷོར་ཐུབ་དཀའ་མ། དབང་ལྡན་དུ་དགའ་མ། མེར་གྲིབ་ནོན་མ། བདེན་བྲལ་དུ་དུས་མཚན་མ། རླུང་དུ་གྲགས་ཆེན་མ་རྣམས་གཡོན་བརྐྱང་གི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པའི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་དཀར་པོས་བསྐོར་བ། ཤར་སྒོར་མཛེས་མ། བྱང་སྒོར་ནོར་འཛིན་མ། ནུབ་སྒོར་སྐལ་བཟང་མ། ལྷོ་སྒོར་མཐོང་བ་ཡིད་འོང་མ་རྣམས་ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། །ལྷ་མོ་ཐམས་ཅད་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། མཆེ་བ་ཅུང་ཟད་གཙིགས་པ། གཡས་པ་རྣམས་ཀྱིས་གྲི་གུག་དང་། གཡོན་པ་རྣམས་ཀྱིས་ཐོད་པ་འཛིན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ། ཕྱག་རྒྱ་ལྔས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཉི་མའི་གདན་


CMR020_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་པའོ། །མི་བསྐྱོད་པས་དབུ་བརྒྱན། ས་བོན་ཧཱུཾ། ཨོཾ་བུདྡྷ་ཀ་པཱ་ལཱི་ནི་ཧི་ཧེཧཱུྃ་ཕཊ༔ སྙིང་པོ་ལས་སྔགས་གཉིས་ཀའོ།། ༈ །།བཅོམ་ལྡན་འདས་ཐོད་པ་ལྷ་དགུའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ནི། གོང་གི་གཞལ་ཡས་ཁང་གི། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། རོ་དང་ཉི་མའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་སངས་རྒྱས་ཐོད་པ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་གཉིས་ན་ཌཱ་མ་རུ་དང་གྲི་གུག །གཡོན་གཉིས་ན་ཐོད་པ་དང་ཁ་ཊཾ་ག་འཛིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་དང་ལྡན་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་།་རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་སྤྲས་པ། གླང་པོ་ཆེའི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་གཡས་བརྐྱང་གིས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །འདབ་མ་བརྒྱད་ལ་ཤར་དུ་སྣ་ཚོགས་བདེ་མ། བྱང་དུ་འདོད་མ། ནུབ་ཏུ་ས་འོག་ན་གནས་མ། ལྷོར་ལེགས་མོ་རྣམས་སྐུ་


CMR020_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྔོན་མོ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་བཞུགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དབང་ལྡན་དུ་ཆང་ཚོང་མ། མེར་འབྱུང་མོ་བདེན་བྲལ་དུ་ཕྱག་བཞི་མ། རླུང་དུ་ནམ་མཁའ་ལ་གནས་པ་རྣམས་སྐུ་མདོག་སེར་མོ། ན་བཟའ་སེར་པོ་ཅན། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམས་པས་བཞུགས་པ་ཀླུ་བརྒྱད་ཀྱིས་བརྒྱན་པ། བརྒྱད་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ། སྤྱན་གསུམ་དང་ལྡན་པ། གཡས་གཉིས་ཀྱིས་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ཀྱིས་ཁཊཾ་དང་ཐོད་པ་འཛིན་པ། མཆེ་བ་ཅུང་ཟད་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཕྱག་རྒྱ་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །རིགས་བདག་དང་ས་བོན་དང་སྔགས་རྣམས་སངས་རྒྱས་ཐོད་པ་གོང་དང་འདྲའོ།། །།མ་ཧཱ་མཱ་ཡའི་དཀྱིལ་འཁོར་ནི། རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་དབུས་སུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་


CMR020_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་གནས་གཞལ་ཡས་ཁང་པ། གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནི་ནང་ནས་རིམ་བཞིན། སྔོ་ལྗང་དམར་སེར་ནག་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་། དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིས་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུང་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་


CMR020_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ཕྱི་ཡི་རྡོ་རྗེ་མེ་རིའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་། ཤར་ནག །ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སྔོ་བའི་དབུས་སུ། པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་སྒྱུ་མ་ཆེན་པོ་ཧེ་རུ་ཀ །སྐུ་མདོག་སྔོན་མོ་ཞལ་བཞི་ཕྱག་བཞི་པ། རྩ་བའི་ཞལ་སྔོ་། གཡས་སེར་གཡོན་རྫོང་། རྒྱབ་ཞལ་དཀར་བ། ཞལ་རེ་རེ་ལའང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་དང་པོས་ཐོད་པ་དང་། གཡོན་དང་པོས་ཁཊཾ་ག་འཛིན་པས་རང་དང་འདྲ་བའི་ཡུམ་སངས་རྒྱས་མཁའ་འགྲོ་མ་དམར་མོ་ལ་འཁྱུད་པ། གཡས་འོག་མས་མདའ་དང་། །


CMR020_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་འོག་མས་གཞུ་འཛིན་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་བརྒྱན་པ། མིའི་པགས་པའི་ན་བཟའ་འཛིན་པ། འོད་ཟེར་དམར་པོ་འཕྲོ་བ། གཡོན་བརྐྱང་གི་བརླ་ལ་གཡས་པའི་སོར་མོ་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། ཤར་གྱི་འདབ་མར་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ། རྩ་ཞལ་སྔོ། གཡས་སེར། གཡོན་ལྗང་། རྒྱབ་ཞལ་དཀར་བ། གཡས་གཉིས་ན་རྡོ་རྗེ་དང་ཐོད་པ། གཡོན་གཉིས་ན་དྲིལ་བུ་དང་ཁཊཾ་ག་འཛིན་པ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། རྩ་ཞལ་སེར་བ། གཡས་སྔོ། གཡོན་ལྗང་བ། རྒྱབ་ཞལ་དཀར་བ། གཡས་གཉིས་ན་རིན་པོ་ཆེའི་པ་ཏྲ་དང་ཏྲི་ཤུ་ལ། གཡོན་གཉིས་ན་ལྕེ་སྤྱང་དང་བ་དན་འཛིན་པ། ནུབ་ཏུ་པདྨ་མཁའ་འགྲོ་མ་དཀར་མོ། རྩ་བའི་ཞལ་དཀར། གཡས་སེར། གཡོན་ལྗང་། རྒྱབ་ཞལ་སྔོ་བ། གཡས་གཉིས་ན་སྣ་ཚོགས་པདྨ་དང་མདའ་། གཡོན་གཉིས་ན་ཐོད་པ་དང་གཞུ་འཛིན་པ། བྱང་དུ་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ། རྩ་ཞལ་ལྗང་། གཡས་སེར། གཡོན་སྔོ། རྒྱབ་ཞལ་དཀར་བ།


CMR020_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཉིས་ན་རལ་གྲི་དང་ཌཱ་མ་རུ། གཡོན་གཉིས་ན་ཞགས་པ་དང་ཐོད་པ་འཛིན་པ། བཞི་ཀའང་ཞལ་བཞི་ཕྱག་བཞི་མ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཐོད་པའི་ཕྲེང་བའི་ཅོད་པན་དང་། ཕྱག་རྒྱ་ལྔས་བརྒྱན་པ། འོད་ཟེར་དཀར་པོ་འཕྲོ་བ། ཟླ་བའི་གདན་ལ་གཡོན་བརྐྱང་བའི་བརླ་ལ་གཡས་པའི་སོར་མོ་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །མཚམས་བཞིར་བུམ་པ་ལ་གནས་པའི་ཐོད་པ་བདུད་རྩིས་གང་བ་བཞིས་ཁ་བརྒྱན་པའོ། །རིགས་བདག་མི་བསྐྱོད་པ། །ས་བོན་ཧཱུཾ་སྔོན་པོ། སྙིང་པོ་ནི། ཨོཾ་ཧཱུྃ་ཧཱུྃ། ལས་སྔགས། ཨོཾ་ཧ་ཧཱུཾ།། ༈ དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནི། རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཁོར་ལོ་སེར་པོ་རྩིབས་བཅུ་པ། གཡས་སྐོར་དུ་འགྲོ་བ་མི་མངོན་པར་མགྱོགས་པར་འཁོར་བ། དེའི་རྩིབས་བཅུ་ལ། ཤར་དུ་བགེགས་མཐར་བྱེད་ནག་པོ། ནག་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རལ་གྲི་དང་། གྲི་གུག་རྩེ་གསུམ། གཡོན་ན་ཕུབ་དང་ཐོད་པ་དང་ཁཊཾ་ག་དཀར་པོ་འཛིན་པ། ལྷོར་


CMR020_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་མཐར་བྱེད་དམར་པོ། དམར་དཀར་ནག་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་མེའི་མདའ་རྡོ་རྗེ་ལྕགས་ཀྱུ་སྒྲ་དང་བཅས་པའི་ཅང་ཏེའུ། གཡོན་ན་གཞུ་རྡོ་རྗེ་ཞགས་པ་རིན་པོ་ཆེ་ཆ་དགུ་པ་འཛིན་པ། བྱང་དུ་པདྨ་མཐར་བྱེད་དཀར་པོ། དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་ཐོ་བ་དང་མདུང་རྩེ་གསུམ། གཡོན་ན་པད་དཀར་འདབ་བརྒྱད་མེ་ལོང་བགྲང་ཕྲེང་འཛིན་པ། ནུབ་ཏུ་གཤིན་རྗེ་མཐར་བྱེད་སེར་པོ། སེར་དཀར་ནག་པའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་འཁོར་ལོ་དང་དབྱུག་པ་དང་འཇིགས་བྱེད་རྡོ་རྗེ། གཡོན་ན་དུང་རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་འཛིན་པ། ཤར་ལྷོར་དབྱུག་སྔོན་ཅན་ནག་པོ། ཞལ་གཅིག །ཕྱག་བཞི་པ། གཡས་གཉིས་ན་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ན་ཕུབ་དང་སྦྲུལ་ཞགས་འཛིན་པ། ལྷོ་ནུབ་ཏུ་འདོད་རྒྱལ་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་མདའ་དང་ལྕགས་ཀྱུ། གཡོན་གཉིས་ན་གཞུ་དང་ཞགས་པ་འཛིན་པ། བྱང་ཤར་དུ་མི་གཡོ་བ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ་གཡས་གཉིས་ན་ཐོ་བ་དང་མདུང་། གཡོན་གཉིས་ན་པདྨ་དང་མེ་ལོང་འཛིན་པ།


CMR020_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་དུ་སྟོབས་པོ་ཆེ་སེར་པོ། ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་འཁོར་ལོ་དང་དབྱུག་པ། གཡོན་གཉིས་ན་དུང་དང་རིན་པོ་ཆེ་འཛིན་པ། །སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་ལྗང་གུ། ལྗང་དམར་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་པ་རྣམས་ན་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ། གཡོན་པ་རྣམས་ན་དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་པ། འོག་གི་རྩིབས་ལ་གནོད་མཛེས་སྔོན་པོ། སྔོ་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་པ་རྣམས་ན་རྡོ་རྗེ་དང་གྲི་གུག་དང་དགྲ་སྟ། གཡོན་པ་རྣམས་ན་དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་པ། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྦྲུལ་རྒྱན་དང་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། གཡས་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། །འཁོར་ལོ་ཡང་རྒྱུན་མི་འཆད་པར་དྲག་ཏུ་འཁོར་བས་བརྟན་པར་གནས་པ་ལྟ་བུ། འབར་བའི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། དེ་ལྟ་བུའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། 


CMR020_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ཁམས་མཐའ་ཡས་པའི་རང་བཞིན་གྱི་ཆོས་འབྱུང་གི་ནང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པར་ཐད་ཀར་དཔག་ཚད་འབུམ་ཕྲག་བཞི་པ། །སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ། སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་བཀྲ་ཤིས་ཀྱིས་མཚན་པ། དེའི་སྟེང་དུ་ཁཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ། སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པ་པདྨས་མཚན་པ། དེའི་སྟེང་དུ་པཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ། སྟེང་འོག་ཏུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་བཅས་པའི་རྡོ་རྗེས་མཚན་པ། རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་ཀའང་ཕྱི་དབྱིབས་ཟླུམ་པོ་ལ། ནང་དབྱིབས་གཞུའི་དབྱིབས་ཅན་སོགས་སུ་འདོད་དོ། །དེའི་སྟེང་དུ་མི་ལས་ལྷུན་པོ་ཆེན་པོ་རྡོ་རྗེའི་རང་བཞིན་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་དྲུག་ཅུ་དང་། སྟེང་


CMR020_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྟོང་ཕྲག་ལྔ་བཅུ་པ། དེའི་དབུས་སུ་ཀྵ་ལས་སྣ་ཚོགས་པདྨ་རི་རབ་ཀྱི་ཕྱེད་དང་མཉམ་པའི་སུམ་ཆའི་ལྟེ་བ་ལ་ཡོད་ཅིང་། ལྟེ་བའི་སྟེང་དུ་ཧཱུྃ་ལས་ཟླ་བའི་རྗེ་དཀྱིལ་འཁོར་ལྟེ་བ་དང་མཉམ་པ། དེའི་སྟེང་དུ་ཚེག་དྲག་ལས་ཉི་མའི་དཀྱིལ་འཁོར་ཟླ་བ་དང་མཉམ་པ། དེའི་སྟེང་དུ་ཐིག་ལེ་ནཱ་ད་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་སྔོན་པོ་ཉི་མ་དང་མཉམ་པ། འདིར་འབྱུང་བཞི་སྔ་མ་གྱུར་པ་ལས་འབྱུང་བཞི་ཕྱི་མ་བསྐྱེད་པ་ནི། དེ་ཡང་ཕྱི་རོལ་དུ་སྣོད་ཀྱི་འཇིག་རྟེན་དང་པོ་ཞིག་ནས་དེ་ནས་ཕྱི་མ་ཆགས་པ་དང་སྒོ་བསྟུན་ལ། རྣལ་འབྱོར་པ་རང་ཉིད་སྐྱེ་བ་སྔ་མ་ཤི་ནས་སྐྱེ་བ་ཕྱི་མ་སྐྱེ་བ་དང་སྒོ་བསྟུན་པ་ཡིན་གསུངས་སོ། །དེ་རྣམས་རོ་གཅིག་ཏུ་འདྲེས་པ་ལས་ཧཱུྃ་གིས་ཡི་གེ །དེ་ལས་གྲུབ་པའི་འཇིག་རྟེན་ཁམས་རླུང་ནས་སྒྲ་གཅན་བར་སྔ་མ་བཞིན་བསྐྱེད་ལ། དེའི་སྟེང་དུ་ཧཱུྃ་ཡིག་ལས་སྐྱེས་པའི་རྡོ་རྗེའི་གུར་གྱི་ནང་དུ་རྡོ་རྗེའི་ས་གཞི་ལ། ཨོཾ་ཡིག་ཡོངས་སུ་གྱུར་པ་ལས། སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ནོར་བུའི་འོད་ཟེར་འཕྲོ་བ་ཅན་ཏེ། སྐུ་དང་གསུང་གི་དཀྱིལ་འཁོར་གྱི་ཕྱི་ནས་རིམ་པ་བཞིན། སེར་དཀར་དམར་ནག་ལྗང་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། ཐུགས་ཀྱི་དཀྱིལ་འཁོར་གྱི་ཕྱི་ནས་ནག་དམར་དཀར་


CMR020_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩིག་པ་རིམ་གསུམ་དང་ལྡན་པ། གསུམ་ཀའང་གྲུབ་བཞི་པ་སྒོ་བཞི་པ། ནོར་བུ་གསེར་གྱི་རང་བཞིན་གྱི་རྟ་བབས་བཞིས་བརྒྱན་པ། རྟ་བབས་སོ་སོ་ལ་ཀ་བ་བཞིའི་བར་དུ་ཝཱ།ལྷ་མོའི་གནས་གསུམ་གསུམ་དང་ལྡན་པའི་བརྩེགས་མ་གསུམ་པ། བརྩེགས་མ་འོག་མ་ལ་གླང་པོ་ཆེའི་མགོར་སེང་གེས་མནན་པ། བར་མ་དང་། སྟེང་མ་ཤཱ་ལ་བྷཉྩི་ཀས་སྣམ་བུ་བཏེག་པ། སྣམ་བུ་སོ་སོའི་རྩེ་མོར་རྒྱལ་མཚན་བསྒྲེངས་བ་རྔ་ཡབ་དང་། མེ་ལོང་དང་དྲིལ་བུ་དང་བ་དན་དཀར་པོ་རྣམས་འཕྱང་བ། སྟེང་དུ་ཧར་མི། དེའི་སྟེང་དུ་དབུས་སུ་བུམ་པ་དང་། གཡས་གཡོན་དུ་རྒྱལ་མཚན་དང་། ཀ་བའི་གཤམ་ནས་མྱོས་པ་སྲུང་བའི་སྣམ་བུ་དམར་པོས་བསྐོར་བའོ། །སྐུའི་རྟ་བབས་ཀྱི་རྩེག་འོག་མའི་དབུས་སུ། ཤར་དུ་ཧཱུྃ་ལས་ཆོས་འཁོར་ནག་པོའི་གཡས་གཡོན་དུ་རི་དྭགས་ཕོ་མོ། ལྷོར་ཨ་ལས་བུམ་པ་བཟང་པོ་དམར་པོ། གཡས་གཡོན་དུ་དུང་དང་པདྨ། བྱང་དུ་ཨོཾ་ལས་རྔ་བོ་ཆེ་དཀར་པོ། གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བ། ནུབ་ཏུ་ཧོཿལས་བྱང་ཆུབ་ཀྱི་ཤིང་སེར་པོ། གཡས་གཡོན་དུ་མིའམ་ཅི་ཕོ་མོའོ། །བརྩེགས་པ་སོ་སོའི་སྟེང་དུ་རིན་པོ་ཆེའི་སྣམ་


CMR020_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དམར་པོ། རིན་པོ་ཆེའི་འཆིང་བ་རྣམ་པར་བཀྲ་བ། དེའི་སྟེང་དུ་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་། མེ་ལོང་དང་། རྔ་ཡབ་དང་། དྲིལ་བུ་དང་ཟླ་བ་ཕྱེད་པ་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་འཕྱང་བའི་བ་ཀུ་ལི་དཀར་པོ་དང་། དེའི་སྟེང་དུ་ཀྲ་མ་ཤིར་ཥ་པདྨའི་འདབ་མ་ཕྱེད་པའི་དབྱིབས་ཀྱིས་བསྐོར་བའི་བར་བར་དུ་རྒྱལ་མཚན་དང་། བ་དན་ལ་སོགས་པས་མཛེས་པར་བྱས་པ། འདོད་ཡོན་གྱི་སྣམ་བུ་དཀར་པོས་འགྲམ་སྟེགས་ཀྱི་རྣམ་པར་བསྐོར་ཞིང་། སྒོ་ཁྱུད་དང་ཀ་བའི་མཚམས་སུ་རིན་པོ་ཆེས་སྤྲས་པ། ཟུར་བཞིར་སྣ་ཚོགས་རྡོ་རྗེས་བརྒྱན་པ། རྩིག་པའི་ནང་དུ་རྩིག་པ་ལ་མ་རེག་པའི་སྣམ་བུ་དཀར་པོ་ཐོག་དང་བཅས་པ། ཐུགས་ཀྱི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་རྡོ་རྗེའི་ཕྲེང་བ་ལྗང་གུས་བསྐོར་ཞིང་། ཤར་དུ་རལ་གྲི་ནག་པོ། ལྷོར་རིན་ཆེན་དམར་པོ། བྱང་དུ་པདྨ་དཀར་པོ། ནུབ་ཏུ་འཁོར་ལོ་སེར་པོས་སྤྲས་པའི་ཟུར་བཞིར་ཀ་བ་ནག་པོ་བཅུ་དྲུག་དང་ལྡན་པ། དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་རྡོ་རྗེའི་ཕྲེང་བ་ནག་པོས་བསྐོར་བའི་ནང་དུ་གཙོ་བོའི་པདྨ་ལྗང་


CMR020_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གུའོ།་།ཐུགས་དཀྱིལ་དུ་ཨོཾ་ལས་པདྨ་ཟླ་ཉིའི་གདན་དང་བཅས་པ། གཙོ་བོའི་པདྨའི་ལྟེ་བར་ཨཾ་ཨཱཿཿཨ་ལས་ཟླ་བ་དང་། ཉི་མ་དང་སྒྲ་གཅན་གྱི་གདན་ལ། གཞན་རྣམས་ལ་ཨ་ལས་ཟླ་བ་དང་། རཾ་ལས་ཉི་མའི་གདན། གསུང་དང་སྐུའི་པདྨ་རྣམས་སོ་ལས་སྲོག་ཆགས་དང་། ཤིང་རྟ་དང་། འཁོར་ལོ་ལ་སོགས་ཀྱང་རང་རང་གི་མིང་ཡིག་དང་པོ་ལས་བྱུང་། ཕྱི་རོལ་ན་མཆོད་པའི་ས་ལ་པདྨ་བུམ་སོགས་མཆོད་རྫས་དུ་མས་གང་བ། གཞལ་ཡས་ཁང་གི་ས་གཞི་དང་། སྟེང་འོག་ཐམས་ཅད་ཀྱི་དབུས་སྔོ། ཤར་ནག ། ལྷོ་དམར། བྱང་དཀར། ནུབ་སེར་བ། ཕྱི་ནས་ས་ཆུ་མེ་རླུང་གི་འཁོར་ཡུག་བཞིས་བསྐོར་བའི་སའི་དཀྱིལ་འཁོར་གྱི་དབང་ལྡན་གྱི་མཚམས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར་འཆར་བཞིན་པ་དང་། བདེན་བྲལ་མཚམས་སུ་ཨོཾ་ལས་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པ། མེ་དང་རླུང་གི་དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནམ་མཁའི་འཁོར་ཡུག་ལ་རྡོ་རྗེའི་རྭ་བ་དང་། དེའི་ཕྱི་རོལ་དུ་འོད་ཟེར་འབར་བས་བསྐོར་བའོ། །དེའི་དབུས་སུ་ཟླ་ཉི་སྒྲ་གཅན་གྱི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་


CMR020_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། སྐུ་མདོག་སྔོན་པོ་དབུས་ཀྱི་མགྲིན་པ་སྔོན་པོ། གཡས་པ་དམར་པོ། གཡོན་པ་དཀར་པོ་སྟེ། མགྲིན་པ་གསུམ་པ་དང་ལྡན་པ། རྩ་ཞལ་ནག་པོ་དྲག་ཅིང་མཆེ་བ་གཙིགས་པ། གཡས་ཞལ་དམར་པོ་ཆགས་དང་བཅས་པ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། ཞལ་རེ་རེ་ལ་སྤྱན་གསུམ་དང་ལྡན་པ། རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་། ཟླ་བ་ཕྱེད་པ་དང་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། །རྡོ་རྗེ་ནོར་བུ་དང་། རྡོ་རྗེ་རྣ་རྒྱན་དང་། རྡོ་རྗེ་མགུལ་རྒྱན་དང་། རྡོ་རྗེ་གདུ་བུ་དང་། རྡོ་རྗེ་སྐ་རགས་དང་། རྡོ་རྗེ་རྐང་གདུབ་དང་། རྡོ་རྗེ་དར་དཔྱངས་དང་། རྡོ་རྗེ་ཕྲེང་བ་དང་། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། གཡས་གཡོན་གྱི་ཕྲག་པ་དང་པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ། ཕྲག་པ་དྲུག །དཔུང་པ་བཅུ་གཉིས། ཕྱག་ཉི་ཤུ་རྩ་བཞིའི་དང་པོ་བཞི་བཞི་ནག་པོ། གཉིས་པ་བཞི་བཞི་དམར་པོ། གསུམ་པ་བཞི་བཞི་དཀར་པོ། ཕྱག་ཐམས་ཅད་ཀྱི་མཐེ་བོང་སེར་པོ། མཛུབ་མོ་


CMR020_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ། གུང་མོ་དམར་པོ། མིང་མེད་ནག་པོ། མཐེའུ་ཆུང་ལྗང་གུ། སོར་མོ་རྣམས་ཀྱི་ཚིགས་ཀྱི་ཕྲེང་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ། སོར་གདུབ་རྣམས་ཀྱིས་མཛེས་ཤིང་འོད་འཕྲོ་བ། གཡས་ཀྱི་ཕྱག་ནག་པོ་བཞིའི་དང་པོར་རྡོ་རྗེ། གཉིས་པར་རལ་གྲི། གསུམ་པར་རྩེ་གསུམ། བཞི་པར་གྲི་གུག །དམར་པོ་བཞིའི་དང་པོར་མེའི་མདའ། གཉིས་པར་རྡོ་རྗེ་ལྕགས་ཀྱུ། གསུམ་པར་སྒྲ་དང་བཅས་པའི་ཌ་མ་རུ། བཞི་པར་ཐོ་བ། དཀར་པོ་བཞིའི་དང་པོར་འཁོར་ལོ། གཉིས་པར་མདུང་། གསུམ་པར་དབྱུག་པ། བཞི་པར་དགྲ་སྟ། གཡོན་གྱི་ནག་པོ་བཞིའི་དང་པོར་དྲིལ་བུ། གཉིས་པར་ཕུབ། གསུམ་པར་ཁཊཾ་ག་རྣམ་པར་རྒྱས་པ། བཞི་པར་ཁྲག་གིས་གང་བའི་ཐོད་པ། དམར་པོ་བཞིའི་དང་པོར་གཞུ། གཉིས་པར་རྡོ་རྗེ་ཞགས་པ། གསུམ་པར་རིན་པོ་ཆེ། བཞི་པར་པདྨ་དཀར་པོ་འདབ་མ་བརྒྱད་པ། དཀར་པོ་བཞིའི་དང་པོར་དུང་། གཉིས་པར་མེ་ལོང་། གསུམ་པ་རྡོ་རྗེ་ལྕགས་སྒྲོག །བཞི་པར་ཚངས་པའི་མགོ་གདོང་བཞི་པ་པདྨས་སྤྲས་པ་འཛིན་པ། ཤིན་ཏུ་རོལ་པའི་གཡས་བརྐྱང་


CMR020_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟབས་ཀྱིས་བཞུགས་པའི་ཞབས་གཡས་པ་དམར་པོའི་འོག་ཏུ་འདོད་ལྷ་དམར་པོ་གདོང་གཅིག་པ། ལག་པ་བཞི་པ།་ལག་ན་མེ་ཏོག་གི་མདའ་ལྔ་དང་གཞུ། ཞགས་པ་དང་ལྕགས་ཀྱུ་འཛིན་པ། གཡོན་པ་དཀར་པོའི་འོག་ཏུ་དྲག་པོ་དཀར་པོ་གདོང་གཅིག་པ། མིག་གསུམ་པ། ལག་པ་བཞི་པ། རྩེ་གསུམ་དང་། ཌཱ་མ་རུ་དང་། ཐོད་པ་དང་། ཁཊཾ་ག་འཛིན་པ། བདུད་དང་དྲག་པོའི་ལྷ་མོ་དགའ་མ་དང་། ཨུ་མས་ཞབས་ཀྱི་མཐིལ་ལ་འཛིན་ཅིང་། གདོང་དམན་པར་བྱེད་བཞིན་པ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་ཡུམ་ལ་འཁྱུད་པའི་སྣ་ཚོགས་ཡུམ་གསེར་མདོག་ཅན། གཡས་བསྐོར་གྱིས་སེར་དཀར་སྔོ་དམར་བའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་|ལྡན་པ། ཕྱག་བརྒྱད་ཀྱི་གཡས་པ་རྣམས་ན། གྲི་གུག་དང་ལྕགས་ཀྱུ་སྒྲ་དང་བཅས་པའི་ཌཱ་མ་རུ་བགྲང་ཕྲེང་། གཡོན་པ་རྣམས་ན། ཐོད་པ་དང་ཞགས་པ་པདྨ་དཀར་པོ་འདབ་མ་བརྒྱད་པ་རིན་པོ་ཆེ་རྣམས་བསྣམས་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། ཕྱག་རྒྱ་ལྔས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཅོམ་ལྡན་འདས་དང་སྙོམས་པར་


CMR020_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པས་གནས་པ། ཤར་གྱི་པད་འདབ་ལ་ནག་མོ་འབར་མ་ནག་མོ། ནག་དམར་སེར་དཀར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་ན། སྤོས། །ཙནྡན། གུར་གུམ། ག་པུར་དང་། གླ་རྩི་སྦྱར་བའི་སྣོད། གཡོན་དྲིལ་བུ་པདྨ་ལྷའི་ཤིང་གི་མེ་ཏོག །མེ་ཏོག་སྣ་ཚོགས་པའི་ཕྲེང་བ་འཛིན་པ། ལྷོར་དམར་མོ་འབར་མ་དམར་མོ། དམར་སེར་དཀར་སྔོ་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་ན་མར་མེ། དོ་ཤལ། ཅོད་པན། གདུ་བུ། གཡོན་ན་གོས། སྐ་རགས། རྣ་རྒྱན། རྐང་གདུབ་འཛིན་པ་། བྱང་དུ་དཀར་མོ་འབར་མ་དཀར་མོ། དཀར་ནག་དམར་སེར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་ན་འོ་མ། ཆུ། མཆོག་གི་སྨན། ཆང་གི་སྣོད། གཡོན་ན་བདུད་རྩི། གྲུབ་པའི་རོ། བདུད་རྩིའི་འབྲས་བུ། ཟན་གྱི་སྣོད་འཛིན་པ། ནུབ་ཏུ་སེར་མོ་འབར་མ་སེར་མོ། སེར་དཀར་སྔོ་དམར་བའི་ཞལ་བཞི། ཕྱག་བརྒྱད་ཀྱི་གཡས་ན་དུང་། གླིང་བུ། ནོར་བུ། ཌཱ་མ་རུ། གཡོན་ན་པི་ཝང་། རྔ། སྒྲ་སྒྲོགས་པའི་འཁར་རྔ། ཟངས་དུང་འཛིན་པ། མེར་དུ་བ་མ་ནག་མོ་འབར་མ་ལྟ་བུ། ཕྱག་ན་


CMR020_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་ཡབ་ནག་པོ་བརྒྱད་འཛིན་པ། བདེན་བྲེལ་དུ་སྨིག་སྒྱུ་མ་དམར་མོ་འབར་མ་ལྟ་བུ། རྔ་ཡབ་དམར་པོ་བརྒྱད་འཛིན་པ། དབང་ལྡན་དུ་མཁའ་སྣང་མ་དཀར་མོ་འབར་མ་ལྟ་བུ། རྔ་ཡབ་དཀར་པོ་བརྒྱད་འཛིན་པ། རླུང་དུ་མར་མེ་མ་སེར་མོ་འབར་མ་ལྟ་བུ། རྔ་ཡབ་སེར་པོ་བརྒྱད་འཛིན་པ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་རྒྱ་ལྔས་བརྒྱན་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། མཉམ་པའི་སྟབས་སུ་བཞུགས་པའོ། །ཟུར་བཞིའི་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོ། བདེན་བྲལ་དུ་ཆོས་ཀྱི་གཎྜི་དམར་པོ། མེར་ནོར་བུ་ནག་པོ། རླུང་དུ་དཔག་བསམ་གྱི་ཤིང་སེར་པོ། བདེ་གཤེགས་འཕགས་མའི་ཤར་གྱི་ལིང་ཙེ་ལ་དོན་ཡོད་གྲུབ་པ་ནག་པོ། ནག་དཀར་དམར་བའི་ཞལ་ཅན། གཡས་ན་རལ་གྲི་དང་། གྲི་གུག་དང་། རྩེ་གསུམ། གཡོན་ན་ཕུབ་དང་ཐོད་པ་དང་ཁཊཾ་ག་དཀར་པོ་འཛིན་པ། སྤྱན་མས་འཁྱུད་པ། ལྷོར་རིན་འབྱུང་དམར་པོ། དམར་དཀར་ནག་པའི་ཞལ་ཅན། ཕྱག་གཡས་ན་མེའི་མདའ་རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཅང་ཏེའུ། གཡོན་ན་གཞུ་རྡོ་རྗེ་ཞགས་པ་རིན་


CMR020_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་ཆ་དགུ་པ་འཛིན་པ། མཱ་མ་ཀཱིས་འཁྱུད་པ། བྱང་དུ་འོད་དཔག་མེད་དཀར་པོ། དཀར་ནག་དམར་བའི་ཞལ་ཅན། ཕྱག་གཡས་པ་གསུམ་ན་ཐོ་བ་དང་མདུང་རྩེ་གསུམ། །གཡོན་པ་གསུམ་ན་པད་དཀར་འདབ་བརྒྱད་པ། མེ་ལོང་བགྲང་ཕྲེང་འཛིན་པ། གོས་དཀར་མོས་འཁྱུད་པ། ནུབ་ཏུ་རྣམ་སྣང་སེར་པོ། སེར་དཀར་དམར་བའི་ཞལ་ཅན། ཕྱག་གཡས་ན་འཁོར་ལོ་དང་དབྱུག་པ་དང་འཇིགས་བྱེད་རྡོ་རྗེ། གཡོན་ན་དུང་དང་རྡོ་རྗེ་དང་ལྕགས་སྒྲོག་དང་། སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ། སྒྲོལ་མས་འཁྱུད་པ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། པདྨ་དཀར་པོ་དང་ཉི་མའི་སྟེང་དུ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལ་ཡུམ་རྣམས་པདྨའི་གདན་གྱིས་འཁྱུད་པ། རལ་པའི་ཅོད་པན་ཅན། ཤར་ལྷོར་སྒྲོལ་མ་ལྗང་གུ་དོན་གྲུབ་ལྟ་བུ་ལ་རྣམ་སྣང་གིས་འཁྱུད་པ། ལྷོ་ནུབ་ཏུ་གོས་དཀར་མོ་རིན་འབྱུང་ལྟ་བུ་ལ་འོད་དཔག་མེད་ཀྱིས་འཁྱུད་པ། བྱང་ཤར་དུ་མཱ་མ་ཀཱི་འོད་དཔག་མེད་ལྟ་བུ་ལ་རིན་འབྱུང་གིས་འཁྱུད་པ།་ནུབ་བྱང་སྤྱན་མ་རྣམ་སྣང་ལྟ་བུ་ལ་དོན་གྲུབ་ཀྱིས་འཁྱུད་པ། ཐམས་ཅད་ཀྱང་པདྨ་དམར་པོ་དང་ཟླ་བའི་གདན་


CMR020_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྟེང་དུ་པདྨའི་གདན་གྱིས་བཞུགས་པ་ལ། ཡབ་རྣམས་རྡོ་རྗེའི་གདན་གྱིས་འཁྱུད་པ། བདེ་གཤེགས་བཞིའི་གཡོན་དང་གཡས་ཀྱི་ལེའུ་ཚེ་ལ། ཤར་དུ་རྐང་དུག་པའི་བུམ་པ་གཉིས། ལྷོར་ཁྲག་དག་པའི་བུམ་པ་གཉིས། བྱད་དུ་དྲི་ཆུ་དག་པའི་བུམ་པ་གཉིས། ནུབ་ཏུ་དྲི་ཆེན་དག་པའི་བུམ་པ་གཉིས། སྟེང་དང་འོག་ཏུ་ཁུ་རྡུལ་དག་པའི་བུམ་པ་གཉིས་ཏེ། ཐམས་ཅད་ཀྱང་པདྨའི་གདན་ལ་གནས་ཤིང་ཁ་པདྨས་བརྒྱན་པའོ། །ཤར་སྒོར་པདྨ་དམར་པོ་དང་ཟླ་བའི་སྟེང་དུ། བགེགས་མཐར་བྱེད་ལ་རེངས་བྱེད་མ་སྤྱན་མ་ལྟ་བུས་འཁྱུད་པ། ལྷོར་སྒོར་པདྨ་དཀར་པོ་དང་ཉི་མའི་སྟེང་དུ། ཤེས་རབ་མཐར་བྱེད་ལ་ཁེངས་བྱེད་མ་མཱ་མ་ཀཱི་ལྟ་བུས་འཁྱུད་པ། བྱང་སྒོར་པདྨ་དམར་པོ་དང་ཟླ་བའི་སྟེང་དུ། པདྨ་མཐར་བྱེད་ལ་རྨུགས་བྱེད་མ་གོས་དཀར་མོ་ལྟ་བུས་འཁྱུད་པ། ནུབ་སྒོར་པདྨ་དཀར་པོ་དང་ཉི་མའི་སྟེང་དུ། གཤིན་རྗེ་མཐར་བྱེད་ལ་རབ་བརྩོན་མ་སྒྲོལ་མ་ལྟ་བུས་འཁྱུད་པ། ཁྲོ་བོ་རྣམས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ་ལ། ཁྲོ་མོ་རྣམས་གཡོན་བརྐྱང་གི་སྟབས་ཀྱིས་འཁྱུད་པ། དེ་ནས་སྣམ་བུ་ལ། ཤར་སྒོའི་གཡས་སུ་


CMR020_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྙིང་པོ་དོན་གྲུབ་ལྟ་བུ་ལ་དྲི་རྡོ་རྗེ་མས་འཁྱུད་པ། ལྷོ་སྒོའི་གཡས་སུ་སའི་སྙིང་པོ་རིན་འབྱུང་ལྟ་བུ་ལ་གཟུགས་རྡོ་རྗེ་མས་འཁྱུད་པ། བྱང་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག་སྣང་བ་མཐའ་ཡས་ལྟ་བུ་ལ་རོ་རྡོ་རྗེ་མས་འཁྱུད་པ། ནུབ་སྒོའི་གཡས་སུ་སྒྲིབ་པ་རྣམ་སེལ་རྣམ་སྣང་ལྟ་བུ་ལ་རེག་བྱ་རྡོ་རྗེ་མས་འཁྱུད་པ། ལྷོ་སྒོའི་གཡོན་དུ་ཕྱག་ན་རྡོ་རྗེ་མི་བསྐྱོད་པ་ལྟ་བུ་ལ་སྒྲ་རྡོ་རྗེ་མས་འཁྱུད་པ། ཤར་སྒོའི་གཡོན་དུ་ཀུན་ཏུ་བཟང་པོ་རྡོར་སེམས་ལྟ་བུ་ལ། ཆོས་དབྱིངས་རྡོ་རྗེ་མས་འཁྱུད་པ། ཐམས་ཅད་ཀྱང་པདྨ་དཀར་པོ་དང་ཉི་མའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ལ། ཡུམ་རྣམས་པདྨའི་འདུག་སྟངས་ཀྱིས་འཁྱུད་པའོ། །མེར་རེག་བྱ་རྡོ་རྗེ་མ་སྒྲོལ་མ་ལྟ་བུ་ལ་སྒྲིབ་པ་རྣམ་སེལ་གྱིས་འཁྱུད་པ། བདེན་བྲལ་དུ་རོ་རྡོ་རྗེ་མ་གོས་དཀར་མོ་ལྟ་བུ་ལ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པ། དབང་ལྡན་དུ་གཟུགས་རྡོ་རྗེ་མ་མཱ་མ་ཀཱི་ལྟ་བུ་ལ་སའི་སྙིང་པོས་འཁྱུད་པ། རླུང་དུ་དྲི་རྡོ་རྗེ་མ་སྤྱན་མ་ལྟ་བུ་ལ་ནམ་མཁའི་སྙིང་པོས་འཁྱུད་པ། བྱང་སྒོའི་གཡོན་དུ་སྒྲ་རྡོ་རྗེ་མ་ཀུན་བཟང་ལྟ་བུ་ལ་ཕྱག་རྡོར་གྱིས་འཁྱུད་པ། ནུབ་སྒོའི་གཡོན་དུ་ཆོས་དབྱིངས་རྡོ་རྗེ་མ་


CMR020_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་ལྟ་བུ་ལ་ཀུན་ཏུ་བཟང་པོས་འཁྱུད་པ། ཐམས་ཅད་ཀྱང་པདྨ་དམར་པོ་དང་ཟླ་བའི་གདན་ལ་པདྨའི་འདུག་སྟངས་ཀྱིས་བཞུགས་པ་ལ། ཡབ་རྣམས་རྡོ་རྗེའི་གདན་གྱིས་འཁྱུད་པའོ། །དེའི་ཕྱི་རོལ་ལ་གསུང་གི་དཀྱིལ་འཁོར་གྱི་སྣམ་བུ་ལ། ཕྱོགས་ཀྱི་པདྨ་རྣམས་ནི་དམར་པོ་དང་། མཚམས་ཀྱི་པདྨ་རྣམས་ནི་དཀར་པོར་གནས་པའི་ཤར་དུ་ཡི་དྭགས་དམར་པོའི་གདན་གྱི་སྟེང་དུ་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བ་ལ། ཙརྩི་ཀ་ནག་མོ་ཕྱག་བཞིའི་གཡས་གཉིས་ན་གྲི་གུག་དང་རྩེ་གསུམ། གཡོན་གཉིས་ན་ཐོད་པ་དང་ཁཊཾ་ག་འཛིན་པ་ལ། དབང་པོ་སེར་པོས་འཁྱུད་པ། འདབ་མ་བརྒྱད་ལ་མདུན་ནས་གཡས་བསྐོར་གྱིས་རིམ་པ་བཞིན། འཇིགས་མ་དང་། དྲག་མོ་དང་། དུས་ཀྱི་མཆེ་བ་མ་དང་། མེ་འབར་འོད་མ་དང་། རླུང་ཤུགས་མ་དང་། རབ་ཏུ་གཏུམ་མ་དང་། དྲག་མིག་མ་དང་། སྣ་ཆེན་མའོ། །མེར་མཁའ་ལྡིང་གི་སྟེང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཁྱབ་འཇུག་མ་ནག་མོ་ཕྱག་བཞིའི་གཡས་གཉིས་ན། འཁོར་ལོ་དང་བེ་ཅོན། གཡོན་གཉིས་ན་པདྨ་དང་དུང་འཛིན་པ་ལ་ཚངས་པ་སེར་པོས་འཁྱུད་པ། འདབ་


CMR020_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

་རྣམས་ལ་རིམ་པ་བཞིན་དུ། གཡང་མོ་དང་། སྒྱུ་མ་མོ་དང་། གྲགས་པ་མོ་དང་། དཔལ་མོ་དང་། རྣམ་པར་རྒྱལ་མ་དང་། དཔལ་རྒྱལ་དང་། དཔལ་རྒྱལ་བྱེད་མ་དང་། དཔལ་ལྡན་འཁོར་ལོ་ཅན་མའོ། །ལྷོར་མ་ཧེའི་སྟེང་དུ་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་ཕག་མོ་དམར་མོ་ཕྱག་བཞི་པའིགཡས་གཉིས་ན་དབྱུག་པ་དང་རལ་གྲི། གཡོན་གཉིས་ན་ལྕགས་སྒྲོག་དང་ཕུབ་འཛིན་པ་ལ་དྲག་པོ་དཀར་པོས་འཁྱུད་པ། འདབ་མ་རྣམས་ལ་གཡས་བསྐོར་གྱིས་རིམ་པ་བཞིན་དུ། ཀེང་རུས་མ་དང་། དུས་མཚན་མ་དང་། །རབ་ཏུ་ཁྲོས་གདོང་མ་དང་། དུས་ཀྱི་ལྕེ་མ་དང་། གཙིགས་མ་དང་། ནག་མོ་དང་། འཇིགས་རུང་མ་དང་། གཟུགས་ངན་མའོ། །བདེན་བྲལ་དུ་རྨ་བྱའི་སྟེང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་གཞོན་ནུ་མ་དམར་མོ་ཕྱག་བཞིའི་གཡས་གཉིས་ན་མདུང་ཐུང་དང་ལྕགས་ཀྱུ། གཡོན་གཉིས་ན་རིན་པོ་ཆེ་དང་ཞགས་པ་འཛིན་པ་ལ་ཚོགས་བདག་དཀར་པོས་འཁྱུད་པའོ། །འདབ་མ་རྣམས་ལ་གཡས་བསྐོར་གྱིས་རིམ་པ་བཞིན་དུ། པདྨ་དང་། ལུས་མེད་མ་དང་། གཞོན་ནུ་མ་དང་། རི་དྭགས་བདག་པོས་འགྲོ་མ་དང་། རིན་


CMR020_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཕྲེང་བ་མོ་དང་། མིག་བཟང་མ་དང་། རྡུལ་མ་དང་། བཟང་མའོ། །བྱང་དུ་ཁྱུ་མཆོག་གི་སྟེང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་དྲག་མོ་དཀར་མོ་ཕྱག་བཞི་པའི་གཡས་གཉིས་ན་རྩེ་གསུམ་དང་ཌཱ་མ་རུ། གཡོན་གཉིས་ན་ཁ་ཊཾ་ག་དང་སྦྲུལ་འཛིན་པ་ལ་གཤིན་རྗེ་དམར་པོས་འཁྱུད་པ། འདབ་མ་བརྒྱད་ལ་གཡས་བསྐོར་གྱིས་རིམ་པ་བཞིན་དུ། གོ་རཱི་མ་དང་། གཾ་ག་མ་དང་། རྟག་མ་དང་། མྱུར་མ་དང་། ཏོ་ཏ་མ་དང་། མཚོན་བྱེད་མ་དང་། དམར་སེར་མ་དང་། ནག་མོའོ། །དབང་ལྡན་དུ་སེང་གེའི་གདན་གྱི་སྟེང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་དཔལ་ཆེན་མོ་དཀར་མོ་ཕྱག་བཞི་པའི་གཡས་གཉིས་ན་པདྨ་དང་བགྲང་ཕྲེང་། གཡོན་གཉིས་ན་པདྨ་དང་རིན་པོ་ཆེ་འཛིན་པ་ལ་གདོང་དྲུག་དམར་པོས་འཁྱུད་པ། འདབ་མ་རྣམས་ལ་གཡས་བསྐོར་གྱིས་རིམ་པ་བཞིན། དཔལ་ལྡན་དཀར་མོ་དང་། ཟླ་བའི་རི་མོ་དང་། རི་བོང་འཛིན་པའི་གདོང་མ་དང་། ངང་པའི་མདོག་མ་དང་། འཛིན་མ་དང་། པདྨའི་དབང་མོ་དང་། སྐར་མིག་དང་། དྲི་མེད་རི་བོང་འཛིན་མའོ། །ནུབ་ཏུ་གླང་པོ་ཆེའི་སྟེང་དུ་པདྨ་འདབ་མ་བརྒྱད་


CMR020_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟེ་བར། དབང་མོ་སེར་མོ་ཕྱག་བཞིའི་གཡས་གཉིས་ན་རྡོ་རྗེ་དང་མདའ། གཡོན་གཉིས་ན་དྲིལ་བུ་དང་བ་།ཞུ་འཛིན་པ་ལ། བདེན་བྲལ་ནག་པོས་འཁྱུད་པ། འདབ་མ་རྣམས་ལ་གཡས་བསྐོར་གྱིས་རིམ་པ་བཞིན། རྡོ་རྗེ་འོད་མ་དང་། རྡོ་རྗེ་ལུས་མ་དང་། གསེར་ལྡན་མ་དང་། ཨུར་མ་སཱི་དང་། བཀྲ་བའི་རི་མོ་དང་། རཾ་བྷ་དང་། ཟུག་རྔུ་མེད་པ་དང་། ཤིན་ཏུ་སྒྲོལ་མའོ། །རླུང་དུ་ངང་པའི་སྟེང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར། ཚངས་མ་སེར་མོ་ཕྱག་བཞིའི་གཡས་གཉིས་ན་པདྨ་དང་ཚངས་པའི་དབྱུག་པ། གཡོན་གཉིས་ན་སྤྱི་བླུགས་དང་ལྷུང་བཟེད་འཛིན་པ་ལ།་ཁྱབ་འཇུག་ནག་པོས་འཁྱུད་པ། འདབ་མ་རྣམས་ལ་གཡས་བསྐོར་གྱིས་རིམ་པ་བཞིན། སཱ་བིཏ་ཏྲི་དང་། པདྨའི་མིག་དང་། ཆུ་སྐྱེས་ཅན་མ་དང་། བློ་མ་དང་། ངག་གི་དབང་ཕྱུག་མ་དང་། །གཱ་ཡད་ཏཱི་དང་། གློག་མ་དང་། བྲན་མའོ། །གདོང་དྲུག་དང་། གཞོན་ནུ་མ་ནི་གདོང་པ་དྲུག་དང་། ཚངས་པ་དང་། ཚངས་མ་ནི་གདོང་བཞི་ཡིན་ལ། ལྟེ་བར་གཙོ་མོ་རྣམས་ས་གའི་སྟབས་ཀྱིས་བཞུགས་ཤིང་དཀྱིལ་འཁོར་གཙོ་བོ་ལ་མངོན་དུ་ཕྱོགས་པ་ལ་ཡབ་


CMR020_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ས་གའི་སྟབས་ཀྱིས་འཁྱུད་པ། འདབ་མའི་ལྷ་མོ་རྣམས་རང་རང་གི་གཙོ་མོ་དང་སྐུ་མདོག་དང་། ཞལ་དང་ཕྱག་མཚན་འདྲ་བ། རང་རང་གི་གཙོ་མོ་ལ་ཕྱོགས་པའི་ཚུལ་གྱིས་རོལ་པའི་སྟབས་ཀྱིས་བཞུགས་པ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པའོ། །དེ་ནས་སྐུའི་དཀྱིལ་འཁོར་གྱི་སྣམ་བུ་ལ། པདྨ་ཟླུམ་སྐོར་དང་པོ་ལ་འདབ་མ་བཞི་བར་པ་ལ་བརྒྱུད། ཕྱི་མ་ལ་བཅུ་དྲུག་སྟེ། འདབ་མ་ཉི་ཤུ་རྩ་བརྒྱད་དང་ལྡན་པ། ཕྱོགས་སུ་དམར་པོ་གཉིས་གཉིས། མཚམས་སུ་དཀར་པོ་རེ་རེ་སྟེ། བཅུ་གཉིས་ལ་ཚེས་ཀྱི་ལྷ་རྣམས་གནས་པ་ནི། ཤར་སྒོའི་གཡས་སུ་ཡི་དྭགས་དམར་པོའི་སྟེང་དུ་པདྨའི་ལྟེ་བ་ལ། སྲིན་པོ་ནག་པོ་ཕྱག་བཞིའི་གཡས་གཉིས་ན་རལ་གྲི་དང་གྲི་གུག །གཡོན་གཉིས་ན་ཕུབ་དང་ཐོད་པ་འཛིན་པ་ལ། སྲིན་མོ་མེ་འབར་གདོང་མས་འཁྱུད་པ། འདབ་མ་དང་པོ་བཞི་ལ་ཉ་རྡོ་རྗེ་མ་དང་། ཉི་རྡོ་རྗེ་མ་དང་། ཉི་རྡོ་རྗེ་མ་པ་དང་། ཉུ་རྡོ་རྗེ་མ་དང་། བར་མ་བརྒྱད་ལ། ཧཱུཾ་རྡོ་རྗེ་མ་དང་། ཉི་རྡོ་རྗེ་མ་དང་། ཛྷ་རྡོ་རྗེ་མ་དང་། དྷི་རྡོ་རྗེ་མ་དང་། ངྷརྡོ་རྗེ་མ་དང་། དྷུ་རྡོ་རྗེ་མ་དང་། དྷི་རྡོ་རྗེ་


CMR020_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། དྷི་རྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། ཛ་རྡོ་རྗེ་མ་དང་། ཛི་རྡོ་རྗེ་མ་དང་། ཛུ་རྡོ་རྗེ་མ་དང་། རླུ་རྡོ་རྗེ་མ་དང་། ཛི་རྡོ་རྗེ་མ་དང་། ཚ་རྡོ་རྗེ་མ་དང་། ཚི་རྡོ་རྗེ་མ་དང་། ཚུ་རྡོ་རྗེ་མ་དང་། ཚུ་རྡོ་རྗེ་མ་དང་། ཚུ་རྡོ་རྗེ་མ་དང་། ཚེ་རྡོ་རྗེ་མ་དང་། ཙ་རྡོ་རྗེ་མ་དང་། ཙི་རྡོ་རྗེ་མ་དང་། ཚྭ་རྡོ་རྗེ་མ་དང་། ཙུ་རྡོ་རྗེ་མ་དང་། །རྡོ་རྗེ་མ་དང་། ནག་པའི་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །མེར་རི་དྭགས་ཀྱི་སྟེང་དུ་པདྨའི་ལྟེ་བ་ལ་རླུང་ལྷ་ནག་མོ་གཡས་གཉིས་ན་དཔག་བསམ་གྱི་ཤིང་དང་མེ་ཏོག་ས་རི་ཛ་ཏ། གཡོན་གཉིས་ན་ཨིནྡྲ་ནཱི་ལ་དང་། ཨུཏྤ་ལ་སྔོན་པོ་འཛིན་པ་ལ་རབ་གཏུམ་མས་འཁྱུད་པ། འདབ་མ་དང་པོ་བཞི་ལ། ཙཱ་རྡོ་རྗེ་མ་དང་། ཙཱ་རྡོ་རྗེ་མ་དང་། རྩྭ་རྡོ་རྗེ་ཟམ་དང་། ཙུ་རྡོ་རྗེ་མ་དང་། བར་པ་བརྒྱད་ལ། རྡོ་རྗེ་མ་དང་། ཙཱརྡོ་རྗེ་མ་དང་། ཚྭརྡོ་རྗེ་མ་དང་། ཚྭ་རྡོ་རྗེ་མ་དང་། ཚྭ་རྡོ་རྗེ་མ་དང་། ཚུ་རྡོ་རྗེ་མ་དང་། ཚྭ་རྡོ་རྗེ་མ་དང་། ཚྭརྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། ཛཱརྡོ་རྗེ་མ་དང་། ཛཱིརྡོ་རྗེ་མ་དང་། རྡུ་རྡོ་རྗེ་མ་དང་། ཛཱི་རྡོ་རྗེ་མ་དང་། ཛཱརྡོ་རྗེ་མ་དང་།་ཛྷཱ་རྡོ་རྗེ་མ་དང་། ཛཱི་


CMR020_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མ་དང་། ངྷརྡོ་རྗེ་མ་དང་། ཛྷརྡོ་རྗེ་མ་དང་། རྙོརྡོ་རྗེ་མ་དང་། ཛྷཱརྡོ་རྗེ་མ་དང་། ཉཱརྡོ་རྗེ་མ་དང་། ནཱི་རྡོ་རྗེ་མ་དང་། ལྷོ་རྡོ་རྗེ་མ་དང་། ཧཱུ་རྡོ་རྗེ་མ་དང་། ཉི་རྡོ་རྗེ་མ་སྟེ་ས་ག་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །ལྷོ་སྒོའི་གཡས་སུ་ལུག་གི་སྟེང་དུ་པདྨའི་ལྟེ་བར་མེ་ལྷ་དམར་པོ་གཡས་གཉིས་ན་ཤཀྟི་དང་དབྱུག་པ། གཡོན་གཉིས་ན་པདྨ་དང་སྤྱི་བླུགས་འཛིན་པ་ལ། ཆུ་ལྷ་མོ་རྒྱ་མཚོ་ལྟ་བུས་འཁྱུད་པ། འདབ་མ་དང་པོ་བཞི་ལ། ཎ་རྡོ་རྗེ་མ་དང་། ཎི་རྡོ་རྗེ་མ་དང་། རྫོགས་རྡོ་རྗེ་མ་ཨ༔ དང་། ཊུ་རྡོ་རྗེ་མ་དང་། བར་པ་བརྒྱད་ལ། ཎི་རྡོ་རྗེ་མ་དང་། ཎི་རྡོ་རྗེ་མ་དང་། ཞྭ་རྡོ་རྗེ་མ་དང་། དྷི་རྡོ་རྗེ་མ་དང་། དྷི་རྡོ་རྗེ་མ་དང་། རྒྱུ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། རྡོ་རྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། ཌ་རྡོ་རྗེ་མ་དང་། ཌི་རྡོ་རྗེ་མ་དང་། ཊུ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། ཌ་རྡོ་རྗེ་མ་དང་། ཁ་རྡོ་རྗེ་མ་དང་། ཁྲི་རྡོ་རྗེ་མ་དང་། ཁྲི་རྡོ་རྗེ་མ་དང་། ཞུ་རྡོ་རྗེ་མ་དང་། ཀླུ་རྡོ་རྗེ་མ་དང་། རྀ་རྡོ་རྗེ་མ་དང་། ཊ་རྡོ་རྗེ་མ་དང་། ཊི་རྡོ་རྗེ་མ་དང་། ཁྲི་རྡོ་རྗེ་མ་དང་། ཊུ་རྡོ་རྗེ་མ་དང་། བློ་


CMR020_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མ་དང་། སྨོན་གྱི་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །བདེན་བྲལ་དུ་རྨ་བྱའི་སྟེང་དུ་པདྨའི་ལྟེ་བ་ལ། གདོང་དྲུག་དམར་པོ་གདོང་པ་དྲུག་པ། ཕྱག་བཞིའི་གཡས་གཉིས་ན། ཤཀྟི་དང་མདུང་། གཡོན་གཉིས་ན་རིན་པོ་ཆེ་དང་མེ་ལོང་འཛིན་པ་ལ་དཔལ་མོས་འཁྱུད་པ། འདབ་མ་དང་པོ་བཞི་ལ། ཌཱ་རྡོ་རྗེ་མ་དང་། ཊཱི་རྡོ་རྗེ་མ་དང་། ཊི་རྡོ་རྗེ་མ་དང་། ཁྱུ་རྡོ་རྗེ་མ་དང་། བར་པ་བརྒྱད་ལ། བློ་རྡོ་རྗེ་མ་དང་། ཊཱརྡོ་རྗེ་མ་དང་། ཁཱརྡོ་རྗེ་མ་དང་། ཁྲི་རྡོ་རྗེ་མ་དང་། ཞྭ་རྡོ་རྗེ་མ་དང་། ཞུ་རྡོ་རྗེ་ཟླུམ་དང་། ལྷ་རྡོ་རྗེ་མ་དང་། ཋཱཝརྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། ཌཱ་རྡོ་རྗེ་མ་དང་། ཊཱི་རྡོ་རྗེ་མ་དང་། ཊུ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། ཊཱརྡོ་རྗེ་མ་དང་། ལྷོ་རྡོ་རྗེ་མ་དང་། ལྷོ་རྡོ་རྗེ་མ་དང་། ཞྭ་རྡོ་རྗེ་མ་དང་། ཊཱི་རྡོ་རྗེ་མ་དང་། བྷཱཝརྡོ་རྗེ་མ་དང་། ཎཱ་རྡོ་རྗེ་མ་དང་། ཚྭརྡོ་རྗེ་མ་དང་། ཚྭ་རྡོ་རྗེ་མ་དང་། རྟུ་རྡོ་རྗེ་མ་དང་། ཚྭ་རྡོ་རྗེ་མ་དང་། ཎཱརྡོ་རྗེ་མ་སྟེ། ཆུ་སྟོད་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །བྱང་སྒོའི་གཡས་སུ་ཆུ་སྲིན་གྱི་སྟེང་དུ་པདྨའི་ལྟེ་བ་ལ། ཆུ་ལྷ་དཀར་པོ་ཕྱག་གཡས་


CMR020_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ན་ཞགས་པ་དང་རིན་པོ་ཆེ། གཡོན་གཉིས་ན་སྦྲུལ་ཞགས་དང་ཆུ་ཤེལ་གྱི་ནོར་བུ་འཛིན་པ་ལ་ཕག་མོས་འཁྱུད་པ། འདབ་མ་དང་པོ་བཞི་ལ། མ་རྡོ་རྗེ་མ་དང་། མི་རྡོ་རྗེ་མ་དང་། ཁྲི་རྡོ་རྗེ་མ་དང་། མུ་རྡོ་རྗེ་མ་དང་། བར་པ་བརྒྱད་ལ། མི་རྡོ་རྗེ་མ་དང་། མཾ་རྡོ་རྗེ་མ་དང་། བྷ་རྡོ་རྗེ་མ་དང་། བྷི་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། བྷུ་རྡོ་རྗེ་མ་དང་། བྷི་རྡོ་རྗེ་མ་དང་། བྷོ་རྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། བ་རྡོ་རྗེ་མ་དང་། བི་རྡོ་རྗེ་མ་དང་། བུ་རྡོ་རྗེ་མ་དང་། བླྀ་རྡོ་རྗེ་མ་དང་།་བོ་རྡོ་རྗེ་མ་དང་། པཱ་རྡོ་རྗེ་མ་དང་།། ལྕི་རྡོ་རྗེ་མ་དང་། ལྡི་རྡོ་རྗེ་མ་དང་། ཕུ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། རྀརྡོ་རྗེ་མ་དང་། ས་རྡོ་རྗེ་མ་དང་། སི་རྡོ་རྗེ་མ་དང་། སྲི་རྡོ་རྗེ་མ་དང་། སུ་རྡོ་རྗེ་མ་དང་། སླེ་རྡོ་རྗེ་མ་དང་། གྲོ་ཞུན་གྱི་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །དབང་ལྡན་དུ་བྱི་བའི་སྟེང་དུ་པདྨའི་ལྟེ་བ་ལོ། ཚོགས་བདག་དཀར་པོ་ཕྱག་བཞི་པའི་གཡས་གཉིས་ན་དགྲ་སྟ་དང་རྡོ་རྗེ། གཡོན་གཉིས་ན་ཞགས་པ་དང་རིན་པོ་ཆེ་འཛིན་པ་ལ་གཞོན་ནུ་མས་འཁྱུད་པ། འདབ་མ་དང་


CMR020_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཞི་ལ། པཱ་རྡོ་རྗེ་མ་དང་། པཱི་རྡོ་རྗེ་མ་དང་། པྲི་དོ་རྗེ་མ་དང་། པུ་རྡོ་རྗེ་མ་དང་། བར་པ་བརྒྱད་ལ། པཱི་རྡོ་རྗེ་མ་དང་། པཱ་རྡོ་རྗེ་མ་དང་། ཕཱ་རྡོ་རྗེ་མ་དང་། །པཱི་རྡོ་རྗེ་མ་དང་། ཝཱི་རྡོ་རྗེ་མ་དང་། པཱུ་རྡོ་རྗེ་མ་དང་། ཛཱི་རྡོ་རྗེ་མ་དང་། པཱརྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། བཱ་རྡོ་རྗེ་མ་དང་། བཻ་རྡོ་རྗེ་མ་དང་། བུ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། བཱརྡོ་རྗེ་མ་དང་། བྷ་རྡོ་རྗེ་མ་དང་། བྷི་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། བྷ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། བྷཱརྡོ་རྗེ་མ་དང་། མཱ་རྡོ་རྗེ་མ་དང་། མཱི་རྡོ་རྗེ་མ་དང་། པྲི་རྡོ་རྗེ་མ་དང་། མཱུ་རྡོ་རྗེ་མ་དང་། ལྷོ་རྡོ་རྗེ་མ་སྟེ། ཁྲུམས་སྟོད་ཀྱི་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །ནུབ་སྒོའི་གཡས་སུ་གླང་པོ་ཆེའི་སྟེང་དུ་པདྨའི་ལྟེ་བ་ལ་དབང་པོ་སེར་པོ་གཡས་གཉིས་ན་རྡོ་རྗེ་དང་མེའི་མདའ། གཡོན་གཉིས་ན་དྲིལ་བུ་དང་གཞུ་འཛིན་པ་ལ་རླུང་ལྷ་མོས་འཁྱུད་པ།་འདབ་མ་དང་པོ་བཞི་ལ། ན་རྡོ་རྗེ་མ་དང་། ནི་རྡོ་རྗེ་མ་དང་། ཚྭ་རྡོ་རྗེ་མ་དང་། ནུ་རྡོ་རྗེ་མ་དང་། བར་པ་བརྒྱད་ལ། ནཱི་རྡོ་རྗེ་མ་དང་། ནི་རྡོ་རྗེ་མ་དང་། དྷ་རྡོ་རྗེ་མ་དང་། དྷི་རྡོ་


CMR020_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མ་དང་། དྷི་རྡོ་རྗེ་མ་དང་། དྷུ་རྡོ་རྗེ་མ་དང་། དྷི་རྡོ་རྗེ་མ་དང་། དྷ་རྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། ད་རྡོ་རྗེ་མ་དང་། དི་རྡོ་རྗེ་མ་དང་། དུ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། དཾ་རྡོ་རྗེ་མ་དང་། ཐ་རྡོ་རྗེ་མ་དང་། ཐི་རྡོ་རྗེ་མ་དང་། ཤྲི་རྡོ་རྗེ་མ་དང་། ཐུ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། ཐོ་རྡོ་རྗེ་མ་དང་། ཏ་རྡོ་རྗེ་མ་དང་། ཏི་རྡོ་རྗེ་མ་དང་། ཁྲི་རྡོ་རྗེ་མ་དང་། ཏུ་རྡོ་རྗེ་མ་དང་། ཊཱི་རྡོ་རྗེ་མ་སྟེ། ཐ་སྐར་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །རླུང་དུ་ངང་པའི་སྟེང་དུ་པདྨའི་ལྟེ་བར་ཚངས་པ་སེར་པོ་ཞལ་བཞི་པ་གཡས་གཉིས་ན་ཁབ་དང་བགྲང་ཕྲེང་། གཡོན་གཉིས་ན་པདྨ་དང་སྤྱི་བླུགས་འཛིན་པ་ལ་གློག་མས་འཁྱུད་པ། འདབ་མ་དང་པོ་བཞི་ལ། ཏཱ་རྡོ་རྗེ་མ་དང་། ཏཱི་རྡོ་རྗེ་མ་དང་། ཏཱི་རྡོ་རྗེ་མ་དང། ཏུ་རྡོ་རྗེ་མ་དང་། བར་པ་བརྒྱད་ལ། ཊཱི་རྡོ་རྗེ་མ་དང་། ཏྭཾརྡོ་རྗེ་མ་དང་། ཐཱ་རྡོ་རྗེ་མ་དང་། ཤྲཱི་རྡོ་རྗེ་མ་ཨ༔ དང་། ཤྲཱི་རྡོ་རྗེ་མ་དང་། ཐུ་རྡོ་རྗེ་མ་དང་། བཻ་རྡོ་རྗེ་མ་དང་། ཐཱརྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། དཱ་རྡོ་རྗེ་མ་དང་། དཱི་རྡོ་རྗེ་མ་དང་། དུ་རྡོ་རྗེ་མ་དང་། དླཱི་རྡོ་


CMR020_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མ་དང་། དཱརྡོ་རྗེ་མ་དང་། དྷ་རྡོ་རྗེ་མ་དང་། དྷི་རྡོ་རྗེ་མ་དང་། དྷི་རྡོ་རྗེ་མ་དང་། དྷུ་རྡོ་རྗེ་མ་དང་། དྷི་རྡོ་རྗེ་མ་དང་། དྷཱརྡོ་རྗེ་མ་དང་། ནཱ་རྡོ་རྗེ་མ་དང་། ནཱི་རྡོ་རྗེ་མ་དང་། ནཱ་རྡོ་རྗེ་མ་དང་། ནཱི་རྡོ་རྗེ་མ་དང་། ནཱ་རྡོ་རྗེ་མ་དང་། སྨིན་དྲུག་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །བྱང་སྒོའི་གཡོན་དུ་ཁྱུ་མཆོག་གི་སྟེང་དུ་པདྨའི་ལྟེ་བ་ལ་དྲག་པོ་སྔོན་པོ་གཡས་གཉིས་ན་རྩེ་གསུམ་དང་མདའ། གཡོན་གཉིས་ན་སྦྲུལ་གྱིས་དཀྲིས་པའི་ཁཊཾ་ཀ་དང་གཞུ་འཛིན་པ་ལ་རི་སྲས་མས་འཁྱུད་པ། འདབ་མ་དང་པོ་བཞི་ལ་། རྐོརྡོ་རྗེ་མ་དང་། ཆ་རྡོ་རྗེ་མ་དང་། རྐོརྡོ་རྗེ་མ་དང་། རྐུདོ་རྗེ་མ་དང་། བར་པ་བརྒྱད་ལ། རྡོ་རྗེ་མ་དང་། རྐོརྡོ་རྗེ་མ་དང་། ཤ་རྡོ་རྗེ་མ་དང་། ཤི་རྡོ་རྗེ་མ་དང་། ཤཱ་རྡོ་རྗེ་མ་དང་། ཤུ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། ཤོ་རྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། ཥ་རྡོ་རྗེ་མ་དང་། ཊི་རྡོ་རྗེ་མ་དང་། ཞུ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། ཌཱ་རྡོ་རྗེ་མ་དང་། སྤྱི་རྡོ་རྗེ་མ་དང་། ཕྱི་རྡོ་རྗེ་མ་དང། སྤྲིརྡོ་རྗེ་མ་དང་། སྤྱི་རྡོ་རྗེ་མ་དང་། སྤྱི་རྡོ་རྗེ་མ་དང་། ཧཱུཾ་རྡོ་རྗེ་མ་དང་། ས་རྡོ་རྗེ་མ་དང། སི་


CMR020_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མ་དང་། སྲི་རྡོ་རྗེ་མ་དང་། སུ་རྡོ་རྗེ་མ་དང་། སླུ་རྡོ་རྗེ་མ་སྟེ། མགོའི་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །ནུབ་སྒོའི་གཡོན་དུ་གླང་པོ་ཆེའི་སྟེང་དུ་པདྨའི་ལྟེ་བ་ལ་ནོར་སྦྱིན་སྔོན་པོ། གཡས་གཉིས་ན་རིན་པོ་ཆེ་དང་དབྱུག་ཐོ། གཡོན་གཉིས་ན་ནེའུ་ལེ་དང་པདྨ་འཛིན་པ་ལ་ནོར་དབང་མོས་འཁྱུད་པ། འདབ་མ་དང་པོ་བཞི་ལ། སཱ་རྡོ་རྗེ་མ་དང་། སཱི་རྡོ་རྗེ་མ་དང་། སྲི་རྡོ་རྗེ་མ་དང་། སླུ་རྡོ་རྗེ་མ་དང་། བར་པ་བརྒྱད་ལ། སློ་རྡོ་རྗེ་མ་དང་། རྡོ་རྗེ་མ་དང་། ཤཱ་རྡོ་རྗེ་མ་དང་། སྤྱི་རྡོ་རྗེ་མ་དང་། སྤྱི་རྡོ་རྗེ་མ་དང་། གླུ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། སྤུ་རྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། ཥཱརྡོ་རྗེ་མ་དང་། ཊི་རྡོ་རྗེ་མ་དང་། རྫུ་རྡོ་རྗེ་མ་དང་། ལྷོ་རྡོ་རྗེ་མ་དང་། ཊཱཝརྡོ་རྗེ་མ་དང་། ཤཱ་རྡོ་རྗེ་མ་དང་། ཤཱི་རྡོ་རྗེ་མ་དང་། བཻ་རྡོ་རྗེ་མ་དང་། ཤུ་རྡོ་རྗེ་མ་དང་། བློ་རྡོ་རྗེ་མ་དང་། ༼ཤཱརྡོ་རྗེ་མ་དང་། ༼རྡོ་རྗེ་མ་དང་། ༼རྡོ་རྗེ་མ་དང་། ༼རྡོ་རྗེ་མ་དང་། ༼རྡོ་རྗེ་མ་དང་། སྐྲོརྡོ་རྗེ་མ་དང་། རྒྱལ་གྱི་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །ཤར་སྒོའི་གཡོན་དུ་


CMR020_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྡིང་གི་སྟེང་དུ་པདྨའི་ལྟེ་བ་ལ་ཁྱབ་འཇུག་ལྗང་གུ། གཡས་གཉིས་ན་འཁོར་ལོ་དང་དབྱུག་ཐོ། གཡོན་གཉིས་ན་པདྨ་དང་དུང་འཛིན་པ་དཔལ་མོས་འཁྱུད་པ། འདབ་མ་དང་པོ་བཞི་ལ། ང་རྡོ་རྗེ་མ་དང་། རི་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། ངུ་རྡོ་རྗེ་མ་དང་། བར་པ་བརྒྱད་ལ། རློརྡོ་རྗེ་མ་དང་། ངོ་རྡོ་རྗེ་མ་དང་། གྷ་རྡོ་རྗེ་མ་དང་། གྷི་རྡོ་རྗེ་མ་དང་། ཧྥ་རྡོ་རྗེ་མ་དང་། གླུ་རྡོ་རྗེ་མ་དང་། གློ་རྡོ་རྗེ་མ་དང་། གྷོ་རྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། ག་རྡོ་རྗེ་མ་དང་། གི་རྡོ་རྗེ་མ་དང་། གུ་རྡོ་རྗེ་མ་དང་། གླི་རྡོ་རྗེ་མ་དང་། གི་རྡོ་རྗེ་མ་དང་། ཁ་རྡོ་རྗེ་མ་དང་། ཁི་རྡོ་རྗེ་མ་དང་། ཁྲི་རྡོ་རྗེ་མ་དང་། ཁུ་རྡོ་རྗེ་མ་དང་། ཁྲི་རྡོ་རྗེ་མ་དང་། ཁ་རྡོ་རྗེ་མ་དང་། ཀ་རྡོ་རྗེ་མ་དང་། ཀི་རྡོ་རྗེ་མ་དང་། ཁྲི་རྡོ་རྗེ་མ་དང་། ཀུ་རྡོ་རྗེ་མ་དང་། ཀླུ་རྡོ་རྗེ་མ་སྟེ། མཆུའི་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །ལྷོ་སྒོའི་གཡོན་དུ་མ་ཧེའི་སྟེང་དུ་པདྨའི་ལྟེ་བར་གཤིན་རྗེ་ལྗང་གུ་གཡས་གཉིས་ན་དབྱུག་པ་དང་རལ་གྲི། གཡོན་གཉིས་ན་ལྕགས་སྒྲོག་དང་ཞགས་པ་འཛིན་པ་ལ་གཤིན་རྗེ་མས་འཁྱུད་པ། འདབ་མ་དང་


CMR020_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཞི་ལ། ཀཱརྡོ་རྗེ་མ་དང་། ཀཱི་རྡོ་རྗེ་མ་དང་། ཀཱི་རྡོ་རྗེ་མ་དང་། ཀུ་རྡོ་རྗེ་མ་དང་། བར་པ་བརྒྱུད་ལ། ཀླུ་རྡོ་རྗེ་མ་དང་། ཀཱི༔རྡོ་རྗེ་མ་དང་། ཁཱ་རྡོ་རྗེ་མ་དང་། ཁྲི་རྡོ་རྗེ་མ་དང་། ཁྲི་རྡོ་རྗེ་མ་དང་། ཁུ་རྡོ་རྗེ་མ་དང་། ཀླུ་རྡོ་རྗེ་མ་དང་། ཁཱརྡོ་རྗེ་མ་དང་། ཕྱི་མ་བཅུ་དྲུག་ལ། གྲྭ་རྡོ་རྗེ་མ་དང་། གཱི་རྡོ་རྗེ་མ་དང་། གྲུ་རྡོ་རྗེ་མ་དང་། གློ་རྡོ་རྗེ་མ་དང་། ཧཱུྃརྡོ་རྗེ་མ་དང་། གྷ་རྡོ་རྗེ་མ་དང་། གྷི་རྡོ་རྗེ་མ་དང་། ཧྥ་རྡོ་རྗེ་མ་དང་། གྷ་རྡོ་རྗེ་མ་དང་། ཧྥ་རྡོ་རྗེ་མ་དང་། གྷོརྡོ་རྗེ་མ་དང་། དཱ་རྡོ་རྗེ་མ་དང་། དཱི་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། དུ་རྡོ་རྗེ་མ་དང་། ྋབློརྡོ་རྗེ་མ་དང་། དབོ་ཟླ་བའི་ཚེས་ཀྱི་ལྷ་མོ་ཉེར་བརྒྱད་གནས་པའོ། །བདེན་བྲལ་ལ་སོགས་པའི་གཙོ་བོ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕྱོགས་པའི་ཚུལ་གྱིས་རྡོ་རྗེའི་གདན་གྱིས་བཞུགས་པ་ལ། ཡུམ་རྣམས་པདྨའི་གདན་གྱིས་འཁྱུད་པ། འདབ་མའི་ལྷ་མོ་རྣམས་རང་རང་གི་གཙོ་བོ་སྐུ་མདོག་དང་ཞལ་དང་ཕྱག་མཚན་མཐུན་པ། རང་རང་གི་གཙོ་བོ་ལ་མངོན་དུ་ཕྱོགས་པའི་ཚུལ་གྱིས་རོལ་པའི་སྟབས་ཀྱིས་བཞུགས་པའོ། ཤར་སྒོར་


CMR020_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་ནག་པོ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ་དབྱུག་སྔོན་ཅན་ལ། འོད་ཟེར་ཅན་སྟོབས་པོ་ཆེ་ལྟ་བུས་འཁྱུད་པ། ལྷོ་སྒོར་རྟ་དམར་པོ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ་འདོད་པའི་རྒྱལ་པོ་ལ། ཙུན་དཱ་མ་མི་གཡོ་བ་ལྟ་བུས་འཁྱུད་པ། བྱང་སྒོར་སེང་གེ་དཀར་པོ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ་མི་གཡོ་བ་ལ་ཁྲོ་གཉེར་ཅན་འདོད་རྒྱལ་ལྟ་བུས་འཁྱུད་པ། ནུབ་སྒོར་གླང་པོ་ཆེ་སེར་པོ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་དུ་སྟོབས་པོ་ཆེ་ལ། རྡོ་རྗེ་ལྕགས་སྒྲོག་མ་དབྱུག་སྔོན་ཅན་ལྟ་བུས་འཁྱུད་པ། སྟེང་དུ་མཁའ་ལྡིང་ཨ་ནི་ལ་ཞེས་པ་མདོག་ལྔ་པ་མིག་གསུམ་པ་ལུས་རྒྱས་དྲངས་པའི་ཤིང་རྟའི་སྟེང་དུ་གཙུག་ཏོར་ཅན། ཤིན་ཏུ་སྔོན་མོ་ཕྱག་བཞི་མ། གཡས་གཉིས་ན་གྲི་གུག་དང་རྡོ་རྗེ། གཡོན་གཉིས་ན་ཐོད་པ་དང་དྲིལ་བུ་འཛིན་པས་འཁྱུད་པ། འོག་ཏུ་སེང་གེ་རྐང་པ་བརྒྱད་པས་དྲངས་པའི་ཤིང་རྟའི་སྟེང་དུ་གནོད་མཛེས་ལ། དྲེག་ཅན་མ་ལྗང་གུ་ཕྱག་བཞི་མ། གཡས་གཉིས་ན་དགྲ་སཱུ་རྩེ་གསུམ། གཡོན་གཉིས་ན་སྦྲུལ་ཞགས་དང་ཁཊཾ་ག་འཛིན་པས་འཁྱུད་པ། དེ་ནས་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་རྟ་བབས་བཞིའི་ཀ་བ་བརྒྱད་ཀྱི་འོག་ཏུ་ཀླུ་


CMR020_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གནས་པའི་ཤར་གྱི་གཡོན་དང་གཡས་སུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སྟོབས་ཀྱི་རྒྱུ་དང་། པདྨ་ཅེ་སྤྱང་གདོང་མ་དང་། མཁའ་ལྡིང་གདོང་མས་འཁྱུད་པ། ལྷོའི་གཡོན་དང་གཡས་སུ་མེའི་དཀྱིལ་འཁོར་གྱི་སྟེང་དུ་ནོར་རྒྱས་དང་དུང་སྐྱོང་ལ། སྟག་གདོང་མ་དང་འུག་གདོང་མས་འཁྱུད་པ། བྱང་གི་གཡོན་དང་གཡས་སུ་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་རིགས་ལྡན་མ་དང་མཐའ་ཡས་ལ། ཕག་གདོང་མ་དང་བྱ་རྒོད་གདོང་མས་འཁྱུད་པ། ནུབ་ཀྱི་གཡོན་དང་གཡས་སུ་སའི་དཀྱིལ་འཁོར་གྱི་སྟེང་དུ་འཇོག་པོ་དང་པདྨ་ཆེན་པོ་ལ། ཁྱི་གདོང་མ་དང་བྱ་རོག་གདོང་མས་འཁྱུད་པ། སྟེང་དང་འོག་ཏུ་ནམ་མཁའི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་རྒྱལ་བ་དང་། རྣམ་པར་རྒྱལ་བ་ལ་རྡོ་རྗེ་མིག་མ་དང་སྔོན་མོས་འཁྱུད་པ། ཀླུ་རྣམས་རྡོ་རྗེའི་གདན་གྱི་བཞུགས་པ་ལ། ཡུམ་རྣམས་པདྨའི་གདན་གྱིས་འཁྱུད་པའོ། །དེ་ནས་མེ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་དུ། ཕྱོགས་སུ་འཁོར་ལོ་དམར་པོ་དང་། མཚམས་སུ་འཁོར་ལོ་དཀར་པོའི་ལྟེ་བར་གཏུམ་མ་རྣམས་གནས་པ་ནི། ཤར་རྩེ་མོ་འབིགས་པའི་


CMR020_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་བསེའི་སྟེང་དུ་འཁོར་ལོའི་ལྟེ་བར་ཁྱི་གདོང་མ། མེར་ལྷག་མ་ཟ་བའི་དུར་ཁྲོད་དུ་བཻཌཱ་ཎ་ཌའི་སྟེང་གི་འཁོར་ལོའི་ལྟེ་བར་བྱ་རོག་གདོང་མ། ལྷོར་རོ་སྲེག་པའི་དུར་ཁྲོད་དུ་དོམ་གྱི་སྟེང་དུ་འཁོར་ལོའི་ལྟེ་བར་ཕག་གདོང་མ། ལྷོ་ནུབ་ཏུ་མི་བཟད་པའི་གཡུལ་གྱི་དུར་ཁྲོད་དུ། ཁྲུང་ཁྲུང་གི་སྟེང་དུ། འཁོར་ལོའི་ལྟེ་བར་བྱ་རྒོད་གདོང་མ། བྱང་དུ་རོ་རུལ་པ་དང་བཅས་པའི་དུར་ཁྲོད་དུ་འབྲིའི་སྟེང་དུ་འཁོར་ལོའི་ལྟེ་བར་སྟག་གདོང་མ།། དབང་ལྡན་དུ་བྱིས་པ་ཤི་བའི་དུར་ཁྲོད་དུ་འཁོར་ལོའི་ལྟེ་བར་འུག་གདོང་མ་དང་། ནུབ་ཏུ་རྣག་གི་དྲིའི་དུར་ཁྲོད་དུ་སེང་གེའི་སྟེང་དུ་འཁོར་ལོའི་ལྟེ་བར་ཅེ་སྤྱང་གདོང་མ། རླུང་དུ་སྦྲུལ་གྱིས་ཟོས་པའི་དུར་ཁྲོད་དུ་མིག་སྔོན་གྱི་སྟེང་དུ་འཁོར་ལོའི་ལྟེ་བར་མཁའ་ལྡིང་གདོང་མ། སྟེང་དུ་མཁའ་ལྡིང་ཨ་ནི་ལས་དྲངས་པའི་ཤིང་རྟའི་སྟེང་དུ་སྔོན་མོ། འོག་ཏུ་སེང་གེ་རྐང་པ་བརྒྱད་པས་དྲངས་པའི་ཤིང་རྟའི་སྟེང་དུ་རྡོ་རྗེ་མིག་མ་རྣམས་སྐུ་མདོག་ལྗང་གུ། ཕྱག་གཉིས་མ་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། སྤྱན་གསུམ་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་པ། མི་མགོའི་ཕྲེང་བ་མགུལ་དུ་འཕྱང་བ། ཟླུམ་པའི་སྟབས་ཀྱིས་


CMR020_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལ། ཡབ་ཀླུ་རྣམས་སྔོན་པོ་ཕྱག་བཞིའི་གཡས་གཉིས་ན་བདུད་རྩི་བུམ་པ་དང་རྡོ་རྗེ། གཡོན་གཉིས་ན་པདྨ་དང་རིན་པོ་ཆེ་འཛིན་པ། ཟླུམ་པོའི་། འི་སྟབས་ཀྱིས་འཁྱུད་པའོ། །གཞན་ཡང་དུར་ཁྲོད་ཀྱི་ས་གཞི་ལ་སྐྲ་དང་བ་སྤུ་རྣམ་པར་དག་པའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི། སྟེང་འོག་ཕྱོགས་མཚམས་རྣམས་སུ་ཟླ་བ་དང་ཉི་མ་ལ་སོགས་པའི་གཟའ་བཅུ་དང་། བརྟན་མ་དང་། རི་བྱི་དང་། རྒྱུ་སྐར་ཐམས་ཅད་དང་། ཁྱིམ་བཅུ་གཉིས་དང་། ཆ་བཅུ་དྲུག་དང་། ཕྱོགས་བཅུ་སྐྱོང་བ་དང་། དགའ་བྱེད་དབང་ཕྱུག་དང་། ནག་པོ་ཆེན་པོ་དང་། དྲིལ་བུ་རྣ་བ་ཅན་དང། བྷིངྒེ་ཎ་དང་། ཞིང་སྐྱོང་ཐམས་ཅད་དང་། ཕྲོག་མ་དང་། གྲུབ་པ་རྣམས་དུར་ཁྲོད་ཀྱི་མཐར་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བ་ལ་སོགས་པའི་ལྷ་རྣམས་རྡོ་རྗེའི་འདུག་སྟངས་དང་། ལྷ་མོ་རྣམས་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་གྱི་འདོད་ཡོན་ལ། མཆོད་པའི་ལྷ་མོ་བཅུ་གཉིས་གནས་པ་ནི། ཤར་སྒོའི་གཡོན་དང་གཡས་སུ་དྲི་ཆབ་མ་དང་ཕྲེང་བ་མ། ལྷོ་སྒོའི་གཡོན་དང་གཡས་སུ་སྤོས་མ་དང་མར་མེ་


CMR020_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མ། བྱང་སྒོའི་གཡོན་དང་གཡས་སུ་ལྷ་བཤོས་མ་དང་འབྲས་བུ་མ། ནུབ་སྒོའི་གཡོན་དང་གཡས་སུ་སྒེག་མོ་མ་དང་བཞད་མ། སྟེང་དུ་རོལ་མོ་མ་དང་གར་མ། འོག་ཏུ་གླུ་མ་དང་འདོད་མ་རྣམས་པདྨའི་འདུག་སྟངས་ཀྱིས་བཞུགས་པ། དེ་ནས་གསུང་གི་དཀྱིལ་འཁོར་གྱི་སྟེགས་བུ་ལ། ཤར་སྒོའི་གཡས་སུ་སྒྲོལ་མ་ལས་སྐྱེས་པའི་དབྱེ་འདོད་མ་དང་། རེག་བྱ་རྡོ་རྗེ་མ་ལས་སྐྱེས་པའི་གོས་འདོད་མ་དང་། ཙཱ་མུཎྜ་ལས་སྐྱེས་པའི་ལུས་ལ་འཕྲུག་དམར་འདོད་མ་དང་། ཁྱབ་འཇུག་མ་ལས་སྐྱེས་པའི་ཁ་ན་གནས་པའི་མཆིལ་མ་འདོར་བར་འདོད་མ་དང་། རབ་བརྩོན་མ་ལས་སྐྱེས་པའི་སྐྱོད་འདོད་མའོ། །གཡོན་དུ་ཤིན་ཏུ་སྔོན་མོ་ལས་སྐྱེས་པའི་ཀུན་ཏུ་གདུང་བར་འདོད་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་ལས་རེག་བྱ་འདོད་མ་དང་། ཁྱི་གདོང་མ་ལས་ཡན་ལག་ཐམས་ཅད་བསྐྱེད་པར་འདོད་མ་དང་། བྱ་རོག་གདོང་མ་ལས་ལྷག་མ་ཟ་བར་འདོད་མ་དང་། ལྷོ་སྒོའི་གཡས་སུ་གོས་དཀར་མོ་ལས་བསྐྱེད་འདོད་མ་དང་། རོ་རྡོ་རྗེ་མ་ལས་ཟས་འདོད་མ་དང་། ཕག་གདོང་མ་ལས་ལུས་ཀྱི་དྲི་འདོད་མ་དང་། གཞོན་ནུ་མ་ལས་གར་འདོད་མ་དང་། རྨུགས་བྱེད་མ་ལས་སྐེམ་


CMR020_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་མ་དང་། གཡོན་དུ་ཁྲོ་གཉེར་ཅན་མ་ལ་འགུགས་འདོད་མ་དང་། དྲག་ཅན་མ་ལས་རྒྱུག་པར་འདོད་མ་དང་། ཕག་གདོང་མ་ལས་གཤང་གཅི་ཟ་བར་འདོད་མ་དང་། བྱ་རྒོད་གདོང་མ་ལས་གཡུལ་འདོད་མ་དང་། བྱང་སྒོའི་གཡས་སུ་མཱ་མ་ཀཱི་ལས་རྒྱས་པར་འདོད་མ་དང་། གཟུགས་རྡོ་རྗེ་མ་ལས་རྒྱུན་འདོད་མ་དང་། དྲག་མོ་ལས་སྟན་འདོད་མ་དང་། དཔལ་མོ་ལས་རྒྱལ་སྲིད་འདོད་མ་དང་། ང་རྒྱལ་ཅན་ལས་འཇམ་པོར་སྨྲ་འདོད་མ་དང་། གཡོན་དུ་སྒྲ་རྡོ་རྗེ་མ་ལས་རོལ་མོ་འདོད་མ་དང་། ཙུན་མ་ལས་ཕྱག་འཚལ་བར་འདོད་མ་དང་། སྟག་གདོང་མ་ལས་རྩོད་པ་མང་པོ་འདོད་མ་དང་། འུག་གདོང་མ་ལས་བྱིསྦ་ཁྲོ་བར་འདོད་མ་དང་། ནུབ་སྒོའི་གཡས་སུ་སྤྱན་མ་ལས་རེང་ས་འདོད་མ་དང་། དྲི་རྡོ་རྗེ་མ་ལས་དྲི་འདོད་མ་དང་།། དབང་མོ་ལས་མལ་སྟན་ལས་བརྙེས་པར་འདོད་མ་དང་། ཚངས་མ་ལས་ཆུ་ལས་རྐྱལ་བར་འདོད་མ་དང་། རེངས་བྱེད་མ་ལས་འཆིང་འདོད་མ་དང་། གཡོན་དུ་ཆོས་དབྱིངས་རྡོ་རྗེ་མ་ལས་འཁྲིག་པར་འདོད་མ་དང་། འོད་ཟེར་ཅན་མ་ལས་ཕུར་བུ་འདེབས་པར་འདོད་མ་དང་། ཅེ་སྤྱང་གདོང་མ་


CMR020_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སེམས་ཅན་བསྡུ་བར་འདོད་མ་དང་། མཁའ་ལྡིང་མ་ལས་སྤྲུལ་འཆིང་བར་འདོད་མ་དང། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལས་སྐྱེས་པའི་གསོད་འདོད་མ་དང་། སྣ་ཚོགས་ཡུམ་ལས་སྐྱེས་པའི་སྐྱེ་འདོད་མ་གཉིས་ཕན་ཚུན་གཅིག་ཏུ་བསྡུས་ནས་འདོད་མི་སུམ་ཅུ་རྩ་དྲུག་གནས་པའོ། །དེ་ནས་སྐུའི་དཀྱིལ་འཁོར་གྱི་སྣམ་བུ་ལ་ཤར་སྒོ་ལ་སོགས་པའི་གཡས་གཡོན་རྣམས་སུ་དབྱེ་བར་མི་འདོད་མ་དང་། ཀུན་ཏུ་གདུང་བར་མི་འདོད་མ་ལ་སོགས་པ་ཕྱིར་འདོད་མ་སུམ་ཅུ་སོ་དྲུག་པོ་རྣམས་སྒོ་བཞིའི་གཡས་སུ་ལྔ་ལྔ་དང་། གཡོན་དུ་བཞི་ཀློབཞི་སྟེ། ཕྱོགས་རེར་དགུ་དགུ་གནས་པའོ། །གཙོ་བོ་ལ་མི་བསྐྱོད་པ་དང་། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན། རྒྱས་པར་བྱེད་འདོད་ན། དོན་གྲུབ་ལ་སོགས་པ་རིགས་བཞི་ལ་མི་བསྐྱོད་པ་ལྗང་གུས་དབུ་བརྒྱན། ཡང་ན་།་དོན་གྲུབ་ལ་རིན་ཆེན་འབྱུང་ལྡན། རིན་ཆེན་འབྱུང་ལྡན་ལ་སྣང་བ་མཐའ་ཡས། སྣང་བ་མཐའ་ཡོས་ལ་རྣམ་པར་སྣང་མཛད། དེ་ལ་མི་བསྐྱོད་པས་དབུ་བརྒྱན། ལྷ་གཞན་རྣམས་ཀྱི་ནག་པོ་རྣམས་ལ་དོན་གྲུབ། དམར་པོ་རྣམས་ལ་རིན་འབྱུང་། དཀར་པོ་རྣམས་ལ་སྣང་བ་མཐའ་ཡས། སེར་


CMR020_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ལ་རྣམ་སྣང་། ལྗང་གུ་རྣམས་ལ་མི་བསྐྱོད་པ། སྔོན་པོ་རྣམས་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན། རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པ་རྣམས་སྤྲུལ་སྐུའི་རྣམ་པ་ཅན་ནོ། །དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པའི་སྔགས་ནི། ཨོཧཾསྭཱ་ཧཱ། སྙིང་པོ་ནི། ཨོཾ་ཨཱཿཿཧཱུྃ་ཧོཿ ཧཾ་ཀྵ་ཧཱུྃ་སྭཱ་ཧཱ། ཉེ་བའི་སྙིང་པོ་ནི། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧྲ་ཕཊ་སྭ་ཧཱ། སྣ་ཚོགས་ཡུམ་ལས་སྔགས༔ ཨོཾ་ཨཱཿཿཧཱུྃ་ཧྭ་ཕཊ༔ ༈ དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ལས། རྣལ་འབྱོར་ནམ་མཁའ་ཡབ་ཡུམ་སོ་སོར་བྱས་ན་ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ནི། རྡོ་རྗེའི་གུར་གྱི་ནང་དུ། རླུང་དང་། མེ་དང་། ཆུ་དང་།་དབང་ལྡན་གྱི་ལྗིདཀྱིལ་འཁོར་གྱི་སྟེང་དུ། སུཾ་ལས་རིའི་རྒྱལ་པོ་རི་རབ་ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ། རྩེ་མོ་ཅོག་བརྒྱད་ཀྱིས་མཛེས་པ། ཡཱརི་དང་རོལ་མཚོ་ལ་སོགས་པས་བསྐོར་ཡེབའི་སྟེང་དུ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐུབ་པའི་དབང་པོའི་བཞུགས་གནས་གཞལ་ཡས་ཁང་པ། གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ནི་ནང་ནས་རིམ་བཞིན་སྔོ་


CMR020_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཡིས་མཛེས་པར་བྱས་པ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་། དྲིལ་བུ་རྔ་ཡབ་དང་། མེ་ཏོག་གི་ཕྲེང་བ་དང་། མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། །དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་རྩེ་བཞིར་གདུགས་བཞིའི་མཛེས་ཤིང་། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ་གཟུངས་མ་ལ་སོགས་པས་མཆོད་པ་བྱེད་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང་། གཡས་


CMR020_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་ཁ་འདོད་ཡོན་སྣ་ཚོགས་ཀྱིས་གང་བའི་གཞལ་ཡས་ཁང་གི་ཕྱིའི་རྡོ་རྗེའི་མེ་རིའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་དུ། ལྷ་སྣམ་གྲུ་བཞི་དེའི་ནང་དུ་ལྷ་སྣམ་ཟླུམ་པོ་ཤར་དཀར། བྱང་སེར། ནུབ་དམར། ལྷོ་ནག །དབུས་སྔོན་པོའི་དབུས་ལེའུ་ཚེ་དགུར་གྱུར་པའི་དབུས་སུ། སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་རྣམ་འབྱོར་ནམ་མཁའ་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་སྔོ། གཡས་དཀར། གཡོན་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ལྷག་མ་གཉིས་ཀྱིས་ཡུམ་གྱི་ནུ་མ་དང་མདའ། གཡོན་ལྷག་མ་གཉིས་ཀྱིས་ཐོད་པ་དང་གཞུ་འཛིན་པ། ཕྱག་རྒྱ་དྲུག་དང་ལྡན་པའོ། །ཐོད་པ་ལྔའི་ཕྲེང་བ་དང་། ནོར་བུ་དང་། ཟླ་བ་ཕྱེད་པ་དང་། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པ་


CMR020_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོའི་ཅོད་པན་དང་། སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །དེའི་པང་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ཁཊཾ་ག་དང་། གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཕྱག་རྒྱ་ལྔས་བརྒྱན་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་ཤར་དུ་གླང་པོ་ཆེའི་སྟེང་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། བྱང་དུ་རྨ་བྱའི་སྟེང་དུ་འཇིགས་བྱེད་མཁའ་འགྲོ་མ་སེར་མོ། ནུབ་ཏུ་བྱ་ཁྱུང་གི་སྟེང་དུ་རོ་ལངས་མཁའ་འགྲོ་མ་དམར་མོ། ལྷོར་ཁོལ་པའི་སྟེང་གདན་གྱི་སྟེང་དུ་གཏུམ་མོ་སྔོན་མོ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་མ། གཡས་ཁ་ཊཾ་ག་དང་། གཡོན་ཐོད་པ་འཛིན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞུགས་པ། དབང་ལྡན་དུ་སེང་གེའི་སྟེང་དུ་སེང་གེ་མ་དཀར་སེར། གཡས་པས་སྟེང་དུ་འཕྱར་བའི་ཁཊཾ་ག་དང་། གཡོན་སྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པ། མེར་ཕག་གི་སྟེང་དུ་སྟག་མོ་དཀར་ནག །གཡས་ལྕགས་ཀྱུ་དང་། གཡོན་ཞགས་པ་འཛིན་པ། བདེན་


CMR020_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དུ་མ་ཧེའི་སྟེང་དུ་ཅེ་སྤྱང་མོ་ཅེ་སྤྱང་གི་གདོང་པ་ཅན། སྐུ་མདོག་ནག་དམར་གཡས་དགྲ་སྟ་དང་། གཡོན་ཞགས་པ་འཛིན་པ། རླུང་དུ་ཅེ་སྤྱང་གི་གདན་ལ་འུག་པ་མ་དམར་སེར་འུག་གདོང་ཅན། གཡས་དབྱུག་པ་དང་གཡོན་ཞགས་པ་འཛིན་པ། ཤར་དུ་མཁའ་འགྲོ་མ་དཀར་མོ། ཕྱག་གཉིས་ཀྱི་རྩེ་མོ་ཁར་བཅུག་པ། བྱང་དུ་མར་མེ་མ་སེར་མོ་སྤྱི་བོར་མར་མེ་ལྟ་བུའི་ཐལ་མོ་སྦྱར་བ་དང་བཅས་པ། ནུབ་ཏུ་འཇིབ་བྱེད་མ་དམར་མོ་སྙིམ་པ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། ལྷོར་སྐམ་པོ་ཛི་ནག་མོ་ཕྱག་གཉིས་ཐུགས་ཀར་གཏུན་ཤིང་འཛིན་པ། བཞི་ཀའང་པདྨ་དང་ཉི་མའི་གདན་ལ་བཞུགས་པའི་ཕྱི་རོལ་རྡོ་རྗེའི་རྭ་བ་དང་འོད་ཟེར་ཕྲེང་བས་བསྐོར་བའོ། །དེའི་ཕྱི་རོལ་གྱི་ལྷ་སྣམ་ཟླུམ་པོའི་ཤར་དུ། པུཀྐ་སཱི་དང་། ཏཱ་མི་ཌ་དང་། གཏུམ་མོ་རྣམས་སྐུ་མདོག་དཀར་མོ། ཕྱག་གཉིས་ཀྱིས་བདུད་རྩིའི་སྣོད་འཛིན་པ། བྱང་དུ་འཇིགས་བྱེད་མ་དང་། །ཁྲག་མ་དང་། ཤ་མ་རྣམས་ནི་སྐུ་མདོག་སེར་མོ། ཕྱག་གཉིས་ཀྱིས་ཤ་ལྔས་གང་བའི་སྣོད་འཛིན་པ། ནུབ་ཏུ་དྲག་ཤུལ་མ་དང་། འབར་མ་དང་། མི་སྡུག་མ་རྣམས་དམར་


CMR020_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཕྱག་གཉིས་ཀྱིས་གཏོར་མའི་སྣོད་འཛིན་པ། ལྷོར་ཐོད་པ་མ་དང་། རྡོ་རྗེ་མ་དང་། བུམ་པ་ཅན་མ་རྣམས་ནག་མོ་ཕྱག་གཉིས་ཀྱིས་བཏུང་བའི་སྣོད་འཛིན་པ། དབང་ལྡན་དུ་གཡས་སུ་སྒེག་མོ་ཕྱག་གཉིས་སྙིམ་པའི་ཚུལ་དང་། གཡོན་དུ་དྲི་ཆབ་མ་དྲིའི་སྣོད་འཛིན་པ་གཉིས་སེར་མོ་དང་། མེའི་མཚམས་ཀྱི་གཡས་སུ་པི་ཝཾ་མ་པི་ཝཾ་བསྒྲེང་བ། གཡོན་དུ་མེ་ཏོག་མ་ཕྱག་གཉིས་ཀྱིས་མེ་ཏོག་འཐོར་བ་གཉིས་དཀར་མོ། བདེན་བྲལ་གྱི་གཡས་སུ་གླུ་མ་ཁ་ནས་ཚིག་འབྱིན་པའི་ཚུལ་དང་། གཡོན་དུ་བདུག་སྤོས་མ་སྤྲོས་སྣོད་འཛིན་པ་གཉིས་ནག་མོ། རླུང་གི་གཡས་སུ་གར་མ་ཕྱག་གཉིས་ཀྱིས་སྤྱི་བོར་གར་བྱེད་པའི་ཚུལ། གཡོན་དུ་མར་མེ་མ་མར་མེའི་ཀོང་བུ་འཛིན་པ་གཉིས་དམར་མོ། ཡེ་ཤེས་མཁའ་འགྲོ་ལ་སོགས་པའི་ལྷ་མོ་སུམ་ཅུ་སོ་གསུམ་པོ། དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ་དབུ་སྐྲ་གྲོལ་བ། ཐོད་པ་ལྔ་ཡི་ཕྲེང་བས་བརྒྱན་པའོ། །དེའི་ཕྱི་རོལ་གྱི་ཤར་སྒོར་ཁྱབ་འཇུག་ནག་པོ། བྱང་སྒོར་ཚངས་པ་སེར་པོ། ནུབ་སྒོར་དབང་ཕྱུག་ཆེན་པོ་དཀར་པོ། ལྷོ་སྒོར་གདོང་དྲུག་དམར་པོ། དབང་ལྡན་གྱི་མཚམས་སུ་དབང་


CMR020_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སེར་པོ། མེའི་མཚམས་སུ་ལུས་ངན་སེར་པོ། སྲིན་པོའི་མཚམས་སུ་གཤིན་རྗེ་ནག་པོ། རླུང་གི་མཚམས་སུ་ཆུ་ལྷ་དཀར་པོ། ལྷ་སྣམ་ལ་ཤར་དུ་ཀེང་རུས་འཇིགས་བྱེད་དང་། ཁཊཾ་ཀའི་སྲིན་པོ་དང་། ཚོགས་ཀྱི་དབང་ཕྱུག་དང་། དྲིལ་བུའི་རྣ་བ་ཅན་རྣམས་དཀར་པོ། བྱང་དུ་གཏུམ་མོའི་དབང་ཕྱུག་དང་། འདུན་པའི་ལྷ་དང་། རིམས་ཀྱི་དབང་ཕྱུག་མ་དང་། ཛཾ་ཀ་ར་འཇིགས་སུ་རུང་བ་རྣམས་སེར་པོ། ནུབ་ཏུ་དྲག་པོའི་འདོད་པ་དང་། ཤོན་ཌི་ལའི་དབང་ཕྱུག་དང་། ཌཱ་མ་རུའི་འདུལ་བྱེད་དང་། རྔ་སྒྲས་འཇིགས་བྱེད་རྣམས་དམར་པོ། ལྷོར་གཏུམ་བུ་ར་ཡི་དབང་ཕྱུག་དང་། སྦྲ་ར་ཎ་དོ་དང་། མཆེ་བ་གཙིགས་པ་དང་། གཞུ་འཛིན་པ་རྣམས་ནི་ནག་པོ་སྟེ། ཉི་ཤུ་རྩ་བཞི་པོ་དེ་རྣམས་ནི་ཞལ་གཅིག་ཕྱག་བཞི་མ། གཡས་པ་གཉིས་ཀྱིས་ཁཊཾ་ག་དང་རྩེ་གསུམ་འཛིན་པ་དང་། གཡོན་པ་གཉིས་ཀྱིས་ལྷ་མོ་ལ་འཁྱུད་པ་དང་། ཐོད་པ་འཛིན་པ། རལ་པ་ནག་པོའི་ཐོར་ཅོག་ཅན། ཐོད་པ་ལྔའི་ཕྲེང་བས་དབུ་ལ་བརྒྱན་ཅིང་། ཕྱག་རྒྱ་ལྔ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། འདི་རྣམས་ཀྱི་ཡུམ་


CMR020_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་མ། གཡས་ཁཊཾ་ག་དང་གཡོན་ཐོད་པ་འཛིན་པས་འཁྱུད་པའོ། །མི་བསྐྱོད་པས་དབུ་བརྒྱན། ས་བོན་ནི་ཧཱུཾ། སྔགས་ནི། ཨོཾ་ཧཱུྃ་ཧ་སྭཱ་ཧཱ། །ཨོཾ་གྷཾ་གྷ་སྭཱ་ཧཱ། རོ་ལངས་མའི་སྔགས་ཏེ་ལས་ཐམས་ཅད་པའི་འོ།། ༈ །།དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ལས་གསུངས་པའི་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་ནི། སྔོན་འགྲོ་རྣམས་སྤྱི་དང་འདྲ། །གཞལ་ཡས་ཁང་གོང་དང་འདྲའོ། །རྡོ་རྗེ་གུར་གྱི་ནང་དུ། སོགས་ནས། ཕྱིའི་རྡོ་རྗེ་མེ་རིའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནང་། ཤར་དཀར་བྱང་སེར་ནུབ་དམར་ལྷོ་ནག་དབུས་སྔོན་པོའི་ལྷ་སྣམ་གྱི་ནང་ལེའུ་ཚེ་དགུར་གྱུར་པའི་དབུས་སུ། སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། བདག་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་སྔོན་མོ། ཞལ་གསུམ་ཕྱག་དྲུག་མ་རྩ་བའི་ཞལ་སྔོ། གཡས་དཀར། གཡོན་དམར། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དྲུག་གི་གཡས་པ་རྣམས་ན་། ཁཊཾ་ག་དང་དགྲ་སྟ་དང་། རྡོ་རྗེ་འཛིན་པ། གཡོན་པ་རྣམས་ན། དྲིལ་བུ་དང་། ཁྲག་གིས་གང་བའི་ཐོད་པ་དང་། རལ་གྲི་འཛིན་པ་ཐོད་པའི་ཕྲེང་བ་དང་།


CMR020_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། བྱང་དུ་མི་ཟད་མཁའ་འགྲོ་མ་སེར་མོ། ནུབ་ཏུ་རོ་ལངས་མ་དམར་མོ། ལྷོར་གཏུམ་མོ་སྔོན་མོ། བཞི་ཀའོང་ཞལ་གཅིག་ཕྱག་གཉིས་མ། གཡས་པས་ཁཊཾ་ཀ་དང་། གཡོན་པས་ཐོད་པ་འཛིན་པ། སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞུགས་པ། དབང་ལྡན་དུ་སེང་གེ་མོ་སེང་གེའི་གདོང་པ་ཅན། གཡས་སེར་གཡོན་དཀར་བ་གླང་པོ་ཆེ་ལ་གནས་པ། མེར་སྟག་མོ་སྟག་གི་གདོང་པ་ཅན། གཡོན་སྔོ་གཡས་དཀར་བ་རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་ལ་གནས་པ། སྲིན་པོར་ཅེ་སྤྱང་མ་ཅེ་སྤྱང་གི་གདོང་པ་ཅན། གཡོན་དམར་གཡས་ནག་པ་མ་ཧེ་ལ་གནས་པ། རླུང་དུ་འུག་པ་མ་འུག་པའི་གདོང་པ་ཅན། གཡས་དམར་གཡོན་སེར་བ་སྦྲུལ་ལ་གནས་པ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་མ། གཡས་པས་རྡོ་རྗེས་མཚན་པའི་ལྕགས་ཀྱུ་དང་། གཡོན་པས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེའི་ཞགས་པ་འཛིན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་


CMR020_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའོ། །ཤར་སྒོར་རྒྱལ་བའི་དབང་ཕྱུག་མ་དཀར་མོ། ཕྱག་གཉིས་ཀྱིས་ཐལ་མོ་ཁར་བཅུག་པ། བྱང་དུ་གསལ་བྱེད་མ། སེར་མོ་མར་མེ་ལྟ་བུའི་ཐལ་མོ་ཁ་སྦྱར་བ་སྤྱི་བོར་འཛིན་པ། ནུབ་ཏུ་འཇིབ་བྱེད་མ་དམར་མོ་ཁྲག་གིས་གང་བའི་སྙིམ་པ་ཐུགས་ཀར་འཛིན་པ། ལྷོར་ཀཾ་པོ་ཛི་ནག་མོ། ཕྱག་གཉིས་ཀྱི་སྡིགས་མཛུབ་ཀྱི་རྩེ་མོས་རང་གི་གསང་བའི་གནས་སྟོན་པར་མཛད་པ། བཞི་ཀའང་སྣ་ཚོགས་པདྨ་དང་ཉི་མ་དང་རོའི་གདན་ལ་བཞུགས་པ། ལྷ་མོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པ། ཐོད་པའི་ཕྲེང་བ་དང་ཕྱག་རྒྱ་ལྔས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །མི་བསྐྱོད་པས་དབུ་བརྒྱན། ས་བོན་ཧཱི༔ སྔགས་ནི། ཨོཾ་ཧཱིས་༄ཧཱ། ཨོཾ་བེརྟ་ལི་ཧཱུྃ་སྭཱ་ཧཱ། ལས་ཐམས་ཅད་པའི་སྔགས་སོ།། ༈ །།བུམ་པ་གཉིས་ལ་ནང་མཆོད་གཏོར་ཞིང་། ཨོཾ་ཨཱཿབིནྡྷན་ཏ་ཀྲྀཏ་ཧཱུཾ། ཨོཾ་སྭ་བྷ་ཝས་སྟོང་པར་སྦྱངས་ནས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ། བྷཱུ་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་གཉིས། ལྟོ་བ་ཡངས་ཤིང་རྒྱ་ཆེ་བ་མགྲིན་པ་རིང་བ། མཆུ་


CMR020_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱང་བ་། ལྷ་རྫས་གོས་ཀྱིས་མགྲིན་པ་བཀྲིས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། བུམ་རྫས་དང་ཆུས་སུམ་གཉིས་གང་བ་སོགས་མཚན་ཉིད་དང་ལྡན་པར་གྱུར། ཨོཾ་ཏསྟེ་ཏཔེ་མ་ཧཱ་ཏསྟེ་སྭཱ་ཧཱ། གསུམ། ལྷའི་ཆུ་བོ་གངྒཱ་ནས་ཆུ་རྒྱུན་བབས་པས་བུམ་པའི་ནང་གི་ཆུ་ལ་ཐིམ་པས་འདྲེས་པའི་དབུས་སུ། ཞི་བ་རྣམས་ལ་སྣ་ཚོགས་པདྨ་དང་ཟླ་བའི་གདན། ལས་བུམ་སོགས་ཁྲོ་བོ་རྣམས་ལ་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ་རྣམས་ཀྱི་སྟེང་དུ། སྐད་ཅིག་གིས་རྣམ་རྒྱལ་བུམ་པར་ཆེ་གེའི་ལྷ་ཚོགས་སྔར་སྨོས་མ་ཐག་པའི་མཚན་ཉིད་ཅན། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་གསལ་བ་དང་། ལས་བུམ་དུ་རྗེའི་ཞལ་གཅིག་ཕྱག་གཉིས་རྒྱན་ཆ་ལུགས་དང་བཅས་པ་གསལ་བ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྗེའི་ལྷ་ཚོགས་ལས་ལྷ་དང་བཅས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཧཱིཔྲ་ཝ་ར་སཏྟ་ར་པཱཏུཾ། པྲཀྵ་ཏཱཾ། ཨཉྩ་མཱ་ནཾ། ཨགྷཾ་པུཎྜེ་སོགས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། ཨོཾ་


CMR020_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཿཧཱུྃ། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོའམ། ཡབ་རྐྱང་ཡུམ་རྐྱང་རྣམས་ལ་དེའི་རིགས་བདག་དང་། དབྱེར་མེད་དུ་གྱུར་པའི་ཡབ་ཀྱི་གསང་གནས་ཀྱི་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་འདབ་མ་གསུམ་པ་ཟེའུ་འབྲུ་ཨས་མཚན་པ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། གཙོ་བོ་ཡབ་ཡུམ་གཉིས་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་རྒུའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས། རང་གི་ཞལ་དུ་ཞུགས། ཐུགས་ཀར་འོད་དུ་ཞུ་སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབ་པ་ལས་སྒྲེའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། སྙིང་པོ་གང་ཡིན་ལན་གཅིག་བརྗོད། ཡུམ་གྱི་མཁའ་ནང་ནས་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པ་འཕྲོས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་བདག་ཉིད་དང་དཀྱིལ་འཁོར་སོ་སོ་ལ་ཐིམ་། ཛཧཱུྃ་བཾ་ཧོཿདབྱེར་མེད་དུ་གྱུར། སྟ་གོན་བྱས་ན། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ནམ་མཁར་བཏེག་པའི་སྟ་གོན་གྱི་རྟེན་བརྟེན་པ་དང་བཅས་


CMR020_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཧིཔྲ་ཝ་ར་སཏྟ་ར། པཱཏྱཾ། པྲཀཱ་ཎཾ། ཨཉྩ་མཱ་ནཾ། ཨརྒྱུ། པཉྩེ་སོགས། ཛཿཧཱུྃ་བཾ་ཧོཿ སྟ་གོན་གྱི་རྟེན་བརྟེན་པའི་དཀྱིལ་འཁོར་རྣམས། རས་བྲིས་ཀྱི་རྟེན་བརྟེན་པའི་དཀྱིལ་འཁོར་ལ་དབྱེར་མེད་དུ་གྱུར། ལྷ་ཚོགས་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། སླར་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཨོབཛྲ་ས་མཱ་ཛཿ ཨོཾ་ཧཱིཔྲ་ཝ་ར་སཏྟ་ར། པཱཧུཾ༴ པྲཀྵ་ཏཱཾ༴ ཨཉྩ་མཱ་ནཾ༔ ཨནྣཾ༔ པཉྩེ་སོགས། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །ཁྱེད་ཀྱི་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས། དབང་བསྐུར་རྡོ་རྗེ་ཆེན་པོནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥཉྩི་ཧཱུྃ། ཞེས་གསུངས་ཤིང་


CMR020_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རིགས་བདག་སྒྲོའི་དབུ་བརྒྱན། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན། དེ་ནས་རང་གི་སྙིང་གར་ཟླ་བའམ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཕྱག་མཚན་ས་བོན་གྱིས་མཚན་པ་དེ་ལས་རྒེའི་ལྷ་ཚོགས་དང་། དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོས། སྐལ་པ་ཇི་ལྟ་བར་ཆོས་སྟོན་པ་ལ་སོགས་པ། གཞན་ལ་ཕན་པ་རྣམས་མཛད་དེ། བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་བཞག་ཅིང་། སླར་འདུས་ནས་བདག་ཉིད་ལ་ཐིམ། སོ་སོའི་༈ སྙིང་པོ་ཅི་མང་བཟླས། དཀྱིལ་འཁོར་རང་རང་གི་གཙོ་བོའི་སྔགས་མང་དུ་བཟླས་པས་དོན་འགྲུབ་སྟེ། རྒྱུད་ལས། འདི་ཀུན་གཙོ་བོའི་ཡན་ལག་ཕྱིར། །གཙོ་བོའི་བསྙེན་པས་འགྲུབ་པར་འགྱུར། །ཞེས་གསུངས། བདག་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་བུམ་ལྷ་ལ་ཐིམ་པར་གྱུར། ཞེས་སྙིང་པོ་བརྒྱ་རྩ་ལས་མི་ཉུང་བ་བཟླས། བསྙེན་པ་ཅི་འགྲུབ་ཐུན་མཇུག་ཏུ།


CMR020_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བཅོམ་ལྡན་འདས་ ཆྒཨཻའི གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། གཟུངས་ཐག་བུམ་པ་ལ་དཀྲིས་ཏེ་ལས་བུམ་གྱི་སྔགས་དང་། ཨོཾ་བཛྲ་ཨུད་ད་ཀ་ཧཱུྃ། ཅི་འགྲུབ་བཟླ་ཞིང་། ཧཱུྃ། བདུན་གྱིས་སྔགས་པའི་མེ་ཏོག་བུམ་པ་གཉིས་སུ་བླུགས། ཨོཾ་ཨཱཿཿཧཱུཾ། རང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་བྱེ་བའི་གཙོ་བོ་རྐྱང་པ་ཞལ་གཅིག་ཕྱག་གཉིས་པར་གྱུར་ཏེ། ཕ་རྒྱུད་ལ་རྡོ་རྗེ་འཆང་། མ་རྒྱུད་ལ་ཧེ་རུ་ཀ་བྱས་ཀྱང་རུང་། དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འདུག་ནས་མདུན་བུམ་ལ་མཆོད་བསྟོད་བྱེད་པར་གྱུར། མཆོད་པ་ཁ་གསོ་དང་བྱིན་རླབས་གྲུབ་ན་ལེགས་མ་གྲུབ་ཀྱང་རུང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་


CMR020_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པས་བསྐོར་བ། མདུན་གྱི་ནམ་མཁར་མཆོད་པའི་ཡུལ་དུ་ཨོཾ་བཛྲ་ས་མ་ཛཿ མཆོད་ཡུལ་སྤྱན་དྲངས་པའོ། །འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་ཞལ་བསིལ་དང་། །མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་དང་། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །མཆོད་པ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ། ལྷ་སོ་སོའི་མཚན་སྔགས་འདིར་སྦྱར་ན་ལེགས་མ་གྲུབ་ཀྱང་རུང་། ས་པ་རི་ཝཱ་ར༔ ཨོཾ་ཧཱིཔྲ་ཝ་ར་སཏཱ་ར། པཱཏུཾ། པྲཀྵ་ཏྭཾ། ཨཉྩ་མཱ་ནཾ༔ ཨགྷཾ༔ པུབྦེ་དྷ་པེ་ཨཱཿ་ལོ་ཀེ་གནྡྷེ་ནི་ཝི་ཏྱ། ཤརྡ་ཨཱཿཿཧཱུྃ། རཱུ་པ། ཤརྡ། གྷནྡྷེ། རཱ་ས། སྤངྒེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་པྲ་ཙ་ལི་ཏི་པྲཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་བ་བཛྲ་དྷརྨ་ཧྲིདྷ་ཡ་སན་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། གཏོར་མ་དང་ནང་མཆོད་གཉིས་ཀ་ཆུ་གཙང་གིས་བྲན་ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་སྣོད་ཐོད་པར་གྱུར་པའི་ནང་དུ། གཏོར་རྫས་ཤ་ལྔ་བདུད་རྩི་ལྔ། ཡེ་ཤེས་


CMR020_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཞུ་བ་ལས་བྱུང་བའི་མཆོད་སྦྱིན་གྱི་གཏོར་མ་འདོད་དགུ་འབྱུང་བའི་བདུད་རྩིའི་རྒྱུ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཙྪཱཧཱུྃ། ཨོཾ་ཨཱཿཿཧཱུཾ། ཧཱུཾ་ཨཱཿཿཨོཾ། ནང་མཆོད་མཐེབ་སྲིན་གྱིས་བླངས་ལ་སྤྱི་བོར་གཏོར་ཞིང་། ཨོཾ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། རྡོ་རྗེ་འཆང་གི་ཞལ་དུ་ཨོཾ་ཨཱཿཙྪཧཱུྃ། ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། སློབ་དཔོན་ཆེན་པོ་ཨ་བྱཱ་ཀ་ར་གུབྷའི་ཞལ་དུ་ཨོཾ་ཨཱཿཙྪཧཱུྃ། པཎྜི་ཏ་དགེ་བའི་འབྱུང་གནས་སྦས་པའི་ཞལ་དུ་ཨོཾ་ཨཱཿཿཧཱུཾ། རྣལ་འབྱོར་ལེགས་བསྐྱོད་ཞབས་ཀྱི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། པཎ་ཆེན་རཏྣ་རཀྵི་ཏའི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། ཆགས་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། གོ་ལུང་པ་གཞོན་ནུ་དཔལ་གྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྙེ་མདོ་བ་ཀུན་དགའ་དོན་གྲུབ་ཀྱི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། ཆོས་ཀྱི་རྒྱལ་མཚན་གྱི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། །བླ་མ་ཛྷཱ་ན་ཤྲཱིའི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། རིན་ཆེན་བཟང་པོའི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། མཐོང་བ་དོན་ལྡན་གྱི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། དཔལ་འབྱོར་དོན་གྲུབ་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྤྱན་སྔ་ཆོས་ཀྱི


CMR020_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། ཡབ་ཆོས་རྒྱལ་ཕུན་ཚོགས་ཀྱི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། སངས་རྒྱས་དཀོན་མཆོག་རིན་ཆེན་གྱི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་གྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་ཆོས་འདི་གང་ལས་བརྒྱུད་ཅིང་དབང་བསྐུར་རྒྱུད་བཤད་མན་ངག་སྦྱིན་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ།་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་དང་། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། ལྷ་སོ་སོའི་སྙིང་པོའི་མཇུག་ཏུ། སྒེའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཙྪཧཱུྃ། བྱ་བའི་རྒྱུད་སྤྱོད་པའི་རྒྱུད་རྣལ་འབྱོར་རྒྱུད་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གསལ་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། རང་གི་ལྕེ་ཐོག་ཏུ་བདུད་རྩི་མྱོང་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷ་ཝ་ཨཏུ་ཀོཉཧཾ༔ དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ། ཡབ་རྐྱང་ཡུམ་རྐྱང་ལ་རིགས་བདག་ཡབ་ཡུམ། སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་


CMR020_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། རང་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། འཁྱུད་པའི་ཕྱག་རྒྱ་དང་ལྷ་ཡི་ང་རྒྱལ་བརྟན་པར་བྱའོ། །སྔོན་བྱིན་གྱིས་བརླབས་པའི་གཏོར་མ་ལ། ལག་པ་གཡོན་དང་གཡས་དང་གཉིས་ཀ་དང་། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ནས། ཨོཾ་ཨཱཿཿཧཱུྃ་ཧ་ཧོཿཧི གསུམ། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པ་དམར་པོའི་རྣམ་པ། སྦུ་གུ་ཅན་གྱིས་བདུད་རྩི་དྲངས་ནས་གསོལ་བས། བདེ་བ་ཆེན་པོའི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པར་གྱུར་པ་ལས་མཉེས་པར་བསམ་ཞིང་། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ལྷ་སོ་སོའི་སྔགས་དང་། ཨི་དཾ་བ་ལིཾ་ཏ་གིཉྩ་གྲིཏྣ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་ཤཱནྟི་རཀྟན་ཙ་ཀུ་རུ་སྭཱ་ཧཱ་ཧཱུཾ། གསུམ་མམ་བདུན། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །


CMR020_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །འདིར་རང་རང་གི་ཆོས་སྐྱོང་དང་མཁའ་འགྲོ་སྤྱི་གཏོར་ཡང་བསྔོས་ན་ལེགས། དེ་ནས་བསྟོད་པ་ནི། ཕ་རྒྱུད་བཞི་ལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ཁྱོད་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དགའ་བ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ཁྱོད་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ཁྱོད་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་


CMR020_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཀྱི་རྡོར་ཡབ་བཀའ་བརྒྱད་ལ། ཁྱོད་ནི་རྣལ་འབྱོར་མ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་ཁྱོད་དགོངས་འགྲུབ། །རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་སྒྲུབ་ཁྱོད། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མ་ཙམ་དུ་སྒྲུབ་མཛད་པའི། །དགྱེས་པ་རྡོ་རྗེ་ཧེ་རུ་ཀ་ལ་བསྟོད། །བདག་མེད་མ་གཉིས་ལ། འགྲོ་བ་བུད་མེད་འདུལ་གཟིགས་ནས། །བདག་མེད་རྣལ་འབྱོར་མར་གྱུར་གང་།་།ཕྱག་འཚལ་ཕ་རོལ་ཕྱིན་ཐུབ་ལ། །སྒྱུ་མའི་ཕྱག་རྒྱས་ཕྱག་འཚལ་བསྟོད། །ཀུ་རུ་ཀུལླེ་ལ། བརྩེ་བའི་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨཏྤལ་དབང་གི་ལྕགས་ཀྱུ་འཛིན། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སྒྲོལ་མ་ལ། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །རྡོ་རྗེ་སྒྲོལ་མར་ཕྱག་འཚལ་བསྟོད། །གུར་ལ། ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཁ་དོག་ལྔ་ཡི་མདངས་དང་ལྡན། །ཉོན་མོངས་ལྔ་པོ་འཇོམས་མཛད་པ། །མཁའ་


CMR020_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལྔ་པོ་ལ་ཕྱག་འཚལ། །སམ་བྷུ་ཊིའི་རྡོར་དབྱིངས་ལ། སྔར་གྱི་དེ་ཉིད་ལྔ་པས་བསྟོད། བདེ་མཆོག་ཡབ་བཀའ་རྣམས་ལ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་བ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཕག་མོ་གསུམ་ལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །སྤྲོ་ན་བདེ་མཆོག་ཡབ་ཡུམ་ལ་རྐང་བརྒྱད་གཉིས་ཀྱིས་བསྟོད། ཧཱུྃ་མཛད་ཁྲོ་བོ་བཅུ་གཅིག་ལ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །སོགས། འཁོར་ལོས་སྒྱུར་དྲུག་དང་། བདུད་རྩི་བཞི་དང་། སངས་རྒྱས་ཐོད་པ་གཉིས། མ་ཧཱ་མཱ་ཡ་རྣམས་ལ། ཆོས་དབྱིངས་རྣམ་དག་དབྱིང་ལས་མ་གཡོས་ཀྱང་། །ཐབས་ཀྱི་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་བ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །རྣལ་འབྱོར་ནམ་མཁའ་དེ་ཉིད་ལྔ་པས་བསྟོད། ཡེ་ཤེས་མཁའ་འགྲོ་ལ། འགྲོ་བ་བུད་མེད་འདུལ་གཟིགས་ནས།་།ཡེ་ཤེས་མཁའ་འགྲོ་མར་གྱུར་གང་། །ཕྱག་འཚལ་ཕ་རོལ་ཕྱིན་ཐུབ་ལ། །སྒྱུ་མའི་ཕྱག་རྒྱས་ཕྱག་


CMR020_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བསྟོད། །དུས་འཁོར་ལ། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །ཐབས་དང་ཤེས་རབ་གཉིས་མེད་པ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །དེ་ལྟར་མདུན་བུམ་ལ་མཆོད་བསྟོད་ཚར་ནས། ཡིག་བརྒྱ་ཚར་གསུམ་གྱིས་ལྷག་ཆད་བསྐང་། ཨོཾ་བཛྲ་ཨུད་ད་ཀ་ཧཱུྃ། ཞེས་དུང་ཆོས་ཀྱི་ཆུ་བུམ་པ་གཉིས་སུ་བླུགས་ལ། ལྷ་རྣམས་འདོད་ཆགས་ཆེན་པོའི་མེས་བཞུས་ནས་ཞུ་བ་ལས་བྱུང་བའི་བུམ་ཆུར་གྱུར། ལས་བུམ་གྱི་ཆུ་ཀུ་ཤས་གཏོར་ཞིང་ལས་སྔགས་བརྗོད་དེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་བར། དེ་སྲིད་དུ་བགེགས་རྣམས་བཟློག་པའི་ཕྲིན་ལས་མཛོད་ཅིག །དེ་ནས་ཕྱི་རོལ་གྱི་གཏོར་མ་སྒྲུབ་ཁང་གི་ཕྱིར་བྱ་བར་གསུངས་ཀྱང་། དཀྱིལ་འཁོར་ལ་ཞལ་ཁེབས་བྱས། མཆོད་སྟེགས་གཞན་གྱི་སྟེང་དུ་ཕྱོགས་སྐྱོང་གི་གཏོར་མ་དང་མཆོད་པ་རྣམ་ལྔ་བཤམས། གཏོར་མ་ཆང་གཉིས་བར་དུ་ཆུས་བྲན། མཆོད་གཡོག་པས་ཕྱག་གསུམ་འཚལ་ཏེ། ཕྱི་རོལ་པའི་གཏོར་མ་བྱིན་རླབས་མཛད་ནས་འབུལ་བར་ཞུ། སློབ་དཔོན་གྱིས་རྡོ་རྗེའི་རྩེ་མོས་ཆང་བླངས་ནས་བསང་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བར་གྱུར་པ་རྣམས་ཀྱི་ནང་དུ། ཧཱུྃ་ལས་བྱུང་བའི་ལྷ་རྫས་


CMR020_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་པའི་ཞབས་བསིལ་ཞལ་བསིལ་མཆོད་ཡོན། མེ་ཏོག་བདུག་སྤོས་མར་མེ་དྲི། ཞལ་ཟས་རོལ་མོ་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ། དྭངས་ཤིང་ཐོགས་པ་མེད་པ། རྒྱུ་དགེ་བ་ལས་བྱུང་བ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། དུས་འཁོར་བ་མ་སྟོངས་ཀྱི་བར་དུ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག །ཕྱོགས་སྐྱོང་བ་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཨོཾ་ཨཱཿཛཱཧཱི་པྲ་ཝ་སཏྟ་ར། པཱཏུཾ། པྲཀཱ་ཎཾ། ཨཉྩ་མཱ་ནཱ། ཨགྷཾ་པྲ་ཏཱི་ཙྪ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾབཛྲ་པུཝེ། དྷུ་པེ། ཨཱཿ་ལོ་ཀེ། གྷནྡྷེ་ནི་ཝི་ཏྱཱ། ཤཔྟ་པྲ་ཏཱི་ཙྪ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ར་ནི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཊ་པྲ་ཙ་ལི་ཏེ་པྲཛྙཱ་པཱ་ར་མི་ཏཱ་ནཱ་དྷ་སཾ་བྷ་ཝེ་བཛྲ་དྷརྨ་ཧྲིདྷ་ཡ་སན་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། བསང་སྦྱངས། སྟོང་པའི་ངང་ལས། གཏོར་སྣོད་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་ཀཱ་པ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྗེས་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་མཆོད་སྦྱིན་གྱི་གཏོར་མ་འདོད་དགུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་


CMR020_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཨོཾ་ཨཱཿཿཧཱུྃ། ཨོཾ་ཨཱཿཿཧཱུྃ། ཧཱུཾ་ཨཱཿཨོ། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་དབང་པོ་ལ་སོགས་པའི་འཁོར་དང་བཅས་པ་དང་། ཀླུ་རྣམས་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བཀུག་ནས། གཏོར་སྣོད་ཀྱི་ཕྱོགས་མཚམས་རྣམས་སུ་འཁོད་པར་གྱུར། དེ་རྣམས་འོད་གསལ་གྱི་མེས་སྟོང་པ་ཉིད་དུ་བྱས་པའི་སྐད་ཅིག་ལ་ཡི་དམ་རྗེའི་སྐུར་གྱུར། ཨོཾ་ད་ཤ་དིཀ་ས་པཱ་རི་ཝཱ་ར་ཨོཾ་ཨཱཿཧིཔྲ་བ་ར་སཏྟ་ར། པཱཏྱཾ། པྲཀཱ་ཎཱ། ཨཉྩ་མཱ་ཎཾ། ཨགྷཾ། པུཥྛ། སོགས། ཤརྡ་པྲ་ཏིཙྪ་ཨཱཿཧཱུྃ་སྭཱ་ཧཱ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་དང་། ཨོཾ་ད་ཤ་དིཀ་ལོ་ཀ་དྷཏུ་པཱ་ལ་ས་པཱ་རི་ཝཱ་ར་སརྦ་དུཏྟཾ་ས་མ་ཡ་མུ་ཏྲ་པྲ་བྷཾ་ཛ་ཀ་མཱ་མ་ཤཱནྟཾ་རཀུན་ཙ་ཀུ་རུ་སྭཱ་ཧཱ་ཧཱུཾ། གསུམ་མམ་ལྔ། ཨནྣཾ། སོགས། ཕྱོགས་སྐྱོང་བ་འཁོར་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཿཧཱུྃ། གང་གི་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་མནོས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེ་ཕྱོགས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་


CMR020_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཕྱོགས་སྐྱོང་བ་རྣམས་དཀྱིལ་འཁོར་ཁང་པའི་ཕྱི་རོལ་གྱི་ཕྱོགས་མཚམས་སུ་འཁོད་ནས། དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། བར་དུ་གཅོད་པ་ཐམས་ཅད་ཟློག་པའི་ཕྲིན་ལས་མཛོད་ཅིག །མཆོད་གཡོག་པས་མཆོད་པ་རྣམ་ལྔ་གཏོར་མའི་ནང་དུ་བླུགས། སློབ་དཔོན་གྱིས་ཁ་བཤལ་བའི་ཆུར་བསམས་ལ་བཤལ་ཆུ་ཡང་བླུགས། ཨོཾ་ཧྲིབི་ཤུདྡྷསརྦ་དྷརྨཱ་ནཾ་ཨ་དུ་སརྦ་བི་ཀལྤན་ཨ་པ་ན་ཡེ་སྭཱ་


CMR020_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་ཞིང་། དཀྱིལ་འཁོར་ཆེན་པོའི་གསང་སྤྱོད་ལྟ་བར་མི་དབང་བ་རྣམས་ས་ཡི་ཕྱོགས་འདིར་མ་གནས་པར་པགཞན་དུ་དེངས་ཤིག །ཨོཾ་སརྦ་བིགྷན་གཙྪ། ལྷོ་གང་ཡིན་གྱི་སྙིང་པོ་དང་། ཨོཾ་ཨཱཿབིགྷཱན་ཀྲྀཏ་ཧཱུྃ། མང་དུ་བརྗོད། རྡོ་རྗེ་གསོར་ཞིང་དྲིལ་བུ་དྲག་འཁྲོལ་བྱ། སྒྲུབ་ཁང་ལ་གཡས་སྐོར་བྱས་ལ་ཕྱོགས་ཊ༔ གཙང་སར་དོར་བཅུག །ཨོྃ་ཨཱཿཿཧཱུྃ་བཛྲ་མུཿ ཕྱོགས་སྐྱོང་གི་འཁོར་འབྱུང་པོ་རྣམས། སརྦ་བིགྷན་གཙྩ། སརྦ་དུཥྛན་གཙྩཾ། གཙོ་བོའི་སྔགས་དང་སུམ་བྷ་ནི་བརྗོད། སློབ་དཔོན་གྱིས་ཏིང་མནན་ནས་སྒྲུབ་ཁང་དུ་འོང་བར་བསམས་ལ། ཙོག་པུར་འདུག་ལ་ཅང་མི་སྨྲ་བར་ལག་པ་གཡོན་པའི་མཐིལ་དུ་ཆུ་གཙང་མ་བླུགས་ལ། ལག་པའི་གྲུ་མོ་གཉིས་པུས་མོའི་ནང་དུ་ཚུད་པར་བྱས་ལ། ལག་པའི་གུང་མོ་དང་སྲིན་ལག་གཉིས་ཆུ་ལ་རེག་ཅིང། ཁའི་ཕྱོགས་སུ་ལན་གསུམ་བྱུབ་པའི་ཚུལ་བྱ། དེ་ནས་མིག་ག་ཉིས་དང་། རྣ་བའི་བུ་ག་གཉིས་དང་། སྣའི་བུ་ག་གཉིས་དང་། ཡ་མཆུ་དང་། གཡོན་པའི་མཁྲིག་མ་རྣམས་སུ་རེག །གཡས་པའི་མཁྲིག་མ་ལ་ཡང་ལག་པ་གཡས་པ་རང་གིས་གཏོར། གོས་ཀྱི་ཕྱི་ནས་ལྟོ་བར་ཡང་བྱབ། མགོ་བོར་ཡང་རེག །ཆུ་དེ་ཉིད་ཀྱིས་ཁ་བཤལ་ལ་ཕྱིར་འཕོ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྒྱབ་ཀྱི་ཁ་ཕྱིས་ལ། དཀྱིལ་འཁོར་གྱི་ཞལ་ཁེབས་ཕྱེས་ནས་རང་དཀྱིལ་


CMR020_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་དྲུང་དུ་ཕྱིན་པར་བསམ། རང་ཉིད་ཁམས་གསུམ་རྣམ་རྒྱལ་གྱི་སྐུར་གྱུར། ཨོཾ་སུམ་བྷ་ནི། སོགས་བཟླས་ཤིང་མེ་ཏོག་བླངས་ལ། ཨོབཛྲ་བེ་ག་ཏྲ་ན་ཧོ། སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་དུ་ཞུགས་ནས། འདོད་སྣམ་གྱི་སྟེང་ནས་སྐོར་བ་བྱེད་པར་བསམ་ཞིང་། དངོས་སུ་སྐོར་བ་གྲུབ་ན་ལེགས། ནུབ་སྒོ་ནས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལས། མཛུབ་མོ་གཉིས་སྐམ་པའི་ཕྱག་རྒྱ་བྱ་ཞིང་། ཨོཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཨུད་ག་ཊ་ཡ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ། ཕྱག་རྒྱ་བཀྲོལ་ཞིང་། ཤར་ཕྱོགས་ལ་སོགས་པའི་སྒོ་བ་བཞི་ལ་བཀའ་བསྒོ་བྱས་ལ་ཤར་སྒོ་ཕྱེས་པར་བསམ། དེ་ནས་རྡོ་རྗེ་རྩེ་གཅིག་པའམ། རྡོ་རྗེ་རྩེ་གསུམ་པའི་འགྲོས་ཀྱིས་བྱང་སྒོའི་ཐད་དུ་ཕྱིན་ནས། ཨོཾ་ཧཱུྃ་ཨཱཿཋཕཊ༔ ཨོཾ་བཛྲ་ཨུད་གྷ་ཊ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ་གིས་ལྷོ་སྒོ་དབྱེ། དེ་ནས་ཤར་སྒོའི་ཐད་དུ་ཕྱིན་ནས། ཨོཾ་ཧཱུྃ་ཨཱཿཿ ཨ་ཨ་ཕཊ༔ ཨོཾ་བཛྲ་ཨུད་གྷ་ཊ་ཡ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ་གིས་ནུབ་སྒོ་ཕྱེས། དེ་ནས་ལྷོ་སྒོར་སོང་སྟེ། ཨོཾ་ཧཱུྃ་ཧ་ན་མ་ར་ཡ་དུཥཱན་གྷ་ཏ་ཡ་བྷ་ཏ་ཡ་ཨཱཿཨཱཿཧཱུྃ་ཧཱུྃཕཊ༔ ཨོཾ་བཛྲ་ཨུད་གྷ་ཊ་ཡ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུཾ། སྔགས་དང་ཕྱག་རྒྱ་དྲག་ཏུ་བཀྲོལ་བ་རྣམས་ཕྱོགས་རེ་རེར་ལན་གསུམ་གསུམ་མཛད། བྱང་གི་སྒོ་བ་ལ་བཀའ་བསྒོ་བྱས་པས་བྱང་སྒོ་ཕྱེས་པར་བསམ་ཞིང་། གཡས་སྐོར་གྱིས་ཤར་ཕྱོགས་སུ་འོང་ལ། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བ། །ཐར་


CMR020_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲོང་དུ་བཅོམ་ལྡན་བདེ་ཆེན་འཇུག །མཆོག་གི་བདེ་བ་དམ་པའི་དངོས་གྲུབ་ཀྱི། །ཛཧཱུྃ་བཾ་ཧོས་རབ་ཏུ་འགྲུབ་པར་མཛོད། །ཅེས་དགའ་བའི་བསམ་པས་གླུ་བླང་ཞིང་གར་བྱས་ཏེ། གཙོ་བོའི་དབུ་ལ་མེ་ཏོག་ཕུལ་བར་བསམ་ཞིང་། ཨོཾ་པྲ་ཏིཙྪ་བཛྲ་ཧོཿ ཏིཥྛ་བཛྲ་དྲི་རྣོ་མེ་བྷ་བ། ཤྭ་ཤྭ་ཏོ་མེ་བྷ་བ། ཧྲི་ད་ཡ་མྨེ། ཨདྷི་ཏིཥྛ་སརྦ་སིདྡྷི་མེ་པྲ་ཡཙྪ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། ཨཱཿ་ཁཾ་བཱི་ར་ཧཱུྃ། པྲ་ཏིཙྪ་ཀུ་སུ་མཱཉྩལི་ན་ཐ་ཧོཿ ཞེས་བརྗོད་ཅིང་མེ་ཏོག་རང་གི་མགོ་ལ་བཅིང་ཞིང་། ཨོཾ་པྲ་ཏི་གྲོརྡ་སྟེ། ཨི་མཾ་སཏཱ་མ་ཧཱ་བ་ལ། རྡོ་རྗེ་དྲིལ་བུ་གསོར་ཞིང་། །ཡིག་བརྒྱ་ལན་གསུམ་བརྗོད་དེ། སྐོར་བ་ལན་གསུམ་བྱས་ལ། ཤར་ཕྱོགས་ནས་ཕྱག་གསུམ་འཚལ་ཏེ། ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་བཀའ་དྲིན་མ་ལུས་པ་བསྩལ་དུ་གསོལ། ཞེས་བརྗོད་ནས་རང་གི་གདན་ལ་འདུག་གོ །དེ་ནས་བདག་འཇུག་བླང་བ་ནི། རྒྱས་པར་བླ་མའི་ཕྱག་ལེན་ལ། མཎྜལ་གསོལ་གདབ། ཡོལ་བ་ཕྱི་འཇུག་ནང་འཇུག་སོགས། སློབ་མ་ལ་བསྐུར་བ་ལྟར་དབང་རྫོགས་པར་བླང་སྲོལ་ཡོད། འབྲིང་ནི་ཕྲེང་བའི་རྒྱ་གཞུང་ལས། མེ་ཏོག་ཕྲེང་དབང་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཞེས་པའི་


CMR020_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱིས་དབང་རྫོགས་བར་བླང་བར་གསུངས། བསྡུས་པ་དཀོན་མཆོག་འབངས་ཀྱིས། དབང་དངོས་གཞི་རྣམས་བླང་གསུངས་པས། ཏིང་ངེ་འཛིན་གསལ་བས་སྔགས་དབང་ཙམ་གྱིས་ཆོག་པར་མངོན། དམ་ཚིག་ལ་ཆག་ཉམས་མེད་ན། དམ་ཚིག་གསུམ་གྱི་གླུས་དཀྱིལ་འཁོར་ལ་བསྟོད་པ་ཙམ་གྱིས། རྡོ་རྗེ་སློབ་དཔོན་གྱི་ང་རྒྱལ་བཟུང་ནས་དབང་བསྐུར་རུང་བར་མི་བསྐྱོད་ཞབས་ཀྱིས་གསུངས། བླ་མ་འགའ་ཞིག་གིས། ཏིང་ངེ་འཛིན་གྱི་དབང་བླངས་ནས་བུམ་ཆུ་བཏུང་སྟེ། དབང་བསྐུར་ཚེ་དབང་རྫས་རྣམས་དང་པོ་རང་གི་སྤྱི་བོར་བཞག །དེ་ནས་སློབ་མ་ལ་དབང་བསྐུར་བའི་སྲོལ་ཡང་སྣང་། གོང་ལྟར་བདག་འཇུག་གི་རྗེས་ནས། སློབ་མ་གཞུག་པའི་ཆེད་དུ་བདེ་བ་ཆེན་པོའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་འགྲོ་བས། དཀྱིལ་འཁོར་གྱི་དངོས་གྲུབ་མངོན་པར་ཞུ་ཞིང་བདེན་པའི་བྱིན་རླབས་བྱ་སྟེ། རྡོ་རྗེ་དང་དྲིལ་བུ་འཛིན་པས། ཨོ། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར་། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་དེང་བདག་བསྒྲུབ། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་བསྒྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱིས་རྗེས་ཆགས་པ། །བཅོམ་


CMR020_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཆགས་ཆེན་དགའ་བ་ཆེ། །དེ་ཉིད་དུ་ནི་བདག་བསྒྲུབ་མཛོད།། །ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་བསྒྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཆེན་མཆོག་གི་ཕྱག་རྒྱ་ཡིས། །རྡོ་རྗེ་ཆེན་པོ་གསལ་བ་ལས། །རྡོ་རྗེ་སྙེམས་མར་བདག་བསྒྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་པ་མཆོག །ཅེས་ལན་གཅིག་དང་། འདི་མན་ལ་ལན་གསུམ་བྱ་སྟེ། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད།། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང་། །དེ་བཞིན་དེ་ཉིད་ངེས་པར་འབྱུང་། །བདེན་པ་དེ་ཡི་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་


CMR020_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཐོང་བར་ཤོག །ཅེས་བརྗོད་པ་ནི་བདེན་པའི་བྱིན་གྱིས་རླབས་ཏེ། བདག་འཇུག་གོ །སྐབས་འདིར་སློབ་མ་ལ་དབང་བསྐུར་ཚུལ་ནི། དབང་བྱང་ལོགས་སུ་བཀོད་པ་ལྟར་རོ། །དེ་ནས་རྗེས་ཆོག་ནི། མཆོད་པ་ཁ་གསོ་བསང་སྦྱངས། རྒྱས་པར་སྔར་ལྟར་མཆོད་པ་བྱིན་རླབས་དང་། བསྡུ་ན། མཆོད་པའི་སྤྲིན་གྱི་གཟུངས་འདིས་བྱིན་གྱིས་བརླབས་ཏེ། ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མར་དྷ་ནི། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་མྱཀྑཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲ་བཛྲ་མ་ཧཱ་བཛྲ། མ་ཧཱ་ཏེ་ཛོ་བཛྲ། མ་ཧཱ་བིདྱ་བཛྲ། མ་ཧཱ་བོ་དྷི་ཙིཏྟ་བཛྲ། མ་ཧཱ་བྷོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛེ། སརྦ་ཀརྨ་ཨ་བ་རཏྣ་བི་ཤཱ་དྷ་ན་བཛྲ་ཡེ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ། མཚན་སྔགས་སྦྱར། །ཨོཾ་ཨཱཿཧཱིཔྲ་ཝ་ར་སཏཱ་ར། །པཱཏྱཾ། པྲཀཱ་ཎྞཾ། ཨཉྩ་མཱ་ནཾ། ཨནྣཾ༴ པུཊྚེ་སོགས། ཤརྡ་པྲ་ཏིཙྩ་འདིར་དྷརྨཱ་ར་ཎི་ཡང་གྲུབ་ན་ལེགས། རྒྱས་པར་ན་གོང་ལྟར་དཀྱིལ་འཁོར་སོ་སོའི་བསྟོད་པ་དང་། བསྡུ་ན། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་སྙིང་པོའི་མཇུག་ཏུ་རྗེའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ ཞེས་ནང་མཆོད་ཕུལ་ནས་ཐལ་མོ་སྦྱར་ལ། བཅོམ་ལྡན་འདས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ། འཇིག་


CMR020_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་བཀའ་དྲིན་མ་ལུས་པ་བསྩལ་དུ་གསོལ། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་མ་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ་ཡང་བདེ་བ་ཅན་གྱི་ཞིང་ཁམས་སུ་བརྫུས་སྐྱེས་ཀྱི་ལུས་རྟེན་རྣམ་པར་དག་པ་ཐོབ་ནས། ས་བཅུ་ལམ་ལྔ་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། གནས་སྐབས་སུ་དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་དང་བྲལ་ཞིང་། མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་རྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཡིག་བརྒྱ་ཚར་གསུམ། ལྷ་ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་འབྱུང་བ་བཞིའི་གནོད་པ་མ་བྱུང་གི་བར་དུ་བརྟན་པར་བཞུགས་སུ་གསོལ། དམ་ཚིག་པ་རྣམས་བདག་ཉིད་ལ་ཐིམ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གྱི་རྣམ་པར་གནས་པ་འོད་ཀྱི་རང་བཞིན་དུ་བྱས་


CMR020_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྲུང་བའི་འཁོར་ལོ་ལ་ཐིམ། དེ་གཞལ་ཡས་ཁང་གདན་དང་བཅས་པ་ལ་ཐིམ། དེ་རྣམས་རིམ་གྱིས་གཙོ་བོ་ལ་ཐིམ། རང་ཉིད་གཙོ་བོ་སྒྱུ་མའི་སྐུ་ཕྱག་གཉིས་རྒྱན་སྤངས་བ་ཞིག་ཏུ་གྱུར། བསྔོ་བ་སྨོན་ལམ་རྒྱས་བསྡུས་གང་འདོད་དང་རྡོ་རྗེ་དྲིལ་འཛིན་མེ་ཏོག་འཐོར་ཞིང་། ཕུན་སུམ་ཚོགས་པསོགས་བཀྲ་ཤིས་རྒྱས་པར་བྱའོ། །ཞེས་པ་འདི་ནི་ཕྲེང་བ་སྐོར་གསུམ་གྱི་རྒྱ་གཞུང་དང་། ཀྲི་ཡ་ས་མུཙྪའི་རྒྱ་གཞུང་གི་ཕྱག་ལེན། མ་ཏི་པཎ་ཆེན་གྱི་ལུགས། ཕྲེང་བ་གཙོ་བོར་བྱས། ཀྲི་ཡའི་ཕྱག་ལེན་གྱིས་བརྒྱན་ཏེ། མཁས་པ་ཆེན་པོ་མངའ་རིས་ཚུལ་ཁྲིམས་འོད་ཟེར་བས་བསྒྲིགས་ནས། གླིང་གི་ཡུལ་དཔལ་སྤུངས་དགོན་དུ་པར་ལ་འཁོད་པ། པར་མ་དེ་ཡི་ཐོག་ནས་རང་གིས་ཀྱང་ཐོབ་པ་ཡིན་པས། དེ་ཉིད་སོར་བཞག་ལ། དབང་སྒྲུབ་སླ་ཕྱིར་བདག་མདུན་ཐ་མི་དད་ཀྱི་ལུགས་བྱས་ཏེ། དགེ་སློང་རཱ་ག་ཨ་སྱས་ལེགས་པར་བསྒྲིགས་པའི། ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཀྱིས་བགྱིས་པ་ལ། འགལ་འཁྲུལ་གང་མཆིས་དཀྱིལ་འཁོར་གྱི་ལྷ་དང་སྲུང་མའི་ཚོགས་ལ་བཤགས་ཤིང་། དགེ་བས་བདག་དང་སློབ་མ་བརྒྱུད་པར་བཅས་པ་དང་། དབང་ཆོག་འདི་ལ་འབྲེལ་པ་ཐོགས་ཚད་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། 


previousརྡོ་རྗེ་ཕྲེང་བ་ལས་བླ་མེད་སྤྱི་ཡི་དབང་སྒྲུབ་བལྟས་ཆོག་ཏུ་བཀོད་པ།next