Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
གསང་འདུས་འཇམ་རྡོར།
   
   
   
   


 
previousགསང་འདུས་འཇམ་རྡོར།next

གསང་འདུས་འཇམ་རྡོར།


CMR020_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་འཇམ་རྡོར་ཇི་ལྟ་བ་ལ། རྩིག་པ་དམར་པོ་ལྗང་གུ་སྔོན་པོ་སེར་པོ་དཀར་པོ། དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། དཔལ་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་དམར་པོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །དང་པོ་གཉིས་རང་འདྲ་བའི་ཤེས་རབ་མ་ལ་འཁྱུད་ཅིང་། ཕྱག་གཡོན་དང་པོས་དྲིལ་བུ་དང་བཅས་པའི་པདྨ་དམར་པོའི་རྩ་བ་དཀུར་བརྟེན་ནས་འཛིན་པ། །གཡས་དང་པོས་ཐུགས་ཀར་པདྨ་ཁ་འབྱེད་པར་མཛད་པ།་གཡས་ལྷག་མས་རྡོ་རྗེ་དང་འཁོར་ལོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། རིན་པོ་ཆེའི་ཅོད་པན་ཅན། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། འོད་ཟེར་མཐའ་ཡས་པའོ། །འཇམ་པའི་རྡོ་རྗེ་ནུབ་ཏུ་བསྐྱེད་དེ། ཕྱག་དྲུག་གི་དང་པོ་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ། ཡུམ་མེད། རིགས་བདག་འོད་དཔག་མེད། ཨོཾ་ཨཱཿལོ་ཀི་ཤྭ་རི་ལཾ་ཧཱུཾ། ཞེས་མཚན་སྔགས་དང་། སྙིང་པོ་ཡིག་དྲུག་བཟླ་བ་ནི། གསང་འདུས་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་རོ། །ས་བོན་ནི་ལཾ། ཡིན།། །།


CMR020_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགསང་འདུས་འཇམ་རྡོར།next