Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
གསང་བ་འདུས་པ་མི་བསྐྱོད་པ།
   


 
previousགསང་བ་འདུས་པ་མི་བསྐྱོད་པ།next

གསང་བ་འདུས་པ་མི་བསྐྱོད་པ།


CMR020_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་འདུས་པ་མི་བསྐྱོད་པ་ཇི་ལྟ་བ་ལས། རྩིག་པ་ནི་དམར་པོ་ལྗང་གུ་སྔོན་པོ་སེར་པོ་དཀར་པོ། དབུས་སུ་འོད་དཔག་མེད་བསྐྱེད་དེ། བདག་ཉིད་སྐད་ཅིག་གིས་དཔལ་གསང་བ་འདུས་པ་འོད་དཔག་མེད་དམར་པོ།་དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །ཕྱག་གཡོན་དང་པོས་དྲིལ་བུ་དང་བཅས་པའི་པདྨ་དམར་པོའི་རྩ་བ་དཀུར་བརྟེན་ནས་འཛིན་པ། ཕྱག་གཡས་དང་པོས་ཐུགས་ཀར་པད་མ་ཁ་འབྱེད་པར་མཛད་པ། གཡས་ལྷག་མས་རྡོ་རྗེ་འཁོར་ལོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། རྩ་ཕྱག་གཉིས་ཀྱིས་གོས་སྤྱི་དཀར་མོ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་གོས་དཀར་མོ་དམར་མོ། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །གཡོན་དང་པོས་དྲིལ་བ་དང་བཅས་པའི་ཨུཏྤ་ལ་དམར་པོའི་རྩ་བ་དཀུར་བརྟེན་ནས་འཛིན་པ། གཡས་དང་པོས་ཡབ་ལ་འཁྱུད་ཅིང་ཨུཏྤ་ལ་ཁ་འབྱེད་པར་མཛད་པ། གཡས་ལྷག་མས་རྡོ་རྗེ་འཁོར་ལོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ་དང་སྙོམས་པར་འཇུག་པ། ཞེ་སྡང་རྡོ་རྗེ་ཤར་དུ་བསྐྱེད་དེ་ཡུམ་མེད། རྣམ་སྣང་ནུབ་ཏུ་བསྐྱེད། རེག་བྱ་རྡོ་རྗེ་མ་ནུབ་བྱང་དུ་བསྐྱེད། ས་བོན།


CMR020_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགསང་བ་འདུས་པ་མི་བསྐྱོད་པ།next