Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
རྡོར་ཕྲེང་གཏོར་འབུལ།


 
previousརྡོར་ཕྲེང་གཏོར་འབུལ།no next

རྡོར་ཕྲེང་གཏོར་འབུལ།


CMR020_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡོ་ག་ག་ག་ན་ནཱ་མ། རྡོ་རྗེ་གདན་བཞི་ཡབ་བཀའ་ཡུམ་བཀའ་གཉིས་ཀའི་བསྙེན་པའི་སྐབས་ཡིན་ན། ཐུན་མཚམས་ཀྱི་གཏོར་མ་འབུལ་བའི་ཆོ་ག་ལ། དབང་དུས་ཡིན་ན་ཕྱི་རོལ་གཏོར་མ་ཡང་འབུལ་དགོས་གསུངས་པས། ཐུན་མཚམས་ཀྱི་ཆོས་སྐྱོང་ལ་གཏོར་མ་གཏོང་བ་ནི། ཤ་ལྔ་བདུད་རྩི་དང་ཟན་སྤྱན་ཆེན་དང་ཉ་སྐམ་པོ་དང་སྒོག་པའི་ཕྱེ་ཀྱུ་དང་ལྡན་པའི་གཏོར་མ་རང་གི་གཡོན་ངོས་སུ་བཞག །མདུན་དུ་མཎྜལ་ཁྲག་དང་ཙནྡན་དམར་པོ་བསྲེས་པས་གྲུ་གསུམ་དུ་བྱུགས་པའི་དབུས་སུ་ཟླུམ་པོར་བསྐོར་ལ། དེའི་ནང་དུ་ཐིག་ལེ་བཞི་གདབ་པས་རེའུ་མིག་དགུར་འགྱུར་རོ། །དབུས་ཀྱི་རེའུ་མིག་ལ་འཇིག་རྟེན་ལས་འདས་པའི་ལྷ་དགོད་པ་དང་། མི་དགོད་པ་གཉིས་ལས་འདིར་མི་དགོད་པའི་ལུགས་སོ། །བྷ་ཝ་བྷ་དྲའི་འགྲེལ་པར་རྩ་བའི་ལྷ་བཅུ་གསུམ་བཀོད་པར་མཛད་དོ། །ཕྱོགས་མཚམས་ཀྱི་རེའུ་མིག་བརྒྱད་ལ་དྲི་ལྔ་དང་ཁྲག་ཁ་སྦྱར་བས་ཐིག་ལེ་ལྔ་ལྔ་སྟེ་བཞི་བཅུ་བྱས་ལ། ཕྱོགས་ཀྱི་༔ འཁོར་རྣམས་མདུན་ནས་བརྩམས་ཏེ་གཡོན་སྐོར། མཚམས་ཀྱི་འཁོར་རྣམས་གཡས་སྐོར་དུ་བཀོད། ཤར་གྱི་རེའུ་མིག་ལ་ནག་པོ་དྲག་པོ་ལ་རྒན་བྱེད་མ་དང་། དྲག་མོ་དང་། འཇིགས་བྱེད་མ་དང་། །དབུ་མས་བསྐོར་བ་དཀར་པོ། བྱང་གི་རེའུ་མིག་ལ་དྲག་པོ་ཆེན་པོ་དང་རྒྱལ་མོ་དང་། རྣམ་པར་རྒྱལ་པོ་དང་། ཐུབ་མེད་དང་། མི་ཐུབ་མས་བསྐོར་བ་སེར་པོ། ནུབ་ཀྱི་རེའུ་


CMR020_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལ་ལྷ་སྦྱིན་མོ་ནག་མོ་བཟང་མོ་དང་། ནག་ཆེན་མོ་དང་། ནག་མོ་སྦོམ་མ་དང་། རྣལ་འབྱོར་མས་བསྐོར་བ་དམར་པོ། ལྷོའི་རེའུ་མིག་ལ་ནག་མོ་ལ་དབང་མོ་དང་། ཟླ་བ་མོ་དང་། ནག་མོ་སྡང་བ་དང་། ལམ་པ་ཀིས་བསྐོར་བ་སྔོན་མོ། བྱང་ཤར་གྱི་རེའུ་མིག་ལ་རྩིག་བྱེད་མ་འཕྲོག་མ། མར་མེ་དང་། འཇིབ་བྱེད་མ་དང་། ཡུལ་གནས་སྦྱོར་མས་བསྐོར་བ། ཤར་ལྷོའི་རེའུ་མིག་ལ་འཇིགས་བྱེད་མ་དྲག་མོའི་གཟུགས་དང། གཟུགས་ཆེན་མས་བསྐོར་བ། མཆེ་བ་གཙིགས་མ་དང་། ཐོད་ཅན་མས་བསྐོར་བ། ལྷོ་ནུབ་ཀྱི་རེའུ་མིག་ལ། དགའ་བ་ལས་འདས་པ་ལས་ཐོད་ཕྲེང་མ་དང་། ཕྲེང་བ་མ་དང་།་ཁཊཾ་མ་དང་། སྦྲུལ་ཆེན་མས་བསྐོར་བ། ནུབ་བྱང་གི་རེའུ་མིག་ལ། བགེགས་ཀྱི་རྒྱལ་པོ་རལ་གྲི་མ་དང་། དགྲ་སྟ་མ་དང་། རྡོ་རྗེ་མ་དང་། གཞུ་ལག་མས་བསྐོར་བ། མཚམས་བཞིའི་གཙོ་བོ་དང་། མདུན་རྒྱབ་ན་གནས་པ་ཕྱེད་གཟུགས་གཡས་གཡོན་གཉིས་ཕྱོགས་ཀྱི་མདོག་ཅན། གཙོ་བོ་བརྒྱད་པོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། གཡས་རལ་གྲི་དང་དགྲ་ས། གཡོན་རྡོ་རྗེ་དང་མདའ་གཞུ་


CMR020_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ། འཁོར་གྱི་ལྷ་མོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་གྲི་ལ་སོགས་པ་བཞི་ནི་རང་རང་གི་མིང་དང་མཐུན་པའི་ཕྱག་མཚན་འཛིན་པ། གཞན་རྣམས་ནི་མེ་ཏོག་དང་། བདུག་སྤོས་ལ་སོགས་པའི་མཆོད་རྫས་སྣ་ཚོགས་པ་ཐོགས་པ།་་་ཡང་ན་ཐམས་ཅད་རྩེ་ཀ་དང་ཐོད་པ་ཐོགས་པ། ཐམས་ཅད་ཀྱང་གཅེར་བུ་གོས་མེད་པ་རོའི་གདན་ལ་བཞུགས་པར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་རྒྱབ་སྦྱོར་ཏེ། མཐེའུ་ཆུང་གཉིས་བཅིངས་ནས། རྒྱབ་སྦྱར་ཏེ། མཐེའུ་ཆུང་གཉིས་སྦྲེལ་མཛུབ་མོ་གཉིས་འགྲེང་སྟེ་གཡས་ཅུང་ཟད་བཀུག་ལ། །ཨོཾ། ཤིང་གཅིག་དང་ནི་དུར་ཁྲོད་དང། །རི་དང་བྲག་དང་ཕྱུགས་ཀྱི་ས། །ཡུལ་གྱི་འདབས་དང་ལམ་དང་ཞིང་། །ཁྱད་པར་དང་ནི་ཁྱིམ་སྟོང་ལ། །སྣོད་དང་སྟོང་དང་ས་སྟོང་དང་། །ཁྱད་པར་གདོལ་པའི་ཁྱིམ་གནས་པ། །ནག་པོ་དྲག་པོ་ནག་ཆེན་པོ། །ལྷ་སྦྱིན་མཉམ་དུ་བརྟན་མ་དང་། །ནག་པོ་བརྩེགས་བྱེད་འཇིགས་བྱེད་པ། །དགའ་བ་ལས་འདས་བགེགས་རྒྱལ་པོ། །རྒན་བྱེད་མ་དང་དྲག་མོ་དང་། །འཇིགས་བྱེད་མ་དང་ཨུ་མས་བསྟོད། །རྒྱལ་མོ་རྣམ་པར་རྒྱལ་མོ་དང་། །ཐུབ་མེད་གཞན་གྱིས་མི་ཐུབ་


CMR020_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦལ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །ནག་མོ་གདང་པ་ལམ་པ་ཀི། །འཕྲོག་བྱེད་མ་དང་མར་མེ་མ། །འཇིབ་བྱེད་ཡུལ་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མ། །མཆེ་བ་གཙིགས་མ་ཐོད་ཆེན་མ། །ཐོད་ཕྲེང་ཕྲེང་བ་ཁཊཾ་མ། །སྦྲུལ་ཆེན་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་བཞུགས་ལགས་མ། །ལྷ་ཡི་དབང་ཕྱུག་མ་རྣམས་ནི། །མཁའ་འགྲོ་ལྔ་ཡི་དེ་ཉིད་དང་། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པའི། །སྦྱོར་བ་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་མོ། །གོས་མེད་སྦྱོར་བ་སྐྱེད་བྱེད་མ། །རྡོ་རྗེ་དབང་ཕྱུག་མ་བཀའ་ཡིས། །ཐམས་ཅད་ཐམས་ཅད་འདིར་བྱོན་ཅིག །ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ་ཨ་དྷི་པ་དྷི་ཧཱུྃ་ཛ་སྭཱ་ཧཱ། ཨོཾ་བྷ་ཏ་ལི་མ་ཧཱ་བྷ་ཏ་ལི་ཧཱུྃ་ཧཱུྃ་ཧཱུྃ་ཛ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པ་དང་གཉིས་སུ་མེད་པར་བསྲེས་ལ། མཆོད་ཡོན་དང་། ཞབས་བསིལ་དང་། མེ་ཏོག་དམར་པོ་ལ་སོགས་པའི་མཆོད་རྫས་ཐམས་ཅད་ཧ་ཧོཿ ཧིས་བྱིན་གྱིས་བརླབས་ནས་གོང་བཞིན་འབུལ། ཨོཾ་ཏིཀ་གན་ཧཱུྃ་སྭཱ་ཧཱ། སོགས་ཉེར་མཆོད་ལྔས་མཆོད།


CMR020_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་ནང་དུ་ཧ་ཧོ་ཧིབསམ། ཧ་སེར་པོས་ཁ་དོག་ངན་པ་བཅོམ་ནས་ཁ་དོག་ཕུན་སུམ་ཚོགས་པར་བསམ། ཧོདཀར་པོས་དྲི་ངན་པ་བཅོམ་ནས་དྲི་ཕུན་སུམ་ཚོགས་པར་བསམ། ཧཱིསྔོན་པོས་རོ་ངན་པ་བཅོམ་ནས་རོ་ཕུན་སུམ་ཚོགས་པར་བསམ། ཨོཾ་ཧ་ཧོདྷིསྭཱ་ཧཱ། ལན་གསུམ། དེ་ནས་ལག་པ་གཡས་གཡོན་གོང་རྩེ་གསུམ་གྱི་ཕྱག་རྒྱས་གཏོར་མའི་སྣོད་ལ་རེགོ །གཡས་པས་སྡིགས་མཛུབ་བྱས་ལ། ཨོ། ཤིང་གཅིག་དྲུང་དང་དུར་ཁྲོད་དང་། །ཞེས་པ་ལ་སོགས་པའི་ཚིགས་བཅད་ཀྱི་གཤམ་དུ། ཐམས་ཅད་ཐམས་ཅད་འགྲུབ་འགྱུར་ཏེ། །ཨོཾ་ཀ་ཀ་ཀ་དྷ་ན། བ་བ་བན་ན། ཁ་ཁ་ཁནྟཱ། སརྦ་དུཥཱན་ཧ་ན་ཧ་ན། གྷ་ཏ་ཡ་གྷ་ཏ་ཡ། ཨ་མུ་ཀ་སྱ་ཨི་དཾ་ཀ་ར་ཡ། ས་དྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་བརྗོད་པས་གཏོར་མ་གསོལ་བར་བསམ། འབར་བའི་ཕྱག་རྒྱ་སྨིན་མཚམས་སུ་བཅིངས་ཏེ་གཏོར་མ་ཆང་གི་ཁ་ཕྲུས་བྲན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ཏེ། སྲིན་ལག་གཉིས་དང་མཛུབ་མོ་གཉིས་ལྕགས་སྒྲོག་ལྟར་སྦྲེལ་ལ། ཨོཾ་བྷཀྵ་བྷཀྵ་སརྦ་ལོ་ཀི་ཤྭ་རི་ཧཱུྃ་ཧཱུྃ་ཧཱུྃ་ཛཾ་སྭཱ་ཧཱ། འབར་བའི་ཕྱག་རྒྱ་སྨིན་མཚམས་སུ་བཅིངས་ཏེ་གཏོར་མ་ཆང་གི་ཁ་ཕྲུས་བྲན་ལ། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ཏེ། སྲིན་ལག་གཉིས་དང་མཛུབ་མོ་གཉིས་ལྕགས་སྒྲོག་ལྟར་སྦྲེལ་


CMR020_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཨོཾ་ཏིཥྛ་ཧཱུྃ་བྷཀྵ་བྷཀྵ་ཛཾ་ཕཊ་སྭཱ་ཧཱ། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །དབང་དང་མངོན་སྤྱོད་དགྲ་ཡི་སྡེ་འཇོམས་དང་། །དགར་དང་བསད་དང་དགུག་པ་དང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་རྫོགས་ཤོག །སེ་གོལ་གསུམ་གཏོགས། ཨོཾ་སརྦ་དུཥྛན་པྲ་དུཉྩན། ཧ་ན་ཧ་ན། གྲིཉྩ་གྲི། ཁ་ཁ་ཁཱ་ཧི་ཁཱ་ཧི། གྷ་ཙ་སྭ་བྷ་ཝ་ཤུ་ནེ་ཏ་ཏ་ག་ན་མ་ཡཉྩ་ཧཱུྃ་སྭཱ་ཧཱ། ཨོཾ་གྷཙྪ་གཙྪ་སུ་ན་རཱ་ག་མ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་གཏོར་མའི་མགྲོན་རྣམས་གཤེགས་སུ་གསོལ། 


CMR020_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་དེ་ཉིད་ལ་ལྷག་པའི་གཏོར་མ་བྱ་སྟེ། ཧ་ཧོརྡིས་བདུད་རྩིར་བྱིན་གྱིས་བརླབས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་གཉིས་བསྒྲེང་ནས་རྩེ་མོ་ཅུང་ཟད་བཀུག་སྟེ། ཁ་འགྲམ་གཉིས་སུ་མཆེ་བའི་ཚུལ་དུ་བཞག་ལ། ཁྲག་དང་ཆང་བསྲེས་པའི་ཁ་ཕྲུས་གཏོར་མ་བྲན་ཏེ། ཨོཾ་བྷ་བ་བྷ་ཏ་ལི་ཚེ། ཞེས་པས་དུད་པའི་སོལ་བ་མ་འཁོར་དང་བཅས་པ་སྤྱན་དྲངས་ལ། ཨོཾ་ཀུ་རུ་ཀུ་རུ་བྷ་ཏ་ལི་མ་ཧཱ་བྷ་ཏ་ལི། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཅིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀ་ལི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་ན། ཚོགས་དང་ཕོ་ཉར་བཅས་པ་རུ། །གཅིགས་བྱེད་གཏུམ་མོ་དུད་སོལ་མ། །གནས་ལ་གནས་པར་མཛད་དུ་གསོལ། །བདག་གིས་བསམ་པ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་འགྲུབ་པར་གྱིས། །ཀུ་རུ་ཧཱུཾ་གྲིདྨ་གྲིདྡྷ་སརྦ་དུཥྱན་བྷཀྵ་བྷཀྵ་ཕྲོ་ཕྲོ་ཕྲི་ཕྲི་ཕཊ་སྭཱ་ཧཱ། དུད་སོལ་ལྷ་མོ་འཁོར་ནག་མོ་འབུམ་སྡེ་དང་བཅས་པས་གཏོར་མ་ཧབ་དི་རི་རི་གསོལ་བར་བསམས་ལ། སེ་གོལ་གསུམ་གཏོགས་པས་གཤེགས་སུ་གསོལ་ཏེ། གཏོར་མ་སྤྱན་དྲངས་ཀའི་དབུས་སམ་ལྷོ་ཕྱོགས་ཀྱི་ལམ་གྱི་བཞི་མདོར་བླུགས། འཇིན་རྟེན་པ་དག་གི་གཏོར་མ་ཕྱིར་སྦྱིན་པར་བྱ་སྟེ། ཤར་སྒོར་ཙནྡན་དཀར་པོ་


CMR020_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་པའི་མཎྜལ་གྲུ་བཞི་པ་བྱས་ལ་མེ་ཏོག་དཀར་པོའི་གཅལ་བཀྲམ། དེའི་དབུས་སུ་གཏོར་མ་འབྲས་ཆེན་དཀང་གསུམ་གྱིས་བརྒྱན་པ་བཞག །མཆོད་པ་ལྔ་བཤམས་ལ། རང་ཉིད་ཁ་ཤར་བལྟས་ཏེ། རྐང་པ་གཡས་པས་རྡོ་རྗེ་སྐྱིལ་ཀྲུང་། གཡོན་པ་རབ་ཏུ་བརྐྱངས་ནས་རོལ་པའི་འདུག་སྟངས་ཀྱིས་གནས་ཏེ། ཨོཾ་བྷ་ཏ་ལི་མ་ཧ་བྷ་ཏ་ལི་ཧཱུྃ་ཧཱུྃ་ཧཱུྃ་ཛསྭཱ་ཧཱ། ཞེས་པས་སྙན་གསན་དབབ། ལག་པ་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས་རྡོ་རྗེའི་ཁུ་ཚུར་བཅིངས་ནས་རྒྱབ་སྦྱར་མཐེའུ་ཆུང་གཉིས་སྦྲེལ། མཛུབ་མོ་གཉིས་སྦྲང་སྟེ་གཡས་པ་ཅུང་ཟད་བཀུག་པའི་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ལ། ཨོ། རྒྱུ་བ་དང་ནི་ཆེར་རྒྱུ་བ། །ཡི་དྭགས་རྒྱུ་དང་ཉི་མ་ཟླ། །དངོས་གྲུབ་གདོང་དང་རྒྱལ་བ་དང་། །རྟ་ཡི་རྒྱལ་དང་ཟླ་བའི་རྒྱལ། །ལྷ་མོ་དབུ་མ་གང་གཱ་མ། །གཟུགས་མཛེས་ཀརྨ་ལུས་པ་དང་། །གཟའ་རྣམས་ཀུན་དང་ཚོགས་ཀྱི་གཙོ། །ཀརྟི་ཀ་དང་དཔལ་ལྡན་མ། །ལྷ་མོ་རི་བོང་འཛིན་མ་ཉིད། །ལྷག་པ་དང་ནི་ལྷག་པ་ཆེ། །ལྷ་ཡི་རྒྱལ་པོ་ལྷ་མིན་རྒྱལ། །པུཀྐ་སི་དང་སྤྲོས་ཆེན་མོ། །བདེ་བ་ཆེན་པོའི་བཀའ་འདི་ཡིས། །སེམས་ཅན་གནས་ནས་འདིར་ཤོག་ཅིག །ཧཱུྃ་ཧོ་ཧོ་ཨཱཿ་ཧོཥ་ཡ་ཨ་ཀར་ཡ་ས་མ་ཡ་ཨ་ཏི་བྷེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས། ལྷ་ཆེན་བརྒྱད་དང་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་


CMR020_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རིས་དང་སྒྲ་གཅན་འཛིན་དང་། རབ་སི་ལ་སོགས་པ་རང་རང་གི་འཁོར་དུ་མ་དང་བཅས་པ་སྤྱན་དྲངས་ནས་དྲིའི་མཎྜལ་ལ་བཞུགས་སུ་གསོལ། མེ་ཏོག་དང་སྤོས་ལ་སོགས་པས་མཆོད། ཨོཾ་ཀ་གནྡ་སྭཱ་ཧཱ། གཏོར་མ། ཧ་ཧོཧིས་མངོན་རྟོགས་བཞིན་བྱིན་བརླབས་ནས། སྤྱན་འདྲེན་པའི་ཕྱག་རྒྱ་ལ། མཛུབ་མོ་གཉིས་དཀྲིས་ཏེ། ཨོཾ་རྒྱུ་བ་དང་ནི་ཆེར་རྒྱུ་བ། །ཞེས་པ་ནས། པུཀྐ་སི་དང་སྦོས་ཆེན་མོ། །ཞེས་པའི་བར་གྱི་ཚིགས་བཅད་ཀྱི་གཤམ་དུ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཨ་དྷི་པ་ཏི་ཧཱུཾ་ཧཱུཾ་ཕཊ། ཅེས་པ་བཏགས་ཏེ། གཏོར་མ་འབུལ། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། ཨོཾ་གཙྪགཙྪ་སུ་ན་རཱ་ག་མ་ན་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་སེ་གོལ་གསུམ་ཧྥགཏོགས་སླར་བཏང་བར་བྱའོ། །དེ་ནས་བྱང་ཕྱོགས་སུ་དཀར་གསུམ་གྱིས་བྱུགས་པའི་མཎྜལ་ཟླུམ་པོ་བྱས་ལ་མེཏོག་དཀར་པོ་གཅལ་དུ་བཀྲམ། དཀར་གསུམ་གྱིས་བརྒྱན་པའི་གཏོར་མ་བཞག །མཆོད་པ་ལྔ་བཤམས་ལ་རང་ཉིད་ཁ་བྱང་དུ་བལྟས་ཏེ་མཉམ་པའི་འདུག་སྟངས་ཀྱིས་གནས་ནས། ཨོཾ་བྷ་ཏ་ལི་སྔགས་ཀྱིས་སྙན་གསན་དབབ། གོང་བཞིན་ལྕགས་ཀྱུའི་ཕྱག་རྒྱ་བཅངས་ཏེ། ཨོ། མཐའ་ཡས་དང་ནི་ནོར་རྒྱས་བུ། །འཇོག་པ་དང་ནི་


CMR020_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་རྣམས། །ལྷ་མོ་ལྷ་མོ་ཆེན་མོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །བེ་ཅོན་འཛིན་དང་བེ་ཅོན་ཆེ། །སྙིང་པོ་མེད་དང་གྲུ་ལི་ཏ། །དགའ་བོ་དང་ནི་ཉེར་དགའ་དང་། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེ། །གདུང་བ་དང་ནི་གདུང་ཆེན་མོ། །དཔལ་གྱི་འོད་དང་འོད་ཆེན་པོ། །རིན་ཆེན་འོད་དང་ཟླ་བཟང་དང་། །གཟུགས་ཆེན་སྤྲུལ་བཟང་ལྟོ་འཕྱེ་ཆེ། །སྨིག་སྒྱུ་དང་ནི་སྨིག་སྒྱུ་ཆེ། །བདེ་བ་ཆེན་པོའི་བཀའ་ཡིས་ནི། །ཐམས་ཅད་ཀུན་ནས་འདིར་ཤོག་ཅིག །ཨོཾ་ཨ་གཙྪ་ཡ་ཨ་གཙྩཡ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷནྡྷ་བ་ཕྲུམ་ཕཊ་སྭཱ་ཧཱ། ཞེས་པས། ཀླུ་ཆེན་པོ་བརྒྱད་འཁོར་དང་བཅས་པ་སྤྱན་དྲོངས་ལ་མཎྜལ་ལ་བཞུགས་སུ་གསོལ། མེ་ཏོག་ལ་སོགས་པས་མཆོད། གཏོར་མ་བྱིན་གྱིས་བརླབས་ལ། ལག་པ་གཡོན་པ་ཁུ་ཚུར་བཅིངས་ཏེ། མཐེ་བོང་དང་མཐེའུ་ཆུང་གཉིས་སྤྲེལ། གཡས་པ་གདེངས་ཁའི་ཚུལ་བྱས་ལ། ཨོ། མཐའ་ཡས་དང་ནི་ནོར་རྒྱས་བུ། །ཞེས་པ་ནས། སྒྲིག་སྐྱ་དང་ནི་སྒྲིག་སྒྱུ་ཆེ། །ཞེས་པ་ནས། བར་གྱི་ཚིགས་བཅད་ཀྱི་གཤམ་དུ། ཨོཾ་བྷཀཱའི་སྔགས་བཏགས་ནས་གཏོར་མ་འབུལ། ཕྲིན་ལས་བཅོལ་བ་དང་སླར་བཏང་བ་


CMR020_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བཞིན་ནོ། དེ་ནས་ནུབ་ཕྱོགས་སུ་ཙནྡན་དམར་པོ་བྱུག་པའི་མཎྜལ་ཟླ་བ་ཕྱེད་པའི་གཟུགས་ཅན་བྱས་ལ། མེ་ཏོག་དམར་པོ་གཅལ་དུ་བཀྲམ། གཏོར་མ་བདུད་རྩི་ལྔས་བརྒྱན་པ་བཞག །མཆོད་པ་ལྔ་བཤམས་ལ། རང་ཉིད་ཁ་ནུབ་ཏུ་ཟླུམ་པའི་འདུག་སྟངས་ཀྱིས་གནས་ནས། ཨོཾ་བྷ་ཏ་ལིའི་སྔགས་ཀྱིས་སྙན་གསན་དབབ། ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ། ཨོ། ནོར་བུ་བཟང་དང་གང་བ་བཟང་། །རྒྱལ་བ་བཟང་པོ་དགའ་བྱེད་འཕུར། །ཕུར་བུ་ཕྱེད་དང་པདྨའི་གཙུག །དུང་གི་གཙུག་ཕུད་གར་དང་ནི། །གོར་ཆེན་འབིགས་པར་བྱེད་པ་དང་། །གཅོད་པགས་བྱེད་དང་གར་བར་བྱེད། །ནོར་དང་ནོར་མིན་ཤིན་ཏུ་ནོར། །གཟུགས་བཟང་རོལ་པ་རོལ་ཆེན་པོ། །རྒོད་དང་རྩེ་དང་རྣམ་པར་བསྐྱོད། །དཔལ་བཟང་དང་ནི་གཟུགས་མཛེས་རྣམས། །བདེ་བ་ཆེན་པོའི་བཀའ་འདི་ཡིས། །གནོད་སྦྱིན་གནོད་སྦྱིན་མོ་འདིར་ཤོག །ཧཱུྃ་ཨ་པ་ཏ་ར་ཨ་པ་ཏ་ར། ཨོཾ་པ་ཏ་ལི་པ་ཏ་ལི་བྷ་པྲ་ཡ་ཡོ་ཀི་ནི་མ་དྷེ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་པས། གནོད་སྦྱིན་རྒྱལ་པོ་རྣམས་སྤྱན་དྲངས་ནས་མཎྜལ་ལ་བཞུགས་སུ་གསོལ། མེ་ཏོག་དང་སྤོས་ལ་སོགས་པས་མཆོད། གཏོར་མ་བྱིན་གྱིས་བརླབས་ལ། ལག་པ་གཉིས་རྡོ་རྗེ་བསྡམས་པ་བཅིངས་ནས་སྙིང་གར་བཞག་སྟེ། །


CMR020_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་བཟང་དང་གང་བ་བཟང་། །ཞེས་པ་ནས། དཔལ་བཟང་དང་ནི་གཟུགས་མཛེས་རྣམས། །ཞེས་པའི་བར་གྱི་ཚིགས་བཅད་ཀྱི་གཤམ་དུ། ཨོཾ་དཱ་ན་ཨ་དྷི་པ་ཏི་ཡེ་ས་ལཾ་ཕྲུ་སྭཱ་ཧཱ། ཞེས་པ་བཏགས་ཏེ་གཏོར་མ་ཕུལ། ཕྲིན་ལས་བཅོལ་བ་དང་སླར་བཏང་བ་གོང་བཞིན་ནོ།། །ཤུ་བྷཾ།། །། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས་། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྡོར་ཕྲེང་གཏོར་འབུལ།no next