Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
བདེ་མཆོག་ལྷ་ལྔའི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་མཆོག་ལྷ་ལྔའི་བརྒྱུད་འདེབས།next

བདེ་མཆོག་ལྷ་ལྔའི་བརྒྱུད་འདེབས།


CMR023_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལྷ་ལྔའི་བརྒྱུད་འདེབས་བཞུགས་སོ།།


CMR023_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་ཙཀྲ་སཾ་ཝ་ར་ཡེ། རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །དྲིལ་བུ་པ་དང་ཛ་ལེན་དྷ་ར་པ། །བརྟུལ་ཞུགས་སྤྱོད་པའི་ཞབས་དང་མ་ཏང་གི །གསོལ་བ་འདེབས་སོ་བདེ་ཆེན་དངོས་གྲུབ་སྩོལ། །རྣམ་པར་རྒྱལ་བའི་ཞབས་དང་ཏེ་ལོ་པ། །ནཱ་རོ་མར་པ་མི་ལ་སྒམ་པོ་པ། །དུས་མཁྱེན་རས་ཆེན་སྤོམ་བྲག་ཀརྨ་པ། །གསོལ་བ་འདེབས་སོ་བདེ་ཆེན་དངོས་གྲུབ་སྩོལ། །གཉན་རས་རང་བྱུང་ཞབས་དང་གཡུང་སྟོན་པ། །རོལ་པའི་རྡོ་རྗེ་མཁའ་སྤྱོད་དེ་བཞིན་གཤེགས། །རཏྣ་བྷ་དྲ་དོན་ལྡན་འཇམ་དཔལ་བཟང་། །གསོལ་བ་འདེབས་སོ་བདེ་ཆེན་དངོས་


CMR023_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩོལ། །དཔལ་འབྱོར་དོན་འགྲུབ་མ་ཕམ་མཉན་པ་རྗེ། །མི་བསྐྱོད་རྒྱལ་བ་གར་དབང་དཀོན་མཆོག་འབངས། །དབང་ཕྱུག་རྡོ་རྗེ་དྲིན་ཅན་ཆོས་ཀྱི་དབང་། །གསོལ་བ་འདེབས་སོ་བདེ་ཆེན་དངོས་གྲུབ་སྩོལ། །ཧེ་རུ་ཀ་དང་གཉིས་མེད་རྣལ་འབྱོར་མ། །ཕྱོགས་བཞིར་མཁའ་འགྲོ་མཚམས་བཞི་ཐོད་པས་མཚན། །གཞལ་ཡས་དུར་ཁྲོད་པད་རྡོར་མེ་རི་བཅས། །གསོལ་བ་འདེབས་སོ་བདེ་ཆེན་དངོས་གྲུབ་སྩོལ། །རྒྱུད་ཀྱི་སྲུང་མ་ནག་པོ་བྱ་རོག་མཚན། །སྐུ་གསུང་ཐུགས་དང་དམ་ཚིག་ཡེ་ཤེས་ལྔའི། །དཀྱིལ་འཁོར་སྐྱོང་མཛད་དཔའ་བོ་


CMR023_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཚོགས། །གསོལ་བ་འདེབས་སོ་བདེ་ཆེན་དངོས་གྲུབ་སྩོལ། །དེ་ལྟར་བདེ་མཆོག་བརྒྱུད་པའི་བླ་མ་དང་། །དཀྱིལ་འཁོར་སྲུང་མ་བཅས་ལ་གསོལ་བ་འདེབས། །ཕྱི་རུ་འཛམ་གླིང་གནས་མཆོག་ཉི་ཤུ་བཞི། །ནང་དུ་རྩ་རླུང་ཐིག་ལེ་ཡིག་འབྲུའི་གཟུགས། །གཞན་དུ་དཔའ་བོ་རྣལ་འབྱོར་དྲུག་ཅུ་གཉིས། །དབྱེར་མེད་གཅིག་ཏུ་ཤེས་པའི་བསྐྱེད་རིམ་གྱིས། །ཉེ་བའི་གནས་སོགས་བགྲོད་པར་བྱིན་གྱིས་རློབས། །རྩ་གསུམ་འཁོར་ལོ་ལྔ་པོ་གསལ་བའི་དབུས། །སྤྲུལ་པའི་གནས་སུ་འབར་བའི་རྣལ་འབྱོར་ལ། །བདེ་ཆེན་ཧེ་རུ་ཀ་དཔལ་རང་བཞུགས་ནས། །འཁོར་ལོ་ལྔ་ཡི་ལྷ་ཚོགས་མཉེས་བྱས་ཏེ། །མཆོག་ཏུ་མི་འགྱུར་འགྲུབ་པར་བྱིན་གྱིས་རློབས། །བསྐྱེད་རིམ་སྤྲུལ་སྐུ་འོད་གསལ་ཆོས་སྐུ་དང་། །ཟུང་འཇུག་ལོངས་སྤྱོད་རྫོགས་སུ་གོམས་པའི་མཐུས། །འཆི་བ་ཆོས་སྐུ་བར་དོ་ལོངས་སྐུ་དང་། །སྐྱེ་བ་སྤྲུལ་པའི་སྐུ་རུ་རྟོགས་བྱས་ཏེ། རྒྱུད་ཀྱི་དགོངས་དོན་འགྲུབ་པར་བྱིན་གྱིས་རློབས། །འཆི་བ་ཞེས་བྱའི་རྣམ་རྟོག་ཤར་བའི་ཚེ། །འཁོར་ལོ་ལྔ་ཡི་དཔའ་བོ་ཌཱཀི་ཡིས། །གདུགས་དང་རྒྱལ་མཚན་བ་དན་རོལ་མོ་དང་། །གླུ་དང་གར་


CMR023_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇའ་འོད་མེ་ཏོག་ཆར། །སྣ་ཚོགས་མཆོད་པས་བདག་གི་སྡུན་བསུས་ནས། །བདེ་ཆེན་གནས་སུ་ཁྲིད་པར་བྱིན་གྱིས་རློབས། །ཞེས་ཟ་དམ་ཞེས་རྒྱལ་བས་ལུང་ཟབསྟན་པའི་གནས་ཨོ་དནྟ་པུ་རིའི་གཙུག་ལག་ཁང་དུ་རྗེ་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས་བདེ་མཆོག་ལྷ་ལྔ་ཚིགས་བཅད་མ་རྗེ་དུས་མཁྱེན་གྱི་ཐུགས་དམ་ལྔ་ཚན་དུ་གྲགས་པའི་དབང་བཞི་ཡོངས་རྫོགས་ཐོབ་པའི་བཀའ་དྲིན་དྲན་ནས་ཕྱིས་རང་ལོ་སོ་བཞི་པར་། ༧ ཀརྨ་ཨ་རཱ་གས་གསོལ་བ་བཏབ་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR023_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབདེ་མཆོག་ལྷ་ལྔའི་བརྒྱུད་འདེབས།next