Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
ཕག་མོའི་རྒྱུན་ཁྱེར།
   
   
   
   
   
   
   
   
   
   
   
   
   
   


 
previousཕག་མོའི་རྒྱུན་ཁྱེར། next

ཕག་མོའི་རྒྱུན་ཁྱེར།


CMR023_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཝ་རཱ་ཧི། རྗེ་ཆོས་ཀྱི་དབང་ཕྱུག་གིས་སྩལ་བའི་སྒྲུབ་ཐབས་ཀྱི་ལྷན་ཐབས་སུ། དུས་བཟང་གི་མཆོད་པ་ནི། དཀྱིལ་ཐང་མཆོད་གཏོར་བཤམས་ལ། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཁམས་གསུམ་པོ། །ཐམས་ཅད་ཆོས་འབྱུང་གཞལ་ཡས་ཁང་། །དེ་དབུས་པདྨ་རོ་སྟེང་དུ། །བུམ་ནང་ཆོས་འབྱུང་པད་ཉི་སྟེང་། །ས་བོན་ཧཱུྃལས་འོད་ཟེར་འཕྲོས། །འཕགས་མཆོད་སེམས་ཅན་དོན་བྱས་འདུས། །ཡོངས་གྱུར་བཅོམ་ལྡན་རྣལ་འབྱོར་མ། །ཆོས་སྐུ་ཉག་གཅིག་ཞལ་གཅིག་མ། །ཐབས་ཤེས་ཟུང་འཇུག་ཕྱག་གཉིས་པ། །བདུད་དཔུང་འཇོམས་མཛད་ཁྲོ་གཉེར་ཅན། །མཆེ་གཙིགས་ཚེམས་ཀྱིས་མ་མཆུ་མནན། །དམར་ལ་གཡོ་ཟླུམ་སྤྱན་གསུམ་འབར། །དབུ་སྐྲ་ཁམ་ནག་འབར་ཞིང་གྲོལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་ཅན། །འདུ་བྱེད་དག་པའི་རང་བཞིན་གྱིས། །ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང་། །མེ་ཏོག་དྲིལ་བུ་གཡེར་ཁས་བརྒྱན། །ཕྱིན་དྲུག་རུས་རྒྱུན་ཕྱག་རྒྱ་ལྔ། །རྡོ་རྗེ་གྲི་གུག་ཐོད་ཁྲག་བསྣམས། །རུས་པའི་ཁ་ཊཾ་གྲུ་མོར་བརྟེན། །གཡོན་བརྐྱང་གར་གྱིས་རྣམ་པར་རོལ། །སྟོང་གསུམ་ཁྱབ་པའི་འོད་འབར་མ། །ཧ་


CMR023_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རི་ནི་སའི་ཡི་གེ་ལས། །ཤར་དུ་རྡོ་རྗེ་མཁའ་འགྲོ་སྔོ། །ལྷོ་རུ་རིན་ཆེན་མཁའ་འགྲོ་སེར། །ནུབ་ཏུ་པདྨ་མཁའ་འགྲོ་དམར། །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲིས་མཚན་པའི་གྲི་ཐོད་དང་། ཁ་ཊཱ་འཛིན་ཅིང་གར་སྟབས་བཞུགས། །གཙོ་མོའི་གསང་གནས་ཆོས་འབྱུང་དབུས། །དང་མཁའ་འགྲོ་བཞིའི་ཐུགས་ཀའི། །ཡི་གེ་བཞི་ལས་འོད་ཟེར་འཕྲོས། །ཨོ་རྒྱན་གནས་ནས་རྣལ་འབྱོར་མ། །འཁོར་བཅས་སྤྱན་དྲངས་ནམ་མཁར་བཞུགས། །ཧཱུྃ། སྣང་བ་ཆོས་སྐུའི་གཞལ་ཡས་ནས། །རྩ་བའི་བླ་མ་གཤེགས་སུ་གསོལ། །ཆོས་དབྱིངས་དག་པའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །ཆོས་སྐུ་སྤྲོས་བྲལ་དག་པ་ལ། །ལོངས་སྐུ་སྒྱུ་མའི་སྐུར་བསྟན་པ། །མཁའ་འགྲོའི་ཚོགས་བཅས་རྣལ་འབྱོར་མ། །ཕྱག་རྒྱ་ཆེན་པོའི་དབྱིངས་ནས་བཞེངས། །སེམས་ཅན་དོན་ལ་དགོངས་མཛོད་ལ། སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཨོཾ་ཨེ་ཨཱ་རལླི་ཧོ། བཛྲ་ཝཱ་ར་ཧཱི་རཿཧཱུྃ་བཾ་ཧོ༔ བུདྡྷ་ཌཱཀི་ནཱི་ཡེ། བཛྲ་ཌཱཀི་ནི་ཡེ། རཏྣ་ཏྲཱཀི་ནི་ཡེ། པདྨ་ཆ་ཀི་ནི་ཡེ། ཀརྨ་ཊཱཀི་ནཱི་ཡེ། །


CMR023_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བི་ཤྭ་ཌཱཀི་ནཱི་ཡེ། ལོ་ཀ་ཌཱ་ཀི་ནཱི་ཡེ། ས་མ་ཡ་སྟེ་དྲི་ཤྱ་ཧོ། ཕོ་ཕེ་ཕོ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་ཤྲཱི་བཛྲ་ཝཱ་ར་ཧི་པདྨ་ཀ་མ་ལཱ་ཡེ་ཧཱུཾ། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་ས་པ་རི་ཝཱ་ར་ཨབྷཾ་སོགས། ཨ་མྲྀ་ཏ་མཱ་ཏཾ་གི་པྲ་ཏཱིཙྪ་སྭཱ་ཧཱ། དེ་རྣམས་སྐུ་ལས་སྐུ་མང་འཕྲོས། །ལུས་ཐིམ་བདེ་དང་དྲོད་ནུས་བསྐྱེད། །གསུང་ལས་ཨཱ་ལི་ཀཱ་ལི་འཕྲོས། །ངག་ཐིམ་མཐུ་དང་ནུས་པ་བསྐྱེད། །ཐུགས་ལས་བྱང་སེམས་ཆུ་རྒྱུན་བབས། །ཡིད་ཐིམ་བདེ་སྟོང་ཏིང་འཛིན་སྐྱེས། །ལྷ་རྣམས་རང་རང་སོ་སོར་ཐིམ། །གཉིས་མེད་རིགས་བདག་དབུ་བརྒྱན་པའོ། །འདིར་བཟླས་པ་བྱའོ། །ཨ་ལས་ཐོད་པ་ཧཱུཾ་ཡིག་ལས། །ཕྱི་ནང་གསང་བའི་མཆོད་སྤྲིན་དང་། །རླུང་མེ་ཐོད་སྐྱེད་ཀཱ་པ་ལར། །ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཞུ་བའི་ཡེ་ཤེས་བདུད་རྩིར་


CMR023_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཨོཾ་ཨཱཿཧཱུྃ། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་དག་པའི་ཉེར་སྤྱོད་རྣམས། །ཕག་མོའི་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་བཛྲ་ཨགྷཾ་སོགས། ཤརྡ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཧཱུཾ། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ལྷ་རྫས་དག་པའི་འདོད་ཡོན་རྣམས། །ཕག་མོའི་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བདག་ལ་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་རུ་པ་ཤབྡ་གྷནྡྷེ་རཱ་ས་སྤར་ཤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ནང་གི་དམ་ཚིག་རྫས་མཆོག་མ་དཱ་ན། །རྩ་བརྒྱད་སྟོང་སྦྱར་སྨན་དང་འོ་མར་བཅས། །ཟག་མེད་བདེ་ཆེན་སྐྱེད་བྱེད་བདུད་རྩི་ལྔ། །དཔལ་ལྡན་ཕག་མོ་འཁོར་དང་བཅས་ལ་འབུལ། །ཨོཾ་ཤྲཱི་བཛྲ་ཝཱ་རཱ་ཧཱི་པཉྩ་ཨཱ་མྲྀ་ཏ་ཨཱཧཱུཾ། ཤ་ཆེན་གསུར་གྱི་བདུག་སྤོས་དང་། །ཞུན་ཆེན་གསལ་བའི་མར་མེ་དང་། །བྱང་སེམས་དཀར་དམར་བདུད་རྩི་དང་། །རྡོ་རྗེ་དྲི་ཆེན་ཞལ་ཟས་དང་། །རྡོ་རྗེ་དྲི་ཆུའི་བདུད་རྩི་དང་། །ཌ་མ་རུ་ཡི་སིལ་སྙན་གྱིས། །ཕ་རོལ་ཕྱིན་དྲུག་ལྷ་མོ་མཆོད། །ས་བཅུ་ནོན་ཕྱིར་བཞེས་སུ་གསོལ། །བཛྲ་ཝཱ་ར་ཧི་


CMR023_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏངྒཱི་ཨཱཧཱུྃ། ཧཱུྃ། ལྟེ་བའི་དབུས་གནས་རྣལ་འབྱོར་མ། །ཞེ་སྡང་གཅོད་མཛད་གྲུབ་པ་མོ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་ཕག་མོར་ཕྱག་འཚལ་བསྟོད། །མེ་དཔུང་འབར་བའི་ལྟེ་བ་ལ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །ཟག་མེད་བདེ་བ་སྟེར་མཛད་མ། །སངས་རྒྱས་ཡུམ་ལ་ཕྱག་འཚལ་བསྟོད། །དྷ་ཏི་འོད་ཀྱི་རང་བཞིན་ལ། །དབུགས་བྲལ་ལྟེ་བ་ཉིད་ལ་བཞུགས། །ཞུ་བའི་རང་བཞིན་བདེ་ཆེན་མོ། །བདེ་སྟོང་ཡུམ་ལ་ཕྱག་འཚལ་བསྟོད། །དངོས་པོ་གཤིས་ཀྱི་དོན་སྟོན་མ། །སྐུ་བཞི་དབྱེར་མེད་གཉུག་མའི་ངང་། །བདེ་བ་ཆེན་པོའི་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །བདེ་ཆེན་ལམ་སྣ་འདྲེན་པའི་ཡུམ། །དུ་མ་རོ་གཅིག་དོན་སྟོན་མ། །སྣང་སྟོང་དབྱེར་མེད་ངོ་བོ་ཉིད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །བདུད་བཞིའི་དམག་ལས་རབ་རྒྱལ་ཞིང་། །བདེ་ཆེན་བྱིན་གྱིས་རློབ་མཛད་མ། །རྩ་རླུང་ཐིག་ལེ་ངོ་བོ་ཉིད། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །བདུད་དང་ལོག་འདྲེན་ཞི་མཛད་མ། །བར་ཆད་སྲུང་ཞིང་བྱིན་རླབས་ཅན། །མཐུ་དང་རྫུ་འཕྲུལ་


CMR023_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད། །ལས་ཀྱི་མཁའ་འགྲོར་ཕྱག་འཚལ་བསྟོད། །མཆོག་དང་ཐུན་མོང་ལ་སོགས་པ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །རྒྱུད་བཞི་སྨིན་པར་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཝཱ་ར་ཧི་ཨོ་ཨཱཧཱུཾ། ཨོ་རྒྱན་གནས་ནས་ཏྰཀི་ཡི། །སྦྱོར་མཚམས་བདུད་རྩི་སྤྱན་དྲངས་ནས། །མེ་ལོང་བུམ་པ་ཐོད་པ་ཁེངས། །ཐུན་བར་བུམ་ལྷ་ཞུ་བར་གྱུར། །བཟླས་པ་བྱ། སྐབས་འདིར་དབང་ལེན་པ་བསྐུར་བ་སོགས་བྱ། ལག་མཆོད་ཀྱི་ནང་དུ་ཆོས་འབྱུང་ཐིག་ལེ་ལྔ་བྲི་ཚུལ་དུ་བྱ་ཞིང་། ཨོཾ་ཨཱཧཱུཾ། ཧཱིཧ་རི་ནི་ཚེས་ཆང་དབུས་ཆོས་འབྱུང་པད་ཉིའི་སྟེང་། །ཡི་གེ་ལྔ་ལས་འོད་ཟེར་འཕྲོས། །འགྲོ་བའི་སྒྲིབ་སྦྱངས་ཚུར་འདུས་ནས། །མཁའ་འགྲོ་ལྔ་ཡི་སྐུ་རུ་གྱུར། །ལག་གཡོན་པའི་མཐིལ་དུ་ཆང་གིས་ཆོས་འབྱུང་ཐིག་ལེ་ལྔ་བྲིས་ལ། ཨོཾ་ཨཱཿཧཱུྃ་ཧཱིཧ་རི་ནི་ས། ལག་མཐིལ་ཆོས་འབྱུང་པད་ཉིའི་སྟེང་། །ཡི་གེ་ལྔ་ལས་ཌཱཀི་ལྔ། །བསམ་ཞིང་ཡེ་ཤེས་སྤྱན་དྲངས་གྱུར། །ཕེ་ཕོ་ཕོ། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་ཨགྷཾ་སོགས། ཤབྡ་ཨཱཧཱུཾ། ཛཧཱུྃ་བཾ་ཧོ༔དམ་དབྱེ་འདྲེས། ཨོཾ་ཤྲཱི་བཛྲ་ཝཱ་ར་ཧཱི་ཨཧཱུྃ་ནས། ཤརྡ་ཚྭ་ས་པཉྩ་ཨ་མྲྀ་ཏ་ཨཱཧཱུཾ། དཔལ་ལྡན་རྡོ་རྗེ་མཁའ་


CMR023_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ལག་ལྷ་ཆང་གི་ལྷ་ལ་ཐིམ། །ཞེས་ཆོས་འབྱུང་གི་ཕྱག་རྒྱ་ཆང་གི་སྟེང་དུ་སྦུབ་ལ། གཡོན་དུ་དཀྲུགས་ཤིང་། ཆང་ལྷ་ཆང་ལ་ཐིམ་པར་གྱུར། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ངོ་བོ་ཉིད། །སུམ་ལྡན་བླ་མ་བརྒྱུད་པར་བཅས་རྣམས་དང་། །ཡི་དམ་ཞི་ཁྲོ་མ་དང་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མའི་ཞལ་དུ་ཨོཾ་ཨཱཿཧཱུཾ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་སོགས་སྔགས་བརྗོད་ཅིང་གནས་ཁང་ལ་གཏོར་བས། བགེགས་བསྐད་མཁའ་འགྲོའི་ར་གུར་གྱུར། རང་ལ་གཏོར་བས། བ་སྤུ་མཁའ་འགྲོས་གཏམས་པར་གྱུར། མཆོད་རྫས་ལ་གཏོར། ཚོགས་དང་མཆོད་རྫས་བདུད་རྩིར་གྱུར། ལྕེ་ལ་བཞག །ཨོ་ཨཱཧཱུྃ། རླུང་མེ་ཐོད་སྐྱོད་ཀ་པཱ་ལར། །ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཞུ་བའི་ཡེ་ཤེས་བདུད་རྩི་ནི། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། །སྟོང་གསུམ་འཇིག་རྟེན་ཁྱབ་པར། །ཧཱུྃ། བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག །བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ། །རིག་འཛིན་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་


CMR023_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བཞེས། །ཧཱུཾ། བཞེངས་ཤིག་ཡི་དམ་རྣམས་བཞེངས་ཤིག །རྡོ་རྗེ་ཕག་མོ་སྐུ་བསྐྱོད་འཚལ། །ཨོ་རྒྱན་གནས་ནས་གཤེགས་སུ་གསོལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུཾ། བཞེངས་ཤིག་མཁའ་འགྲོ་རྣམས་བཞེངས་ཤིག །རིགས་ལྔའི་མཁའ་འགྲོ་སྐུ་བསྐྱོད་འཚལ། །རང་རང་གནས་ནས་འདིར་གཤེགས་ཤིག །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུཾ། བཞེངས་ཤིག་མཁའ་འགྲོ་རྣམས་བཞེངས་ཤིག །སྣ་ཚོགས་འཇིག་རྟེན་མཁའ་འགྲོ་རྣམས། །དུར་ཁྲོད་གནས་ནས་གཤེགས་སུ་གསོལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །ཕྱོགས་མཚམས་ཀུན་ནས་གཤེགས་སུ་གསོལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ན་མོ་གུ་རུ་ཨ་དྷིཥཱ་ན་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཨོཾ་བཛྲ་ཝཱ་རཱ་ཧི་པཉྩ་


CMR023_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། བཛྲ་ཌཱ་ཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། བུདྡྷ་ཌཱཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། རཏྣ་ཊཱཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། པདྨ་ཊཱ་ཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཀརྨ་ཊཱ་ཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། བི་ཤྭ་ཌཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ལོ་ཀ་ཌཀི་ནཱི་ཡེ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཨོཾ་སརྦ་དྷརྨཱ་པཱ་ལ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ག་ཎ་ཙཀྲ་ལ་ཁཱ་ཧི། ཚོགས་ཕུད་གཏོར་མ་བྲན་ལ། རླུང་མེ་ཐོད་སྐྱེད་ཀ་པཱ་ལར། །ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཞུ་བའི་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཧཱུཾ། ལན་གསུམ། ཨོབཛྲ་བེ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་བྱའོ། །ཨོཾ་ཤྲཱི་བཛྲ་ཝཱ་ར་ཧི་ནས་ཤབྟ་པཉྩ་ཨ་མྲྀ་ཏ་མ་ཏངྑཾ་ཨཱཧཱུྃ། ལྟེ་བའི་དབུས་ནས་༧འབྱུང་ཞིང་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་


CMR023_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ས་བྷུ་ཏ་པྲ་ཏ་པི་ཤ་ཙ་ཨུདྨ་ད། ཨ་པ་སྨ་ར་ཌཱ་ཀ་ཌཱཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲི་སྙནུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ། ཡེ་ཐེ་པཾ། ཡ་ཐེཊྚཾ། བྷུཉྫཐཱ། ཛི་གྲུ་ཐ། པི་བ་ཐ། མ་ཏི་ཀྲ་མ་ཐཱ། མ་མ་སརྦ་ཀརྟ་ཡ་སད་སུ་ཁཾ་བི་ཤུདྡྷ་ཡ་ས་ཧ་ཡི་ཀ་བྷ་ཝནྟུ་ཧུཾ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རང་བརྗོད་པ་ཁོ་ནས་ཆོག །སྤྲོ་ན། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ཞིང་། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །


CMR023_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་གྲུབ་མཛོད། ༈ །ཧཱུྃ། ཆོས་དབྱིངས་རྣམ་དག་ངང་ཉིད་ལས། །འགྲོ་བའི་དོན་མཛད་གཞན་དོན་དུ། །ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །རྗེ་བཙུན་མ་ཡི་ཐུགས་དམ་བསྐང་། །ཕག་མོ་ལྷ་ལྔའི་ཐུགས་དམ་བསྐང་། །གནས་དང་ཉེ་བའི་གནས་ལ་སོགས། །པུ་ལི་ར་མ་ལ་སོགས་པའི། །ཡུལ་ཆེན་ཉི་ཤུ་རྩ་བཞི་ཡི། །དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །དམ་ཚིག་ཉམས་ཆག་ཚོགས་ཀྱིས་བསྐང་། །ལྟ་བ་ལོག་པ་གཏོར་མས་བསྐང་། །སྲུང་མ་གཡེལ་ན་གཏོར་མས་བསྐང་། །འདིར་བྱོན་དམ་སྐོང་ཕྲིན་ལས་མཛོད། །འདོད་པའི་དངོས་གྲུབ་བདག་ལ་སྩོལ། །ཐོག་མེད་དུས་ནས་ད་ལྟའི་བར། །རྩ་བ་ཡན་ལག་དམ་ཚིག་ལ། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་ཀུན། །མཐོལ་བཤགས་བཟོད་བཞེས་ཚངས་པ་སྩོལ། །ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུཾ་ས་མ་ཡ། ཨོཾ་བཛྲ་བེ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ཡིག་བརྒྱ་


CMR023_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། ཚོགས་ལ་རོལ་ལྷག་མ་བྲན། ཨོཾ་ཨཱཧཱུཾ། ཕུད་ལྷག་གཏོར་མ་རྒྱ་ཆེན་འདི། །ལས་དང་འཇིག་རྟེན་མཁའ་འགྲོ་མ། །ཤ་ཟ་མཁའ་འགྲོ་ཕོ་ཉའི་ཚོགས། །འབྱུང་པོ་ལྷག་སྡུད་རྣམས་ལ་བསྔོ། །དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད། །ཨོཾ་ཨུཙྪིཥཱ་བ་ལིཾ་ཏ་བྷཀྵ་བྷཀྵ་ཀ་སྭཱ་ཧཱ། ཞེས་ཕྱིར་དོར། ཨོཾ་བཛྲ་ཝཱ་རཱ་ཧི་ཨརྒྱུ་ནས་ཤརྡ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །མདུན་བསྐྱེད་ཡེ་ཤེས་གཤེགས་སམ་རྟེན་ལ་བསྟིམ། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །དམ་ཚིག་པ་རང་ལ་བསྡུས་ནས། སྣོད་བཅུད་འོད་ཞུ་བདག་ལ་བསྡུས། །བདག་ཀྱང་སྔགས་འཁོར་ཧྲིལ་ཐིམ། །ཤྲིཡང་ཐིག་ལེ་ནཱ་ད་ལས། །འདས་པ་དོན་དམ་སྟོང་ཉིད་དོ། །སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་ནས་འགྲོ་བ་ཡི། །སངས་རྒྱས་ཉིད་དང་


CMR023_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲད་པར་ཤོག །ཅེས་པ་འདི་ནི་ནཱ་རོའི་རྒྱ་གཞུང་དང་། །མར་པའི་ཞལ་གདམས་པཀཱིའི་ཆོག་འབུམ། །དྲུང་མཛད་མ་དང་མཚུར་ལུགས་དྭགས་རམ་ལུགས། །སྒམ་པོ་པས་མཛད་དང་ནི་སྙན་བརྒྱུད་བསྐོར། །ཐམས་ཅད་གོ་བསྟུན་ཉུང་བསྡུས་ཁྱེར་བདེ་བར། །ཞྭ་དམར་དྲུག་པས་མཛད་པའི་ལྷན་ཐབས་སུ། །རང་གི་ཉམས་ལེན་ཁོ་ནའི་ཆེད་དུ་བསྒྲིགས། །འདི་ལ་འགལ་འཁྲུལ་ཉེས་པ་གོང་མཚིས་པ། །ཡེ་ཤེས་ཌཱཀི་སྲུང་མ་བཅས་ལ་བཤགས། །འདི་ཕྱི་རྒྱུན་དུ་སྒྲིབ་པར་མ་གྱུར་ཅིག །འདི་བྲིས་རྣམ་དཀར་དགེ་བ་གང་མཆིས་པ། །འགྲོ་ཀུན་རྒྱལ་བའི་བསྐྱེད་ཡུམ་འགྲུབ་ཕྱིར་བསྔོ། །དེ་ཡི་མཐུ་ལས་བདག་ཀྱང་ཚེ་འཕོས་ཚེ། །གནས་གསུམ་ཌཱཀྐིའི་ཚོགས་ཀྱིས་མདུན་བསུས་ནས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་མཆོག་དེར། །བདེ་བླག་བགྲོད་ནས་ས་བཅུ་རབ་ཐོབ་ནས། །རྫུ་འཕྲུལ་སྟོབས་ཀྱིས་བསྐལ་པ་བྱེ་བ་བརྒྱར། །སྤྲུལ་ཡུལ་སྒྱུ་མ་ཐ་མར་རབ་བགྲོད་ནས། །རྡོ་རྗེ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །མཆོད་སྤྲིན་རྒྱ་མཚོས་མངོན་པར་མཆོད་བྱེད་ཅིང་། །སྐུ་གསུང་ཐུགས་ཀྱི་གསང་བ་འཛིན་པར་ཤོག །དེ་ལྟར་ས་བཅུ་མ་ཐོབ་བར་དུ་ཡང་། །བདེ་ཆེན་ཞིང་ནས་རྫུ་འཕྲུལ་སྟོབས་རྣམས་ཀྱིས། །ཨོ་རྒྱན་གན་དྷོའི་གནས་དེར་ཚོརབ་བགྲོད་ཅིང་། །བཅོམ་ལྡན་འདས་མ་མཆོད་པས་མཉེས་བྱེད་ནས། །གདམས་ངག་དབང་བཞི་ནོད་ནས་སྐད་ཅིག་ལ། །བདེ་ཅན་ཞིང་དེར་བདེ་བླག་བགྲོད་གྱུར་ཅིག །རྒྱལ་བའི་བསྐྱེད་ཡུམ་གནས་གསུམ་ཌཀི་ཡི། །བདེན་པའི་


CMR023_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་སྨོན་ལམ་འགྲུབ་གྱུར་ཅིག །དེ་སྐད་རཱ་གའི་མིང་ཅན་དེས་སྨྲས་ཏེ། །ཆུ་སྟོད་བཅུ་གསུམ་ཉིན་ལ་ཚང་བར་བྲིས། །མངྒ་ལཾ། ཤུ་བྷཾ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཕག་མོའི་རྒྱུན་ཁྱེར། next