Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁའི་པདྨ་ཟབ་པའི་རྒྱུད་ཀྱི་དོན་ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་གྱི་སྔོན་འགྲོ་བཞི་སྦྱོར།
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁའི་པདྨ་ཟབ་པའི་རྒྱུད་ཀྱི་དོན་ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་གྱི་སྔོན་འགྲོ་བཞི་སྦྱོར།next

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་པདྨ་ཟབ་པའི་རྒྱུད་ཀྱི་དོན་ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་གྱི་སྔོན་འགྲོ་བཞི་སྦྱོར།


CMR023_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་པདྨ་ཟབ་པའི་རྒྱུད་ཀྱི་དོན་ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་གྱི་སྔོན་འགྲོ་བཞི་སྦྱོར་བཞུགས་སོ༔


CMR023_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ༔ གུ་རུ་དེ་བ་ཌཱ་ཀི་ནི་ཧཱུྃ༔ པདྨ་ཟབ་པའི་རྒྱུད་ཀྱི་དོན༔ ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་ནི༔ བྱང་ཆུབ་རྡོ་རྗེས་མཛད་པ་ལས༔ སྔོན་འགྲོའི་རིམ་པ་ཡོངས་རྫོགས་ནས༔ གསུང་ཕྱིར་སྔོན་འགྲོ་བཞི་སྦྱོར་ནི༔ དལ་འབྱོར་ལུས་འདི་ཤིན་ཏུ་རྙེད་པར་དཀའ༔ ཅི་དང་ཅི་ལ་སྐྱེས་ཀྱང་མི་རྟག་འཆི༔ དགེ་བ་ཆོས་ལ་འབད་ན་སངས་རྒྱས་རྒྱུ༔ སྡིག་པ་གང་བྱས་དེ་ལྟའི་རིགས་དྲུག་འཁྱམས༔ ཡི་དྭགས་བཀྲེས་སྐོམ་དུད་འགྲོ་གླེན་ལྐུགས་དང་༔ དམྱལ་བ་ཚ་གྲང་མི་སྐྱེ་རྒས་ན་འཆི༔ ལྷ་མིན་འཐབ་རྩོད་ལྷ་ཡི་སྡུག་བསྔལ་ཡོད༔ འགྲོ་ཀུན་


CMR023_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དེ་ལས་སྐྱོབ་པའི་ཕྱིར༔ མདུན་གྱི་ནམ་མཁར་ཀུན་ཏུ་བཟང་པོ་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་ཀུན་བཟང་རྒྱལ་བ་སྲས་བཅས་ཐམས་ཅད་ལ༔ བདག་ནི་རྩེ་གཅིག་ཡིད་ཀྱིས་སྐྱབས་སུ་མཆི༔ དགེ་བ་མ་རྒན་འགྲོ་དྲུག་ཀུན་ལ་སེམས་ཅན་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ ཚིག་རྐང་བཞི་པོ་གསུམ་མམ་བདུན་སོགས་བརྗོད༔ སྐྱབས་ཡུལ་འོད་ཞུ་བདག་གཞན་རྣམས་ལ་རང་གི་སྤྱི་བོར་རྡོར་སེམས་སྐུ་མདོག་དཀར༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བརྒྱུར་ཐབས་འཛིན༔ དེ་ཡི་སྐུ་ལས་བདུད་རྩིའི་རྒྱུན་བབས་


CMR023_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ ལུས་ཀུན་གང་སྟེ་སྡིག་སྒྲིབ་ནག་ནུར་སོང་༔ མཐར་ནི་རྡོར་སེམས་རང་ཐིམ་རང་རྡོར་སེམས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིའི་རྒྱུན་བབས་ཉམས་ཆག་སྡིག་སྒྲིབ་ཀུན༔ མ་ལུས་དག་ནས་ཤེལ་གོང་ལྟ་བུར་གྱུར༔ ཨོཾ་བཛྲ་ས་ཏྭ་ཧཱུྃ༔ ཞེས་པ་བརྒྱ་རྩ་འམ་ཅི་འགྲུབ་དང༔ སྤྲོ་ན་ཡི་གེ་བརྒྱ་བ་བཟླ་བར་བྱ༔ རང་གི་མདུན་གྱི་ནམ་མཁར་ཀུན་བཟང་ལ༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར༔ ཡེ་ནས་དམ་ཡེ་དབྱེར་མེད་དྲན་རྫོགས་གསལ༔ ལུས་དང་ལོངས་སྤྱོད་དགེ་བའི་རྩ་བར་བཅས༔ གླིང་བཞིའི་དགེ་ཀུན་གཅིག་བསྡུས་མཎྜལ་འབུལ༔ གུ་རུ་དེ་བ་ཌཱཀི་ནི་རཏྣ་མཎྜལ་ལ་པྲ་ཏིཙྪ་སྭཱ་ཧཱཿ ཚིག་གཉིས་སྔགས་བཅས་བརྒྱ་འམ་ཅི་འགྲུབ་འབུལ༔ མདུན་གྱི་ལྷ་ཚོགས་བདག་དང་བསྲུང་བྱར་ཐིམ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་འཕེལ་བར་གྱུར༔ རང་གི་སྤྱི་བོར་པདྨ་འབྱུང་གནས་ལ༔ སངས་རྒྱས་བྱང་སེམས་ཐམས་ཅད་འདུས་པར་བསམ༔ ཆ་ལུགས་པདྨ་ངོ་བོ་རྩ་བའི་བླ་མ༔ དེ་ལ་ཕྱོགས་བཅུའི་དཀོན་མཆོག་ཐམས་ཅད་ཐིམ༔ སྐབས་འདིར་སྤྲོ་ན་གནམ་ཆོས་རང་གཞུང་གི་རྫོགས་ཆེན་ལམ་ནི་གཏེར་མ་གསོལ་འདེབས་འཛུད༔ བསྡུ་ན་འདི་ཙམ་བརྗོད་པས་


CMR023_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འཐུས་པ་ཡིན༔ ཨེ་མ་ཧོ༔ གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ན༔ ཨོ་རྒྱན་ཆོས་སྐུ་སྣང་བ་མཐའ་ཡས་ལ༔ གསོལ་བ་འདེབས་སོ་བདག་ལ་དབང་བརྒྱ་བསྐུར་བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ ཡི་དམ་འཕགས་པ་འཇིག་རྟེན་དབང་ཕྱུག་ལ༔ གསོལ་བ་འདེབས་སོ་བདག་ལ་དབང་བཞི་བསྐུར༔ ཕུང་པོ་ལྔ་པོ་དས་འགྱུར་ནས༔ འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས༔ འཕགས་བཞི་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ གསོལ་བ་འདེབས་སོ་རིག་པའི་རྩལ་དབང་བསྐུར༔ རང་རིག་ཆོས་སྐུ་མངོན་ཏུ་རྟོགས་ནས་ཀྱང་༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ ཡུམ་མཆོག་སྤྱན་མ་མཱ་ཀི་གོས་དཀར་སྒྲོལ༔ གསོལ་བ་འདེབས་སོ་བདག་ལ་དབང་བསྐུར་སྩོལ༔ ལུས་ཀྱི་ཤ་ཁྲག་དྲོད་དབུགས་ཁམས་གཞི་དག༔ ནད་མེད་བདེ་སྟོང་འབར་བར་བྱིན་གྱིས་རློབས༔ རྡོ་རྗེ་རིན་ཆེན་པདྨ་ལས་མཁའ་འགྲོ༔ གསོལ་བ་འདེབས་སོ་ཡེ་ཤེས་དབང་བསྐུར་སྩོལ༔ དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་དང་༔ ཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན་གྱིས་རློབས༔ གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་


CMR023_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལྔ༔ གསོལ་བ་འདེབས་སོ་རབ་འབྱམས་དབང་བསྐུར་སྩོལ༔ ཚོགས་དྲུག་ཉམས་སྣང་བདེ་བ་འབར་བ་དང་༔ དག་པར་རབ་འབྱམས་འཆར་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་རྩེ་གཅིག་བཏབ་པ་ཡིས༔ མཐར་ནི་དེ་རྣམས་རང་ལ་ཐིམ་པར་གྱུར༔ རང་སེམས་ཡེ་ནས་ཡེ་ཤེས་སེམས༔ རང་ལུས་ཡེ་ནས་དཀྱིལ་འཁོར་ལྷ༔ ཡིན་ལ་ཡིན་པའི་ངེས་ཤེས་ཀྱིས༔ རང་ཉིད་ཐུགས་རྗེ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་དང་པོ་གཉིས༔ ཐལ་སྦྱར་འོག་གཉིས་ཕྲེང་བ་པད༔ ལོངས་སྐུའི་ཆས་རྫོགས་སྐྱིལ་ཀྲུང་བཞུགས༔ སྐུ་ལ་རྡོ་རྗེ་ཕག་མོ་འཁྲིལ༔ གྲི་ཐོད་འཁྱུད་སྟོབ་ཕག་ཞལ་ངུར་དབུ་རྒྱན་འོད་དཔག་མེད་མགོན་བསྐྱེད༔ དཔྲལ་བ་མགྲིན་པ་སྙིང་ག་དང༔ ལྟེ་བ་རྣམས་སུ་འདི་ལྟར་བསྐྱེད༔ སངས་རྒྱས་སྤྱན་མ་གོས་དཀར་མོ༔ མཱ་མ་ཀཱི་དང་སྒྲོལ་མའོ༔ འཁོར་ལོ་པད་དཀར་རིན་ཆེན་སྔོ༔ ཨུཏྤལ་གཡས་འོག་ཕྱག་གིས་འཛིན༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ རྡོ་རྗེ་མཁའ་འགྲོ་དཔྲལ་བའི་ནང་༔ པདྨ་མཁའ་འགྲོ་རྐན་ཕུག་གོ༔ ལྟེ་བར་རིན་ཆེན་མཁའ་འགྲོ་བསམ༔ ལས་ཀྱི་མཁའ་འགྲོ་གསང་བར་བསྒོམ༔


CMR023_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་དམར་སེར་དང་ལྗང་བའི་མདོག༔ རྡོ་རྗེ་པདྨ་ནོར་བུ་དང་༔ རལ་གྲི་གཡས་འོག་ཕྱག་གིས་འཛིན༔ མིག་སྙན་སྣ་ལྕེ་ལུས་རྣམས་སུ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཡི༔ ལྷ་མོ་ལྔ་པོ་བསམ་པའོ༔ དཀར་སྔོ་དམར་སེར་ལྗང་བའི་མདོག༔ མེ་ལོང་གླིང་བུ་སྤོས་སྣོད་དང་༔ ཟངས་གཞོང་ན་བཟའ་གཡས་འོག་འཛིན༔ ལྷ་མོ་དེ་རྣམས་པད་ཟླའི་སྟེང་༔ གཡས་བརྐྱང་གཡོན་བསྐུམ་འདོར་སྟབས་བཞེངས༔ ཀུན་ཀྱང་ཞལ་གཅིག་ཕྱག་བཞི་མ༔ དང་པོས་ཐུགས་ཀར་ཐལ་མོ་སྦྱར༔ གཡོན་འོག་པདྨ་དམར་པོ་འཛིན༔ ཡུམ་བཞི་མཆོད་པའི་ལྷ་མོ་རྣམས༔ ཞི་འཛུམ་དར་དང་རིན་ཆེན་བརྒྱན༔ མཁའ་འགྲོ་བཞི་པོ་ཅུང་ཞིག་ཁྲོས༔ སྤྱན་གསུམ་གཅེར་བུ་རུས་པས་བརྒྱན༔ གྲུ་མོར་ཁ་ཊཾ་གྱེན་དུ་བསྒྲེངས༔ ཀུན་ཀྱང་དབུ་རྒྱན་ཐོར་ཙུགས་ཅན༔ ཀུན་གྱི་ཐུགས་ཀར་པད་ཟླའི་སྟེང་༔ རིགས་བདག་ཕག་མོའི་ཐུགས་ཀར་ཧཱི༔ ལཾ་ཡཾ་མཾ་ཏཾ་ཡུམ་བཞིའི་ཟླཐུགས༔ ཧ་རི་ནི་ས་མཁའ་འགྲོ་བཞི༔ མཆོད་ལྷ་ལྔ་ཀར་བ་ཡིག་རེ༔ གཙོ་བོའི་ཐུགས་ཀར་པདྨ་དང་༔ ཉི་ཟླའི་གདན་ལ་ཧྲི༔ཡིག་མཐར༔ ཡི་གེ་དྲུག་པ་གཡས་སུ་


CMR023_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཞིང་ཁམས་རྒྱ་མཚོར་བཞུགས་པ་ཡི༔ རྒྱལ་བ་སྲས་བཅས་ཐམས་ཅད་མཆོད༔ ཀུན་ཀྱང་ཐུགས་རྗེ་ཆེན་པོར་གྱུར༔ ཆར་བཞིན་བྱོན་ནས་བདག་ལ་ཐིམ༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་མ་ཧཱ་ཀཱ་རུ་ཎི་ཀ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ སྤྱི་བོའི་རིགས་བདག་འོད་ཟེར་གྱིས༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་སེམས་ཅན་ཡི་དམ་ལྷ༔ སྒྲ་རྣམས་ཐམས་ཅད་ཡི་དྲུག་སྒྲ༔ དྲན་རྟོག་རང་གྲོལ་ཆོས་ཀྱི་སྐུ༔ འཁོར་བ་དོང་ནས་སྤྲུག་པར་གྱུར༔ ལུས་ལྷ་མཆོད་པའི་ལྷ་མོ་ལྔས༔ སྔགས་གཟུགས་སྐུ་ལས་འོད་འཕྲོས་པས༔ གཟུགས་ཀུན་གཟུགས་ཀྱི་རྡོ་རྗེ་མར༔ གྱུར་ནས་རྒྱལ་ཀུན་སྤྱན་ལ་མཆོད༔ སྣང་སྟོང་སྐུ་ཡི་ཐུགས་དམ་བསྐང་༔ སྒྲ་ཀུན་སྒྲ་ཡི་རྡོ་རྗེ་མར༔ གྱུར་ནས་རྒྱལ་ཀུན་སྙན་ལ་མཆོད༔ གྲག་སྟོང་སྙན་གྱི་ཐུགས་དམ་བསྐང་༔ དྲི་ཀུན་དྲི་ཡི་རྡོ་རྗེ་


CMR023_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མར༔ གྱུར་ནས་རྒྱལ་ཀུན་ཤངས་ལ་མཆོད༔ ཚོར་སྟོང་ཐུགས་དམ་བསྐངས་གྱུར་ཅིག༔ རོ་ཀུན་རོ་ཡི་རྡོ་རྗེ་མར༔ གྱུར་ནས་རྒྱལ་ཀུན་ལྗགས་ལ་མཆོད༔ མྱོང་སྟོང་ཐུགས་དམ་བསྐང་གྱུར་ཅིག༔ རེག་ཀུན་རེག་གི་རྡོ་རྗེ་མར༔ གྱུར་ནས་རྒྱལ་ཀུན་སྐུ་ལ་མཆོད༔ རེག་སྟོང་ཐུགས་དམ་བསྐང་གྱུར་ཅིག༔ ལྷ་མོ་སྤྱན་སོགས་གནས་ལྔར་ཐིམ༔ ཟག་མེད་བདེ་བས་ཐུགས་དམ་བསྐངས༔ མཆོག་ཏུ་མི་འགྱུར་བདེ་ཆེན་པོ༔ ད་ལྟ་ཉིད་དུ་ཐོབ་པ་དང་༔ མངོན་ཤེས་དྲུག་ལྡན་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་ཀཱ་རུ་ཎི་ཀ་པཔཱུ་ཛ་ཧོ༔ ཡོན་ཆབ་དང་ནི་མེ་ཏོག་དང་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་སིལ་སྙན་སྣ་ཚོགས་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ བདེ་བའི་མཆོད་པ་འདི་རྣམས་ནི༔ བདག་ཅག་མོས་པས་འབུལ་ལགས་སོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ སངས་རྒྱས་པདྨ་རབ་དགྱེས་དང་༔ འཕགས་པ་སྤྱན་རས་གཟིགས་ལ་འབུལ༔ མཁའ་འགྲོ་མ་ལུས་གསུང་གཅིག་ཏུ༔ མགོན་པོ་གསུམ་པོའི་སྙན་ཐད་དུ༔ ཕྱག་གཅིག་ཐལ་མོ་རབ་སྦྱར་ཏེ༔ བཏུད་ནས་བསྟོད་པ་ཆེར་མཛད་པ༔ ཁྱོད་ནི་སྐུ་


CMR023_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྣམ་པར་སྣང་མཛད་ཡིན༔ པདྨ་བསྣམས་པས་པདྨའི་རིགས་སུ་འཁྲུངས༔ ཐལ་མོ་སྦྱར་བས་རྡོ་རྗེའི་རིགས་རྒྱུད་འཛིན༔ རྒྱན་གྱིས་བརྒྱན་པས་རིན་ཆེན་རིགས་སུ་མཛེས༔ ཕྲེང་བ་བསྣམས་པས་ལས་ཀྱི་རིགས་པ་འཛིན༔ རིགས་ལྔས་ཁྱོད་སྤྲུལ་འགྲོ་དོན་གྱིས་ཤིག་ཅེས༔ མཚན་ཙམ་ཐོས་པས་སྡུག་བསྔལ་ཐམས་ཅད་འདྲེན༔ ཡིད་ལ་། བསམ་པས་ཐམས་ཅད་་་་་་་་་་་་་མཇུག་མི་འདུག


previousགནམ་ཆོས་ཐུགས་ཀྱི་གཏེར་ཁའི་པདྨ་ཟབ་པའི་རྒྱུད་ཀྱི་དོན་ཐུགས་རྗེ་ཆེན་པོའི་ལུས་དཀྱིལ་གྱི་སྔོན་འགྲོ་བཞི་སྦྱོར།next