Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་ཆེན་པོའི་བསྐང་བཤགས་ཀྱི་ཆོ་ག་ཉམས་ཆག་སྦྱོང་བྱེད་བདུད་རྩིའི་ཆུ་རྒྱུན།
   


 
previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་ཆེན་པོའི་བསྐང་བཤགས་ཀྱི་ཆོ་ག་ཉམས་ཆག་སྦྱོང་བྱེད་བདུད་རྩིའི་ཆུ་རྒྱུན།next

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་ཆེན་པོའི་བསྐང་བཤགས་ཀྱི་ཆོ་ག་ཉམས་ཆག་སྦྱོང་བྱེད་བདུད་རྩིའི་ཆུ་རྒྱུན།


CMR023_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མ་ཡ༔ མ་ཧཱ་ཤཱནྟི༔ ཝརྟི་ན་མཿ བོད་སྐད་དུ། དམ་ཚིག་ཉམས་ཆག་བསྐང་བའི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་ཆེན་པོའི་བསྐང་བཤགས་ཀྱི་ཆོ་ག་ཉམས་ཆག་སྦྱོང་བྱེད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །ཡི་དམ་གང་རུང་གི་བདག་བསྐྱེད་རྒྱས་བསྡུས་ཅི་རིགས་ཚར་ནས་འདི་ཁོ་ན་བཏོན་པས་ཆ་ཚང་བར་འགྱུར་རོ། །ཤུ་བྷཾ།


CMR023_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འཇིག་རྟེན་དབང་ཕྱུག་ཞབས་ལ་ཕྱག་འཚལ་ནས། །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་བསྐང་གསོ་བྲི། །རྒྱ་མཚོ་ལྔ་ཡི་ལྷ་ཚོགས་ཐམས་ཅད་ཀྱིས། །དགོངས་པ་ཁྲོལ་ཞིང་བྱིན་རླབས་དངོས་གྲུབ་སྩོལ། །དེ་ལ་དང་པོ་བསྐང་བའི་བྱུང་ཁུངས་ནི། །དགོངས་འདུས་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། །ལྷ་མཆོག་ཐུགས་དམ་བསྐང་བ་ནི། །ཕྱི་ལྟར་ཐུན་མོང་རྫས་ཀྱིས་མཆོད། ནང་ལྟར་དབང་པོ་རྣམ་ལྔས་མཆོད། །གསང་བ་རྟོག་ཚོགས་རིགས་པས་མཆོད། །དེ་ཉིད་སྤྲོས་བྲལ་དགོངས་པས་མཆོད། །བདེ་སྟོང་རོ་མཉམ་དབྱིངས་སུ་བསྐང་། །སྣང་སྲིད་གཞིར་བཞེངས་ཆེན་པོའི་ཀློང་། །བླང་དོར་བྲལ་བས་ཐུགས་དམ་བསྐང་། །ཞེས་སོ། །ཉེར་གསུམ་


CMR023_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བའི་ལེའུ་གསུངས། སྒྲུབ་པ་བཀའ་བརྒྱད་ཀྱི་རྩ་རྒྱུད་གསང་བ་འདུས་པ་ལས། སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། །རྩ་ལག་དམ་ཚིག་མ་ཉམས་ཉོན། །ལེ་ལོས་དུས་ཉམས་མཆོད་ཆག་དང་། །ལྷ་དང་འཁོན་གཅུགས་སྦྱངས་བ་དང་། །བསོད་ནམས་ཚོགས་ཆེན་བསགས་བྱའི་ཕྱིར། །བསྐང་གསོའི་རིམ་པ་འདི་ལྟ་སྟེ། །ཞེས་སོགས་ལེའུ་ཉེར་བཞི་པ་ཐུགས་དམ་བསྐང་བའི་ལེའུ་རྒྱས་པར་བཀའ་སྩལ་པ་དང་། གཏོར་མའི་ལས་རྒྱུད་ཆེན་པོ་ལས། གཏོར་མ་ནི་བསྐང་བར་ཤེས་པར་བྱའོ། །གཏོར་མ་ནི་བཤགས་པར་ཤེས་པར་བྱའོ། །ཞེས་གསུངས་པ་དང་། འཕགས་པ་སྤུ་གྲི་ཀླད་གཟེར་རྒྱུད་ལས། ཐུགས་དང་འགལ་འཁྲུལ་མཆིས་ན་ཡང་། །བསྐང་དང་བཤགས་པ་འདི་ལྟ་སྟེ། །ཕྱི་རུ་གཡག་དང་ལུག་གིས་བསྐང་། །ནང་དུ་


CMR023_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཟན་ལུག་དཔལ་བཤོས་དང་། །སྤྱན་གཟིགས་གཏོར་མས་ཐུགས་དམ་བསྐང་། །གསང་བ་དམ་ཚིག་གཉན་པོས་བསྐང་། །དེ་ཁོ་ན་ཉིད་བསྐང་བ་དང་། །དེ་དག་ཐམས་ཅད་བསྐང་བའི་ཕྱིར། །ནག་པོའི་སྐུ་དང་དམ་རྫས་ལ། །ཚིག་འདིས་རབ་ཏུ་བསྐང་བར་བྱ། །ཞེས་སོགས་བསྐང་བའི་ལེའུ་རྒྱས་པར་གསུངས། །ཉམས་ཆག་འགལ་འཁྲུལ་གང་བྱུང་ཡང་། །ཚིག་འདིས་རབ་ཏུ་བསྐང་བར་བྱ། །ཞེས་སོགས་བསྐང་བའི་ལེའུ་རྒྱས་པར་གསུངས། །ཉམས་ཆག་འགལ་འཁྲུལ་གང་བྱུང་ཡང་། །ཚིག་འདིས་དེ་དག་ཐམས་ཅད་བཤགས། །ཞེས་བཤགས་པའི་ལེའུ་རྒྱས་པར་གསུངས། །བྱ་རོག་སྲོག་ཟན་ནག་པོའི་རྒྱུད་ལས་ཀྱང་། །དེ་ནས་ཡང་དག་བཤད་པར་བྱ། །རྣལ་འབྱོར་དམ་ཚིག་ཉམས་པ་ནི། ཁས་བླངས་དམ་བཅས་ཉམས་པ་ན། །དེ་ཚེ་བསྐང་བའི་མདོས་འདི་བྱ། །ཞེས་དང་། མི་ཤ་སྙིང་གིས་མགོན་པོ་བསྐང་། །བསྐང་ཞིང་བསྔོས་ལ་མཆོད་གཏོར་དང་། །མཚེ་དང་ཡུངས་ཀར་ཕུད་ཀྱིས་མཆོད། །བསྐང་ཞིང་བཤགས་པ་དྲག་ཏུ་བྱ། །ཞེས་བསྐང་བ་དང་བསྐང་མདོས་རྒྱས་པར་གསུངས་སོ། །རྩ་འཇིབ་དུག་རླངས་ཁོལ་མའི་རྒྱུད་ལས། །དེ་ནས་ཧེ་རུ་ཀ་དཔལ་གྱིས། །བསྐང་ཐབས་ཡང་དག་བཤད་པར་བྱ། །མདོས་དང་ཚོགས་དང་གཏོར་མ་དང་། །བདུད་རྩི་སྨན་དང་རཀྟས་བསྐང་། །ཞེས་བསྐང་བ་དང་བསྐང་མདོས་ལེའུ་རྒྱས་པར་གསུངས་སོ། །མེ་ལྕེ་འབར་བའི་རྒྱུད་ལས། རྣལ་འབྱོར་དམ་ཚིག་ཉམས་པ་ན། །བསྐང་བ་ནན་ཏན་བཤད་པ་ནི། །གང་གི་དམ་ཚིག་


CMR023_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་ན། །མཁའ་འགྲོ་མ་ཡི་ཆད་པ་འོང་། །ཉམས་པ་ཆེ་ན་བསྐང་ཚད་ཆེ། །སྒྲུབ་པ་འགྲུབ་རྟགས་མེད་པ་དང་། །རང་ཉིད་སྲོག་ལ་བབ་པའོ། །ཉམས་པ་འབྲིང་གི་བཀའ་ཆད་ནི། །འཁོར་ལ་རྐྱེན་དང་རིམས་ནད་འབྱུང་། །ཉམས་པ་ཐ་མའི་བཀའ་ཆད་ནི། །དགྲ་ལྡང་ནོར་ལ་གོད་ཁ་འབྱུང་། །དེ་ནས་ཉམས་པ་བསྐང་བ་བསྟན། །ཅེས་སོགས་ལེའུ་བཅུ་གསུམ་པ་སྤོག་ཅིང་། །ཐུགས་དམ་བསྐང་བའི་ལེའུ་རྒྱས་པར་གསུངས་སོ། །སྲིད་པ་མ་མོའི་རྒྱུད་ལྕགས་མཁར་ནག་པོ་ལས། རྡོ་རྗེ་སེམས་དཔས་ཡང་གསོལ་བ། །སེམས་ཅན་དུས་མིན་འཆི་བ་རྣམས། །དེ་ལས་བཟློག་ན་ཇི་ལྟར་ཟློག །བསྐང་བའི་གནས་ལྔ་ཇི་ལྟར་ལགས། །ཡང་དག་དོན་གྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་བ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །སེམས་ཅན་དུས་མིན་འཆི་བ་དེ། །བསྐང་བའི་གནས་ལྔ་འདི་རྣམས་སོ། །ཞེས་ཞེ་ལྔ་པ་བསྐང་བའི་ལེའུ་རྒྱས་པར་གསུངས་སོ། །མ་ནིང་ལས་རྒྱུད་ལས། བླ་མ་ཡོན་གྱིས་མཉེས་བྱས་ཤིང་། །མགོན་པོ་བསྐངས་བས་མཉེས་པར་བྱ། །ཞེས་དང་། འདོད་ཡོན་ལྔ་ལྡན་མཆོད་པ་དམ་པ་འདིས། །ཆེ་མཆོག་ཧེ་རུ་ཀ་ཡི་ཐུགས་དམ་བསྐང་། །དཔལ་མགོན་མ་ནིང་ནག་པོའི་ཐུགས་དམ་བསྐང་། །སྤྲུལ་པ་ཉི་ཁྲི་ཆིག་སྟོང་ཐུགས་དམ་བསྐང་། །ཞེས་གསུངས་སོ། །དེ་ལྟར་བསྐང་བ་འདི་ནི་གསར་རྙིང་གི་རྒྱུད་སྡེ་ཆེན་པོ་ཚད་ལྡན་དུ་མ་ནས་གསུངས་ལ། བཤགས་པ་ནི་ཐེག་པ་ཆེ་ཆུང་མདོ་སྔགས་ཐམས་ཅད་ནས་རྒྱ་ཆེར་གསུངས་སོ། །


CMR023_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་བསྐང་བའི་རྒྱུད་སྐུ་མཆོག་རོལ་པ་ཞེས་བྱ་བ། བསྐང་བའི་གེལ་རྒྱུད་གཅིག་ཀྱང་བཞུགས་པར་སྣང་ངོ་། །རྒྱུད་སྡེ་དག་ལ་བསྟེན་པའི་རྒྱ་གཞུང་ནི། །བཀའ་བརྒྱད་མདངས་བསྐང་ཆེན་མོ། དགོངས་འདུས་མདངས་བསྐང་ཆེན་མོ། ཞི་ཁྲོ་ན་རཀ་སྐོང་ཆོག་སོགས། ཨོ་རྒྱན་རིན་པོ་ཆེས་མཛད་པ་མཐའ་ཡས་པ་དང་། གསར་མ་ལུགས་བདེ་མགོན་གྱིས་བསྐང་བ་ཀླུ་སྒྲུབ་དང་། མི་བསྐྱོད་རྡོ་རྗེས་མཛད་པ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེས་མཛད་པ་ཧ་སྒྲོག་མ་དང་། །ནག་པོ་སྟོང་བསྐང་སོགས་མང་དུ་བྱུང་ཞིང་། ཁྱད་པར་བླ་མ་རྡོ་རྗེ་གདན་པས་མཛད་པའི་བདེ་མཆོག་རིན་ཆེན་ཕྲེང་བ་དང་། མགོན་པོ་རིན་ཆེན་ཕྲེང་བ་གཉིས་དང་། བོད་གཞུང་། གྲུབ་ཆེན་ཀརྨ་པས་མཛད་པའི་གསར་བསྐང་རྡོ་རྗེ་ཕྲེང་རྫོབ་དང་། རྙིང་བསྐང་བཀྲ་ཤིས་སྒོ་མང་སྟེ། དེ་བཞི་ལ་བསྐང་ཆེན་བཞིར་གྲགས་ཤིང་། པཀིས་མ་མགོན་གྱི་བསང་ཡིག་རྒྱས་པ་དང་། དེ་དག་ལས་རང་བྱུང་བས་བསྡུས་པ་སོགས། བོད་གཞུང་ཚད་ལྡན་མང་དུ་ཡོད་ཅིང་། ཁྱད་པར་ཐུགས་རྗེ་ཆེན་པོའི་བསྐང་བ་ནི། ཐུགས་རྗེ་ཆེན་པོ་གསང་འདུས་སྒྲུབ་ཆེན་ལས། མཚན་ལྟས་ངན་པ་བྱུང་ན་དེ་དག་གི་དམ་སེལ་དང་། མཁའ་འགྲོ་ཆོས་སྐྱོང་ཁོང་ཁྲོས་པ་དང་། བར་ཆད་འབྱུང་བས་བསྐང་བཤགས་ལ་འབད། ཅེས་གསུངས་པ་དང་། དེ་དང་མཚུངས་པ་ཐུགས་རྗེ་ཆེན་པོ་མི་ཏྲ་གསང་སྒྲུབ་ལས། མོ་ཉི་འཚེ་བ་བྱུང་ན་དངོས་གྲུབ་ཉེ་བ་ཡིན་ནོ། །དེ་ཡང་ངུ་བ་དང་བྲང་རྡུང་བ་དང་། ཆས་གོས་ངན་པ་གྱོན་པ་དང་། སྤྲང་མོར་བྱུང་ན་དམ་ཚིག་ཉམས་


CMR023_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་ཡོད་པས་བཤགས་པ་དང་བསྐང་བ་བརྒྱ་རྩ་བྱའོ། །ཞེས་གསུངས་པ་དང་། རྙིང་བསྐང་བཀྲ་ཤིས་སྒོ་མང་དུ་ཡང་། རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྐང་བ་འབྱུང་ཞིང་། རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དགོངས་སུ་གསོལ། །བསྐང་ངོ་ཐུགས་དམ་གཉན་པོ་བསྐང་། །ཞེས་སོགས་ནས། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐུགས་དམ། ཞེས་པའི་བར་གཙོ་བོའི་བསྐང་བ་དང་། ཧཱུྃ། གཡས་ཕྱོགས་ཐབས་ཀྱི་དཀྱིལ་འཁོར་ནས། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །ཞེས་སོགས་ལྷ་ལྔའི་བསྐང་གསོ། རྗེ་རང་བྱུང་བས་མཛད་པ་རྣམས་ཀྱི་རྗེས་སུ་འབྲངས་བས་སོ། །བསྐང་བའི་ལུང་ཁུངས་བསྟན་པའོ། །དེ་ལྟར་རྒྱུད་རྒྱ་གཞུང་ནས་བྱུང་བའི་བསྐང་གསོ་སྔོན་གྱི་རིག་འཛིན་རྣམས་ཀྱིས་ཇི་ལྟར་ཉམས་སུ་བླངས་བའི་ལོ་རྒྱུས། བསྐང་ཐུང་ནས་རྒྱ་ཆེར་གསུངས་པ་དོན་བསྡུས་ཏེ་བརྗོད་ན། སྔོན་རྒྱ་གར་རྡོ་རྗེ་གདན་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་སྒྲུབ་པ་མཛད་པའི་ཚེ། མུ་སྟེགས་ལྷ་མོ་མ་ཏི་མ་ཕྱག་རྒྱར་བསྟེན་པས། ལྟ་སྤྱོད་མ་མཐུན་ཏེ། ཡེ་ཤེས་དང་འཇིག་རྟེན་གྱི་ལྷ་སྲུང་གིས་བཀའ་ཆད་བྱུང་བ་ལ། སློབ་དཔོན་བོ་དྷི་སཏྭ་སྤྱན་དྲངས་ཏེ་བསྐངས་བ་བྱས་པས། ཉམས་ཆག་བསྐངས་ནས་བཀའ་ཆད་ཞིའོ། །དེ་ནས་དུར་ཁྲོད་བསིལ་བའི་ཚལ་དུ་སློབ་དཔོན་ཀ་མ་ལ་ཤཱིས་སྒྲུབ་པ་མཛད་པའི་ཚེ། སློབ་མ་དམ་ཉམས་ཤིག་སློབ་མར་བསྟེན་ནས་གསང་སྔགས་ཟབ་མོ་བཤད་པས་ཐུགས་དམ་འཁྲུགས་ཤིང་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་ཆད་དྲག་པོ་བྱུང་ནས། སློབ་


CMR023_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་འཇམ་དཔལ་བཤེས་གཉེན་སྤྱན་དྲངས་ཏེ་བསྐང་བ་མཛད་པས་ཉམས་ཆག་བསྐངས་ནས་བར་ཆད་ཞིའོ། །དེ་ནས་རྒྱ་གར་གྲོང་ཁྱེར་ཡངས་པ་ཅན་དུ། སློབ་དཔོན་དྷརྨ་ཀོ་ཤས་སྒྲུབ་པ་མཛད་པའི་ཚེ། སྒྲུབ་པའི་རྫས་མཆོག་རྣམས་ལོག་པར་གོལ་ཏེ་སྲོག་བཅད་ནས་བསྒྲུབས་པ་དང་། གསང་བའི་རྫས་གཞན་ལ་བསྟན་པ་སོགས་ཀྱིས། ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་ཆད་དྲག་པོ་བྱུང་བ་ན། སློབ་དཔོན་ཀ་མ་ཤཱི་ལ་སྤྱན་དྲངས་ནས་བསྐང་བ་བྱས་པས་ཉམས་ཆག་བསྐངས་ནས་བཀའ་ཆད་ཞིའོ། །དེ་ནས་རྒྱ་གར་ན་ལེནྡྲར་སློབ་དཔོན་བོ་དྷི་ཤཱཀྱ་དེ་འགྲོ་དོན་ཁོ་ན་ལ་ཡེངས་ནས། ལྷ་བསྒོམ་པ་དང་སྔགས་བཟླ་བ་མ་ཁོམ་པས། ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་ཆད་དྲག་པོ་བྱུང་བ་ན། སློབ་དཔོན་དྷམ་ཀོ་ཤ་སྤྱན་དྲངས་ཏེ་བསྐང་བ་བྱས་པས་ཉམས་ཆག་བསྐངས་ནས་བཀའ་ཆད་ཞིའོ། །ཡང་རྒྱ་གར་ཝཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་སྒྲུབ་པ་མཛད་པའི་ཚེ། ཁོ་རྒྱལ་པོ་དབང་ཆེ་བས་རྒྱལ་པོའི་ཆད་པས་མི་མང་པོ་བསད་པ་དང་། བུད་མེད་མང་པོ་ལ་སྤྱོད་པས་ཡེ་ཤེས་ཀྱི་ལྷས་དབྱིངས་ནས་བསྐྱོན། འཇིག་རྟེན་གྱི་སྲུང་མས་བཀའ་ཆད་དྲག་པོ་ཕབ་པ་ནི། སློབ་དཔོན་དྷརྨ་ཤཱི་ལ་སྤྱན་དྲངས་ནས་བསྐང་བ་བྱས་པས་ཉམས་ཆག་བསྐངས་ནས་བཀའ་ཆད་ཞིའོ། །དེ་ནས་བལ་ཡུལ་ཡེ་རང་དུ་སློབ་དཔོན་ལོཙྪབ་ལྷ་གཙང་བྱ་བས་སྒྲུབ་པ་མཛད་པའི་ཚེ། མུ་སྟེགས་ལོག་ལྟ་ཅན་གྱིས་སྲུང་ཟློག་བྱས་པས། ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་ཆད་དྲག་པོ་བྱུང་ནས། སློབ་དཔོན་ག་ཡ་དྷ་ར་སྤྱན་


CMR023_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ་བསྐངས་བ་བྱས་པས། བཀའ་ཆད་ཞི་ཉམས་ཆག་སོར་ཆུད་དོ། །དེ་དག་ནི་རྒྱ་བལ་གྱི་ཡུལ་དུ་བསྐང་བ་བྱུང་ཚུལ་ཡིན་ལ། བོད་དུ་བསྟན་པ་སྔ་དར་གྱི་དུས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གནུབས་ནམ་མཁའི་སྙིང་པོ་བླ་མར་བཀུར་རྗེས། བདུད་བློན་དབང་ཆེ་བས་ལྷོ་བྲག་མཁར་ཆུར་སྤྲུགས། དེར་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་ཆད་གཡོས་ཏེ། རྒྱལ་པོ་བསྙུངས་ནས་ཅིས་ཀྱང་མ་ཕན་གྲོངས་བ་ལ་ཉེ་བ་ན། ནམ་མཁའི་སྙིང་པོ་ཉིད་སྤྱན་དྲངས་ནས་ནང་གི་སྦྱིན་སྲེག་ལ་བརྟེན་ནས་བསྐང་བའི་ཆོ་ག་མཛད་པས། བཞེས་པ་གཅིག་གསོལ་ཡུན་ལ་སྐུ་གསུང་ཐུགས་ཀྱི་ཉམས་ཆག་བསྐངས་ནས་བསྙུང་གཞི་སོས་སོ། །བསྟན་པ་ཕྱི་དར་ལ་ཡང་གཙང་ལ་སྟོད་ཕུག་ཏུ་སློབ་དཔོན་ཇོ་མོ་ཉི་མ་བྱ་བས་སྒྲུབ་པ་མཛད་པའི་ཚེ། དགོས་པའི་རྫས་མ་འཚོགས་ཏེ་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་ཆད་གཡོས་པ་ན། སློབ་དཔོན་ལོཙྪབ་ལྷ་གཙང་སྤྱན་དྲངས་ནས། བསྐང་བ་མཛད་པས་ཉམས་ཆག་བསྐངས་ནས་བཀའ་ཆད་ཞིའོ། །དེ་ལྟར་ཉམས་ཆག་བསྐང་ཕྱིར་སློབ་དཔོན་གཞན་སྤྱན་དྲངས་ནས་བསྐངས་བ་བྱས་པས། དེ་ནི་ཉམས་ཆག་བསྐང་བའི་སློབ་དཔོན་ཞེས་བྱ་སྟེ། བླ་མའི་གྲྭར་བསྒྲངས་དགོས་པ་ཡང་ཤེས་པར་བྱའོ། །ལུང་ཁུངས་དང་ལོ་རྒྱུས་ཀྱི་ལེའུ་དང་པོའོ།། །།དེ་ནས་བསྐང་བའི་སྟ་གོན་བཤད། བསྐང་བའི་གནས་ནི་བསྐང་ལུང་ལས། དབེན་ཞིང་ཡིད་འོང་གནས་དག་ཏུ། །ཞེས་གསུངས་སོ། །བསྐང་བའི་དུས་ནི་བསྐང་ལུང་ལས། །བསྙེན་སྒྲུབ་ལས་སྦྱོར་དུས་དག་


CMR023_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །དུས་བཟང་ཚོགས་དང་གཏོར་མའི་དུས། །ཕྲིན་ལས་རྣམ་བཞི་བཅོལ་བ་སོགས། །ཉམས་ཆག་བཤགས་པའི་དུས་སུ་བསྐང་། །ཞེས་དང་། བྱ་རོག་སྲོག་ཟན་ནག་པོའི་རྒྱུད་ལས། ཟླ་བ་ངོ་རེ་མཆོད་པ་བྱ། །བསྐང་གསོ་བསྟོད་པ་དང་བཅས་པས། །ནག་པོ་ཆེན་པོ་དུས་དུས་མཆོད། །ཅེས་དང་། གཞི་སྙིང་སྲོག་གཟེར་སྦས་པའི་རྒྱུད་ལས། བསྐང་དང་བཤགས་པ་ལོ་དུས་བཟུང་། །ཞེས་གསུངས་པས་ལོ་དུས་བསྐང་བ་ཆེན་མོ། ཟླ་དུས་འབྲིང་པོ་དང་། ཉ་སྟོང་དུས་བཟང་གི་བསྐང་གསོ་དང་། ཕྲིན་ལས་བསྒྲུབ་ཕྱིར་དང་། ཉམས་པ་ཚོར་བ་བྱུང་ན་བཤགས་བསྐང་དང་། མ་ཚོར་བ་བྱུང་དོགས་པས་རྒྱུན་དུ་ཉུང་ངུ་ནར་མར་བྱའོ། །དེ་ནས་བསྐང་བའི་རྟེན་བཀྲམ་པ་ནི། རྒྱུད་གསང་བ་འདུས་པ་ལས། བསྐང་གསོའི་རིམ་པ་འདི་ལྟ་སྟེ། །དཀྱིལ་འཁོར་གཞུང་བཞིན་བཞེངས་པའི་རྩར། །ལྷ་བཀྲམ་རྟེན་གྱི་ཚོགས་རྣམས་བཤམས། །འབྱོར་ལྡན་ལོངས་སྤྱོད་མཆོད་གཏོར་བཤམས། །སྐལ་ལྡན་མི་ཡི་ཚོགས་ཀྱང་བཤམས། །ཞེས་དང་། བསྐང་ལུང་ལས། རྩ་བ་གསུམ་གྱི་དཀྱིལ་འཁོར་བཞེངས། །སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་སྟེ། །ཕྱི་ནང་གསང་མཆོད་རྒྱས་པར་བཤམས། །ཞེས་གསུངས་པ་ལྟར་བྱའོ། །དེ་ནས་བསྐང་བའི་རྫས་ནི། བསྐང་ཡིག་གཞུང་རྣམས་ནས་གསུངས་པ་ལྟར་དངོས་སུ་ཅི་འབྱོར་རབ། འབྲིང་བྲིས་པའི་ཐང་སྐུ། ཐ་མ་ཟན་ལ་འབུར་དུ་བཏོད་པ་དང་། དེ་ཡང་མེད་ན་ཡིད་ཀྱིས་སྤྲུལ་ལོ། །སྤུ་གྲི་ཀླད་གཟེར་རྒྱུད་ཀྱི་བསྐང་བའི་ཚིག་ལས།


CMR023_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་དང་མཐུན་པའི་དམ་ཚིག་ནི། །གཡག་ལུག་ནག་པོ་མར་གྱིས་བྱུག །དར་ནག་རུ་མཚོན་རྭ་ལ་བརྒྱན། །ཕྲག་པར་དགྲ་བགེགས་ལིངྒ་བཀལ། །ཞེས་སོགས་དང་མེ་ལྕེ་འབར་བ་ལས། །དང་པོ་མཁའ་ལྡིང་གསུམ་གྱིས་བསྐང་། །དེ་ནས་ཤེལ་ནག་གསུམ་གྱིས་བསྐང་། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་ནས་བསྐང་གཏོར་བཅའ་བ་ནི། མགོན་པོ་སྤྱི་རྒྱུད་ཁྲག་མཚོ་ཁོལ་ཆེན་ལས། དེ་ནས་མགོན་པོ་འཁོར་བཅས་ཀྱི། །ཐུགས་དམ་བསྐང་བའི་མཆོད་སྦྱིན་ཏེ། །དེ་ཉིད་གཏོར་མ་ཆེན་པོ་དང་། །མཆོད་སྦྱིན་གྱིས་ནི་མཉེས་པར་བྱ། །འདིར་ནི་ས་དང་འབྲུ་ནག་ལས། །རི་རབ་བང་རིམ་གསུམ་པའམ། །བཞི་པ་དེ་ཉིད་ནག་པོ་བྱ། །དེ་ལ་བྱ་ཡི་རིམ་པ་ནི། །སྟེང་དུ་ལྡིང་བ་ཁྱུང་ནག་སྟེ། །ཏོག་དང་བཅས་པ་ཞལ་དུ་གྲུབ། །གདུགས་དང་བ་དན་རྒྱལ་མཚན་དང་། །སྣ་ཚོགས་གཅན་གཟན་རི་དྭགས་ཚོགས། །སྲོག་ཆགས་ངར་མི་དེད་དཔོན་ལ། །ལྷ་བཤོས་མར་མེ་ཐོགས་པ་བྱ། །རུས་སྦལ་དང་ནི་གླང་པོ་དང་། །འབྲུག་ལངས་སྟེང་འགྲོ་ཐམས་ཅད་ཀྱང་། །བཞི་བཞི་དག་ཏུ་བྱ་བའོ། །ཡང་ན་བཅུ་གསུམ་དག་ཡིན་ཏེ། །དེ་ཉིད་སྔར་དང་འདྲ་བར་བྱ། །ཞེས་བསྐང་བ་དང་བསྐང་མདོས་གསལ་བར་གསུངས་པ་ལྟར། སྣོད་གཙང་འབྲུས་བཀང་བའི་སྟེང་དུ་རི་རབ་བང་རིམ་བཞི་བྱ། སྟེང་དུ་ཉམས་ཆག་བསྐང་བ་དང་བར་ཆད་ཞི་ཕྱིར་ཡིན་ན་གཏོར་མ་ཟླུམ་པོ། རྒྱས་པའི་ལས་བཅོལ་ན་ཟུར་བཞི། དབང་གི་ལས་བཅོལ་ན་ཟུར་གཉིས། དྲག་པོའི་ལས་བཅོལ་ན་ཟུར་


CMR023_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཞག་ཅིང་། ཞི་བ་ལ་མེ་ཏོག །རྒྱས་པ་ལ་རིན་པོ་ཆེ། དབང་ལ་ཉི་ཟླ་ནོར་བུ། དྲག་པོ་ལ་མེ་རིའི་གཟུགས་ཀྱི་མར་རྒྱན་བཏགས། རྩེ་ལ་ནོར་བུ་དང་གདུགས་སོགས་བཀྲ་ཤིས་རྟགས་བརྒྱད། དེ་འོག་རྒྱལ་སྲིད་སྣ་བདུན། དེ་འོག་རྒྱན་སྣ་ཚོགས་ཕྱག་མཚན་སྣ་ཚོགས། དེ་འོག་བྱ་རིགས། དེ་འོག་གཅན་གཟན་རི་དྭགས། དེ་འོག་ཆུ་གནས་སོ། །བྱ་ནག་རྟ་ནག་གཡག་ནག་སོགས་བཞི་བཞིའམ་བཅུ་གསུམ་རེ། མར་ཐུད་ཀྱི་རིལ་བུ་དང་ཤ་རྒྱན་བཙུགས་སོ། །དེ་ཡང་རྒྱུན་དུ་ནར་མར་བསྐང་བ་བྱེད་དམ། ཉམས་ཆག་བསྐང་བ་དང་ཞི་བའི་ལས་བསྒྲུབ་ན། གཟུགས་རྣམས་ཁ་ནང་དུ་བསྟན་ནོ། །རྒྱས་པའི་ལས་སྒྲུབ་ན་ཁ་ཕྱོགས་བཞིར་བསྟན། བར་ཆད་བཟློག་པ་ལ་ཁ་ཕྱོགས་ཐམས་ཅད་དུ་བསྟན་ཏེ་དམག་ཐབས་ཞེས་བྱའོ། །ཇག་ཐབས་ནི་ཁ་ཕྱོགས་གཅིག་ཏུ་བསྟན་ཏེ། དེ་ཡང་དབང་གི་ལས་ལ་ཁ་རང་ལ་བསྟན་ནོ། །དྲག་པོའི་ལས་ལ། བསྒྲུབ་བྱའི་ཕྱོགས་སུ་བསྟན་ནོ། ༈ །གཞན་ཡང་སྤྱི་ལྟར་མཆོད་གཏོར་དང་ཚོགས་བཤམ་མོ། །བསྐང་འབྲས་བཙུགས་པ་འདི་རྙིང་མ་སྤྱི་དང་ཟུར་མང་ལུགས་ལ་ཡོད་ཅིང་། རི་རབ་སོགས་རྒྱུད་དང་མཐུན། ལྷ་སོ་སོའི་གཏོར་མ་ལ་སོ་སོའི་མཐུན་རྫས་བསྐང་འབྲས་བཙུགས་པ་མཁར་དྲུང་པའི་ཕྱག་ལེན་ལ་ཡོད་དེ། ལྷ་སོ་སོའི་བསྐང་བ་སོ་སོར་འདོན་ཅིང་གཏོར་མ་གཞན་ལ་འཁྱར་རུང་དང་མི་རུང་ཕྱེ་བ་དགོངས་པ་འདྲའོ། །སྒར་ཆེན་ན་བསྐང་འབྲས་མི་བཙུགས་པ་ནི། གདན་ས་སོ་སོ་དང་འཕྲལ་དེ་ཡང་སྤྱན་གཟིགས་དངོས་སུ་དཔག་མེད་


CMR023_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་གཟུགས་བརྙན་བྱ་མི་དགོས་པ་ཡིན་གྱིས། རང་རེས་དེའི་སྤྱན་ལྟོས་མི་གཏུབ་པར་སེམས་སོ། །སྟ་གོན་གྱི་ལེའུ་སྟེ་གཉིས་པའོ།། ༈ །།དེ་ནས་བསྐང་བའི་ཆོ་ག་ལ། རྒྱུད་གསང་བ་འདུས་པ་ལས། །ཕྲིན་ལས་གཞུང་བསྲང་ཚོགས་འཁོར་རྗེས། །དང་པོ་ལྷ་ལ་དགོངས་པ་བྱ། །དེ་འོག་མཆོད་རྫས་རང་རྟགས་བརྗོད། །བླ་མ་ལྷ་ཚོགས་མཚན་བརྗོད་དེ། །མདངས་བསྐང་ཆོ་ག་རྒྱས་པར་བྱ། །ཞེས་དང་། སོ་སོའི་ཕྲིན་ལས་གཞུང་བསྲངས་ལ། ཞེས་གསུངས་པས། འདིར་རྒྱལ་བ་རྒྱ་མཚོའམ་ཡི་དམ་གཙོ་བོ་གང་ཡིན་བདག་མདུན་བྱས། ཚོགས་ཕུད་ཕུལ་ནས། བར་པས་བཤགས་པ་དང་བསྐང་བ་གསོས་ནས་འདོན་པ་རྙིང་མའི་ལུགས། ཚོགས་ཕུད་ཕུལ་ནས་གཏོར་བསྔོས་ཐམས་ཅད་དང་། ཆོས་སྐྱོང་རྣམས་ཀྱི་ལས་བྱང་འདོན། དེ་ནས་གསོལ་ཁ། དེ་ནས་བསྐང་བ་འདོན་པ་གསར་མའི་ལུགས་ཏེ་གང་རུང་བྱའོ། །དེ་ཡང་བསྐང་བ་བྱིན་གྱིས་བརླབས་པ་ནི། བཀའ་བརྒྱད་རྩ་རྒྱུད་གསང་འདུས་ལས། ནང་དུ་ཏིང་ངེ་འཛིན་གྱིས་བསྐང་། །རང་ཉིད་ཐུགས་ཀའི་ཧཱུྃ་འཕྲོས་ཏེ། །སྣོད་ཀྱི་འཇིག་རྟེན་གཞོང་པ་རུ། །བཅུད་ཀྱི་སེམས་ཅན་འདོད་ཡོན་སྤུངས། །རེག་པ་ལྷ་མོའི་ཚོགས་འཕྲོས་བསྐང་། །གཟུགས་སྤྱན་སྒྲ་སྙན་དྲི་ཤངས་དང་། །རོ་མཆོག་ལྗགས་ལ་རེག་བྱ་ལུས། །སྣང་སྲིད་བཅུད་ཀྱིས་ཐུགས་དམ་བསྐང་། །འདོད་ཡོན་དབང་པོ་ལྔར་ཐིམ་ནས། །ལྷ་མཉེས་ཕྲིན་ལས་འགྲུབ་པར་བསམ། །དེ་ནས་ལྷ་མཉེས་དངོས་གྲུབ་སྟེར། །ཞེས་


CMR023_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན་ནོ། །ཨོཾ་ཧཱིཔདྨན་ཀྲྀཏ་སོགས་ཀྱིས་བགེགས་དང་མ་དག་པར་བསང་། ཨོཾ་སྭ་བྷ་ཝས་དངོས་འཛིན་གྱི་དྲི་མ་སྦྱངས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་རི་རབ་གླིང་བཞི་ལྕགས་རི་མུ་ཁྱུད་དང་བཅས་པ་རི་རབ་ཀྱི་སྟེང་དུ་རླུང་མེ་ཐོད་སྐྱེད། དེའི་སྟེང་དུ་ཀ་པཱ་ལ་རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ། ལྦུ་བ་ལ་གཟུགས་མཛེས་པ་སྣ་ཚོགས་འཕྱུར་བ། རྦ་རླབས་ལ་སྒྲ་སྙན་པ་སྣ་ཚོགས་གྲགས་པ། ངད་པ་ལ་དྲི་ཞིམ་པ་སྣ་ཚོགས་ཀྱི་ངད་ལྡང་བ། ལྗགས་ལ་བདའ་བའི་རོ་བརྒྱ་དང་ལྡན་པ། ལུས་ལ་རེག་བྱ་འཇམ་ཞིང་གསོལ་བས་ཟག་མེད་ཀྱི་བདེ་བ་བསྐྱེད་པ། དེའི་ཕུད་རླངས་ལ་འདོད་ཡོན་གྱི་ལྷ་མོ་ནམ་མཁའ་གང་བ་རྒྱུན་མི་འཆད་པར་འཕྲོ་ཞིང་། སོ་སོ་རང་རང་གི་མཆོད་རྫས་དུ་མ་ཐོགས་པ། ལྷ་སོ་སོའི་དབང་པོ་དྲུག་ལ་མཆོད་ཅིང་ཐིམ་པས། མཉེས་ཤིང་ཐུགས་དམ་གྱི་རྒྱུད་བསྐང་བར་བྱེད་པ། བཀྲ་ཤིས་པའི་ལྷ་མོ་བརྒྱད་དང་། མཆོད་པའི་ལྷ་མོ་བཅུ་དྲུག་གིས་རང་རང་གི་མཆོད་རྫ་ས་ཐོགས་ནས། བདེ་བ་ཆེན་པོས་ལྷ་རྣམས་སོ་སོའི་ཐུགས་མཉེས་པར་བྱེད་པ། རྒྱལ་སྲིད་སྣ་


CMR023_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་དང་། ངོ་མཚར་བའི་མཆོད་པ་བཅོ་བརྒྱད་དང་། ཉེ་བར་སྤྱོད་པའི་མཆོད་པ་བདུན་ལ་སོགས་པ། ལྷ་དང་མི་ཡི་ལོངས་སྤྱོད་སྤྲིན་ལྟར་གཏིབ་ཅིང་ཆར་ལྟར་འབེབས་པ། ལྷ་སོ་སོའི་བསྟེན་རྫས་དང་། སྒྲུབ་རྫས་དང་། མཆོད་རྫ་ས་དང་། བསྐང་རྫ་ས་ཐམས་ཅད་མ་ཚང་བ་མེད་ཅིང་ཕུན་སུམ་ཚོགས་པ། བྱ་གཅན་རི་དྭགས་ཆུ་གནས་ཐམས་ཅད་ཀྱང་ཆེ་བ་ཚོ་བ་སྟོབས་དང་ལྡན་པ། ཕུང་པོ་ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས་པ། རེ་རེ་ལའང་གྲངས་མེད་པ་འཕྲོ་ཞིང་འབྱུང་བ། དེ་ལྟ་བུའི་གླིང་བཞི་གླིང་ཕྲན་རི་རབ་དང་བཅས་པ་ལྷ་དང་སྲུང་མ་ཐམས་ཅད་ལ་རེ་རེའི་སྤྱན་སྔར་ཡོངས་སུ་རྫོགས་པ་རེ་རེ་འབྱུང་ཞིང་གྲངས་མེད་པ་འཕྲོ་བས་ནམ་མཁའི་མཐར་ཁྱབ་ཅིང་། འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར། ཨོཾ་སརྦ་དྷརྨ་པཱུ་ཙ་པཉྩ་རཏྣ་ཀཱ་ཡ་ཀོ་ཏི་བྷེ་བྷ་ཝཱཀ་སྭ་བྷ་ཝ་ཤུདྡྷོཉཧཾ། བསམ་གྱིས་མི་ཁྱབ་པར་སྤེལ་བའི་སྔགས་སོ། །ཨོཾ་སརྦ་དྷརྨཱ་ཨ་བཱི་བད་ཏ་ཧི་ཀོ་ཧ་ཡ་ནཱ་གྷ་མི་སྭ་བྷ་ཝ་ཤུདྡྷོཉཧཾ། དཔག་ཏུ་མེད་པར་བྱིན་གྱིས་བརླབས་པའི་སྔགས་སོ། །ཨོཾ་སརྦ་དུཏྟཾ་གྲིབྷ་གྲཧྨཱ་གརྫ་ཧཱུྃ་ཕཊ༔ དེ་དག་ངག་གི་ནུས་པ་བསམ་གྱིས་མི་ཁྱབ་


CMR023_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྔགས་སོ། །བསྐང་རྫས་བྱིན་རླབས་སྔགས་འདི་གསུམ་ཕྲིན་ལས་རྒྱ་མཚོའི་རྒྱུད་ལས་གསུངས་སོ། །དེ་ནས་བསྐང་གཞུང་གང་རུང་འདོན་ནོ། ༈ །དེ་ནས་བསྐང་བའི་གནས་ལྷ་སྤྱན་འདྲེན་པ་ནི། ཧཱུྃ། འོག་མིན་མཁའ་སྤྱོད་དག་པའི་ཞིང་ཁམས་ནས། །རྩ་བརྒྱུད་བླ་མ་གྲུབ་ཐོབ་རྒྱ་མཚོའི་ཚོགས། །ཁྱེད་ཀྱི་རྗེས་སུ་རྣལ་འབྱོར་བདག་བསྒྲུབ་ཀྱིས། །ཐུགས་རྗེས་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཆོས་དབྱིངས་རབ་འབྱམས་སྐུ་གསུམ་ཞིང་ཁམས་ནས། །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྒྱ་མཚོའི་ཚོགས། གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གནས་འདིར་སྣང་བར་མཛོད། །རང་བཞིན་ལྷུན་གྲུབ་དྲག་པོའི་གཞལ་ཡས་ནས། །རྟ་མཆོག་ལ་སོགས་ཁྲོ་རྒྱལ་རྒྱ་མཚོའི་ཚོགས། །ཐུགས་རྗེའི་ངང་ནས་དྲག་པོའི་སྐུར་བཞེངས་ལ། །ས་ཆེན་རི་བཅས་གཡོ་ཞིང་གནས་འདིར་བྱོན། །ཨོ་རྒྱན་ལ་སོགས་ཡུལ་ཆེན་ཉེར་བཞི་ནས། །ཡེ་ཤེས་ཌཱཀི་དཔའ་མོ་རྒྱ་མཚོའི་ཚོགས། །མས་གདུང་བུ་ལ་བརྩེ་བ་ཇི་བཞིན་དུ། །བརྡ་སྐད་རོལ་མོའི་སྒྲ་དང་བཅས་ཏེ་བྱོན། །དུར་ཁྲོད་བརྒྱད་དང་འོག་མིན་དུར་ཁྲོད་ནས། །མ་མགོན་ལྕམ་དྲལ་དམ་ཅན་


CMR023_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་ཚོགས། །སྔོན་གྱི་ཞལ་བཞེས་དམ་ཚིག་དྲན་མཛོད་ལ། །སྒྲུབ་མཆོག་རྣལ་འབྱོར་སྐྱོང་ཕྱིར་མྱུར་དུ་བྱོན། །ལྕང་ལོ་ཅན་སོགས་རང་རང་གནས་རྣམས་ནས། །ནོར་ལྷ་གཏེར་བདག་ཕྱི་རྒྱུད་སྲུང་མའི་ཚོགས། །དཀར་པོའི་ཕྱོགས་ལ་དགའ་བ་མ་ལུས་པ། །འཇིག་རྟེན་བདེ་ལེགས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །སྟེང་ཕྱོགས་རིན་ཆེན་དར་ཆེན་གདན་ཁྲི་ལ། །བླ་མ་རིག་འཛིན་ལྷ་ཚོགས་བཞུགས་སུ་གསོལ། །དབུས་ཕྱོགས་སྐྱོན་གྱིས་མ་གོས་པད་ཟླའི་སྟེང་། །རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་བཞུགས་སུ་གསོལ། །གཡས་ཕྱོགས་བདུད་བཞི་དྲེགས་པ་བསྣོལ་བའི་སྟེང་། །དཔའ་བོ་ཁྲོ་རྒྱལ་རྒྱ་མཚོ་བཞུགས་སུ་གསོལ། །གཡོན་ཕྱོགས་པད་ཉི་དབུགས་བྲལ་བསྣོལ་བའི་སྟེང་། །མཁའ་འགྲོ་དཔའ་མོ་རྒྱ་མཚོ་བཞུགས་སུ་གསོལ། །འོག་ཕྱོགས་དགྲ་བགེགས་བསྒྲལ་བའི་བམ་བརྩེགས་ལ། །ཆོས་སྐྱོང་དམ་ཅན་ཚོགས་རྣམས་དགྱེས་པར་བཞུགས། །རིན་ཆེན་ཁྲི་སོགས་འོས་ཤིང་འཚམས་པའི་སྟེང་། །ནོར་ལྷ་ཕྱི་རྒྱུད་སྲུང་མ་བཞུགས་སུ་གསོལ། །སརྦ་གུ་རུ་དྷེ་ཝ་ཀྲོ་དྷ་ཏྟཀི་དྷརྨ་པཱ་ལ་བཱ་སུ་དྷེ་ཝ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔


CMR023_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ཨགྷཾ་སོགས། རཱུ་པ། ཤརྡ། གནྡྷེ། རཱ་ས། སྤངྒེ། དྷརྨ་དྷཱ་ཏུ་ཨཱཧཱུྃ། པཉྩ་རཀྟ་བྷ་ལིཾ་ཏ་ཁཱ་ཧི། སྲོག་ཟན་ནག་པོའི་རྒྱུད་ལས། བསྐང་བ་དང་བསྐང་མདོས་སྐབས་སུ། །སྤྱན་འདྲེན་བཞུགས་གསོལ་མཆོད་པ་འབུལ། མཆོད་པ་རྣམ་ལྔས་ལྷ་སྲུང་མཆོད། །ཅེས་གསུངས་པའི་དོན་ཡིན་ནོ།། དྷཱི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཐམས་ཅད་ལ། །དམ་ཚིག་ཉམས་ཆག་བསྐང་ཕྱིར་ཕྱག་འཚལ་ལོ། །བདག་ལུས་ཞིང་གི་རྡུལ་སྙེད་སྤྲུལ་བྱས་ཏེ། །ཆོས་གོས་ཐང་ཤམ་ལྡན་པས་ཕྱི་ཕྱག་འཚལ། །ཕོད་ཁ་སྔགས་ཆས་ལྡན་པས་ནང་ཕྱག་འཚལ། །རྒྱན་དྲུག་སྟག་ཤམ་ལྡན་པས་གསང་ཕྱག་འཚལ། །གཅེར་བུ་འཕར་ཞིང་བརྡབས་པས་བརྐྱང་ཕྱག་འཚལ། །གང་འདུལ་འགྲོ་བའི་དོན་དུ་སྤྲུལ་པའི་སྐུ། །རིག་འཛིན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་བཞུགས་པའི་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །གསང་སྔགས་ཕྱི་ནང་དྲག་སྔགས་ཀུན་གྱི་བདག །ཁྲོ་རྒྱལ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཐེག་པ་དགུ་དང་རྒྱུད་སྡེ་བཞི་ཡི་ལྷ། །ཡི་དམ་དཔའ་བོའི་ཚོགས་ལ་ཕྱག་འཚལ་ལོ། །རྩྭ་དང་ཞིང་དང་


CMR023_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡུལ་ཀུན་གྱི་བདག །དཔའ་མོ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལས་དང་འཇིག་རྟེན་སྲུང་མའི་ཚོགས། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་པ་ན་རཀ་དོང་སྤྲུགས་རྒྱུད་དང་དྲི་མེད་བཤགས་རྒྱུད་ནས། ཉམས་ཆག་བསྐང་བའི་མཆོག་ཕྱག་རབ་རྒྱ་ཆེར་གསུངས་པའི་དོན་བསྡུས་པའོ། །སྤྲོ་ན་སྐབས་འདིར་གསོལ་ཁ་མངའ་གསོལ་བྱ་སྟེ། སྐར་སྐྱོན་ཆེ་དུས་བསྒྱུར་ཀྱང་རུང་། ཧཱུྃ། དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་ཀྱིས། །པདྨ་ཐོད་ཕྲེང་གྲུབ་ཐོབ་རྒྱ་མཚོའི་ཚོགས། །གསོལ་ལོ་མཆོད་དོ་ཐུགས་རྗེའི་བྱིན་རླབས་བསྐུལ། །བདག་དང་སློབ་མ་བརྒྱུད་པར་བཅས་པ་ཡི། །སུམ་ལྡན་རྩ་བའི་བླ་མར་མངའ་གསོལ་ལོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ། །ཕྱི་ནང་གསང་བའི་མཆོད་པ་དཔག་མེད་ཀྱིས། །འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་ཚོགས། །གསོལ་ལོ་མཆོད་དོ་ཐུགས་བསྐྱེད་སྨོན་ལམ་བསྐུལ། །བདག་དང་མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱིས། །བསླུ་མེད་གཏན་གྱི་སྐྱབས་སུ་མངའ་གསོལ་ལོ། །འཇིགས་རུང་འཁོར་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །སྨན་རཀ་གཏོར་མའི་མཆོད་པ་དཔག་མེད་ཀྱིས། །


CMR023_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྟ་མཆོག་ཁྲོ་རྒྱལ་རྒྱ་མཚོའི་ཚོགས། །གསོལ་ལོ་མཆོད་དོ་མཐུ་སྟོབས་ནུས་པ་བསྐུལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །སྲུང་ཞིང་སྐྱོབ་པའི་དཔུང་དུ་མངའ་གསོལ་ལོ། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབས། །ཤ་ལྔ་བདུད་རྩི་ལྔ་ཡི་མཆོད་ཚོགས་ཀྱིས། །གསང་བ་ཡེ་ཤེས་ཌཱཀི་རྒྱ་མཚོའི་ཚོགས། །གསོལ་ལོ་མཆོད་དོ་བདེ་ཆེན་ཡེ་ཤེས་སྤོར། །བདག་དང་བདག་གི་རྗེས་སུ་འཇུག་རྣམས་ཀྱི། །བྱང་ཆུབ་སྒྲུབ་པའི་གྲོགས་སུ་མངའ་གསོལ་ལོ། །སྒྲུབ་པའི་བར་ཆད་སོལ་ལ་ཉམས་རྟོགས་སྤོར་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་གཏོར་ཆེན་གྱིས། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །གསོལ་ལོ་མཆོད་དོ་ཁས་བླངས་དམ་ཚིག་བསྐུལ། །བདག་དང་བདག་གི་བརྒྱུད་པ་འཛིན་རྣམས་ཀྱི། །ལས་བྱེད་བཀའ་ཡི་ཕོ་ཉར་མངའ་གསོལ་ལོ། །ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ་པར་མཛོད། །དཀར་དམར་ཕུད་ཀྱིས་བརྒྱན་པའི་གཏོར་མ་ཡིས། །རྣམ་སྲས་ཛམ་ལྷ་གཏེར་བདག་རྒྱ་མཚོའི་ཚོགས། །གསོལ་ལོ་མཆོད་དོ་རྨ་གཡང་དངོས་གྲུབ་སྩོལ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །


CMR023_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བདག་དཀོར་གྱི་བདག་པོར་མངའ་གསོལ་ལོ། །འཛད་མེད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །དཀར་གྱི་བྷ་ལིང་ཟས་ཕུད་གསེར་སྐྱེམས་ཀྱིས། བརྟེན་མ་མགུལ་ལྷ་དགེ་བསྙེན་རྒྱ་མཚོའི་ཚོགས། །གསོལ་ལོ་མཆོད་དོ་དགྱེས་པའི་གཟི་མདངས་བསྐྱེད། །བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་བཅས། ཁ་འཛིན་སྡོང་གྲོགས་བྱེད་པར་མངའ་གསོལ་ལོ། །ལེགས་དང་སྤྱོད་ལ་ཉེས་པ་ཀུན་དང་བསྣོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཀའ་བརྒྱད་བཀའ་སྲུང་དང་གཏེར་མགོན་འབར་ཝཱི་མ་རྣམ་སྲས་དམ་ཅན་སོགས་ལ་ཨོ་རྒྱན་གྱིས་མཛད་པའི་གསོལ་ཁ་དང་། མ་ནིང་ལས་རྒྱུད་ལས། མདོར་ན་འདི་ཉིད་གསོལ་ཁས་འགྲུབ། །ཅེས་དང་། རྒྱུད་མེ་ལྕེ་ཕྲེང་བར་ལྷའི་དམག་དཔོན་ལ་གསོལ་ལོ་ཞེས་སོ། །གསོལ་ཁ་མངའ་གསོལ་བར་གསུངས་ཤིང་། ལྷ་རྣམས་ཀྱིས་མགོན་པོ་ལ་མངའ་གསོལ་ཕུལ་བའི་ལོ་རྒྱུས་རྒྱ་ཆེར་གསུང་ཞིང་། རས་ཆེན་པས་མཛད་པའི་བེར་གྱི་གསོལ་ཁ་དང་། ཕྱག་བཞི་དྲུག་བེར་རྣམས་ལ་མངའ་གསོལ་གྱི་རྒྱ་གཞུང་མང་དུ་བྱུང་བའི་དོན་བསྡུས་པའོ། །དེ་ནས་བསྐང་བའི་དམིགས་རིམ་གྱེར་བསྒོམ་བྱ་སྟེ། ཧཱུྃ། རྒྱ་མཚོ་ལྔ་ཡི་ལྷ་ཚོགས་ཐམས་ཅད་ལ། །སོ་སོར་བསྐང་རྫས་ཕུལ་ཞིང་བསྐང་བས་མཉེས། །སྐུ་གསུང་ཐུགས་


CMR023_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་དཀར་པོ་འཕྲོས། །བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་ལ། །ཕོག་པས་ནད་གདོན་སྡིག་སྒྲིབ་ཉམས་ཆག་ཞི། །དེ་བཞིན་འོད་ཟེར་སེར་པོ་འཕྲོས་པ་ཡིས། །ཚེ་དང་བསོད་ནམས་དཔལ་འབྱོར་ཕུན་ཚོགས་རྒྱས། །དམར་པོ་འཕྲོས་པས་སྣང་སྲིད་དབང་དུ་འདུས། །འོད་ཟེར་མཐིང་ནག་ཉི་མ་འབུམ་གྱི་གཟི། །དམྱལ་བའི་མེ་ཡི་ཚ་ངར་ལྡན་པ་འཕྲོས། །དགྲ་བགེགས་བདུད་བཞི་ཉོན་མོངས་ཐུལ་གྱིས་བསྲེགས། །ཕྲིན་ལས་ཀུན་འགྲུབ་དངོས་གྲུབ་གཉིས་ཐོབ་གྱུར། བཱི༔ པདྨ་ཐོད་ཕྲེང་གྲུབ་ཐོབ་རྒྱ་མཚོ་ཡི། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་ལྷ་མོ་བརྒྱད་དང་རིན་ཆེན་བདུན། །གདུགས་དང་བླ་བྲེ་ཁྲི་གདན་ན་བཟའི་ཚོགས། །དུང་དང་གླིང་བུ་རྐང་གླིང་བ་དན་སོགས། །འདོད་ཡོན་ལྔ་ཡི་མཆོད་སྤྲིན་ནམ་མཁའ་མཛོད། །དངོས་བཤམས་ཡིད་སྤྲུལ་མཆོད་པ་དཔག་མེད་ཀྱིས། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པ། །དྲིན་ཐོབ་རྩ་བའི་བླ་མའི་ཐུགས་དམ་བསྐང་། །རྒྱལ་བ་ཀུན་ལས་བཀའ་དྲིན་


CMR023_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་འཕགས། །དྲིན་ཐོབ་སློབ་དཔོན་རྣམས་ཀྱི་ཐུགས་དམ་བསྐང་། །ཀུན་དགའི་མཚན་ཅན་དྷརྨེ་ཤྭ་ར་དང་། །བཛྲ་དྷརྨ་དྷཱ་ཏུའི་ཐུགས་དམ་བསྐང་། །རྒྱལ་བའི་ཕྲིན་ལས་འདྲེན་མཛད་ཤིང་རྟ་མཆོག །བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །སྐུ་ལྔའི་བདག་ཉིད་རིགས་རྣམས་ཀུན་གྱི་གཙོ། །བཅོམ་ལྡན་རྡོ་རྗེ་འཆང་གི་ཐུགས་དམ་བསྐང་། །རྒྱལ་བས་ལུང་བསྟན་སྟོན་པ་གཉིས་པར་གྲགས། །མཆོག་གི་གྲུབ་ཆེན་བརྒྱུད་ཀྱི་ཐུགས་དམ་བསྐང་། །དགའ་རབ་རྡོ་རྗེ་ཤྲཱི་སེང་ཧ་དང་། །རྒྱ་གར་རིག་ཝོའཛིན་བརྒྱད་ཀྱི་ཐུགས་དམ་བསྐང་། །མི་ཏྲ་ཛོ་ཀི་རྡོ་རྗེ་གདན་པ་དང་། །གྲུབ་ཆེན་བརྒྱད་ཅུ་རྩ་ལྔའི་ཐུགས་དམ་བསྐང་། །ཁྱད་པར་ས་ར་ཧ་དང་ཏེ་ལོ་པ། །ནཱ་རོ་མི་ཏྲི་རྣམས་ཀྱི་ཐུགས་དམ་བསྐང་། །མེས་དབོན་རྣམ་གསུམ་རྗེ་འབངས་ཉི་ཤུ་ལྔ། །ཟུར་སོ་དམ་གཙང་རྣམས་ཀྱི་ཐུགས་དམ་བསྐང་། །མར་མི་དྭགས་པོ་ཕག་གྲུ་དུས་གསུམ་མཁྱེན། །འབྲི་སྟག་ཚལ་འབྲུག་བརྒྱུད་པའི་ཐུགས་དམ་བསྐང་། །ཁུ་རྔོག་འབྲོམ་དང་རྒྱལ་སྲས་སྐུ་མཆེད་གསུམ། །འཇམ་དབྱངས་བདུན་རྒྱུད་རྣམས་ཀྱི་ཐུགས་དམ་བསྐང་། །རཏྣ་གླིང་


CMR023_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇའ་ཚོན་སྙིང་པོ་དང་། །གཏེར་སྟོན་བརྒྱ་རྩ་བརྒྱད་ཀྱི་ཐུགས་དམ་བསྐང་། །རིག་འཛིན་གཙོ་མཆོག་པདྨ་ཐོད་ཕྲེང་རྩལ། །མངལ་གྱིས་མ་གོས་རང་བྱུང་སྤྲུལ་པའི་སྐུ། །སྐྱེ་འཆི་མི་མངའ་ཨོ་རྒྱན་ཚེ་དཔག་མེད། །གུ་རུ་པདྨ་འོད་འབར་ཐུགས་དམ་བསྐང་། །བླ་མ་གསང་འདུས་མཚོ་རྒྱལ་ཡུམ་དང་འཁྲིལ། །བླ་མ་ལོངས་སྐུ་མནྡཱ་ར་བ་ཡུམ། །བླ་མ་སྤྲུལ་སྐུ་སྐུ་ལྔ་མཚན་མཆོག་བརྒྱད། །གུ་རུ་ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། །རྟ་ཕག་ཡབ་ཡུམ་གིང་ཆེན་ཡབ་ཡུམ་བརྒྱད། །ཤུགས་འགྲོ་ཡབ་ཡུམ་བརྒྱད་དང་སྒོ་མ་བཞི། །དྲག་མཐིང་བདུད་རྩི་སྨན་གྱི་རིག་འཛིན་སོགས། །ཡང་སྙིང་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །གྲུབ་ཐོབ་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །བྱིན་རླབས་འཛད་མེད་གའི་རྒྱུན་བཞིན་སྩོལ། །བདག་གི་ལུས་ངག་ཡིད་གསུམ་བྱིན་རློབས་ལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ། །ཧྲཱིཿ འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ཡི། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །དངོས་འབྱོར་བདག་ལུས་ལོངས་སྤྱོད་དགེ་རྩར་བཅས། །ཡིད་ལས་བྱུང་བའི་རིག་མ་བཅུ་དྲུག་དང་། །


CMR023_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་མཆོད་པ་བཅོ་བརྒྱད་ནམ་མཁའ་བཀང་། །ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ན། །བདག་པོས་བཟུང་དང་མ་བཟུང་མཆོད་པའི་ཚོགས། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །རིན་ཆེན་ས་གཞི་རི་བོ་རིན་ཆེན་གཏེར། །རིན་ཆེན་གྲམ་བུ་རིན་ཆེན་ཕྱེ་མ་གདལ། །ལྷ་ཡི་བདུད་རྩི་རིགས་བཞི་ལྷ་ཡི་གོས། །མ་རྨོས་ལོ་ཏོག་དཔག་བསམ་ལྗོན་པའི་ཚལ། །ལྷ་ཀླུ་མི་ཡི་དབང་པོ་དཔལ་འབྱོར་བཅས། །འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བློ་ཡིས་བླངས། །ཐུགས་དམ་བསྐང་བའི་རྫས་སུ་དམིགས་བྱས་ཏེ། །རྒྱལ་བའི་སྤྱི་མེས་ཀུན་བཟང་ཡབ་དང་ཡུམ། །རིགས་ལྔ་ཡབ་ཡུམ་སེམས་དཔའ་ཡབ་ཡུམ་བརྒྱད། །སྤྲུལ་སྐུ་ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད། །བུདྡྷཱ་བཞི་བཅུ་རྩ་གཉིས་ཐུགས་དམ་བསྐང་། །རིགས་ཀྱི་བདག་པོ་གསང་འདུས་ཚེ་དཔག་མེད། །གོས་དཀར་ཡུམ་བཅས་ཚེ་བདག་ཡབ་ཡུམ་བཞི། །སྒེག་མོ་བཞི་དང་དེ་བཞིན་མགྱོགས་མ་བཞི། །རིགས་ཀྱི་ཡུམ་ཆེན་བཞི་ཡི་ཐུགས་དམ་བསྐང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །གྲུབ་རྒྱལ་ཕྱི་ནང་གསང་གསུམ་ཚེ་དཔག་དཀར། །མཚོ་སྐྱེས་རྡོ་རྗེ་


CMR023_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་མདའ་འཕེལ་མ། །ཉི་ཟླ་ཁ་སྦྱོར་ལྷ་ཚོགས་ཐུགས་དམ་བསྐང་། །གཟུགས་ཕུང་གཏི་མུག་རྣམ་དག་ཆོས་དབྱིངས་སྐུ། །རྣམ་སྣང་སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་། །རྣམ་ཤེས་ཞེ་སྡང་རྣམ་དག་མེ་ལོང་སྐུ། །རྡོ་རྗེ་སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་། །ཚོར་བ་ང་རྒྱལ་གནས་དག་མཉམ་ཉིད་སྐུ། །རིན་ཆེན་སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་། །འདུ་ཤེས་འདོད་ཆགས་གནས་དག་སོར་རྟོག་སྐུ། །པདྨ་སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་། །འདུ་བྱེད་ཕྲག་དོག་རྣམ་དག་བྱ་གྲུབ་སྐུ། །ལས་ཀྱི་སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་། །ནམ་མཁའི་རྣམ་དག་བདེ་གཤེགས་རིགས་ཀྱི་ཡུམ། །བཅོམ་ལྡན་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་། །ས་ཁམས་རྣམ་དག་རྡོ་རྗེ་རིགས་ཀྱི་ཡུམ། །ཡུམ་ཆེན་སངས་རྒྱས་སྤྱན་མའི་ཐུགས་དམ་བསྐང་། །ཆུ་ཁམས་རྣམ་དག་རིན་ཆེན་རིགས་ཀྱི་ཡུམ། །ཡུམ་ཆེན་མཱ་མ་ཀཱི་ཡི་ཐུགས་དམ་བསྐང་། །མེ་ཁམས་རྣམ་དག་པདྨ་རིགས་ཀྱི་ཡུམ། །ཡུམ་ཆེན་གོས་དཀར་མོ་ཡི་ཐུགས་དམ་བསྐང་། །རླུང་ཁམས་རྣམ་དག་ལས་ཀྱི་རིགས་ཀྱི་ཡུམ། །ཡུམ་ཆེན་དམ་ཚིག་སྒྲོལ་མའི་ཐུགས་


CMR023_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །སྙིང་རྗེ་ཚད་མེད་ཞི་བའི་ལས་མཛད་མ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་། །བྱམས་པ་ཚད་མེད་རྒྱས་པའི་ལས་མཛད་མ། །རིན་ཆེན་རིགས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་། །དགའ་བ་ཚད་མེད་དབང་གི་ལས་མཛད་མ། །པདྨ་རིགས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་། །བཏང་སྙོམས་ཚད་མེད་དྲག་པོའི་ལས་མཛད་མ། །ལས་ཀྱི་རིགས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་། །ཞིང་འདིར་འགྲོ་བའི་དོན་ལ་རིམ་བཞིན་འབྱོན། །བསྐལ་བཟང་རྒྱལ་བ་སྟོང་གི་ཐུགས་དམ་བསྐང་། །འཇིག་རྟེན་དབང་ཕྱུག་རྒྱལ་པོ་རིན་ཆེན་སྙིང་། །འདས་པའི་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་། །མགོན་པོ་ཀུན་གཟིགས་འོད་ཟེར་དཔལ་བརྩེགས་རྒྱལ། །མ་འོངས་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་། །སྨན་བླ་མཆེད་བདུན་པདྨ་དམ་པ་སོགས། །ད་ལྟའི་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་། །རྣམ་སྣང་རིགས་བཞི་ཡུམ་བཞི་སེམས་དཔའ་སོགས། །ངན་སོང་སྦྱོང་རྒྱུད་ལྷ་ཚོགས་ཐུགས་དམ་བསྐང་། །མི་ཏྲ་ཁྲི་དྲུག་གསང་སྒྲུབ་གསང་བ་འདུས། །འགྲོ་འདུལ་ཡང་གསང་ལྷ་ཚོགས་ཐུགས་དམ་


CMR023_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །སྒྲུབ་ཐབས་བརྒྱ་རྩ་རྒྱ་མཚོ་རྡོ་རྗེ་ཕྲེང་། །མི་ཏྲ་བརྒྱ་རྩའི་ལྷ་ཚོགས་ཐུགས་དམ་བསྐང་། །མཚན་ཆེན་ཡོངས་གྲགས་ནས་གསུངས་སངས་རྒྱས་དང་། །བྱང་སེམས་མ་ལུས་པ་ཡི་ཐུགས་དམ་བསྐང་། །ཀླུ་དབང་རྒྱལ་པོ་ལ་སོགས་ལྟུང་བཤགས་ཀྱི། །བདེ་གཤེགས་སུམ་ཅུ་སོ་ལྔའི་ཐུགས་དམ་བསྐང་། །མི་འཁྲུགས་རྒྱལ་བ་རིགས་ལྔ་ལྷ་མོ་བརྒྱད། །ལས་སྒྲིབ་སྦྱོང་བའི་ལྷ་ཚོགས་ཐུགས་དམ་བསྐང་། །རྡོར་སེམས་རིགས་ལྔ་ལྔ་ལྔ་ཉི་ཤུ་ལྔ། །ན་རཀ་དོང་སྤྲུགས་ལྷ་ཚོགས་ཐུགས་དམ་བསྐང་། །ངག་གི་དབང་ཕྱུག་ཨ་ར་པ་ཙ་དང་། །འཇམ་དབྱངས་དཀར་དམར་ནག་པོའི་ཐུགས་དམ་བསྐང་། །གསང་འདུས་འཇམ་པའི་རྡོ་རྗེ་མི་བསྐྱོད་པ། །ཕ་རྒྱུད་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །མཁའ་འགྲོ་ལྔ་ཡི་དཀྱིལ་འཁོར་རྣམ་པ་ལྔ། །མ་རྒྱུད་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །རྡོར་དབྱིངས་སྦྱོང་རྒྱུད་གསུང་གི་དཀྱིལ་འཁོར་སོགས། །ཡོ་གའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །རྣམ་སྣང་མངོན་བྱང་དམ་ཚིག་གསུམ་བཀོད་སོགས། །ཨུ་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །ཚེ་དཔག་ལྷ་དགུ་དོན་ཞགས་


CMR023_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་ཞལ། །ཀྲི་ཡའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །ཐུབ་དབང་མཆོག་ཟུང་གནས་བརྟན་བཅུ་དྲུག་དང་། །དགེ་བསྙེན་དྷརྨཱ་ཏ་ཡི་ཐུགས་དམ་བསྐང་། །ཕྱོགས་བཅུ་དུས་གསུམ་བཞུགས་པའི་བདེ་བར་གཤེགས། །མ་ལུས་ལུས་པ་མེད་པའི་ཐུགས་དམ་བསྐང་། །རབ་དགའ་ནས་བཟུང་ཆོས་ཀྱི་སྤྲིན་གྱི་བར། །སར་གནས་བྱང་སེམས་རྣམས་ཀྱི་ཐུགས་དམ་བསྐང་། །སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་དེ། །འཕགས་པ་ཉན་རང་རྣམས་ཀྱི་ཐུགས་དམ་བསྐང་། །རྒྱལ་བ་རྒྱ་མཚོའི་སྲས་དང་སློབ་མའི་ཚོགས། །མ་ལུས་ཀུན་གྱི་ཐུགས་དམ་བསྐངས་གྱུར་ནས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །མྱུར་དུ་བྱང་ཆུབ་འཁོར་བ་དོང་སྤྲུགས་མཛོད། །རྟ་མགྲིན་ཁྲོ་རྒྱལ་རྒྱ་མཚོའི་ལྷ་ཚོགས་ཀྱི། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །དངོས་འབྱོར་སྨན་རཀ་གཏོར་མ་འདོད་ཡོན་ལྔ། །ཡིད་སྤྲུལ་དུར་ཁྲོད་ཆས་བརྒྱད་དཔལ་ཆས་བཅུ། །ལྷ་མིན་དམྱལ་གནས་དུར་ཁྲོད་ཆེ་རྣམས་སུ། །འཇིགས་རུང་གཟུགས་དང་མི་སྙན་གཏུམ་པའི་སྒྲ། །གསུར་ཆེན་གུ་གུལ་དྲི་དང་ཤ་ཁྲག་ཟས། །


CMR023_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གཞི་ཀོ་རློན་འཇོམ་བེར་བརྗིད་པའི་ཆས། །དྲག་པོའི་མཆོད་པར་འོས་པ་ཅི་མཆིས་པ། །བློ་ཡིས་བླངས་ཏེ་བསྐང་བའི་རྫས་སུ་དམིགས། །ཁྲོ་བོའི་ཆེ་བཙན་པདྨ་ཧེ་རུ་ཀ །རྟ་མཆོག་དབང་གི་རྒྱལ་པོའི་ཐུགས་དམ་བསྐང་། །གསང་སྒྲུབ་དམར་པོ་རྟ་མཆོག་གསང་བ་འདུས། །དབང་ཆེན་བདེ་མཆོག་དམར་པོའི་ཐུགས་དམ་བསྐང་། །ནག་པོ་ལྕགས་རལ་རིགས་བཞིའི་རྟ་མགྲིན་བཞི། །ནཱ་ག་ཀླུ་འདུལ་ལྷ་ཚོགས་ཐུགས་དམ་བསྐང་། །མེ་དབལ་གནོད་སྦྱིན་སྡིག་རྒོད་ནམ་མཁའ་ལྡིང་། །རྟ་ནག་ལྕགས་རལ་ལྷ་ཚོགས་ཐུགས་དམ་བསྐང་། །བགེགས་མཐར་ལ་སོགས་མཐར་བྱེད་ཁྲོ་བོ་བཞི། །དཔའ་བོ་རྒྱ་མཚོའི་ལྷ་ཚོགས་ཐུགས་དམ་བསྐང་། །དམར་ནག་མེ་ཕྲེང་ཡབ་ཡུམ་རིགས་བདག་ཁྱུང་། །ཐོད་ཕྲེང་གོ་ཆ་ལྷ་དགུའི་ཐུགས་དམ་བསྐང་། །དྲག་པོ་རིགས་བཞི་ཌཀྐི་ཡབ་ཡུམ་བརྒྱད། །ཚེ་བདག་སེང་གདོང་ཕུར་པའི་ཐུགས་དམ་བསྐང་། །ཁྲོ་བཅུ་སྒོ་བ་ཕྱི་ནང་ཡང་གསང་ལྷ་། །ཟིལ་གནོན་ཧཱུཾ་སྒྲུབ་བཅས་པའི་ཐུགས་དམ་བསྐང་། །ཆེ་མཆོག་གཙོ་དགུ་བདུན་བརྒྱ་ཉི་ཤུ་ལྔ། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང་། །ཆེ་མཆོག་ཁྲག་


CMR023_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་རིགས་ལྔ་ཀེ་སེང་བཅས། །འབར་བ་ལྔ་བཅུ་རྩ་བརྒྱད་ཐུགས་དམ་བསྐང་། །པདྨ་བཛྲ་ཡུམ་ཆེན་མན་ར། །དགོངས་པ་འདུས་པའི་ལྷ་ཚོགས་ཐུགས་དམ་བསྐང་། །དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་དཀྱིལ་འཁོར། །གཉིས་མེད་རྒྱུད་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་། །དགྱེས་པ་རྡོ་རྗེ་ཡུམ་ཆེན་བདག་མེད་མ། །གོ་རི་ལྷ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །བདེ་མཆོག་ཡབ་ཡུམ་སྙིང་པོའི་རྣལ་འབྱོར་མ། །དྲུག་ཅུ་རྩ་གཉིས་ལྷ་ཚོགས་ཐུགས་དམ་བསྐང་། །དགྲ་ནག་གཤེད་དམར་གདོང་དྲུག་འཇིགས་བྱེད་སོགས། །གཤེད་སྐོར་ཁྲོ་བོ་རྣམས་ཀྱི་ཐུགས་དམ་བསྐང་། །འཇིགས་བྱེད་ཡབ་ཡུམ་ལས་གཤིན་མཆེད་སྡེ་བཞི། །མེ་ཡི་སྤུ་གྲིའི་ལྷ་ཚོགས་ཐུགས་དམ་བསྐང་། །ཀིང་ཀང་ཡབ་ཡུམ་རིགས་བཞི་རླུང་སྒྲུབ་དམར། །ཕ་རོལ་རྒོལ་འཇོམས་ལྷ་ཚོགས་ཐུགས་དམ་བསྐང་། །སྨན་གདོང་དམར་ནག་ལས་ཀྱི་གཤིན་རྗེ་དྲུག །ཁྲོ་ཆུ་དུག་གདོང་ལྷ་ཚོགས་ཐུགས་དམ་བསྐང་། །གསང་བའི་བདག་པོ་ཁྱུང་ཆེན་ཉི་ཤུ་གཅིག །གཏུམ་པོ་ཆེ་ཆུང་ལྷ་ཚོགས་ཐུགས་དམ་བསྐང་། །འབྱུང་འདུལ་འཁོར་ཆེན་ལོཀྟི་པ་ལ་དང་། །གོས་སྔོན་


CMR023_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང་ཁྱུང་ཁྲའི་ཐུགས་དམ་བསྐང་། །རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཐབས་བཅས། །བདུད་འདུལ་ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐང་། །མ་ཧཱ་མཱ་ཡཱ་སངས་རྒྱས་ཐོད་པ་དང་། །རྡོ་རྗེ་གདན་བཞིའི་ལྷ་ཚོགས་ཐུགས་དམ་བསྐང་། །རྣམ་འཇོམས་སྨེ་བ་བརྩེགས་པ་མི་གཡོ་མགོན། །སྟོབས་པོ་ཆེ་སོགས་ཁྲོ་བོའི་ཐུགས་དམ་བསྐང་། །མདོར་ན་གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི། །ཁྲོ་བོ་མ་ལུས་པ་ཡི་ཐུགས་དམ་བསྐང་། །ཁྲོ་རྒྱལ་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་རྣམས། །ལུས་ངག་ཡིད་གསུམ་སྲུང་ཞིང་བསྐྱབ་པ་དང་། །བདུད་བཞིའི་དགྲ་ལས་རྒྱལ་བའི་ཕྲིན་ལས་མཛོད། །ཧཱུྃ། གསང་བ་ཡེ་ཤེས་ཌཱཀི་རྒྱ་མཚོའི་ཚོགས། །ཁྱེད་རྣམས་ཐུགས་དམ་བསྐང་བའི་དམ་རྫས་ནི། །ཤ་ལྔ་བདུད་རྩི་རྣམ་ལྔ་ཡེ་ཤེས་ལྔ། །འདོད་ཡོན་གཏོར་མ་ཚོགས་ཀྱི་ལོངས་སྤྱོད་བཅས། །འོག་མིན་ལ་སོགས་ཞིང་ཁམས་རབ་འབྱམས་ན། །ཚོགས་ཀྱི་མཆོད་པ་བདུད་རྩིའི་བྱེ་བྲག་དང་། །གླུ་གར་རོལ་མོ་པི་ཝང་གླིང་བུའི་ཚོགས། །རྐང་གླིང་ཅང་ཏེའུ་རྒྱན་དྲུག་རིན་ཆེན་བརྒྱད། །


CMR023_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་འོད་སྤོས་སྤྲིན་མེ་ཏོག་ཆར་རྒྱུན་སོགས། །བླ་མེད་མཆོད་པའི་ཚོགས་དང་རྒྱན་ཆའི་ཚོགས། །གང་མཆིས་བསམ་པ་དག་པའི་བློས་བླངས་ནས། །དེང་འདིར་བསྐང་བའི་རྫས་སུ་དམིགས་བྱས་ཏེ། །ཆོས་ལོངས་སྤྲུལ་སྐུའི་ངོ་བོ་ཌཱཀིའི་གཙོ། །གསང་བ་ཡེ་ཤེས་མཁའ་འགྲོའི་ཐུགས་དམ་བསྐང་། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །མཁའ་འགྲོ་བྱེ་བ་འབུམ་གྱི་ཐུགས་དམ་བསྐང་། །རྡོ་རྗེ་ཕག་མོ་ཞལ་གཅིག་མཁའ་འགྲོ་བཞི། །སྙན་བརྒྱུད་ལྷན་ཅིག་སྐྱེས་མའི་ཐུགས་དམ་བསྐང་། །ཞལ་གཉིས་ཞལ་བཞི་དབུ་བཅད་དོན་འགྲུབ་མ། །མཁའ་སྤྱོད་དཀར་དམར་རྣམས་ཀྱི་ཐུགས་དམ་བསྐང་། །ཁྲོས་མ་རིགས་ལྔ་དུར་ཁྲོད་མཁའ་འགྲོ་བརྒྱད། །ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་ཐུགས་དམ་བསྐང་། །སེང་གདོང་མ་དང་སྟག་གདོང་དོམ་གདོང་མ། །སེང་གདོང་ལྷ་མོ་བཅུ་བཞིའི་ཐུགས་དམ་བསྐང་། །ཀུ་རུ་ཀུལླེ་སྒྲོལ་མ་དུག་སེལ་མ། །སྒྲོལ་མ་ཉི་ཤུ་རྩ་གཅིག་ཐུགས་དམ་བསྐང་། །ཡིད་བཞིན་འཁོར་ལོ་སེང་ལྡེང་ནགས་ཀྱི་སྒྲོལ། །ཤེར་ཕྱིན་སྣ་ཚོགས་ཡུམ་གྱི་ཐུགས་དམ་བསྐང་། །སྐུལ་བྱེད་མ་དང་རྡོ་རྗེ་ལྕགས་སྒྲོག་མ། །ལྷ་


CMR023_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འོད་ཟེར་ཅན་མའི་ཐུགས་དམ་བསྐང་། །གདུགས་དཀར་རྣམ་རྒྱལ་གདུགས་ནག་རི་ཁྲོད་མ། །སྲུང་བའི་ལྷ་མོ་ལྔ་ཡི་ཐུགས་དམ་བསྐང་། །དབྱངས་ཅན་མ་དང་རལ་གཅིག་ཁྲོ་གཉེར་ཅན། །རིག་སྔགས་ལྷ་མོ་ཀུན་གྱི་ཐུགས་དམ་བསྐང་། །ཁྲི་བཙུན་ཀོང་ཇོ་མ་གཅིག་ལབ་ཀྱི་སྒྲོན། །བོད་ཡུལ་ཌཀི་ཀུན་གྱི་ཐུགས་དམ་བསྐང་། །དཀར་སེར་དམར་ལྗང་སྔོ་དང་སྨུག་པའི་མདོག །འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཐུགས་དམ་བསྐང་། །གནས་ཡུལ་རྩ་དང་ཞིང་ལ་གནས་པ་ཡི། །ཊཱཀི་མ་ལུས་ཀུན་གྱི་ཐུགས་དམ་བསྐང་། །དཔའ་མོ་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །དྲོད་གསུམ་འབར་བ་གསུམ་དང་འདུ་བ་གསུམ། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ། །ཧཱུྃ། ཆོས་སྐྱོང་དམ་ཅན་རྒྱ་མཚོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཤ་ཁྲག་གཏོར་མ་བསྐང་བཤོས་རི་རབ་དབྱིབས། །སྲོག་ཆགས་སྣ་ཚོགས་གཟུགས་བརྙན་འབུར་དུ་བཏོད། །རྟེན་རྫས་སྒྲུབ་རྫས་བསྐང་རྫ་ས་འབྱོར་ཚད་བཤམས། །ཡིད་ཀྱིས་བསམ་གྱིས་མི་ཁྱབ་དཔག་མེད་སྤྲུལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཁམས་འདི་


CMR023_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ན། །བྱ་ནག་ཁྱི་ནག་གཡག་ནག་ལུག་ནག་ཚོགས། །སྐྱེ་འགྲོ་སྲོག་ཆགས་དར་ཟབ་རིན་པོ་ཆེ། །གོ་མཚོན་སྤྱན་གཟིགས་ཅི་མཆིས་བློ་ཡིས་བླངས། །བསྟན་དང་བདག་ལ་སྡང་བའི་དགྲ་བགེགས་ཀྱི། །བླ་ཚེ་སྲོག་དབུགས་ཁ་རྗེ་དབང་ཐང་བཅས། །ཆོས་སྐྱོང་གསོལ་བའི་ཟས་སུ་དམིགས་བྱས་ཏེ། །མགོན་པོ་ཀུན་གྱི་སྤྲུལ་གཞི་རྩ་བའི་ལྷ། །ཡབ་གཅིག་ལེགས་ལྡན་ནག་པོའི་ཐུགས་དམ་བསྐང་། །སྲས་མཆོག་ནག་པོ་ཕྱོགས་བཅུ་མགོན་པོའི་ཚོགས། །འཇིག་རྟེན་མགོན་པོ་ཡབ་ཡུམ་ཐུགས་དམ་བསྐང་། །ཧཱུྃ་མཛད་ནག་པོ་རྒྱུད་གུར་ས་གུར་དང་། །པུ་ཏྲ་ལྕེ་སྤྱང་གདོང་གི་ཐུགས་དམ་བསྐང་། །རང་བྱུང་རྒྱལ་མོ་མ་བདུན་སྲིང་མོ་བཞི། །དུས་བཞིའི་ལྷ་མོ་རྣམས་ཀྱི་ཐུགས་དམ་བསྐང་། །འབར་མ་དགུ་དང་དམག་གི་རྒྱལ་མོ་བཞི། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང་། །བྱ་རོག་མཚན་ཅན་ནག་པོ་ཕྱག་བཞི་པ། །སྐུ་ལྔ་མགོན་པོ་ཡབ་ཡུམ་ཐུགས་དམ་བསྐང་། །བྱ་རོག་གདོང་ཅན་མཆེད་དགུ་ནག་པོ་སྟོང་། །སེང་གདོང་ཤ་ཟ་འབུམ་གྱི་ཐུགས་དམ་བསྐང་། །ཙནི་རྩ་འཇིབ་མཁའ་འགྲོ་བརྒྱད་དང་དྲུག །མ་མོ་བྱེ་བ་


CMR023_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱི་ཐུགས་དམ་བསྐང་། །ལེགས་ལྡན་དམག་དཔོན་བརྒྱད་དང་གནོད་སྦྱིན་ཁྲི། །ཁྲབ་ཅན་བྱེ་བ་འབུམ་གྱི་ཐུགས་དམ་བསྐང་། །དུད་སོལ་ལྷ་མོ་སྙིང་འཕྲོག་མ་གསུམ་དང་། །རིགས་བཞིའི་ལྷ་མོ་བཞི་ཡི་ཐུགས་དམ་བསྐང་། །དུར་ཁྲོད་མ་མོ་བརྒྱད་དང་གདོང་ཅན་བརྒྱད། །སྒོ་མ་ཀང་ཀ་གདོང་བཞིའི་ཐུགས་དམ་བསྐང་། །རེ་མ་ཏི་དང་བ་ལམ་ཁྲི་སྨན་མ། །སྲིན་མོ་སྟོང་ཕྲག་དྲུག་ཅུའི་ཐུགས་དམ་བསྐང་། །རེ་ཏི་མཆེད་བཞི་དམག་ཟོར་རྒྱལ་མོ་དང་། །མ་མོ་བྱེ་བ་འབུམ་གྱི་ཐུགས་དམ་བསྐང་། །མྱུར་མཛད་མགོན་པོ་ཇོ་བོ་གཟི་ལྡན་དང་། །མགོན་དཀར་ཡིད་བཞིན་ནོར་བུའི་ཐུགས་དམ་བསྐང་། །གསང་བའི་ལས་མཁན་ཡབ་ཡུམ་གནོད་སྦྱིན་བཞི། །ཕྱག་བཞི་ཕྱག་གཉིས་ལྷ་མོའི་ཐུགས་དམ་བསྐང་། །མ་ནིང་སྡེ་ལྔ་སྲོག་བདུད་དཔལ་འབར་མ། །མ་མགོན་སྡེ་བརྒྱད་རྣམས་ཀྱི་ཐུགས་དམ་བསྐང་། །སྟག་ཞོན་སེང་ཞོན་བེང་དང་ཨ་གྷོ་ར། །ཞང་བློན་དམ་ཅན་སྡེ་དགུའི་ཐུགས་དམ་བསྐང་། །ཏྲཀཱད་ཡབ་ཡུམ་མོན་པ་ཨ་ཙ་ར། །བདུད་དམག་ཉི་ཁྲི་ཆིག་སྟོང་ཐུགས་དམ་བསྐང་། །སེང་གདོང་ཡབ་ཡུམ་ལས་མཁན་བམ་རོ་བཅས། །


CMR023_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་བདུད་དམག་སྟོང་སྡེའི་ཐུགས་དམ་བསྐང་། །སྲིན་མགོན་ཡབ་ཡུམ་བྲག་མགོན་མོན་པ་ནག །གདོང་བཞི་མགོན་པོ་ཡབ་ཡུམ་ཐུགས་དམ་བསྐང་། མགོན་དཀར་དུར་ཁྲོད་བདག་པོ་ཡབ་དང་ཡུམ། །ངེ་ནེ་དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །མགར་ནག་མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །མགར་དམར་བཙན་འཁོར་སུམ་བརྒྱའི་ཐུགས་དམ་བསྐང་། །དགེ་བསྙེན་ཉེར་གཅིག་འཛིན་གིང་བཞི་བཅུ་གཉིས། །གིང་ཆེན་སྡེ་བཞི་འཁོར་བཅས་ཐུགས་དམ་བསྐང་། །ལྷ་ཀླུ་བདུད་བཙན་གནོད་སྦྱིན་གྲངས་མེད་འཁོར། །བྱ་གཅན་སྤྲུལ་པའི་འཁོར་བཅས་ཐུགས་དམ་བསྐང་། །སྒྲ་གཅན་ཁྱབ་འཇུག་གཟའ་བརྒྱད་གདོང་མོ་བཞི། །རྒྱུ་སྐར་ཉེར་བརྒྱད་འཁོར་བཅས་ཐུགས་དམ་བསྐང་། །ཤན་པ་དམར་ནག་སྡེ་བརྒྱད་མགོ་བརྙན་ཅན། །འཇིག་རྟེན་གཟའ་རྒོད་འཁོར་བཅས་ཐུགས་དམ་བསྐང་། །ཨེ་ཀ་ཙ་ཏི་སྲོག་སྒྲུབ་ཁ་མོ་ཆེ། །སྲིད་པའི་མ་མོ་བདུན་འབུམ་ཐུགས་དམ་བསྐང་། །གདོང་ལྷ་མཆེད་གསུམ་སྤུ་གྲི་མཆེད་གསུམ་དང་། །ལེགས་རྩལ་མཆེད་གསུམ་འཁོར་བཅས་ཐུགས་དམ་བསྐང་། །འབར་བ་སྤུན་བདུན་དགེ་


CMR023_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྤྱན་བདུན་དང་། །གནོད་སྦྱིན་སྤྱན་བདུན་རྣམས་ཀྱི་ཐུགས་དམ་བསྐང་། །རོལ་པ་སྐྱ་བདུན་ལུང་བཙན་ཇག་མེ་དང་། །བེག་རྩེ་ཡབ་ཡུམ་འཁོར་བཅས་ཐུགས་དམ་བསྐང་། །རྒྱལ་ཆེན་སྐུ་ལྔ་ཡུམ་ལྔ་སྤྲུལ་པ་ལྔ། །ཙི་དམར་བློན་པོ་ལྔ་བཅས་ཐུགས་དམ་བསྐང་། །ཆོས་རྒྱལ་ཡབ་ཡུམ་ཅིག་ཆར་འཆར་ཁ་དང་། །དོང་བདག་ཡབ་ཡུམ་སྲས་གསུམ་ཐུགས་དམ་བསྐང་། །ནཱ་ག་རཀཱ་ཡུམ་དང་བློན་པོའི་ཚོགས། །སྨྱོ་ཁ་ཡུམ་དང་བཅས་པའི་ཐུགས་དམ་བསྐང་། །སྤྱང་ཞོན་མཆེད་གསུམ་ཌཱཀྐི་ཟ་བྱེད་གདོང་། །རབ་བརྟན་མ་དང་ཧོར་མོའི་ཐུགས་དམ་བསྐང་། །རྒྱལ་པོ་གཡུ་ཕྲེང་བྲན་གཡོག་ཨ་ཙ་ར། །སྐྱེས་བུ་སྲིད་གསུམ་གསལ་བྱེད་ཐུགས་དམ་བསྐང་། །སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། །བཀའ་བརྒྱད་བཀའ་སྲུང་ཚོགས་ཀྱི་ཐུགས་དམ་བསྐང་། །ཕྱི་ནང་གསང་བ་ཡང་གསང་སྦས་པ་དང་། །བཏགས་ཚགས་དྲག་སྔགས་སྡེ་བརྒྱད་ཐུགས་དམ་བསྐང་། །དྲེགས་པ་ཉི་ཤུ་རླུང་ལྷ་ཡབ་ཡུམ་སྲས། །དྲེགས་པ་གསུམ་སྦྲེལ་ལྔ་འདུས་ཐུགས་དམ་བསྐང་། །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །མ་བསྐུལ་པར་


CMR023_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གནོད་བྱེད་དགྲ་བགེགས་སྒྲོལ། །གར་བསྐུལ་དགྲ་བགེགས་བདུན་བརྒྱུད་རྩད་ནས་ཆོད། །ལས་བཞི་གྲུབ་པ་བརྒྱད་དང་སྲུང་ཟློག་བསད། །དབྱེ་བསྐྲད་བཅིངས་མནན་ལས་ཚོགས་གང་བསམ་ཀུན། །ཐོགས་མེད་བསམ་པ་ཙམ་གྱིས་འགྲུབ་པར་མཛོད། །ཧཱུཾ། ནོར་ལྷ་གཏེར་བདག་རྒྱ་མཚོ་བསྐང་བའི་རྫས། །དཀར་གསུམ་མངར་གསུམ་བ་ལི་རིན་ཆེན་འབྲུ། །རྟེན་རྫས་བསྒྲུབ་རྫས་མཆོད་རྫས་དངོས་འབྱོར་བཤམས། །ཡིད་ཀྱིས་འཛད་མེད་ནམ་མཁའ་མཛོད་དུ་སྤྲུལ། །དག་དང་མ་དག་ཞིང་ཁམས་རབ་འབྱམས་ན། །རིན་ཆེན་གཏེར་ཆེན་དཔག་བསམ་རིན་ཆེན་ཤིང་། །།གཏེར་གྱི་བུམ་པ་རྟ་ལུག་གནག་གི་ཁྱུ། །མི་དབང་སྟོབས་ལྡན་བཙུན་མོ་དཔལ་འབྱོར་བཅས། །དཔུང་བཞི་ཡན་ལག་རུ་དར་གོ་མཚོན་ཁབ། །བསྐང་བའི་རྫ་ས་སུ་བློ་ཡིས་བླངས་བྱས་ནས། །གསེར་མདོག་རྣམ་མང་ཐོས་སྲས་གནོད་སྦྱིན་བརྒྱད། །ལྗང་ཆུང་ཀླུ་བརྒྱད་བཅས་པའི་ཐུགས་དམ་བསྐང་། །ལུས་ངན་མཐིང་ཀ་ཕྱག་དྲུག་ལྷ་མོ་བརྒྱད། །མདུང་དམར་མ་ཏྲག་བཞི་ཡི་ཐུགས་དམ་བསྐང་། །རྣམ་སྲས་རིགས་བརྒྱད་དྲག་བྱེད་འབྲོག་གནས་


CMR023_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། །གནོད་སྦྱིན་གར་མཁན་མཆོག་གི་ཐུགས་དམ་བསྐང་། །རྒྱལ་ཆེན་ཡབ་གྱུར་ལྷ་ཆེན་དབང་ཕྱུག་ཆེ། །ཨུ་མ་མཁའ་འགྲོ་བཞིར་བཅས་ཐུགས་དམ་བསྐང་། །རྒྱལ་ཆེན་ཡུམ་ནི་ལྷ་མོ་དཔལ་ཆེན་མོ། །པདྨའི་ཕྲེང་བ་ཅན་མའི་ཐུགས་དམ་བསྐང་། །བཀྲ་ཤིས་མ་དང་དཀར་མོ་ཟས་སྦྱིན་མ། །རིན་ཆེན་རབ་སྦྱིན་མ་ཡི་ཐུགས་དམ་བསྐང་། །ནོར་གྱི་བདག་མོ་སྙན་དང་གྲགས་ཆེན་མོ། །བྱེད་པ་མོར་གྲགས་མ་ཡི་ཐུགས་དམ་བསྐང་། །པདྨའི་སྤྱན་མ་གཟི་ཆེན་འོད་ཅན་མ། །བཅུ་གཉིས་མཚན་ལྡན་ལྷ་མོའི་ཐུགས་དམ་བསྐང་། །མཚན་བཅུ་གཉིས་འདི་ཤེས་པས་ལོངས་སྤྱོད་འཕེལ་བར་གསུངས་ཕྱིར་རོ། །རྒྱལ་ཆེན་སྲས་མཆོག་ཨཱརྱ་ཛཾ་བྷ་ལ། །སྨུག་འཛིན་གནོད་གནས་དབང་པོའི་ཐུགས་དམ་བསྐང་། །སྤྲུལ་ཛམ་དཀར་འབྲུག་ཆིབས་མཁའ་འགྲོ་བཞི། །ཀུན་འཁྱིལ་ལྷ་མོ་གསུམ་བཅས་ཐུགས་དམ་བསྐང་། །གསུང་སྤྲུལ་ཛམ་དམར་སྦས་ཡུམ་རིག་བྱེད་མ། །ནོ་སྦྱིན་གཉིས་ཀྱི་ཐུགས་དམ་བསྐང་། །ཐུགས་སྤྲུལ་ཛ་ནག་གནོད་སྦྱིན་ཀླུ་ཡི་ཚོགས། །ཕྲིན་ལས་ཛེ་ཁྲ་དང་བཅས་ཐུགས་དམ་བསྐང་། །ཡོན་ཏན་ཛཾ་སེར་གནོད་སྦྱིན་ཕོ་མོ་


CMR023_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དགུ། །ཛཾ་སེར་ཞལ་གསུམ་ཕྱག་དྲུག་ཐུགས་དམ་བསྐང་། །ཛཾ་ལྷའི་ཡུམ་མཆོག་ལྷ་མོ་ནོར་རྒྱུན་མ། །མཆེད་ལྔ་གནོད་སྦྱིན་མོ་བརྒྱད་ཐུགས་དམ་བསྐང་། །རྒྱལ་ཆེན་བཙུན་མོ་ཀླུ་མོ་ནོར་སྐྱོང་མ། །གནོད་སྦྱིན་བུ་མོ་ལྔ་བརྒྱའི་ཐུགས་དམ་བསྐང་། །རྒྱལ་ཆེན་མཛོད་འཛིན་གཞན་གྱིས་མི་ཐུབ་པ། །རིགས་གསུམ་ལས་མཁན་བཅས་པའི་ཐུགས་དམ་བསྐང། །མངག་གཞུག་གནོད་སྦྱིན་གང་མཛེས་ཡབ་ཡུམ་དང་། །ཀླུ་རྒྱལ་གང་མཛེས་རྣམས་ཀྱི་ཐུགས་དམ་བསྐང་། །རྒྱལ་ཆེན་སྲས་པོ་དབང་པོ་དགུ་བཅུ་གཅིག །ཆོས་སྤྱན་སུམ་བརྒྱ་དྲུག་ཅུའི་ཐུགས་དམ་བསྐང་། །སྡེ་དཔོན་ཉེར་བརྒྱད་ལྗང་གནས་བཅུ་དྲུག་དང་། །ལས་མཁན་ཡེ་ཤེས་གྲགས་ཀྱི་ཐུགས་དམ་བསྐང་། །འཕྲོག་མ་བུར་བཅས་སྲིན་མོ་ཆེན་མོ་བརྒྱད། །ཡུལ་འཁོར་སྐྱོང་བ་ལྔ་བརྒྱའི་ཐུགས་དམ་བསྐང་། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་བདུན་འབུམ་འཁོར། །གནོད་སྦྱིན་བྱེ་བ་དྲུག་ཅུའི་ཐུགས་དམ་བསྐང་། །འཕགས་སྐྱེས་སྤྱན་མི་བཟང་དང་ཡུལ་འཁོར་སྲུང་། །རང་རང་དཔུང་དང་བཅས་པའི་ཐུགས་དམ་བསྐང་། །ལྷ་ཆེན་ཚོགས་བདག་ཡུམ་མཆོག་ཚེ་རིང་


CMR023_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མ། །མཆེད་ལྔ་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །སྔགས་ཀྱི་བདག་པོ་ཀླུ་བརྒྱད་མི་མགོན་དཀར། །ནོར་རྒྱས་ཝ་རུ་ཎ་ཡི་ཐུགས་དམ་བསྐང་། །རྟ་ལྷ་རེ་མན་དང་ཀུ་བེ་ར། །ཕྱུགས་ལྷ་ལྗང་གུ་རྣམས་ཀྱི་ཐུགས་དམ་བསྐང་། །ནོར་ལྷ་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །ཚེ་རབས་ཀུན་ཏུ་དཔལ་འབྱོར་ཕུན་ཚོགས་ཏེ། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་ཕྲིན་ལས་མཛོད། །དེང་ནས་བཟུང་སྟེ་ལོངས་སྤྱོད་མངའ་ཐང་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་བར་མཛད་དུ་གསོལ། །ཧཱུྃ། ཕྱི་རྒྱུད་དཀར་ཕྱོགས་དགེ་བསྙེན་རྒྱ་མཚོ་ཡི། །ཐུགས་དམ་བསྐང་ཕྱིར་དཀར་གཏོར་གསེར་གྱི་སྐྱེམས། །ཀླུ་སྨན་ཟས་ཕུད་གཡག་ལུག་ར་རྟ་གླང་། །མདའ་དར་ཞིབ་མར་བཟང་ཤིང་སྤོས་སྤྲིན་བཅས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་རྒྱ་ཆེར་སྤེལ། །དབང་པོ་དྲུག་གི་སྤྱོད་ཡུལ་ཚིམ་བྱེད་འདིས། །ལྷ་བརྒྱད་ཕྱོགས་སྐྱོང་དཔལ་མགོན་བདུན་ཅུ་གཉིས། །དཀར་པོ་བརྒྱད་ཅུ་རྣམས་ཀྱི་ཐུགས་དམ་བསྐང་། །མཁའ་རི་ལྕམ་དྲལ་ཐང་ལྷ་ཤམ་པོ་གངས། །ཧ་བོ་གང་བཟང་རྣམས་ཀྱི་ཐུགས་དམ་བསྐང་། །རྡོ་རྗེ་རྒྱལ་པོ་ན་ར་སེང་སྔོན་དང་། །


CMR023_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བར་བློན་ཀླུ་ཆེན་མིང་སྲིང་ཐུགས་དམ་བསྐང་། །སྤྲུག་གི་བཙན་རྒོད་སྐྱ་དགུ་ནང་བློན་དང་། །ཕྱི་བློན་བདུན་བརྒྱ་ཉི་ཤུའི་ཐུགས་དམ་བསྐང་། །སྤོམ་ར་ཤེ་ནེ་ཕྱོགས་བཞིའི་གཉན་ཆེན་བཞི། །གཉན་ཕྲན་བཞི་བཅུ་རྩ་གཉིས་ཐུགས་དམ་བསྐང་། །ཨ་ཕྱི་མཆེད་ལྔ་བརྟན་མ་བཅུ་གཉིས་དང་། །སྐྱོང་མ་བཅུ་གཉིས་རྣམས་ཀྱི་ཐུགས་དམ་བསྐང་་།སྨན་བཙུན་ཆེན་མོ་རྡོ་རྗེ་འོད་འབར་མ། །མཆེད་ལྔ་སྨན་ཕྲན་འབུམ་གྱི་ཐུགས་དམ་བསྐང་། །མགུལ་ལྷ་བཅུ་གསུམ་སྨོན་སྐྱེས་མཆེད་གསུམ་དང་། །རྡོ་རྗེའི་མཚན་ཅན་འཁོར་བཅས་ཐུགས་དམ་བསྐང་། །རྡོ་རྗེ་བདུད་འཇོམས་རེ་ཏི་པོ་ཏོ་དང་། །རབ་རྔ་བྷོ་དྷི་གྷིརྟིའི་ཐུགས་དམ་བསྐང་། །ནག་པོ་བདུད་འདུལ་རྡོ་རྗེ་བདུད་འཇོམས་དང་། །ནཱ་ག་ཀ་ལི་འཁོར་བཅས་ཐུགས་དམ་བསྐང་། །དབང་ཆེན་ས་ཡི་ལྷ་མོ་ལག་ཆེན་སྲས། །འབྱུང་བ་སྤར་སྨེའི་བདག་པོའི་ཐུགས་དམ་བསྐང་། །ལོ་ཟླ་ཞག་དུས་ཕྱོགས་མཚམས་ལྷ་ཀུན་དང་། །རྗེ་བློན་བཅུ་བདུན་རྣམས་ཀྱི་ཐུགས་དམ་བསྐང་། །འགྲོ་ཀུན་སྡིག་ལྟུང་སྦྱང་ཕྱིར་བསྐང་བ་འདིས། །རིགས་དྲུག་སྙིང་རྗེའི་མགྲོན་གྱི་ཐུགས་དམ་བསྐང་། །འགྲོ་


CMR023_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བདེ་དང་ལྡན་ཕྱིར་བསྐང་བ་འདིས། །ལན་ཆགས་བུ་ལོན་མགྲོན་གྱི་ཐུགས་དམ་བསྐང་། །གཞན་ཡང་སྟོང་གསུམ་ཁམས་གནས་གཞི་ཡི་བདག །བསྟན་ལ་དགའ་བ་རྣམས་ཀྱི་ཐུགས་དམ་བསྐང་། །ཏིང་འཛིན་བསྟན་སྐྱོང་བྱེ་བ་བརྒྱད་ཅུ་དང་། །པདྨས་དམ་བཏགས་ཀུན་གྱི་ཐུགས་དམ་བསྐང་། །སྐྱོབ་པའི་ལྷ་ལྔ་བརྟེན་པའི་ལྷ་དགུ་དང་། །ཡུལ་ཕྱོགས་འདིར་གནས་རྣམས་ཀྱི་ཐུགས་དམ་བསྐང་། །ཕྱི་རྒྱུད་སྲུང་མའི་ཐུགས་དམ་བསྐངས་གྱུར་ནས། །བདག་ཅིག་དཔོན་སློབ་ཡོན་མཆོད་མི་ནོར་བཅས། །སྐྱེལ་བསུ་རོགས་དན་མཐུན་རྐྱེན་ཐམས་ཅད་སྒྲུབས། ཁ་འཛིན་སྡོང་གྲོགས་མེལ་ཚེ་མ་གཡེལ་ཅིག །ཆར་ཆུ་དུས་འབེབས་ལོ་ལེགས་འཁྲུག་པ་ཞི། །འཇིག་རྟེན་བདེ་ཞིང་དམ་ཆོས་དར་བར་མཛོད།ཅེས་པ་བསྐང་ལུང་ལས། བླ་མ་རིག་འཛིན་མན་ཆད་ནས། །བཀའ་སྲུང་ཊཱཀི་ཡན་ཆད་དུ། །བསྐང་བར་འོས་རྣམས་བསྐང་བར་བྱ། །ཞེས་གསུངས་པའི་དོན་ནོ། །བསྐང་རྫ་ས་མཐུན་རྫས་འབུལ་བ་འདི་སྤྱི་ཁྱབ་ལ། ཧཱུཾ། རྒྱ་མཚོ་ལྔ་ཡི་ལྷ་ཚོགས་ཐམས་ཅད་ལ། །སྲིད་པའི་བསྐང་རྫས་རྣམས་ཀྱིས་ཐུགས་དམ་བསྐང་། །བྱང་སེམས་དཀར་དམར་ཤ་ལྔ་བདུད་རྩི་ལྔ། །རྩ་བརྒྱད་


CMR023_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ལ་སྦྱར་བས་ཐུགས་དམ་བསྐང་། །པཉྩ་གམ་ཕྱེ་པཉྩ་རིལ་བུ་དང་། །བདུད་རྩི་ཨ་མྲྀ་ཏ་ཡིས་ཐུགས་དམ་བསྐང་། །སུ་ར་ཛ་གད་ཆང་དང་ཛཱ་ཏི་གླུམ། །རྒུན་ཆང་འབྲས་ཆང་རྣམས་ཀྱིས་ཐུགས་དམ་བསྐང་། །པདྨ་རཀྟ་རིགས་བཟང་རྩ་ཡི་ཁྲག །མུ་ལ་རཀྟ་སྦྱོར་བའི་ཁྲག་གིས་བསྐང་། །མ་ཧཱ་རཀྟ་བསྒྲལ་བའི་ཁྲག་ཆེན་པོ། །ཆ་འབྲི་མོག་རྒྱ་སྐྱེག་འབྱུང་བའི་ཁྲག་གིས་བསྐང་། །གཏའ་གཏོར་རྟེན་གཏོར་རྒྱུན་གཏོར་དུས་གཏོར་དང་། །ཐུན་གཏོར་བྷ་ལིང་ཆེན་པོས་ཐུགས་དམ་བསྐང་། །ག་ཎ་ཙཀྲ་ཚོགས་ཀྱི་འཁོར་ལོ་དང་། །ག་ན་པཱུ་ཙ་ཚོགས་ཀྱི་མཆོད་པས་བསྐང་། །ཏཱཾ་ས་ཤ་ཆེན་ཙིཏྟ་སྙིང་ཆེན་དང་། །ཀཾ་ནི་རི་ཏི་རུས་པས་ཐུགས་དམ་བསྐང་། །གོ་རོ་ཙ་ན་ཀླད་པ་རཀྟ་ཁྲག །རྒྱུ་མ་བ་སུ་ཏ་ཡིས་ཐུགས་དམ་བསྐང་། །ཟླ་རྒྱས་འཇོ་པོ་ཞོ་དང་ཟླ་ཕྲུམ་ཐུད། །ཁུར་བ་ཟླ་བ་རྒྱས་པས་ཐུགས་དམ་བསྐང་། །ཟན་ནི་རྡོ་རྗེ་ཚེ་དང་ཐུག་པ་གལ། །པུ་ཙ་མཆོད་པའི་ཚོགས་ཀྱིས་ཐུགས་དམ་བསྐང་། །གཏི་མུག་གླང་ཆེན་འདོད་ཆགས་བྱ་ཡི་གཟུགས། །ཞེ་སྡང་སྦྲུལ་དང་ང་རྒྱལ་རྟ་ཡིས་བསྐང་། །ཕྲག་དོག་མི་དང་ཀུ་ཀུ་ར་ཙ་


CMR023_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི། །རྒྱུ་མཆོག་མི་ཡི་གཟུགས་ཀྱིས་ཐུགས་དམ་བསྐང་། །ཤེལ་སྒོང་ལུག་དཀར་ཤེལ་ནག་ལུག་ནག་དང་། །ཙ་ར་ར་དང་ཅང་ཤེས་རྟ་ཡིས་བསྐང་། །མཁའ་ལྡིང་སྐྱུང་ཁ་ནག་མོ་དེ་མོ་ནག །རོག་པོ་བྱ་རོག་སྤྱི་དཀར་གོ་བོས་བསྐང་། །མདངས་ལྡན་བུད་མེད་མཆོག་ཕྲན་གླིང་བུ་དང་། །མ་ཧཱ་མཆོག་ཆེན་མི་རྐང་དུང་གིས་བསྐང་། །དྲེའུ་ཆུང་ཐོད་རྔ་ལྕང་ཏེའུ་ཌཱ་མ་རུ། །རྨད་བྱུང་ཟན་དྲོན་སྒོག་ཆུས་ཐུགས་དམ་བསྐང་། །དབུགས་མེད་སྤྲོས་དང་སྲོག་མེད་མར་མེའི་མདངས། །དབུགས་ལེན་སྲོག་གི་སྒོ་ངས་ཐུགས་དམ་བསྐང་། །རྟ་ནག་གཡག་ནག་གྲི་རྒོད་སྙིང་ཆེན་གྱིས། །ཕོ་རྒྱུད་མགོན་པོའི་ཚོགས་ཀྱི་ཐུགས་དམ་བསྐང། །ལུག་ནག་དེ་མོ་མི་དབང་འབྲས་བུ་ཡིས། །མོ་རྒྱུད་ལྷ་མོ་རྣམས་ཀྱི་ཐུགས་དམ་བསྐང། །ལྷ་གཡག་སེ་བོ་རྟ་སྔོན་ནེའུ་ལེའི་མགོས། །གཏེར་བདག་ནོར་ལྷ་རྣམས་ཀྱི་ཐུགས་དམ་བསྐང་། །ཀླུ་སྨན་སྣ་ཚོགས་ཆུ་གནས་གཟུགས་འགྲོས་ཀྱིས། །སྔགས་བདག་ལ་སོགས་ཀླུ་རིགས་ཐུགས་དམ་བསྐང་། །ར་སྐྱེས་བཙན་བཤོས་ཕ་ཝཾ་ལོང་རྡོ་ཡིས། །སྐྱེས་བུ་བཙན་རིགས་དགེ་བསྙེན་ཐུགས་དམ་བསྐང་། །མེ་ལོང་མདའི་དར་


CMR023_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་དཀར་དུད་པ་ཡིས། །སྲིང་ལྕམ་བརྟན་མའི་ཚོགས་ཀྱི་ཐུགས་དམ་བསྐང་། །གཡག་ལུག་དཀར་པོ་མདའ་དར་དཀར་པོ་ཡིས། །ཕྱི་རྒྱུད་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །གཡར་དམ་བསྐངས་ནས་རྐྱེན་ངན་བཟློག་ཏུ་གསོལ། །རྒྱུད་གསང་འདུས་ལས་བསྐང་བའི་སྐབས་སུ། དེ་འོག་མཆོད་རྫས་རང་རྟགས་བརྗོད། ཅེས་གསུངས་པའི་ཕྱིར་རོ། །གསང་སྔགས་ཡིན་ཕྱིར་བརྡ་ཡི་སྐད། དེ་རང་གིས་ཤེས་ཕྱིར་བོད་སྐད་དུ་སྤེལ་བའོ། །དེ་ནས་བཤགས་རྒྱུད་སོགས་ཀྱི་དོན། གནོང་འགྱོད་དྲག་པོས་བཤགས་པ་སྤྱི་ཁྱབ། ཧཱུཾ། རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དགོངས་སུ་གསོལ། །བདག་དང་མཁའ་མཉམ་འགྲོ་བ་ཐམས་ཅད་ཀུན། །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ། །མི་དགེའི་ལས་ལམ་བཅུ་དང་མཚམས་མེད་ལྔ། །ལོག་བརྒྱད་ལྕི་བཞི་བགྱིད་དམ་བགྱིད་དུ་སྩོལ། །དེ་དག་བགྱིས་ལ་ཡི་རང་བྱས་པ་ཀུན། །མི་འཆབ་མི་སྦེད་གནོང་འགྱོད་སོ་སོར་བཤགས། །སྐྱེ་བ་འདི་དང་ཚེ་རབས་གཞན་རྣམས་སུ། །བསྟན་ལ་ཞུགས་ནས་སྐྱབས་འགྲོའི་བསླབ་པ་དགུ། །གསོ་སྦྱོང་ཡན་ལག་བརྒྱད་དང་རྟེན་ཁྲིམས་ལྔ། །རབ་བྱུང་སྡོམ་པ་བཅུ་པོ་ཡན་ལག་བཅས། །བསྙེན་རྫོགས་འདུལ་ཁྲིམས་ཉིས་


CMR023_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ལྔ་བཅུ་གསུམ། །ཕམ་ལྷག་སྦོམ་པོ་སྤང་ལྟུང་སོར་བཤགས་དང་། །ཉེས་བྱས་ལ་སོགས་གང་བྱུང་མཐོལ་ལོ་བཤགས། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས་བཟུང་སྟེ། །ནག་པོའི་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱད། །སྡོམ་པ་ཉི་ཤུར་གང་འགལ་མཐོལ་ལོ་བཤགས། །གཞན་ཡང་མདོ་སྡེ་རྣམས་ལས་གསུངས་པ་ཡི། །རྒྱལ་བའི་སྲས་ཀྱི་སྤྱོད་དང་གང་འགལ་བ། །མཐོལ་ལོ་བཤགས་སོ་སྒྲིབ་པར་མ་གྱུར་ཅིག །གསང་སྔགས་ཕྱི་ནང་དབང་ཐོབ་ནས་བཟུང་སྟེ། །བརྟུལ་ཞུགས་ཉེར་ལྔ་རིགས་ལྔའི་ཕྱི་ནང་སྡོམ། །རྩ་ལྟུང་བཅུ་བཞི་ཡན་ལག་ལྟུང་བ་དགུ། །རྣམ་པ་བཅུ་བཞི་རྩ་བ་སྐུ་གསུང་ཐུགས། །ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་སོགས། །དམ་ཚིག་ས་ཡ་འབུམ་སྡེ་ཐམས་ཅད་ལ། །ཉམས་ཆག་འགལ་འཁྲུལ་གང་མཆིས་ཐམས་ཅད་བཤགས། །དེ་ནས་སྤྲོ་ན། ཀྱེ་མ་དགོངས་ཤིག་རིག་འཛིན་གྲུབ་ཐོབ་ཚོགས། །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ། །སྒྱུ་ལུས་བསྐྱེད་པའི་ཕ་མ་དྲིན་ཆེན་ལ། །དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །རིག་གནས་ཅུང་ཟད་བསླབ་པ་ཡན་ཆད་ལ། །དྲིན་ལན་བཀུར་སྟི་མ་བགྱིས་མཐོལ་ལོ་བཤགས། །


CMR023_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་ལས་བཤད་བླ་མ་ལྔ་པོ་ལ། །ཕ་ལྟར་བཀུར་སྟི་མ་བྱས་མཐོལ་ལོ་བཤགས། །སེར་མོའི་རྟགས་ཙམ་འཛིན་པ་ཡན་ཆད་ལ། །ཡིད་དགའ་དང་སེམས་མ་སྐྱེས་མཐོལ་ལོ་བཤགས། །སྨོན་སེམས་ལན་གཅིག་སྐྱེས་པ་ཡན་ཆད་ལ། །སྟོན་པའི་འདུ་ཤེས་མ་བཞག་མཐོལ་ལོ་བཤགས། །དབང་བསྐུར་གཅིག་ཙམ་ཞུས་པ་ཡན་ཆད་ལ། །ཡི་དམ་དངོས་སུ་མ་བལྟས་མཐོལ་ལོ་བཤགས། །གནས་ལུགས་རང་ངོ་སྤྲོད་པའི་བློ་མ་དེ། །རྡོ་རྗེ་འཆང་དུ་མ་བལྟས་མཐོལ་ལོ་བཤགས། །དེ་ལ་བདེ་གཤེགས་བཤགས་པ་མཐུད། ཀྱེ་མ་དགོངས་ཤིག་རྒྱལ་བ་རྒྱ་མཚོའི་ཚོགས། །བདག་ནི་འཁོར་བར་འཁོར་ཚེ་ཐམས་ཅད་དུ། །ཉོན་མོངས་འཁྲུལ་པའི་དབང་གྱུར་སྡིག་པའི་ལས། །ཅི་དང་ཅི་བགྱིས་ཐམས་ཅད་མཐོལ་ལོ་བཤགས། །སོ་སོར་ཐར་པའི་ཆོས་ཀྱི་སྒོར་ཞུགས་ནས། །གཞན་གནོད་གཞིར་བཅས་མི་སྤངས་མཐོལ་ལོ་བཤགས། །བྱང་ཆུབ་སེམས་དཔའི་སྡེ་སྣོད་སྒོར་ཞུགས་ནས། །གཞན་ཕན་གཞིར་བཅས་མ་བསྒྲུབས་མཐོལ་ལོ་བཤགས། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །ཐབས་ཤེས་ཟུང་དུ་མ་ཆུད་མཐོལ་ལོ་


CMR023_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །ལྟ་བ་གཞི་ཡི་གནས་ལུགས་མ་རྟོགས་པས། །ལྟ་ལོག་དྲུག་ཅུར་གོལ་བ་མཐོལ་ལོ་བཤགས། །སྒོམ་པ་ཉམས་ལེན་བརྟན་པ་མ་ཐོབ་པས། །སྲིད་རྩེ་ཡན་དུ་མ་འཕགས་མཐོལ་ལོ་བཤགས། །སྤྱོད་པ་དུས་ཚོད་ཐིག་ལ་མ་འཕྲོད་པས། །བར་ཆད་དབང་དུ་ཤོར་བ་མཐོལ་ལོ་བཤགས། །འབྲས་བུ་གཞི་འབྲས་དབྱེར་མེད་མ་རྟོགས་པས། རེ་དང་དོགས་པས་བཅིངས་བ་མཐོལ་ལོ་བཤགས། །དེ་ལ་ཡི་དམ་བཤགས་པ་མཐུད། ཀྱེ་མ་དགོངས་མཛད་དཔའ་བོ་ཁྲོ་རྒྱལ་ཚོགས། །ཐོག་མེད་དུས་ནས་དེ་རིང་ཡན་ཆད་དུ། སྔགས་དང་ཕྱག་རྒྱ་ཏིང་འཛིན་སྒོར་ཞུགས་ནས། །གཞུང་བཞིན་མ་གྱུར་ཉེས་པ་ཅི་མཆིས་བཤགས། །བསྐྱེད་རིམ་མ་བརྟེན་མི་གསལ་ཐེར་ཟུག་གོལ། །སྦྱང་གཞི་སྦྱོང་བྱེད་མ་འཕྲོད་མཐོལ་ལོ་བཤགས། །བཟླས་བརྗོད་མ་དག་སྒྲ་ཟུར་རིང་ཐུང་ཉམས། །གཞན་ཚིག་ངག་དང་འདྲེས་པ་མཐོལ་ལོ་བཤགས། །ཏིང་འཛིན་བསྐྱེད་རྫོགས་ཡ་བྲལ་ཟུང་མ་ཆུད། །ཕྱག་རྫོགས་རྟོགས་པ་མ་འཁྲུངས་མཐོལ་ལོ་བཤགས། །རྟགས་མཚན་བཟང་ངན་དགའ་སྡུག་འཛིན་པོ་ཆེ། །རྟགས་བཟང་རློམ་སེམས་ཆེས་པ་མཐོལ་ལོ་བཤགས། །


CMR023_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་བཀུར་ཆེད་དུ་ཞིང་བཅུའི་སྲུང་ཟློག་བགྱིས། །ཆོས་སྐྱོང་བརྡུང་གཏག་བཏང་བ་མཐོལ་ལོ་བཤགས། །བསྙེན་སྒྲུབ་དྲོད་རྟགས་མ་ཐོན་ལས་ལ་སྦྱར། །རྟག་ཆད་ལྷ་ལ་ལོག་ལྟ་མཐོལ་ལོ་བཤགས། །ཚེ་འདིའི་ནུས་མཐུའི་ཆེད་དུ་ཁྲོ་རྒྱལ་བསྒྲུབས། །བྱང་ཆུབ་དོན་དུ་མི་དམིགས་མཐོལ་ལོ་བཤགས། །མཁའ་འགྲོའི་བཤགས་པ། ༈ ཀྱེ་མ་དགོངས་ཤིག་དཔའ་བོ་ཌཱཀིའི་ཚོགས། །ཐོག་མེད་དུས་ནས་ད་ལྟའི་ཆུ་ཚོད་བར། །མ་སྲིང་མཁའ་འགྲོ་ནམ་བསྟེན་དེ་ཡི་ཚེ། །དམ་ཚིག་ཉམས་ཆག་ཅི་མཆིས་མཐོལ་ལོ་བཤགས། །སྒྲུབ་གནས་གནས་བཟང་མ་བསྟེན་གྲོང་ནག་སྒྲུབ། །དམ་རྫས་མ་འཚོགས་ཐམས་ཅད་མཐོལ་ལོ་བཤགས། །དུས་བཟང་ཚོགས་གཏོར་མར་མེ་སྦྱིན་སྲེག་ཆག །རྟགས་མཚན་གཞན་ལ་བསྒྲགས་པ་མཐོལ་ལོ་བཤགས། །རྩ་རླུང་མ་འབྱོངས་ཀུན་བྱང་སེམས་ཉམས། །ཚོད་མིན་ལས་རྒྱ་བསྟེན་པ་མཐོལ་ལོ་བཤགས། །གནས་ཡུལ་ཕྱི་ནང་རྟེན་འབྲེལ་བསྒྲིགས་མ་ཤེས། །བུད་མེད་སྤྱི་ལ་སྨོད་པ་མཐོལ་ལོ་བཤགས། །རང་གི་རྩ་དང་རླུང་དང་བྱང་ཆུབ་སེམས། །དཔའ་བོ་མཁའ་འགྲོར་མ་རྟོགས་མཐོལ་ལོ་བཤགས། །


CMR023_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གྲིབ་གྲོང་གྲིབ་ཟས་གོས་གྲིབ་ཀྱི་གོས། །གཞན་གྱིས་ཉམས་པ་བསྐང་བ་མཐོལ་ལོ་བཤགས། །རྒྱུད་དང་རྒྱ་གཞུང་གཏེར་ཆོས་བསྲེ་སླད་དཀྲུགས། །དབང་བཞི་ཁྲོམ་ཆོས་བྱས་པ་མཐོལ་ལོ་བཤགས། །ཟས་ནོར་འདོད་ཕྱིར་སྣོད་མིན་གསང་སྔགས་བསྟན། །སྣོད་དང་ལྡན་ལ་མ་བསྟན་མཐོལ་ལོ་བཤགས། །རབ་བྱུང་གསང་དབང་གསུམ་པ་དངོས་སུ་བསྐུར། །སྙན་བརྒྱུད་ཡི་གེར་བྲིས་པ་མཐོལ་ལོ་བཤགས། །ཀྱེ་མ་དགོངས་ཤིག་དམ་ཅན་སྲུང་མའི་ཚོགས། །ཐོག་མེད་དུས་ནས་ད་ལྟ་འདི་ཡི་བར། །ཆོས་སྐྱོང་སྲུང་མ་ནམ་དང་ནམ་བསྟེན་ཆེ། །ཆག་ཉམས་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས། །རྟེན་གསུམ་གཞིག་གཞོམ་བྱས་དང་ལྷ་ཆ་སློང་། །འཕྲོག་པའི་དཀོར་ཟས་ཟོས་པ་མཐོལ་ལོ་བཤགས། །རྟེན་རྫས་སྒྲུབ་རྫས་མཆོད་རྫས་བསྐང་བའི་རྫས། །དགོས་པའི་དམ་རྫས་མ་འཛོམ་མཐོལ་ལོ་བཤགས། །ལྟ་བས་མ་ཆུན་གཉེན་པོས་སྒྲུབ་མ་ཐེམ། །བསྙེན་སྒྲུབ་གཞུང་བཞིན་མ་བྱས་མཐོལ་ལོ་བཤགས། །གསང་བའི་མན་ངག་དབང་ལུང་གཞན་ལ་སྤེལ། །དམ་རྫས་གཞན་གྱིས་མཐོང་བ་མཐོལ་ལོ་བཤགས། །ཉ་སྟོང་བརྒྱད་


CMR023_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགུ་གསུམ་རྒྱུ་བའི་དུས། །ཚོགས་གཏོར་དུས་གཏོར་ཆག་པ་མཐོལ་ལོ་བཤགས། །བསྟེན་གཏོར་གཏའ་གཏོར་རྒྱུན་གཏོར་ཐུན་གཏོར་དང་། །ལོ་དུས་བསྐང་གསོལ་ཆག་པ་མཐོལ་ལོ་བཤགས། །བསྟན་དོན་མ་དམིགས་རང་དོན་ཁོ་ནར་དམིགས། །དོན་ཆུང་ལས་སྦྱོར་ཆེས་པ་མཐོལ་ལོ་བཤགས། །སྲོག་སེལ་མནན་གཏད་ག་སྦྱོར་ངན་མང་། །ཆོས་སྐྱོང་ཐུགས་ཀྱིས་ཁྲེལ་གྱུར་མཐོལ་ལོ་བཤགས། །བསྒྲལ་བའི་རྣམ་ཤེས་ཞིང་ཁམས་སྤར་མ་ནུས། །མུ་སྟེགས་སྤྱོད་པར་སོང་བ་མཐོལ་ལོ་བཤགས། །བྱ་ཁྱི་ནག་པོར་འཚེ་དང་སྤོས་སྦྱོར་མེད། །ཕོ་རྒྱུད་མགོན་པོའི་ཚོགས་ལ་མཐོལ་ལོ་བཤགས། །བོང་བུ་ཡུགས་ས་ནེའུ་ལེ་ལ་སྡང་། །མེ་དང་འཚུབ་མར་མ་དགའ་ལྷ་མོར་བཤགས། །ནལ་ཕྲུག་སྦྲུམ་མར་མ་བྱམས་ཁ་འཕྲོ་འདྲེས། །ཕྲེང་བ་གཞན་གྱིས་རེག་པ་ཁོལ་མོར་བཤགས། །རྟོག་ཆེད་གོས་དྲོན་གཡར་དང་སྒྲུབ་གཏོར་བྱིན། །དགྲ་དང་མནའ་བཞག་དམ་ཅན་ཚོགས་ལ་བཤགས། །གཞན་ཡང་ཆོས་སྐྱོང་སྤྱི་དང་བྱེ་བྲག་གི །དམ་ཚིག་གང་དང་ཅི་འགལ་ཐམས་ཅད་བཤགས། །ནོར་ལྷ་སྤྱིའི་བཤགས་པ། ཀྱེ་མ་


CMR023_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ཤིག་གཏེར་བདག་ནོར་ལྷའི་ཚོགས། །ཚེ་རབས་འདི་དང་ཚེ་རབས་ཐམས་ཅད་དུ། །བརྣབ་སེམས་སེར་སྣ་རྐུ་འཕྲོག་སྦྱིན་པའི་གེགས། །གང་དང་ཅི་བགྱིས་འགྱོད་པས་སོ་སོར་བཤགས། །བསྟན་འགྲོ་བླ་མའི་དོན་དུ་མི་དམིགས་པར། །རང་དོན་སྒེས་མནོག་བསྒྲུབ་སེམས་མཐོལ་ལོ་བཤགས། །བསྙེན་སྒྲུབ་མཆོད་རྫས་དམ་རྫས་མ་འཚོགས་དང་། །མཆོད་པ་ཆུང་ཞིང་ངན་པ་མཐོལ་ལོ་བཤགས། །རྟ་བོང་ཤ་དང་ཡུགས་སའི་ཕྱག་ཚང་ཟས། །གས་ཆག་སྣོད་དུ་ཟོས་པ་མཐོལ་ལོ་བཤགས། །རྟ་ནག་ཞོན་དང་ཞྭ་གོས་ནག་པོ་གྱོན། །གཏོར་མ་བྱ་ཁྱིར་བྱིན་པ་མཐོལ་ལོ་བཤགས། །སྟོད་གཡོགས་སྔོན་པོ་ལུང་ཐང་ཕྲེང་བ་མེད། །རོ་འཇུས་རོ་གདན་བཏིང་བ་མཐོལ་ལོ་བཤགས། །ནང་གྲོལ་གཏོར་མ་བརྒྱན་དང་གཏོར་སྣོད་བཤལ། །དམ་རྫས་གཞན་ལ་བྱིན་པ་མཐོལ་ལོ་བཤགས། །དེ་སོགས་ནོར་ལྷ་སྤྱི་དང་ཁྱད་པར་གྱི། །དམ་ཚིག་གང་དང་གང་འགལ་ཐམས་ཅད་བཤགས། །སྲུང་མ་ཕྱི་རྒྱུད་བཤགས་པ། ༈ ཀྱེ་ཧོ། དགོངས་མཛོད་ཕྱི་རྒྱུད་སྲུང་མའི་ཚོགས། །བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་ཡི། །ཡང་མྱེས་བདུན་བརྒྱུད་


CMR023_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་ཡང་ཚ་ཡན། །ཕོག་ཐུག་འགྲམ་འཁྲུག་གང་བྱུང་ཐམས་ཅད་བཤགས། །མནན་བསྲེག་འཕང་གསུམ་ཐུན་ཟོར་དྲག་པོའི་སྔགས། །རྒྱུ་དུས་ཐེབས་ལྡོག་མ་ཤེས་གང་བྱས་བཤགས། །དཀར་ཐབ་དམར་ཐབ་སྔོ་ཐབ་ཇ་ཡི་ཐབ། །མི་རུང་རོ་བསྲེག་གསུར་གཞོབ་གང་བྱས་བཤགས། །ནགས་ཚལ་ཤིང་གཅིག་རྩྭ་སྔོ་གཉན་པོ་ཆ་སོགས། །བྲེག་ཏུ་མི་རུང་གང་བྲེག་ཐམས་ཅད་བཤགས། །བྲག་བཤིག་རྡོ་རློག་རྦབ་གཏང་ཕ་ཝང་གསེས། །ནེའུ་སེང་ཞིང་མུ་ས་གཉན་བརྐོས་པ་བཤགས། །ན་ཉེས་ཤི་ཉེས་རོ་དང་བག་མ་ཉེས། །མཁར་ལེན་ཤིང་དང་དམག་ཁྲོམ་ཉེས་པ་བཤགས། །།མནའ་གཉན་སྐྱེལ་ལེན་མནའ་ཟོས་དཔང་པོ་བྱས། །རྡོ་ལྕགས་གནུར་དང་མར་ཁུ་བསྐོལ་བ་བཤགས། །རི་མེ་བཀྱེས་དང་བྱ་གཅན་རི་དྭགས་བསད། །རྒྱ་བྲེས་སྙི་དང་ཤ་དོང་བསྐོས་པ་བཤགས། །ལྕགས་ཀྱུ་འཕངས་དང་ཉ་རྒྱ་ཆུར་གནས་བསད། །ཁྲག་བཙོ་ངན་|རྫས་ཆུ་རུ་བསྐུར་བ་བཤགས། །སྤར་སྨེ་ལོ་ཟླ་ཞག་དུས་འབྱུང་བ་ཡི། །འཛེམ་པའི་རྫ་ས་བླངས་མི་རུང་གང་བྱས་བཤགས། །གཟའ་སྐར་དུས་ཚེས་ལོ་དང་ཟླ་བ་ལ། །མི་རུང་


CMR023_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གང་དང་གང་བྱས་བཤགས། །བཙས་དང་ཤི་དང་ཁྱིམ་གཅིག་འདུས་པ་ལ། །འབྱུང་བའི་གཅོད་འདྲལ་མི་རུང་གང་བྱུང་བཤགས། །ཕྱི་རྒྱུད་ལྷ་འདྲེ་གཞི་བདག་གནོད་པ་ལ། །རྙེད་བཀུར་འདོད་ཕྱིར་བརྡུང་གཏག་གང་བྱས་བཤགས། །གཞུང་ཆུ་ཡུར་དྲངས་ཆུ་མིག་བསུབ་དང་བརྡུངས། །དྲག་འབོད་ཆར་དང་ཐོག་སེར་ཕབ་པ་བཤགས། །དམིགས་ངན་མང་ཤིང་གསོ་བའི་དམིགས་རིམ་ཉུང་། །ལྷ་འདྲེ་དགྲར་བཟུང་ཐུབ་ཐུབ་བྱས་པ་བཤགས། །སྲིད་པའི་ལྷ་རབ་བརྟན་མ་ཡུལ་གྱི་ལྷ། །ལོ་ཟླ་དུས་ཀྱི་མཆོད་གསོལ་ཆགས་པ་བཤགས། །ལྷ་ཚོགས་སྤྱིའི་དྲུང་ནས་སེམས་བསྐྱེད་ཀྱི་བཤགས་པ། ༈ ཀྱེ་མ་དགོངས་ཤིག་ཡེ་ཤེས་འཇིག་རྟེན་གྱི། །ལྷ་ཚོགས་མ་ལུས་ཐམས་ཅད་དགོངས་སུ་གསོལ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །མི་རུང་མི་དགེ་ཅི་བགྱིས་བདག་གིས་བཤགས། །ནམ་མཁའི་མཐའ་མཉམ་སེམས་ཅན་མ་ལུས་པའི། །སྡིག་སྒྲིབ་ཉེས་ལྟུང་མཐའ་དག་མ་ལུས་པ། །བདག་ལ་སིབ་ཀྱིས་བསྟིམས་ནས་བདག་ཁོ་ནས། །རྒྱ་མཚོ་ལྔ་ཡི་ལྷ་ཚོགས་དྲུང་དུ་བཤགས། །དེ་ལྟར་བདག་གི་ལྷག་བསམ་རྣམ་དག་མཐུས། །


CMR023_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་སྡུག་བསྔལ་ཀུན་བྲལ་བདེ་སྐྱིད་ལྡན། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་ཐོབ་ཤོག །ཐོག་མེད་དུས་ནས་ད་ལྟ་ཡན་ཆད་ཀྱི། །སྡིག་ལྟུང་ཐམས་ཅད་མི་འཆབ་མི་སྦེད་དོ། །རབ་ཏུ་གནོང་ཞིང་ཤིན་ཏུ་འགྱོད་སེམས་ཀྱིས། །སོ་སོར་བཤགས་སོ་བྱང་ཞིང་དག་གྱུར་ཅིག །ལྷ་ཚོགས་སྤྱིའི་མན་ངག་གི་དམིགས་རིམ། མཐོལ་བཤགས་ཕུལ་བས་ཐུགས་རྗེས་བཟོད་པར་བཞེས། །སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩིའི་རྒྱུན། །བདག་གི་གནས་གསུམ་དུ་ཐིམ་སྒྲིབ་ཀུན་དག །ཉེས་ལྟུང་དེ་དག་ཉེས་པར་མཐོང་ངམ་གསུངས། །མཐོང་ལགས་ཞུས་པས་ཕྱིན་ཆད་བསྡོམས་སམ་གསུངས། །སྡོམ་ལགས་ཞུས་པས་དེ་ནི་ཐབས་ཡིན་གསུངས། །ལེགས་སོ་ཞུས་པས་དགེ་གསོ་སྡིག་པ་སྦྱོང་། །ལྷ་རྣམས་ཐུགས་རྗེའི་འོད་ཀྱིས་རབ་བསྐུལ་ཏེ། །རྡོ་རྗེ་སེམས་དཔའ་དུང་མདོག་ལོངས་སྤྱོད་རྫོགས། །རྡོར་དྲིལ་བསྣམས་ཤིང་༔ པད་དཀར་ཟླ་སྟེང་རོལ། །འོག་མིན་གནས་ནས་སྤྱན་དྲངས་ནམ་མཁར་བཞུགས། །ཡིག་བརྒྱའི་སྔགས་སྒྲ་འཇིག་རྟེན་ཁྱབ་པར་བསྒྲགས། །རིགས་དྲུག་སེམས་ཅན་ཀུན་གྱི་


CMR023_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་སྦྱངས། །རྡོར་སེམས་གནས་གསུམ་ཟླ་སྟེང་འབྲུ་གསུམ་མཐར། །ཡིག་བརྒྱ་དཀར་དམར་མཐིང་གསུམ་གཡས་སུ་འཁོར། །དེ་ལས་ཡིག་བརྒྱ་ཚན་གསུམ་དཔག་མེད་འཕྲོས། །ལྷ་ཚོགས་ཀུན་གྱི་གནས་གསུམ་འབྲུ་གསུམ་མཐར། །ཞུགས་ཤིང་འཁོར་བས་སྐུ་གསུང་ཐུགས་དམ་བསྐུལ། །ལྷ་ཚོགས་གནས་གསུམ་ནས་འཕྲོས་ཡིག་བརྒྱ་གསུམ། །བདག་དང་བསྲུང་བྱའི་གནས་གསུམ་འབྲུ་གསུམ་མཐར། །གཡས་སུ་འཁོར་བས་སྒོ་གསུམ་ཉམས་ཆག་དག །རྡོར་སེམས་སྐུ་གསུང་ཐུགས་དང་དབྱེར་མེད་གྱུར། །དེ་དག་མན་ངག་གི་དམིགས་རིམ་ཤིན་ཏུ་ཟབ་བོ། །ཨོ་ས་མ་ཡ། ཨཱས་མ་ཡ། ཧཱུཾ་ས་མ་ཡ། ཨོཾ་ཨཱཿཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ། འདིར་ཡི་དམ་གང་བྱེད་བཅུག་ཏུ་རུང་ངོ་། །ཨོཾ་བཛྲ་སཏ་ས་མ་ཡ། ནས་སཏཱ་དམ་ཚིག་ཉམས་ན་ས་མ་ཡ། དམ་ཚིག་སྔགས་ཀྱིས་སྡེབ། ཟབ་མོའོ། །ཨྠྀི། དེ་ལྟར་བཤགས་ཚིག་ཡིག་བརྒྱས་གསུང་གི་བསྐང་བ་ཡང་ཟེར་རོ། ༈ །ལྟ་བའི་བཤགས་པ། ཧཱུྃ། སྣོད་བཅུད་སྐྱེ་འགྲོ་སྣང་སྲིད་འཁོར་འདས་ཀུན། །བདག་ལས་གཞན་དུ་གྲུབ་པ་རྡུལ་ཙམ་མེད། །དཔེར་ན་རྨི་ལམ་ཡུལ་གྱི་སྐྱེ་འགྲོ་བཞིན། །བདག་གི་ལུས་ནི་སྒྱུ་མ་རྨི་ལམ་འདྲ། །


CMR023_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་དངོས་པོ་མ་གྲུབ་སྤྲོས་དང་བྲལ། །ལུས་སེམས་གང་ལའང་སྙིང་པོ་མ་མཆིས་ན། །བདག་ཅེས་བྱ་བ་ཡོད་པར་ག་ལ་འགྱུར། །བདག་མེད་རྟོགས་ན་ལས་མེད་རྣམ་སྨིན་མེད། །སྡིག་སྒྲིབ་ཉམས་ཆག་ཀུན་ཀྱང་ཡོད་མིན་ཏེ། །རི་བོང་རྭ་ཡིས་བརྡུངས་བའི་རྨ་དང་ཁྲག །མོ་གཤམ་བུ་ཡིས་བསད་པའི་མི་རོ་བཞིན། །ཇི་ལྟར་ནམ་མཁར་དྲི་མས་མི་གོས་ལྟར། །ཆོས་རྣམས་གདོད་ནས་རྣམ་དག་ཆོས་ཀྱི་དབྱིངས། །ཡོད་མེད་སྐྱེ་འགགས་བྲལ་བའི་ངང་ལ་ཞོག །བསྐང་བྱ་སྐོང་བྱེད་བྲལ་བའི་ཐུགས་དམ་བསྐང་། །ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨསྭ་བྷ་ཝ་ཤུདྡྷོཉཧཾཿ བཀའ་བརྒྱད་རྒྱུད་གསང་བ་འདུས་པ་ལས། །གསང་བ་གཉིས་མེད་ལྟ་བས་བསྐང་། །བསྐང་རྫས་ལྷ་སེམས་སྐོང་བྱེད་ཀྱི། །མཁན་པོ་དག་ཀྱང་རང་གི་སེམས། །བསྐང་བའི་རྫས་ཀྱང་སེམས་ཡིན་པས། །སེམས་ཉིད་གཞི་རྩ་བྲལ་བའི་ཕྱིར། །མཆོད་བྱ་མཆོད་བྱེད་གཉིས་མེད་པས། །གཉིས་མེད་དོན་གྱི་ཐུགས་དམ་བསྐང་། །ཞེས་དང་། བཤགས་རྒྱུད་ལས། ཡིད་ཀྱི་སྒོ་ནས་ཉམས་ཆག་བྱུང་ན་ཐུགས་ཀྱི་ལྟ་བས་བསྐང་སྟེ། ཞེས་དང་། སྐུ་རྒྱུད་ཤེལ་གྱི་རི་བོ་ལས། །སྣང་སྲིད་གཞིར་བཞེངས་ཆེན་པོའི་ཀློང་། །བླང་དོར་བྲལ་བས་ཐུགས་དམ་བསྐང་། །བསྐང་བྱ་སྐོང་བྱེད་བསྐང་བའི་ཡུལ། །མཉམ་ཉིད་


CMR023_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་ཆེན་པོས་བསྐང་། །ཞེས་གསུངས་པའི་དོན་ནོ། །ཉམས་ཆག་བསྐངས་ནས་རྐྱེན་སོགས་བཟློག་པ་ནི། བླ་མ་རིག་འཛིན་བཟློག་པ། ཧཱུཾ། རིག་འཛིན་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །སྲིད་པའི་འཁྲུལ་པ་ཞི་བདེའི་གོལ་ས་ཟློག །སྐྱོ་ཤས་དྲག་པོས་དལ་འབྱོར་སྟོང་ལོག་ཟློག །འཆི་བ་དྲན་པས་ཚེ་འདིས་ཞེན་འཁྲིས་ཟློག །ཉེས་དམིགས་དྲན་པས་འཁོར་བའི་ཆགས་ཞེན་ཟློག །བྱམས་དང་སྙིང་རྗེས་ཐེག་དམན་གོལ་ས་ཟློག །བྱིན་རླབས་དབང་གིས་སྒོ་གསུམ་མ་སྨིན་ཟློག །ཐོས་བསམ་འབྲེལ་པས་བླུན་སྒོམ་ཨུ་ཚུག་ཟློག །མོས་གུས་དྲག་པོས་དྲེད་པོ་ཆོས་སྡུག་ཟློག །ཏིང་འཛིན་གེགས་སྐྱོན་རང་རང་ངོ་ལྟས་ཟློག །རྣམ་རྟོག་ཐམས་ཅད་ཆོས་ཀྱི་སྐུ་རུ་ཟློག །འཁོར་བ་ཐམས་ཅད་མྱ་ངན་འདས་པར་ཟློག །སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེན་པོར་ཟློག །མ་གཡེལ་བྱིན་ཕོབ་གྲུབ་ཐོབ་རྒྱ་མཚོའི་ཚོགས། །ཐུགས་རྗེ་དུས་ལ་བབ་བོ་ས་མཱ་ཡ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཨི་མ་དྷི་རུ་ས་པ་ན་རི་སྭཱ་ཧཱ། རྟོགས་པ་གོང་དུ་སྤོར་བའི་སྔགས་སོ། ༈ །བདེ་གཤེགས་རྣམས་ཀྱི་ཟློག་པ། ཧཱུཾ། རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །མ་དག་འཁོར་བའི་


CMR023_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་སྣང་ཐམས་ཅད་ཟློག །གཟུགས་ཕུང་རྣམ་སྣང་སྤྱན་རས་གཟིགས་སུ་ཟློག །རྣམ་ཤེས་རྡོ་རྗེ་སྤྱན་རས་གཟིགས་སུ་ཟློག །ཚོར་བ་རིན་ཆེན་སྤྱན་རས་གཟིགས་སུ་ཟློག །འདུ་ཤེས་པདྨ་སྤྱན་རས་གཟིགས་སུ་ཟློག །འདུ་བྱེད་ཀརྨ་སྤྱན་རས་གཟིགས་སུ་ཟློག །གཏི་མུག་ཆོས་དབྱིངས་ཡེ་ཤེས་ངང་དུ་ཟློག །ཞེ་སྡང་མེ་ལོང་ཡེ་ཤེས་ངང་དུ་ཟློག །ང་རྒྱལ་མཉམ་ཉིད་ཡེ་ཤེས་ངང་དུ་ཟློག །འདོད་ཆགས་སོར་རྟོག་ཡེ་ཤེས་ངང་དུ་ཟློག །ཕྲག་དོག་བྱ་གྲུབ་ཡེ་ཤེས་ངང་དུ་ཟློག །ས་ཡི་ཁམས་རྣམས་སངས་རྒྱས་སྤྱན་མར་ཟློག །ཆུ་ཡི་ཁམས་རྣམས་མཱ་མ་ཀཱི་རུ་ཟློག །མེ་ཡི་ཁམས་རྣམས་ན་བཟའ་དཀར་མོར་ཟློག །རླུང་གི་ཁམས་རྣམས་དམ་ཚིག་སྒྲོལ་མར་ཟློག །ནམ་མཁའི་ཁམས་རྣམས་དབྱིངས་ཕྱུག་མ་རུ་ཟློག །ཁྲིག་གི་ཁམས་རྣམས་རྡོ་རྗེ་མཁའ་འགྲོར་ཟློག །ཤ་ཡི་ཁམས་རྣམས་རིན་ཆེན་མཁའ་འགྲོར་ཟློག །དྲོད་ཀྱི་ཁམས་རྣམས་པདྨ་མཁའི་འགྲོར་ཟློག །དབུགས་ཀྱི་ཁམས་རྣམས་ལས་ཀྱི་མཁའ་འགྲོར་ཟློག །སེམས་ནི་ཡུམ་ཆེན་རྡོ་རྗེ་ཕག་མོར་ཟློག །རྣམ་ཤེས་ཚོགས་བརྒྱུད་ཉེ་སྲས་བརྒྱད་དུ་ཟློག །ཡུལ་བརྒྱད་


CMR023_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་སོགས་སེམས་མ་བརྒྱུད་དུ་ཟློག །རིགས་དྲུག་རྟོག་པ་ཐུབ་ཆེན་དྲུག་ཏུ་ཟློག །རྟག་ཆད་སྒོ་བཞི་ཁྲོ་ཆེན་བཞི་རུ་ཟློག །སྐྱེ་གནས་བཞི་པོ་སྒོ་མ་བཞི་རུ་ཟློག །དམྱལ་བའི་འཇིག་རྟེན་མངོན་དགའི་ཞིང་དུ་ཟློག །ཡི་དྭགས་འཇིག་རྟེན་བདེ་བ་ཅན་དུ་ཟློག །དུད་འགྲོའི་འཇིག་རྟེན་འཐུག་པོ་བཀོད་པར་ཟློག །ལྷ་མིན་འཇིག་རྟེན་ལས་རབ་རྫོགས་པར་ཟློག་ལྷ་ཡི་འཇིག་རྟེན་དཔལ་དང་ལྡན་པར་ཟློག །མི་ཡི་འཇིག་རྟེན་འོག་མིན་ཞིང་དུ་ཟློག །ཉན་རང་ཐམས་ཅད་ཐེག་པ་ཆེན་པོར་ཟློག །བྱང་སེམས་ཐམས་ཅད་ས་ལམ་གོང་མར་ཟློག །ཐམས་ཅད་བཅུ་གསུམ་རྡོ་རྗེ་འཛིན་པར་ཟློག །མ་གཡེལ་ལས་མཛོད་རྒྱལ་བ་རྒྱ་མཚོའི་ཚོགས། །འཁོར་བ་དོང་ནས་སྤྲུགས་ཤིག་སྤྱན་རས་གཟིགས། །ཐུགས་བསྐྱེད་དུས་ལ་བབ་བོ་ས་མཱ་ཡ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨ་ར་པ་ཙ་མི་ཏ་ཧྲི་ཏ་སྭཱ་ཧཱ། མ་བསྒྲུབས་པར་སངས་རྒྱས་པའི་སྔགས་སོ། ༈ །ཁྲོ་ཚོགས་རྒྱ་མཚོའི་ཟློག་པ། ཧཱུྃ༔ ཁྲོ་ཚོགས་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །བྱང་ཆུབ་ལམ་གྱི་བར་ཆད་ཐམས་ཅད་ཟློག །རྟ་མཆོག་རྒྱལ་པོས་བདུད་བཞིའི་བར་ཆད་ཟློག །གསང་སྒྲུབ་དམར་


CMR023_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བེ་དཀར་དཀོར་འདྲེ་ཟློག །རྟ་མགྲིན་གསང་འདུས་སྣང་སྲིད་ལྷ་འདྲེ་ཟློག །བདེ་མཆོག་དམར་པོས་སྐྱེ་བོའི་ཡ་ཁ་ཟློག །ནཱ་ག་ཀླུ་འདུལ་ཀླུ་རིགས་གནོད་པ་ཟློག །ལྕགས་རལ་ཅན་གྱིས་སྡེ་བརྒྱད་གནོད་པ་ཟློག །ཁྲོ་ཆེན་བཞི་ཡིས་ཕྱོགས་བཞིའི་གདོན་ཚོགས་ཟློག །དམར་ནག་མེ་ཕྲེང་རྒྱལ་བསེན་དམ་སྲི་ཟློག །ཆེ་མཆོག་གཙོ་དགུས་སྲིད་པའི་གཡོས་ཆེན་ཟློག །ཁྲག་འཐུང་རིགས་ལྔས་ཉམས་པའི་བཀའ་ཆད་ཟློག །དགོངས་པ་འདུས་པས་དུས་མིན་འཆི་ལྟས་ཟློག །དུས་ཀྱི་འཁོར་ལོས་དུས་ཚེས་གནོད་པ་ཟློག །དགྱེས་པ་རྡོ་རྗེས་ནད་རིགས་བརྒྱད་པོ་ཟློག །བདེ་མཆོག་འཁོར་ལོས་ལྷ་ཆེན་གནོད་པ་ཟློག །དགྲ་ནག་གདོང་དྲུག་དགྲ་བགེགས་གནོད་པ་ཟློག །གཤེད་དམར་འཇིགས་བྱེད་གཤིན་རྗེའི་གནོད་པ་ཟློག །ཀིང་ཀང་ནག་པོས་དགྲ་ཆེན་ལངས་པ་ཟློག །ཀིང་ཀང་དམར་པོའི་དགྲ་སྲི་མི་ཁ་ཟློག །ཁྲོ་ཆུ་དུག་གདོང་བན་བོན་བྱད་ཁ་ཟློག །རྡོ་རྗེ་གཏུམ་པོས་གཟའ་གདོན་གཟའི་ནད་ཟློག །ཁྱུང་ཆེན་རིགས་ལྔས་ཀླུ་ནད་ཀླུ་གདོན་ཟློག །ཡེ་ཤེས་ཁྱུང་ཁྲས་དུག་དང་བད་ཀན་ཟློག །འབྱུང་པོ་འདུལ་བྱེད་


CMR023_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོའི་གནོད་པ་ཟློག །གོས་སྔོན་ཅན་གྱིས་གནོད་སྦྱིན་གནོད་པ་ཟློག །རྡོ་རྗེ་གཞོན་ནུས་དམ་སྲིའི་གནོད་པ་ཟློག །ཁྲོ་བོ་བཅུ་ཡིས་ཕྱོགས་བཅུའི་གདོན་ཚོགས་ཟློག །མ་ཧཱ་མཱ་ཡཱས་འཁྲུལ་སྣང་འཇིགས་སྐྲག་ཟློག །སངས་རྒྱས་ཐོད་པས་ཀླུ་ཡི་གནོད་པ་ཟློག །རྣམ་པར་འཇོམས་པས་གྲིབ་ཀྱི་གནོད་པ་ཟློག །སྨེ་བ་བརྩེགས་པས་ཉམས་གྲིབ་དམེ་གྲིབ་ཟློག །མི་གཡོ་མགོན་པོས་མོ་གདོན་གནོད་པ་ཟློག །སྟོབས་པོ་ཆེ་ཡིས་ས་བདག་གནོད་པ་ཟློག །ལོཀྲི་པ་ལས་སྦྱོར་ངན་ལོག་པ་ཟློག །ཚེ་བདག་ནག་པོས་མཐུ་གཏད་ལོག་པ་ཟློག །བདུད་རྩི་འཁྱིལ་པས་བགེགས་རིགས་སྟོང་ཕྲག་ཟློག །འཁོར་ཚོགས་ཁྲོ་བོས་གནོད་བྱེད་ཐམས་ཅད་ཟློག །མ་གཡེལ་ལས་མཛོད་དཔའ་བོ་ཁྲོ་རྒྱལ་ཚོགས། །མཐུ་སྟོབས་དུས་ལ་བབ་བོ་སཱ་མཱ་ཡ། །ༀ་བཛྲ་མ་ཧཱ་ཀྲོ་དྷ་ཡ་མ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ར་ཙ་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །སུ་ཏྲ་རཀྵ་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེན་ཉམ་ང་ཐམས་ཅད་མཱ་ར་ཡ་བྷོ་བྷོ༔ ཟློག་ཟློག༔ ཅེས་ཁྲོ་བོ་


CMR023_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དྲིལ་དྲག་སྔགས་དང་ཟློག་སྔགས་སོ། ༈ །མཁའ་འགྲོ་རྒྱ་མཚོའི་ཟློག་པ། ཧཱུྃ། དཔའ་མོ་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །སྲིད་པའི་ཆག་ཆེན་ཉམ་ང་ཐམས་ཅད་ཟློག །གསང་བ་ཡེ་ཤེས་མཁའ་འགྲོའི་བཀའ་ཆད་ཟློག །རིགས་བཞི་མཁའ་འགྲོས་གིང་བཞིའི་བཀའ་ཆད་ཟློག །ལྷན་ཅིག་སྐྱེས་མས་རྩ་རླུང་གེགས་སྐྱོན་ཟློག །ཞལ་གཉིས་མ་ཡིས་མཐའ་གཉིས་ལྟུང་བ་ཟློག །ཞལ་བཞི་མ་ཡིས་རྟག་ཆད་མུ་བཞི་ཟློག །དབུ་བཅད་མ་ཡིས་བདག་འཛིན་རྩད་ནས་ཟློག །དོན་གྲུབ་མ་ཡིས་བསམ་པའི་བར་ཆད་ཟློག །མཁའ་སྤྱོད་དཀར་དམར་སྒྲུབ་པའི་བར་ཆད་ཟློག །ཁྲོས་མ་ནག་མོས་ལྟས་ངན་བརྒྱད་ཅུ་ཟློག །སེང་གདོང་མ་ཡིས་བནྡེའི་བྱད་ཁ་ཟློག །སྟག་གདོང་མ་ཡིས་བོན་པོའི་བྱེད་ཁ་ཟློག་་།དོམ་གདོང་མི་ཡིས་མུ་སྟེགས་བྱེད་ཁ་ཟློག །ཕྲ་མེན་བཅུ་བཞིས་མི་རུང་སྣ་ཚོགས་ཟློག་་་་་ཀུ་རུ་ཀུལླེས་སྐྱེ་དགུའི་སྡོང་བོ་ཟློག་སྒྲོལ་མ་ཉེར་གཅིག་འཇིགས་པ་ཐམས་ཅད་ཟློག །ཡིད་བཞིན་འཁོར་ལོས་དུས་མིན་འཆི་བ་ཟློག །སེང་ལྡེང་ནགས་སྒྲོལ་འཇིགས་པ་རྣམ་བརྒྱད་ཟློག །ཤེར་ཕྱིན་དཀར་མོས་བླུན་རྨོངས་གཏི་མུག་ཟློག །སྣ་


CMR023_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཡུམ་གྱིས་འཇིགས་ཆེན་བཅུ་དྲུག་ཟློག །སྐུལ་བྱེད་མ་ཡིས་ནད་རིགས་ཐམས་ཅད་ཟློག །དུག་སེལ་མ་ཡིས་དུག་ནད་ཐམས་ཅད་ཟློག །ལྕགས་སྒྲོག་མ་ཡིས་གཅན་གཟན་གནོད་པ་ཟློག །འོད་ཟེར་ཅན་གྱིས་དགྲ་དང་ཆོམ་རྐུན་ཟློག །གདུགས་དཀར་མོ་ཡིས་རིག་སྔགས་བྱད་སྟེམས་ཟློག །གཙུག་ཏོར་གདུགས་ནག་སྣང་སྲིད་བྱད་ཁ་ཟློག །རི་ཁྲོད་མ་ཡིས་རིམས་ནད་ཐམས་ཅད་ཟློག །སྲུང་བ་ལྔ་ཡིས་གདོན་ཆེན་བཅོ་ལྔ་ཟློག །དབྱངས་ཅན་མ་ཡིས་ཁྲག་ནད་རྒྱུ་གཟེར་ཟློག །ཁྲོ་གཉེར་ཅན་གྱིས་འཇིགས་དང་སྡུག་བསྔལ་ཟློག །ལྷ་གཅིག་གཉིས་ཀྱིས་མཁའ་འགྲོའི་སུན་མ་ཟློག །ལབ་ཀྱི་སྒྲོལ་མས་སྣང་སྲིད་ལྷ་འདྲེ་ཟློག །གནས་ཡུལ་མཁའ་འགྲོས་དུས་འཁྲུག་མཚོན་གྲི་ཟློག །ཊཱའི་བྱེ་བས་གནོད་བྱེད་མ་ལུས་ཟློག །འབུམ་ཕྲག་མཁའ་འགྲོས་དལ་ཡམས་རིམས་ནད་ཟློག །མ་གཡེལ་ལས་མཛོད་མ་སྲིང་མཁའ་འགྲོའི་ཚོགས། །རྫུ་འཕྲུལ་དུས་ལ་བབ་བོ་ས་མཱ་ཡ། །ཨོ་དྷ་མ་གྷ་ཡེ་ན་མ་སྭཱ་ཧཱ། ང་པ་ཧ་རི་ནི་ས་ཧྲི་ཏ་སྭཱ་ཧཱ། ཨཀསམརཿཙཤདརསམརཡཕཊ༔ མཁའ་འགྲོའི་བཀའ་ཆད་བཟློག་པའི་སྔགས་དང་མཁའ་འགྲོ་མ་རི་རབ་སུམ་ཅུ་སོ་


CMR023_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་བཟློག་སྔགས་སོ། །རྒྱུད་གསང་བ་འདུས་པར། དེ་ནས་ཕུར་གདབ་སྦྱོར་སྒྲོལ་བསྐང་། །ཞེས་གསུངས་པས་སྐབས་འདིར་ཚོགས་ཀྱི་བསྒྲལ་ལས་བྱས་ཕུར་པ་བཏབ་ནས། བསྟབ་པ་བྱས་ལ་བསྐང་བ་གསོའོ། །གཏོར་ཟློག་ཡོད་དམ་གསར་མའི་ཚོགས་ཡིན་ན་མི་དགོས་སོ། །ཚོགས་མེད་ན་ཡང་མི་དགོས་སོ། ༈ །དེ་ནས་དམ་ཅན་རྒྱ་མཚོའི་ཟློག་པ་ཐམས་ཅད་བྱ་བ་ནི། ཧཱུྃ། དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །གནོད་བྱེད་དགྲ་བགེགས་ནད་གདོན་བྱད་ཁ་ཟློག །ལེགས་ལྡན་ནག་པོས་ལྷ་མིན་གནོད་པ་ཟློག །སྲས་མཆོག་ནག་པོས་སྒྲུབ་པའི་བར་ཆད་ཟློག །ཕྱོགས་བཅུའི་མགོན་པོས་ཕྱོགས་བཅུའི་དགྲ་བགེགས་ཟློག །ཧཱུྃ་མཛད་ནག་པོས་ཡེ་ཤེས་བྱད་ཁ་ཟློག །གུར་གྱི་མགོན་པོས་སྤྲུལ་པའི་བྱད་ཁ་ཟློག །པུ་ཏྲ་མིང་སྲིང་དཀོར་བདག་གནོད་པ་ཟློག །རང་བྱུང་རྒྱལ་མོས་ཁྲག་ནད་དེལ་ཁ་ཟློག །མ་མོ་བདུན་གྱིས་མ་མོའི་ཁ་རླངས་ཟློག །སྲིང་མོ་བཞི་ཡིས་གིང་བཞིའི་གནོད་པ་ཟློག །དུས་བཞིའི་ལྷ་མོས་དུས་བཞིའི་སྐག་རྣམས་ཟློག །འབར་མ་དགུ་ཡིས་རིགས་དྲུག་གནོད་པ་ཟློག །དམག་གི་རྒྱལ་མོས་དམག་སྣ་ཇག་སྣ་ཟློག །དབང་ཕྱུག་ཉེར་བརྒྱད་དལ་ཡམས་


CMR023_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་ཟློག །བྱ་རོག་མཚན་ཅན་ཞིང་སྐྱོང་གནོད་པ་ཟློག །སྐུ་ལྔ་མགོན་པོས་ཕྱོགས་ལྔའི་དགྲ་བགེགས་ཟློག །ནག་པོ་སྟོང་གིས་ནག་ཕྱོགས་གནོད་པ་ཟློག །ཤ་ཟ་འབུམ་གྱིས་ཤ་ཟའི་གནོད་པ་ཟློག །མ་མོ་བྱེ་བས་ཡམས་ནད་རིམས་ནད་ཟློག །གནོད་སྦྱིན་ཁྲི་ཡིས་གནོད་སྦྱིན་གནོད་འཚེ་ཟློག །དུད་སོལ་ལྷ་མོས་ནད་རིགས་བཞི་བརྒྱ་ཟློག །མ་མོ་འབུམ་གྱིས་རྐྱེན་ཁ་ནད་ཁ་ཟློག །བདུད་མོ་དཔོན་གཡོག་མ་བདུད་གནོད་པ་ཟློག །རེ་ཏི་མཆེད་བཞིས་ཁྲག་ནད་རྒྱུ་གཟེར་ཟློག །མྱུར་མཛད་མགོན་པོས་འདི་ཕྱིའི་བར་ཆད་ཟློག །ཇོ་བོ་གཟི་ལྡན་ཚོང་ཉེས་སྙིང་གཏོང་ཟློག །མགོན་དཀར་ཡིད་བཞིན་དབུལ་ཕོངས་ཐམས་ཅད་ཟློག །མ་ནིང་ནག་པོས་བྱད་ཁ་དྲོད་གཏོང་ཟློག །སྐུ་མགོན་དཀར་པོས་འཇིགས་པ་རྣམ་བརྒྱད་ཟློག །གསུང་མགོན་དམར་པོས་མི་ཁ་བྲ་མཆུ་ཟློག །ཡོན་ཏན་མགོན་སེར་དབང་ཐང་རྒུད་པ་ཟློག །ཏྲག་ཤད་ནག་པོས་སྒྲུབ་པའི་བར་ཆད་ཟློག །སྲོག་བདུད་ནག་པོས་ཚེ་སྲོག་བར་ཆད་ཟློག །དཔལ་འབར་མ་ཡིས་དཔལ་འབྱོར་ཉམས་པ་ཟློག །མ་ནིང་ཛཾ་ནག་ལོ་ཉེས་མུ་གེ་ཟློག །ཞང་བློན་སྡེ་དགུས་སྨན་ལོག་


CMR023_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་ལོག་ཟློག །སེང་གདོང་ཡབ་ཡུམ་བྱེད་ཁ་དྲོད་གཏོང་ཟློག །སྡེ་བརྒྱད་བམ་རོས་ཟ་འདྲེའི་གནོད་པ་ཟློག །སྲིན་མགོན་ཡབ་ཡུམ་སྲིན་པོའི་གནོད་པ་ཟློག་གདོང་བཞི་ཡབ་ཡུམ་འབྱུང་པོའི་གནོད་པ་ཟློག །དུར་ཁྲོད་བདག་པོས་དགྲ་ཇག་ཆོམ་རྐུན་ཟློག །དུར་ཁྲོད་བདག་མོས་དགྲ་རྐུན་ཇག་ཤོམ་ཟློག །ངེ་ནེ་མ་ཡིས་ཕྲན་ཚེགས་དཀོར་རྐུན་ཟློག །མགར་བ་དམར་ནག་ཕོ་ལྷོག་གླང་ཐབས་ཟློག །རཱ་ཧུ་ལ་ཡིས་གཟའ་ཡི་ནད་གདོན་ཟློག །ཤན་པ་དམར་ནག་ཁྲག་སྐྱུགས་སྐྱུགས་རིམས་ཟློག །ཚུ་སྔགས་སྲུང་སྲོག་སྒྲུབ་གློ་བུར་རིམས་གཟེར་ཟློག །ཁ་མོ་ཆེ་ཡིས་གོད་འདྲེ་ཤ་ཟན་ཟློག །སྤུ་གྲི་མཆེད་གསུམ་བྱད་ཁ་ཕུར་ཁ་ཟློག །འབར་བ་སྤྱན་བདུན་བཙན་སྲི་རྟ་ནད་ཟློག །བེག་རྩེ་ལུང་བཙན་བཙན་གྱི་རྐྱང་རྒྱུག་ཟློག །ཇག་པ་མེ་ལེན་བོན་བྱེད་རྦོད་གཏོང་ཟློག །རྒྱལ་ཆེན་སྐུ་ལྔས་རྒྱལ་འགོང་གནོད་པ་ཟློག །ཆོས་རྒྱལ་ཅིག་ཆར་དུས་མིན་འཆི་བ་ཟློག །ནཱ་ག་རཀཱས་ཀླུ་ཡི་ནད་གདོན་ཟློག །སྨྱོ་ཁ་ཡབ་ཡུམ་ཀླུ་གཏད་ཞ་གྲུམ་ཟློག །སྤྱང་ཞོན་རིགས་གཉིས་མོ་གདོན་གནོད་པ་ཟློག །སྡེ་དཔོན་སུམ་ཅུས་རང་རང་


CMR023_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ཟློག །སྔགས་བདག་བཅོ་བརྒྱད་རང་རང་དྲག་སྔགས་ཟློག །བཀའ་བརྒྱད་སྲུང་མས་དགྲ་བགེགས་ཐམས་ཅད་ཟློག །སྣང་སྲིད་ལྷ་འདྲེས་ལྷ་འདྲེའི་དལ་ཁ་ཟློག །མ་གཡེལ་ལས་མཛོད་དམ་ཅན་རྒྱ་མཚོའི་ཚོགས། །མཐུ་རྩལ་ཅི་འདུག་བལྟའོ་ང་རྒྱལ་ཅན། །དམ་ཚིག་དུས་ལ་བབ་བོ་ས་མཱ་ཡ། །ཨོཾ་མ་ཧཱ་ཀཱ་ལ་རེ་མ་ཏི་ཨ་ཡ་མ་དུ་རུ་ཙ་ཤུ་ན་གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ༔ ཟློག་ཟློག༔ ༈ ནོར་ལྷའི་ཟློག་པ། ཧཱུྃ། གཏེར་བདག་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ནས། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བགེགས་རྣམས་ཟློག །རྣམ་ཐོས་སྲས་ཀྱིས་ཆོས་སྲིད་རྒུད་པ་ཟློག །དབང་ཕྱུག་ཆེན་པོས་དབང་ཐང་རྒུད་པ་ཟློག །དཔལ་ཆེན་མོ་ཡིས་དཔལ་གཡང་ཉམས་པ་ཟློག་་ཛམ་ལྷ་རིགས་ལྔས་ཚེ་བསོད་ཟད་པ་ཟློག །ནོར་རྒྱུན་མ་ཡིས་ནོར་གཡང་ཉམས་པ་ཟློག །འབྲོག་གནས་མཆེད་ལྔས་ཕྱུགས་གཡང་ཉམས་པ་ཟློག །ཨ་པར་ཙིཏྟས་བང་མཛོད་གཡང་ཉམས་ཟློག །གནོད་སྦྱིན་ཕོ་དགུས་མི་ཕྱུགས་གཡང་ཉམས་ཟློག །གནོད་སྦྱིན་མོ་དགུས་མོ་དཔལ་ཉམས་པ་ཟློག །གནོད་སྦྱིན་བྱེ་བས་མངའ་ཐང་དཔལ་ཉམས་


CMR023_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །སྔགས་བདག་ཀླུ་བརྒྱད་ས་ཚིག་བཙའ་འབུ་ཟློག །ཡུལ་སྐྱོང་ལྔ་བརྒྱས་བཙའ་རིགས་བཞི་པོ་ཟློག །སྡེ་དཔོན་ཉེར་བརྒྱད་སྡེ་འཁྲུག་ཤོར་གོད་ཟློག་སྟོབས་ཆེན་སོ་གཉིས་སྟོབས་དང་གཟི་ཉམས་ཟློག །སྡེ་དཔོན་བཅུ་གཉིས་སྲིད་སྡེའི་གཡང་ཉམས་ཟློག །རེ་མནྟ་ཡིས་རྟ་གཡང་ཉམས་པ་ཟློག །ཀུ་བེ་ར་ཡིས་རྟ་ཡི་ནད་གདོན་ཟློག །གང་བ་བཟང་པོས་ལུག་གཡང་ཉམས་པ་ཟློག །ཕྱུགས་ལྷ་ལྗང་ཀུས་ཕྱུགས་གཡང་ཉམས་པ་ཟློག །གནོད་སྦྱིན་བྱེ་བས་སྐལ་ངན་མུ་གེ་ཟློག །ཚོགས་ཀྱི་བདག་པོས་ཚོགས་ལམ་འགག་པ་ཟློག །ཚེ་རིང་མ་ཡིས་རིགས་རྒྱུད་རབས་ཆད་ཟློག །གནོད་སྦྱིན་གང་མཛེས་ཟ་ཁ་འགག་པ་ཟློག །ཡེ་ཤེས་གྲགས་ཀྱིས་བཀྲེས་སྐོམ་བསེ་རག་ཟློག་མ་གཡེལ་ལས་མཛོད་གཏེར་བདག་ནོར་ལྷའི་ཚོགས། །མཐུ་བྱིན་ཅི་འདུག་བལྟའོ་དཔའ་བརྗིད་ཅན། །དངོས་གྲུབ་དུས་ལ་བབ་བོ་ས་མཱ་ཡ། །ཨོ་ཛམ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཀ་ཧཱུཾ་ཕཊསྭཱ་ཧཱ། ༈ ཕྱིའི་རྒྱུད་པའི་བཟློག་པ། ཧཱུྃ། ཕྱི་རྒྱུད་སྲུང་མའི་ཐུགས་དམ་བསྐངས་གྱུར་ནས། །མི་མཐུན་གནོད་པའི་ཕྱོགས་རྣམས་


CMR023_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཟློག །ལྷ་ཆེན་བརྒྱད་ཀྱིས་མངའ་ཐང་དཔལ་ཉམས་ཟློག །འདོད་པའི་དབང་ཕྱུག་བདུད་རིགས་བར་ཆད་ཟློག །དཔལ་མགོན་བདུན་ཅུས་འཇིག་རྟེན་གཡོ་འཁྲུག་ཟློག །དཀར་པོ་བརྒྱད་ཅུས་ནག་ཕྱོགས་བདུད་རིགས་ཟློག །མཁའ་རི་ལྕམ་དྲལ་གཏེར་སྲུང་འཁུ་ལྡོག་ཟློག །ཧ་བོ་གང་བཟང་རྟ་ནད་ལུག་ནད་ཟློག །རྡོ་རྗེ་རྒྱལ་པོས་ཀླུ་བདུད་གནོད་པ་ཟློག །ཐང་ལྷ་འབར་གྱིས་གྲི་བཙན་གནོད་པ་ཟློག །རྨ་ཆེན་སྤོམ་རས་རྨ་གཡང་ཉམས་པ་ཟློག །གཉན་ཆེན་ཐང་ལྷས་གཉན་ནད་ཐམས་ཅད་ཟློག །ཨ་ཕྱི་མཆེད་ལྔས་དྲེལ་གཡང་ཉམས་པ་ཟློག །བརྟན་མ་སྐྱོང་མས་ནད་ཡམས་དལ་ཁ་ཟློག །མགུལ་ལྷ་བཅུ་གསུམ་དུས་ཀྱི་འཁྲུག་པ་ཟློག །ས་བདག་ཚོགས་ཀྱིས་སོ་བདག་ནད་ཐོརྣམས་ཟློག །ལྷ་བྲན་བྱེ་བ་བརྒྱད་ཅུས་དགྲ་བགེགས་ཟློག །ས་ཡི་ལྷ་མོས་བཙའ་དང་ལོ་ཉེས་ཟློག །སྤར་སྨེ་ལོ་ཟླའི་བདག་པོས་སྐག་རིགས་ཟློག །གཟའ་སྐར་དུས་ཚེས་བདག་པོས་དུས་སྐག་ཟློག །ཡུལ་ལྷའི་ཚོགས་ཀྱིས་ཡུལ་འཆུག་འཁྲུག་ལོང་ཟློག །འཇིག་རྟེན་ལྷ་འདྲེ་ཀུན་གྱིས་ངན་དགུ་ཟློག །མ་གཡེལ་ལས་མཛོད་འཇིག་རྟེན་སྲུང་མའི་


CMR023_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །མཐུ་རྩལ་ཅི་འདུག་བལྟའོ་མཐུ་བོ་ཆེ། །ནུས་པ་དུས་ལ་བབ་བོ་ས་མཱ་ཡ། །ཨོཾ་སརྦ་ལོ་ཀ་པཱ་ལ་གནོད་བྱེད་ཐམས་ཅད་བྷོ་བྷོ༔ ཟློག་ཟློག༔ དཔལ་བཀའ་བརྒྱུད་ཀྱི་རྩ་རྒྱུད་གསང་བ་འདུས་པ་ལས། རྗེས་སུ་རྐྱེན་ཟློག་བྱོལ་ཆེན་གདབ། །དེ་རྣམས་རྫས་ཀྱི་ཕྱི་བསྐང་ཡིན། །ལྷ་ཚོགས་ཀུན་མཉེས་རྐྱེན་དབང་ཟློག །ཅེས་གསུངས་སོ། །རྗེས་ཆོག་སྤྱི་ལྟར་རམ། བསྡུ་ན། ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་བརྗོད་དུས་སུ་དེ་ལྟར་བསྐང་གསོ་བྱ་བ་གལ་ཆེ། འདི་ཐམས་ཅད་འདོན་པ་ནི་རྒྱས་པའོ། །གསོལ་ཁ་དང་། བཤགས་པ་རྒྱབ་མ་སྦྲུལ་ཤད་ཀྱི་བར་དེ་དང་། བླ་མའི་ཟློག་པ་དང་། ་་བདེ་གཤེགས་ཟློག་པ་དང་། ནོར་ལྷོ་དང་ཕྱི་རྒྱུད་པའི་ཟློག་པོ་རྣམས་སྐྱུར། དེ་འཕྲོ་ཐམས་ཅད་འདོན་པ་འབྲིང་པོ་ཡིན། གསོལ་ཁ་དང་བཤགས་པ་རྒྱབ་མ་དང་། བླ་མ་བདེ་གཤེགས་དང་། ཆོས་སྐྱོང་ནོར་ལྷ་ཕྱི་རྒྱུད་པ་རྣམས་ཀྱི་བཟློག་པ་སྐྱུར། དེ་འཕྲོ་འདོན་པ་ནི་བསྡུས་པའོ། །བསྐང་བ་བྱིན་རླབས་ནས་བསྐང་བའི་དམིགས་རིམ། བཤགས་པ་དང་ཡིག་བརྒྱའི་དམིགས་རིམ་འདོན། གཞན་དཀྱིལ་འཁོར་ལྔ་པོ་གང་འདོད་པ་གཅིག་མགོ་ནས་མཇུག་


CMR023_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསལ་ནས་འདོན་པ་ནི་ཤིན་ཏུ་བསྡུས་པ་ཡིན་ནོ། །བསྐང་བ་བྱིན་བརླབས་ནས་གསལ་ལྟར་ལྷ་སོ་སོ་དང་རྒྱུད་སྡེ་སོ་སོར་གང་ལ་གང་དགྱེས་སུ་སྤྲུལ་ནས་མཆོད་པའི་ཕྱིར། རྒྱུད་སྡེ་མཐོ་དམན་ཐམས་ཅད་ཕྱོགས་གཅིག་ཏུ་བྱས་པ་སྐྱོན་མེད་དེ། གསར་བསྐང་རྡོ་རྗེ་ཕྲེང་བ་ལས། སི་ཏི་ཀ་ར་ལ་སོགས་པའི་བྱ་བའི་རྒྱུད་ཀྱི་ཐུགས་དམ་བསྐང་། རྣམ་སྣང་མངོན་བྱང་ལ་སོགས་པའི་སྤྱོད་པའི་རྒྱུད་ཀྱི་ཐུགས་དམ་བསྐང་། །ཞེས་སོགས་དང་། དཔལ་ཆེན་སྐྲ་ལོས་བསྐང་མདོས་སྐབས་སུ་མགྲོན་རིགས་བཞི་ཀ་ལ་བསྔོ་བར་གསུངས། རཏྣ་གླིང་པ་པདྨ་གླིང་པ་སོགས་ཀྱིས་མཛད་པ། སོགས་དུ་མ་ལ་གསར་རྙིང་ལྷ་ཚོགས་བསྐང་ཡིག་གཅིག་ཏུ་བསྡུས་པ་ནི་ཆེས་མང་ངོ་། དེས་ན་ཐེ་ཚོམ་མི་བྱ་ཞིང་། ཏིང་ངེ་འཛིན་གསལ་བའི་ངང་ནས་འདོན་སྒོམ་སྦྲགས་ལ་ཞེ་ཐག་པ་ནས། འདི་ཚར་གཅིག་བཏོན་པས་ཀྱང་། བསྐལ་པ་གྲངས་མེད་པའི་སྡིག་སྒྲིབ་བྱང་ཞིང་བར་ཆད་སེལ་ནས་དངོས་གྲུབ་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་རྒྱུད་གཞུང་མན་ངག་ཐམས་ཅད་ཤིན་ཏུ་གབ་འཕྲོད་ཅིང་ཟབ་པ་དང་། གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་གྲངས་མེད་པ་ཚང་ནི་ཡོད་པའི་ཕྱིར་རོ། །དེ་ལྟར་བསྐང་གསོ་བྱས་ན། ཕྲིན་ལས་གང་འདོད་ཀྱི་ལས་ཚོགས་བརྩམས་པས་འགྲུབ་པར་གསུངས་ཏེ། བསྐང་ལུང་བཀའ་རྒྱ་མ་ལས། དེ་ལྟར་ཐུགས་དམ་བསྐངས་ནས་ནི། །ཞི་རྒྱས་དབང་དྲག་ལ་སོགས་པའི། །རྣལ་འབྱོར་ཅི་ལྟར་འདོད་པ་རྣམས། །ཕྲིན་ལས་སོ་སོར་བཅོལ་བར་བྱ། །ཞེས་གསུངས་བཀའ་བརྒྱད་མདངས་


CMR023_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་རྩ་བ་ལས་ཀྱང་། བསྐངས་ནས་ཡིད་ལ་བརྣག་པ་ཡི། །ཞི་རྒྱས་དབང་དྲག་ཕྲིན་ལས་བཅོལ། །ཞེས་གསུངས་སོ། །དེ་ནས་བསྐང་བའི་ཕན་ཡོན་འབྲས་བུ་ནི། སྐུ་རྒྱུད་ཤེལ་གྱི་རི་བོ་ལས། །དེ་ལྟར་ཐུགས་དམ་བསྐངས་ནས་ནི། །འབྲས་བུ་མཆོག་དང་ཐུན་མོང་ཀུན། །ཡེ་ཤེས་ལྷ་དགྱེས་སྩོལ་བར་འགྱུར། །ཅེས་དང་། བཀའ་བརྒྱད་རྒྱུད་གསང་བ་འདུས་པ་ལས། གཉིས་མེད་དོན་གྱི་ཐུགས་དམ་བསྐང་། །ཡེ་ཤེས་ལྷ་ཚོགས་ཀུན་མཉེས་ནས། །མཆོག་གི་དངོས་གྲུབ་རྒྱུན་མི་འཆད། །ཅེས་དང་། བཀའ་བརྒྱད་མདངས་བསྐང་རྩ་བ་ལས། བསྐང་བའི་འབྲས་བུ་བསྟན་པ་ནི། །མཆོག་དང་ཐུན་མོང་འབྱུང་བར་ངེས། །ཞེས་གསུངས་སོ། །བསྐང་ལུང་ལས་ཀྱང་། འདི་ལྟར་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་ཕོ་མོའི་ཉམས་ཆག་བསྐང་། །དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐང་། །ཚོགས་ཆེན་གཉིས་རྫོགས་སྒྲིབ་གཉིས་བྱང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །གནས་སྐབས་རྣལ་འབྱོར་ཅི་བསམ་འགྲུབ། །ཅེས་གསུངས་སོ། །རྩ་བ་གསུམ་གྱི་བསྐང་གསོ་དྲི་མེད་རབ་གསལ་ལས། བདག་འདྲ་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས། །ཕྱི་རབས་རྗེས་འཇུག་དོན་གྱི་ཕྱིར། །ཨུ་རྒྱན་རྗེ་ལ་འདི་སྐད་ཞུས། ་་ད་ལྟ་དུས་སྤྱོད་ལྟ་བ་ལ་སོགས་བཟང་། །ནམ་ཞིག་དུས་ངན་སྙིགས་མ་ལ། །སྔགས་ཀྱི་སྒོར་ཞུགས་མི་རྒོད་རྣམས། །དམ་ཚིག་གཞུང་བཞིན་མི་སྲུང་ཞིང་། །ཡེ་ཤེས་ལྷ་སྤང་འཇིག་རྟེན་སྒྲུབ། །རྒྱུ་འབྲས་རྣམ་སྨིན་གཙོར་མི་ལེན། །བསྐྱེད་


CMR023_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཡ་བྲལ་བོན་གྱེར་བྱེད། །ཚོགས་གཏོར་བསྐང་བཤགས་དུས་མཆོད་གཡེལ། །ལྟ་བའི་གདེང་མེད་སྒྲུབ་པ་མེད། །རྫས་མེད་བརྗེ་གླང་སྙིང་གི །དམ་ཅན་དྲེགས་པ་ལས་ལ་ཁོལ། །དེ་ལྟར་ཉམས་པའི་བཀའ་ཆད་ཀྱིས། །ཆེ་འདིར་མི་རུང་སྣ་དགུ་འབྱུང་། །ནད་མང་ཚེ་ཐུང་ལོངས་སྤྱོད་མེད། །ཕྱི་མ་དམྱལ་བའི་གནས་སུ་ལྟུང་། །དེ་ཕྱིར་ཉམས་ཆག་བསྐང་བའི་ཐབས། །ཡང་གསང་སྒྲུབ་ཐབས་ཆ་རྐྱེན་དུ། །གུ་རུས་བདག་ལ་གསུངས་བར་ཞུ། །ཞེས་ཕྱག་འཚལ་རང་ལུས་ཡོན་དུ་ཕུལ་ནས་ཞུས་པས། དེར་སློབ་དཔོན་ཆེན་པོས་བཀའ་སྩལ་པ། ཀྱེ་མ་རིགས་བཟང་ལྷ་ཡི་ལྕམ། །བདག་འདྲ་པདྨ་ཐོད་ཕྲེང་གིས། །རང་གི་སྒྲུབ་པ་རང་གིས་བརྩམས། །དེ་ཡི་ཉམས་ཆག་སྦྱོང་བའི་ཐབས། །རྩ་བ་གསུམ་གྱི་བསྐང་གསོ་བསྟན། །ཞེས་དང་། བླ་མ་དྲག་པོའི་བསྐང་བ་ཨོ་རྒྱན་ཉིད་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་ལས། དུས་ཀྱི་སྙིགས་མར་གྱུར་པ་ན། ཆོས་འདོད་བླ་མ་མི་འདོད་པའི་དུས་འབྱུང་སྟེ། གསང་སྔགས་ཀྱི་སྒོར་ཞུགས་ནས་དབང་དང་དམ་ཚིག་རྫོགས་པར་ཞུས་ནས་དམ་ཚིག་མི་སྲུང་། བླ་མ་ལ་ལོག་པར་བསྒོམ། རྒྱུ་འབྲས་ཁྱད་དུ་གསོད། མཆེད་གྲོགས་ནང་དམེ་བྱེད། དེར་མཁའ་འགྲོ་ཆོས་སྐྱོང་རྣམས་ཐུགས་ཁྲོས་ཏེ་ཕྱིར་གྱེས། དེའི་རྐྱེན་གྱིས་ཉམས་པ་ཅན་དེ་བློ་ལས་སུ་མི་རུང་། ནད་མང་དགེ་སྦྱོར་མེད། འཇིག་རྟེན་ཆོས་བརྒྱུད་དང་ལོག་འཚོའི་དབང་དུ་འགྲོ། སྒྲུབ་པ་ལ་རྟགས་དང་ནུས་པ་མེད། ཆོས་སྐྱོང་རྒྱབ་གྱེས་པས་མཐུ་དང་ནུས་པ་མེད། དགྲ་ཡིས་བརྙས། ཕྱི་


CMR023_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམྱལ་བར་ལྟུང་བ་མང་དུ་འབྱུང་བས། དེ་དག་བསྐང་བ་དང་གསོ་བ་དང་བཤགས་པར་བྱ་བ་གཅེས་གསུངས་པའི་ཕྱིར། དེང་སང་གསང་སྔགས་ཀྱི་སྒོར་ཞུགས་ནས་བསྐང་བ་འདི་ལ་ཐུགས་དམ་ཀྱི་མཐིལ་པོབྱེད་པ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །སྒྲུབ་པའི་བོགས་འདོན་པ་ལ་ཡང་བསྐང་བ་འདི་ཟབ་པར་གསུངས་ཏེ། མགོན་པོའི་སྤྱི་རྒྱུད་ཆེན་པོ་གྲི་གུག་བརྩེགས་པ་ལས། གལ་ཏེ་ལོ་ཟླ་དུ་མར་ཡང་། །བསྒྲུབས་ཀྱང་ནུས་པ་མ་བྱུང་ན། །ཐུགས་དམ་མ་བསྐངས་འགྱོད་པས་ན། །རྩལ་འདོན་ཐབས་ནི་མཆོད་གཏོར་དང་། །བསྐང་བཤགས་དམ་ཚིག་སྡོམ་གནས་དང་། །ཞེས་སོགས་གསུངས་སོ། །རྐྱེན་ཕྱི་ནང་གི་བར་ཆད་སེལ་བ་ལ་ཡང་བསྐང་བ་འདི་ཟབ་སྟེ། པཎྜི་ཏ་རྡོ་རྗེ་གདན་པས་ཀླུ། མཛད་པའི་བདེ་མཆོག་གི་བསྐང་བ་རིན་ཆེན་ཕྲེང་བར། ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས། །ཕྱི་ཡི་བར་ཆད་ཕྱི་རུ་སོལ། །ནང་གི་བར་ཆད་ནང་དུ་སོལ། །ཞེས་གསུངས་སོ། ཆོས་སྐྱོང་ལས་སྦྱོར་ལ་བསྐང་བ་གལ་ཆེ་སྟེ། མ་ནིང་བསྐང་གསོ་གཏེར་གཞུང་ལས། བསྙེན་སྒྲུབ་ལས་ལ་སྦྱར་བ་དང་། །ཐུགས་དམ་བསྐང་དང་ཉམས་ཆག་བཤགས། །དགྲ་ལ་རྦད་དང་གཏང་རག་གཏོང་། །རྣལ་འབྱོར་ཚེ་སྲོག་རྒྱས་པའི་ཕྱིར། །ཆོས་སྐྱོང་ཆེན་པོའི་བསྐང་གསོ་བསྟན། །ཞེས་གསུངས་སོ། །པཎྜི་ཏ་ཨ་བྱཱ་ཀ་རས་མཛད་པའི་མགོན་པོའི་བསྐང་བ་རིན་ཆེན་ཕྲེང་བར་ཚོགས་དང་གཏོར་མ་བསྐང་བ་ལ་སོགས་ལ་ཚུལ་བཞིན་བྱའོ། །དེ་ལྟར་དུས་རྟག་ཏུ་མ་འགྲུབ་ཀྱང་། ལོ་དུས་དང་ཟླ་བའི་དུས་


CMR023_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་མ་ཆག་པར་བྱས་ན། རྣལ་འབྱོར་པ་ཚེ་རིང་བ་དང་བར་ཆད་ཞི་བ་དང་། དངོས་གྲུབ་ཐམས་ཅད་འབྱུང་བ་དང་། ལུས་ངག་ཡིད་གསུམ་གྱི་ནུས་པ་སྣ་ཚོགས་ཐོན་པ་དང་། ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། བཀའི་བསྟན་པ་སྐྱོང་བ་ཐམས་ཅད་ལ་མངའ་ཐང་ཤིན་ཏུ་དར་བར་འགྱུར་རོ། །ཞེས་གསུངས་སོ། །ཡང་མགོན་པོའི་འཁུ་ལྡོག་བྱུང་ན་ཡང་བསྐང་བས་ཞི་སྟེ། ནག་པོ་སྟོང་བསྐང་པཎྜི་ཏ་རྡོ་རྗེ་གདན་པ་ཤཱི་ན་ལེནྡྲའི་གཙུག་ལག་ཁང་དུ་མཛད་པ་ལས། ནག་པོ་ཆེན་པོ་སྒྲུབ་པའི་ཚེ། །དམ་ཚིག་འཁུ་ལྡོག་བྱུང་བ་ན། །སྙིང་མི་དགའ་ཞིང་ཚིག་པ་ཟ། །ཤེས་པ་བྱིང་རྨུགས་ནད་ཀྱིས་ཐེབས། །རིམས་ནད་གློ་གཟེར་བཏབ་པ་ན། །དེ་ལ་བསྐང་བའི་ཐབས་གསུམ་སྟེ། །ཕྱི་དང་ནང་དང་གསང་བ་གསུམ། །ཞེས་སོགས་གསུངས་སོ། །ཡང་མ་མོ་མཁའ་འགྲོ་འཁྲུགས་པ་དང་རིམས་ནད་དལ་ཡམས་འབབ་པ་ལ་ཡང་། བསྐང་བས་ཞི་སྟེ། མ་མོའི་འཁྲུགས་བསྐང་སློབ་དཔོན་པདྨས་མེ་ལྕེ་འབར་བའི་རྒྱུད་ལས་བཏུས་པ་ལས། སྐྱེ་བོ་རང་དགའ་སྡིག་སྤྱོད་ཚེ། །དེ་ཚེ་སྲིད་པའི་མ་མོ་འཁྲུགས། །འཁྲུགས་པའི་མ་མོ་བསྐང་བར་བྱ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས་མཛད་པའི་མ་མོའི་ཁྲག་མདོས་ལས། སྡེ་འཁྲུགས་ནང་དམེ་བྱེད་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །ནད་ཀྱི་ཁ་རླངས་ནག་པོ་གཏོང་། །མཁའ་ལ་ནད་སྤྲིན་ནག་པོ་འཁྲིགས། །བུད་མེད་ནག་མོས་སྟོང་གསུམ་གང་། །དེ་ཚེ་ནད་ཀྱི་བསྐལ་པ་དར། །ཞེས་སོགས་དལ་ཡམས་ཆེན་པོ་འབྱུང་བར་གསུངས་ནས།


CMR023_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ས་མཱ་ཡ། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཅེས་དང་། དེའི་ལོ་རྒྱུས་དང་བསྐང་བས་ཕན་ཚུལ་རྒྱ་ཆེར། རྒྱུད་མེ་ལྕེ་འབར་བའི་ལུགས། ལྕོག་རོ་ཀླུའི་རྒྱལ་མཚན་གྱིས་སློབ་དཔོན་པདྨ་ལ་ཞུས་ནས་བསྒྱུར་བ་རྒྱ་ཆེར་འབྱུང་ངོ་། །ཡང་མ་མོའི་རྒྱུད་ལུང་གི་བསྐང་གསོ། སློབ་དཔོན་པདྨས་མཛད་པ་ལས། བསྐང་གསོའི་ཆོ་ག་འདི་ནི། མཆོག་ཆེན་བསྒྲལ་བའི་དུས་སུའམ། མ་མོའི་མཚན་ལྟས་ངན་ནམ་ལྟས་མི་དགེ་བ་བྱུང་ངམ། དྲག་པོའི་ལས་སྦྱོར་དུས་སུ་སྔོན་དུ་བསྐང་བཤགས་འདི་བྱའོ། །ཞེས་གསུངས་པས་ཐན་ལྟས་ངན་པ་བྱུང་ན་ཡང་བསྐང་བས་སེལ་ལོ། །དུས་མིན་འཆི་བ་བཟློག་པ་སོགས་རིམ་གྲོའི་མཆོག་ཀྱང་བསྐང་བ་ཡིན་ཏེ། ༈ དམ་ཚིག་ཉམས་ཆག་བསྐང་བའི་ཆོ་ག་ཞེས་བྱ་བ་ལས། ཨེ་མ་ཧོ། བཅོམ་ལྡན་འདས་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ལ། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་བྱུང་ན་ཇི་ལྟར་བསྐང་། དམ་ཅན་འཁྲུགས་ན་གྲལ་ལ་ཅི་ལྟར་བཞུགས། བཀའ་ཆད་བྱུང་ན་ཇི་ལྟར་ཟློག །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉམས་པ་རྣམས་ནི་ཚོགས་ཀྱིས་བསྐང་། །དམ་ཅན་འཁྲུགས་ན་བམ་གྱིས་བཅོས། །བཀའ་ཆད་བྱུང་ན་མདོས་ཀྱིས་ཟློག །སེམས་ཅན་དུས་མིན་འཆི་བ་ལ། །བསྐང་བའི་ཆོ་ག་འདི་ལྟར་རོ། །ཞེས་གསུངས་


CMR023_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སོ། ༈ །ཡང་གཟའི་ནད་དང་གཟའི་འཁུ་ལྡོག་ལ་ཡང་བསྐང་བ་འདི་ཡིས་ཕན་ཏེ། གཟའ་བདུད་དུག་གི་སྤུ་གྲིའི་བསྐང་གསོ་གཏེར་གཞུང་ལས། བརྒྱལ་ནད་མགོ་འཁོར་སྨྱོ་འབོག་སོགས། །དམ་ཚིག་འཁུ་ལྡོག་བྱུང་བ་ན། །།ཐུགས་དམ་བསྐང་བའི་རིམ་པ་ནི། །ཞེས་གསུངས་སོ། །དེ་བཞིན་གཟའི་རྭ་བསྐང་ཨོ་རྒྱན་གྱིས་མཛད་པ་ལྟར། ཉམས་པ་དང་འཚེར་རྩུབ་ཆེ་ན་རས་བསྐང་། རྭ་ལ་དར་ཚོན་སྣ་ཚོགས་བཏགས་ཉམས་དང་འཚེར་རྩུབ་འབྲིང་ཙམ་བྱུང་ན་གཏོར་མས་བསྐང། ཉམས་པ་དང་འཚེར་རྩུབ་ཆུང་ན་བསྐང་བ་མི་འཚལ། ཞེས་གསུངས་པ་དང་། གཟའ་བདུད་མིག་དམར་ཤན་པ་དམར་ནག་གི་བསྐང་གསོ་གཏེར་གཞུང་ལས། དེ་ཡང་གནོད་སྦྱིན་ཆེན་པོ་མཐུ་རྩལ་སྟོང་གསུམ་ན་ཆེ་བས། རྣལ་འབྱོར་པས་སྒྲུབ་ཚེ་ཐུགས་དམ་མ་བསྐང་ངམ། དམ་ཚིག་འཁུ་ལྡོག་བྱུང་ན་སྙིང་མི་དགའ་ཞིང་ཚིག་པ་ཟ། ཤེས་པ་བྱིང་རྨུགས་ནད་ཀྱིས་ཐེབས། རིམས་ནད་ལྷོག་གཟེར་ལ་སོགས་སྟབས་ཉེས་འབྱུང་བས། དེ་ཚེ་བསྐང་གསོལ་ཐུགས་དམ་བསྐང་། གཞན་ཡང་རྒྱུན་དུ་བསྐང་གསོལ་བརྩོན་པར་བྱས་ན། རྣལ་འབྱོར་པའི་ཕྲིན་ལས་འགྲུབ་པ་དང་། ཕྱི་ནང་གི་བར་ཆད་སེལ། ཚེ་བསྲིང་ནོར་འཕེལ་སྙན་གྲགས་བསོད་ནམས་འབྱུང་། ཡོན་ཏན་དཔག་ཏུ་མེད་པས་བསྐང་བ་ནི། ཞེས་དང་། འདི་ལྟར་བསྐང་བ་ལ་བརྩོན་ན། བཀྲ་ཤིས་མི་ནོར་འཕེལ། རྐྱེན་དང་བར་ཆད་བསྲུང་། དགྲ་བགེགས་ཚར་གཅོད། ལུས་དང་གྲིབ་མ་ལྟར་འགྲོག་ཅིང་། ཅི་བཅོལ་བུ་བས་ཉན། འཕྲལ་


CMR023_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཕུགས་གཉིས་ལ་བཀྲ་ཤིས། ཞེས་གསུངས་ཏེ། ཆོས་སྐྱོང་གང་ལ་ཡང་ཕན་ཡོན་དེས་རིགས་འགྲེས་སོ། །ཡང་སྐྱེས་བུ་ཆེན་པོ་སོགས་དགེ་བསྙེན་བརྟན་མ་སོགས་ལ་ཡང་ཕྲིན་ལས་བཅོལ་ན་བསྐང་བ་བྱས་པས་འགྲུབ་སྟེ། དམ་ཅན་བསྐང་གསོ་ཆེན་མོ་ཨོ་རྒྱན་རིན་པོ་ཚེས་མཛད་པ་ལས། དམ་ཅན་ལས་ལ་ཁོལ་བ་དང་། །ཉམས་ཆག་བསྐངས་ནས་དངོས་གྲུབ་བླངས། །དགྲ་བོ་ཆམ་ལ་ཕབ་པའི་ཕྱིར། །བསྐང་གསོ་དག་ལ་འབད་པར་བྱ། །དེ་ཡང་དུས་ཀྱི་བསྐང་གསོ་དང་། །མ་འགྲུབ་ལས་ལ་ཆད་པ་དང་། །འགྲུབ་ནས་གཏང་རིག་བཏང་བ་དང་། །དོན་ཆེན་སྒྲུབ་བམ་ཤུལ་རིང་འགྲོ། །དམ་ཅན་བསྐང་ཕྱིར་འདི་ཉིད་བྲིས། །ཞེས་གསུངས། ཡང་ནོར་དང་རིགས་རྒྱུད་ལྟའཕེལ་བ་ལ་ཡང་། བསྐང་གསོས་འབྱུང་སྟེ། རྣམ་སྲས་ནོར་ལྷའི་ཚོགས་ཀྱིས་བསྐང་གསོ་རིན་ཆེན་སྤུང་པ། ཨོ་རྒྱན་རིན་པོ་ཆེས་མཛད་པ་ལས། ཞེས་བསྐང་གསོལ་དུས་བཟང་པོའམ། རྟག་ཏུ་བྱས་ན་ལྷའི་དཔལ་འབྱོར་དང་ལྡན་པ་འབྱུང་ན། འགྲོ་བའི་རྣམ་ཤེས་ལྟ་ཅི་སྨོས། གླིང་བཞི་སྲིད་གསུམ་དབང་དུ་འདུས། །ཞེས་གསུངས་སོ། །དེ་ལྟར་ལྷ་སོ་སོའི་བསྐང་བ་དང་། བསྐང་བའི་རྒྱུད་རྒྱ་གཞུང་ཐམས་ཅད་ཀྱི་ཕན་ཡོན་ཐམས་ཅད་སྣང་བ་ཉུང་ངུ་འདི་ཁོ་ན་ལུང་འདྲེན་ཧ་ཅང་འདི་འཐད་དམ་སྙམ་ན་འཐད། འདི་ནི་རྒྱུད་རྒྱ་གཞུང་ནས་སོ་སོའི་བསྐང་གསོ་དེ་ཐམས་ཅད་ཀྱི་དོན་འདིར་འདུས་ཤིང་མ་ཚང་བ་མེད་པའི་ཕྱིར་རོ། །ཨེ་མ་རྒྱུད་དང་རྒྱ་གཞུང་མང་པོ་ཕུག་ཆེ་ཞིང་། །གནད་ཀྱི་དམིགས་རིམ་


CMR023_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པས་བྱིན་རླབས་ཆེ། །ལྷ་ཚོགས་རྣམ་གྲངས་མང་བས་ཁྱབ་ཆེ་ཞིང་། །ཚིག་ཉུང་འཁྱེར་བར་བདེ་བས་ཕན་ཆེ་ཞིང་། །ཆེ་བ་བཞི་ལྡན་བསང་ཡིག་མདོར་བསྡུས་འདི། །སྒྲུབ་ལ་བརྩོན་པའི་རྣལ་འབྱོར་ཡང་དག་པས། །ཉེར་མཁོའི་བསྐང་ཡིག་མང་པོ་མཎྜལ་བཅས། །ཉེ་བར་བསྐུལ་ཕྱིར་འཕྲལ་དུ་བྲིས་པ་ལ། །ཉེས་འགལ་གང་མཆིས་ལྷ་ལ་བཤགས་བགྱིས་ཤིང་། །དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་པ་སྔགས་འཆང་རཱ་ག་ཨ་སྱས་ཆུ་སྦྲུལ་མགོ་ཟླའི་ནག་པོའི་ཕྱོགས། ཉི་མ་ལྔའི་ཐུན་ལ་བྲིས་པས་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་ཆེན་པོའི་བསྐང་བཤགས་ཀྱི་ཆོ་ག་ཉམས་ཆག་སྦྱོང་བྱེད་བདུད་རྩིའི་ཆུ་རྒྱུན།next