Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་རྒྱ་མཚོ་ལྔ་ཡི་བསྐང་སྤུང་རྒྱུན་ཁྱེར།


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་རྒྱ་མཚོ་ལྔ་ཡི་བསྐང་སྤུང་རྒྱུན་ཁྱེར།no next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་རྒྱ་མཚོ་ལྔ་ཡི་བསྐང་སྤུང་རྒྱུན་ཁྱེར།


CMR023_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་རྒྱ་མཚོ་ལྔ་ཡི་བསྐང་སྤུང་རྒྱུན་ཁྱེར་བཞུགས་སོ།།


CMR023_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་གསང་འདུས་རྩ་རྒྱུད་ལས། །ནང་དུ་ཏིང་ངེ་འཛིན་གྱིས་བསྐང་། །རང་ཉིད་ཐུགས་ཀའི་ཧཱུྃ་འཕྲོས་ཏེ། །སྣོད་ཀྱི་འཇིག་རྟེན་གཞོང་པ་རུ། །བཅུད་ཀྱི་སེམས་ཅན་འདོད་ཡོན་སྲུང་། །རིག་པ་ལྷ་མོའི་ཚོགས་འཕྲོས་ཏེ། །གཟུགས་སྤྱན་སྒྲ་སྙན་དྲི་ཤངས་དང་། །རོ་མཆོག་ལྗགས་ལ་རེག་བྱ་ཆོས། །སྣང་སྲིད་བཅུད་ཀྱི་ཐུགས་དམ་བསྐང་། །འདོད་ཡོན་དབང་པོ་ལྔར་ཐིམ་ནས། །ལྷ་མཉེས་ཕྲིན་ལས་འགྲུབ་པར་བསམ། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃསྭཱ་ཧཱ། ཞེས་བསྐང་རྫས་ཀྱི་གཟུགས་འབུར་དུ་བཏོད་པའམ་རི་མོར་བྲིས་པ་གཏོར་མ་ལ་གཟུགས་པ་ཡོད་ན་རབ་ཡིན་ལ། མ་འབྱོར་ན་རྒྱུན་གཏོར་ལྟ་བུ་


CMR023_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུགས་དམ་གཏོར་མ་ཤ་ཟན་གྱིས་གསོས་ནས། ཧཱུཾ་ཧཱི༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །རིགས་བདག་སྣང་བ་མཐའ་ཡས་ནི། །སྐུ་མདོག་དམར་པོ་མཉམ་བཞག་མཛད། །ལོངས་སྤྱོད་རྫོགས་སྐུ་མཚན་དཔེས་སྤྲས། །འཁོར་དུ་རིགས་ཀྱི་སེམས་དཔས་བསྐོར། །འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །ཚེ་དབང་རྒྱས་པའི་དངོས་གྲུབ་སྩོལ། །ཧཱུྃ། རི་བོ་ཏ་ལའི་ཕོ་བྲང་ནས། །ཐུགས་རྗེའི་བདག་ཉིད་སྤྱན་རིས་གཟིགས། །ཕྱག་བཞི་དྲི་མེད་སྐུ་མདོག་དམར། །རིན་


CMR023_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མཛེས་པའི་རྒྱན་གྱིས་བརྒྱན། །བསྐལ་བཟང་སངས་རྒྱས་སྟོང་གིས་བསྐོར། །ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩོལ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་འདིས། །རྒྱལ་བ་རྒྱ་མཚོ་བླ་མ་དང་། །ཡི་དམ་རྒྱ་མཚོའི་ཐུགས་དམ་བསྐང་། །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །ཧཱུྃ། རྔ་ཡབ་དཔལ་རིའི་གཞལ་ཡས་ནས། །སྤྲུལ་སྐུ་པདྨ་འབྱུང་གནས་ནི། །སྐུ་མདོག་དཀར་དམར་རྡོར་དྲིལ་བསྣམས། །སྙན་ཞུ་ཟ་བེར་ཆོས་གོས་མཛེས། །འཁོར་དུ་མཁའ་འགྲོ་སྡེ་ལྔས་བསྐོར། །འགྲོ་བའི་མགོན་ལ་ཕྱག་འཚལ་བསྟོད། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །སྐུ་ལྔ་མཚན་བརྒྱད་ཐུགས་དམ་བསྐང་། །དྲག་པོ་ཐོད་ཕྲེང་ཐུགས་དམ་བསྐང་། །མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་བསྐང་། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ཧཱུྃ། དཔལ་ཆེན་ཞི་ཁྲོ་ཡབ་ཡུམ་སྲས་དང་བཅས། །རྣམ་འགྱུར་ཆ་ལུགས་སྤྲུལ་བསྒྱུར་དུ་མའི་བདག །དཀྱིལ་འཁོར་དགུ་རྫོགས་དངོས་གྲུབ་མཛོད་ཆེན་པོ། །དགོངས་འདུས་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །


CMR023_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཐུགས་དམ་གཉན་པོ་བསྐང་བའི་ལྷ་ཚོགས་ནི། །སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང་། །བཀའ་བརྒྱད་རིག་འཛིན་རྣམས་ཀྱི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་དམ་ཚིག་ཉམས་ཆག་བསྐང་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཡིད་ལ་མནག་པའི་དགྲ་བགེགས་སྒྲོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། སྣང་སྲིད་ཕུར་པས་གདབ་པའི་ཕྱིར། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་། །ཡབ་ཡུམ་གཉིས་སུ་མེད་པའི་ཕྱིར། །འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང་། །རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་། ཁམས་དང་སྐྱེ་མཆེད་གནས་དག་པའི། །ཞི་བའི་ལྷ་ཚོགས་ཀློང་དུ་བསྐང་། །ཉོན་མོངས་རྟོག་པ་གནས་གྱུར་པའི། །ཁྲོ་བོའི་ལྷ་ཚོགས་ཀློང་དུ་བསྐང་། །མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད། །བསྐང་དུ་མེད་དེ་སྐྱེ་མེད་ངང་དུ་བསྐང་། །སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར། །བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས་སུ་བསྒྲལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་


CMR023_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཐུགས་དམ་བསྐང་། །ཧཱུཾ། བྷནྡྲ་ཡངས་པའི་གཏོར་གཞོང་དུ། །དགྲ་བགེགས་ཤ་ཁྲག་ཐོད་ཚིལ་སྤུངས། །ཞག་དང་རླངས་པ་ཆི་ལི་ལི། །ནག་པོ་ལྕགས་རལ་ཐུགས་དམ་བསྐང་། །མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་ཟས། །སྦྱོར་སྒྲོལ་ཏིང་འཛིན་ཚོགས་མཆོད་དང་། །ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས། །དབང་ཆེན་ལྷ་ཚོགས་ཐུགས་དམ་བསྐང་། །ནཱ་ག་རཀཱའི་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ ལྷག་པའི་ལྷ་མཆོག་པདྨ་དབང་གི་ཚོགས། །དུས་རྣམས་རྟག་ཏུ་ཁྲོ་རྒྱལ་ཁྱོད་སྒྲུབ་སྟེ། །སྲོག་གི་ཕྱིར་ཡང་ཡི་དམ་མི་སྤངས་ན། །ཡེ་ཤེས་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །ཁྲོ་རྒྱལ་འཁོར་བཅས་ཁྱེད་ཀྱི་གཟི་བརྗིད་ཀྱིས། །བར་ཆད་བགེགས་ཀྱི་ཚོགས་རྣམས་བསལ་ནས་ཀྱང་། །བྱམས་པའི་ཞལ་བཟང་དངོས་སུ་བསྟན་པ་དང་། །སྒྲུབ་པའི་འབྲས་བུ་དུས་འདིར་བསྟན་དུ་གསོལ། །ཧཱུྃ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །སུམ་ཅུ་རྩ་དགུའི་ལྷ་ཚོགས་ཐུགས་དམ་བསྐང་། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་བྷེ་ཏ་ཡུམ། །ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང་། །བཛྲ་རཏྣ་པདྨ་ཀརྨ་ཡི། །ཡ་མཱནྟ་ཀ་


CMR023_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཡབ་ཡུམ་དང་། །ཁྲོ་ཆུ་དུག་གདོང་དུག་ཏི་ནག་མོ་ཡུམ། །ལས་གཤིན་དྲུག་དང་བཅས་པའི་ཐུགས་དམ་བསྐང་། །རྡོ་རྗེ་འཇིགས་བྱེད་དུག་སྦྲུལ་ནག་མོ་ཡུམ། །ཡ་མ་རཱ་ཙ་མྱོས་བྱེད་འབར་བ་དང་། །ཨཅུ་མེ་རུ་རལ་པ་ཚར་དགུ་དང་། །དམ་ཅན་ཅིག་ཆར་དམར་པོའི་ཐུགས་དམ་བསྐང་། །ཚེ་བདག་འབར་བ་འཆར་ཁ་ནག་པོ་དང་། །ཆོས་རྒྱལ་ལ་སོགས་དམ་ཅན་གཤིན་རྗེའི་ཚོགས། །ཕྱོགས་སྐྱོང་གཤིན་རྗེ་གྲི་ཐོགས་ཁྲམ་ཐོགས་དང་། །ཤོ་ཐོགས་ཤན་པའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཕྱི་ནང་གསང་མཆོག་ཚོགས་ཀྱི་ཡོ་བྱད་ཀྱིས། །བསྐང་ངོ་བསྐལ་པར་ཐུགས་དམ་གཉན་པོ་བསྐང་། །རྣལ་འབྱོར་བདག་གི་གཡར་དམ་སོར་སྩོལ་ཅིག །མཆོག་ཐུན་ཕྲིན་ལས་ཀུན་འགྲུབ་དངོས་གྲུབ་སྩོལ། །རྐྱེན་ངན་བར་ཆད་མ་ལུས་བཟློག་ཅིང་བསྒྱུར། །ཧཱུྃ། བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །དཔའ་བོ་རྒྱ་མཚོའི་ཐུགས་དམ་བསྐང་། །དཔའ་མོ་རྒྱ་མཚོའི་ཐུགས་དམ་བསྐང་། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །ལས་ཀྱི་


CMR023_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་ཐུགས་དམ་བསྐང་། །འཇིག་རྟེན་མགོན་པོའི་ཐུགས་དམ་བསྐང་། །སྲས་མཆོག་ནག་པོའི་ཐུགས་དམ་བསྐང་། །དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་། །དབུགས་ལེན་ཡབ་ཡུམ་ཐུགས་དམ་བསྐང་། །ཕྱོགས་བཅུ་མགོན་པོའི་ཐུགས་དམ་བསྐང་། །དྲེགས་པ་དོན་གཉིས་ཐུགས་དམ་བསྐང་། །དྲེགས་པ་རྣམ་གསུམ་ཐུགས་དམ་བསྐང་། །མ་མོ་བདུན་གྱི་ཐུགས་དམ་བསྐང་། །སྲིང་མོ་བཞི་ཡི་ཐུགས་དམ་བསྐང་། །འབར་མ་དགུ་ཡི་ཐུགས་དམ་བསྐང་། །དུས་བཞིའི་ལྷ་མོའི་ཐུགས་དམ་བསྐང་། །ཚེ་དམག་གི་རྒྱལ་མོའི་ཐུགས་དམ་བསྐང་། །དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་། །བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་། །སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐང་། །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས། །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། ༈ ཐམ༔ ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཧཱུྃ༔ བསྐང་བ་བྱ་ཐབས་འདི་ལྟ་སྟེ༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ གཟུགས་སྒྲ་དྲི་རོ་རེག་བྱ་དང་༔ མཆོད་


CMR023_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་སྙན་པའི་དབྱངསཿ༔ སྨན་གཏོར་རཀྟ་གླུ་གར་མས༔ བླ་མ་སྐུ་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་མཚན་བརྒྱད་ཐུགས་དམ་བསྐང་༔ བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ གུར་དྲག་བཀའ་དགོངས་ཕུར་གསུམ་སོགས༔ ཡི་དམ་རྣམས་ཀྱི་ཐུགས་དམ་བསྐང་༔ ཕག་ཁྲོས་སེང་གསུམ་མཚོ་རྒྱལ་སོགས༔ མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་༔་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སོགས༔ རྗེ་འབངས་རྣམས་ཀྱི་ཐུགས་དམ་བསྐང་༔ མ་ནིང་ཤན་པ་གཟའ་བདུད་སོགས༔ ཆོས་སྐྱོང་བཀའ་སྲུང་ཐུགས་དམ་བསྐང་༔ རྣམ་སྲས་ཛཾ་ལྷ་ལ་སོགས་པ༔ ནོར་ལྷ་ཀུན་གྱི་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐངོས་ནས་ཀྱང་༔ བདག་གི་བསམ་པ་འགྲུབ་པ་དང་༔ ཞི་རྒྱས་དབང་དྲག་འགྲུབ་པར་མཛོད༔ ས་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐོ་གུ་ཧྱ༔ ཤུམས༔ ༔ཞེས་པ་འདི་བདག་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ཚེས་བཅོ་བརྒྱད་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་སོ༔ ཧཱུཾ། །རྒྱལ་བའི་དགོངས་པ་ཕྱོགས་བཅུར་རྒྱས་མཛད་ཅིང་། །རྟོགས་པ་མཐར་


CMR023_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་འགྲོ་བ་འདྲེན་པའི་དཔལ། །མཐར་ཐུག་གསང་བའི་རྒྱུད་ལ་མངའ་བརྙེས་པའི། །བཀའ་བཞི་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །གྲུབ་ཆེན་བརྒྱ་དང་བརྒྱད་ཅུའི་ཐུགས་དམ་བསྐང་། །ཏེ་ལོ་ནཱ་རོ་མར་མི་དུས་གསུམ་མཁྱེན། །རས་ཆེན་སྤོམ་བྲག་རྣམས་ཀྱི་ཐུགས་དམ་བསྐང་། །བསམ་བཞིན་སྲིད་པར་སྐུ་འཁྲུངས་འཛམ་གླིང་རྒྱན། །ཐུགས་རྗེ་མངའ་བདག་ཀུན་མཁྱེན་སྲིད་ཞིའི་དཔལ། །སྨིན་གྲོལ་གཉིས་ལ་མངའ་བརྙེས་རིན་པོ་ཆེ། །དཔལ་ལྡན་ཀརྨ་པ་ཡི་ཐུགས་དམ་བསྐང་། །བཀའ་བརྒྱུད་རྒྱ་མཚོའི་རྗེས་སུ་རབ་འབྲངས་ནས། །བཞེད་དོན་བསྒྲུབ་པའི་དད་བརྩོན་ལྷུར་རྒྱས་ཏེ། །བསྟན་འགྲོའི་དོན་རྣམས་བསྒྲུབ་ལ་མངོན་གཞོལ་བ། །གར་དབང་ཆོས་ཀྱི་དབང་ཕྱུག་ཐུགས་དམ་བསྐང་། །ཧཱུྃ། སྤྲུལ་སྐུ་གྲུབ་ཐོབ་རྣམས་ཀྱི་ཐུགས་དམ་བསྐང་། །ཟུང་འཇུག་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །ཕྱག་ཆེན་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཕྱི་ནང་གསང་བ་ཡང་གསང་བླ་མེད་ཀྱི། །མཆོད་ཚོགས་གཏོར་མས་ཐུགས་དམ་གཉན་པོ་བསྐང་། །ཐུགས་དམ་བསྐང་ཞིང་


CMR023_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཆག་དག་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་བདག་ལ་སྩོལ། །མི་མཐུན་གནོད་པའི་ཕྱོགས་ཀུན་བཟློག་ཏུ་གསོལ། །ཧཱུྃ། །ནམ་མཁའ་དང་མཉམ་ཆོས་སྐུ་བསམ་མི་ཁྱབ། །མཚན་དཔེས་རབ་བརྒྱན་ལོངས་སྐུ་བསམ་མི་ཁྱབ། །ཆུ་ཟླ་དང་མཉམ་སྤྲུལ་སྐུ་བསམ་མི་ཁྱབ། །སྐུ་གསུམ་བདེ་མཆོག་ཡབ་ཡུམ་ཐུགས་དམ་བསྐང་། །དཔའ་བོ་དཔའ་མོ་སུམ་ཅུ་རྩ་བདུན་དང་། །ཉི་ཤུ་རྩ་བཞིའི་གནས་དང་ཉེ་བའི་གནས། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །ཧཱུཾ། ཆོས་དབྱིངས་རྣམ་དག་ངང་ཉིད་ལས། །འགྲོ་བའི་དོན་མཛད་གཞན་དོན་དུ། །ཡེ་ཤེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །རྗེ་བཙུན་མ་ཡི་ཐུགས་དམ་བསྐང་། །ཕག་མོ་ལྷ་ལྔའི་ཐུགས་དམ་བསྐང་། །སེང་གདོང་མ་ཡི་ཐུགས་དམ་བསྐང་། །ཁྲོས་མའི་ལྷ་ཚོགས་ཐུགས་དམ་བསྐང་། །གནས་དང་ཉེ་བའི་གནས་ལ་སོགས། །པུ་རི་ར་མ་ལ་སོགས་པ། །ཡུལ་ཆེན་ཉི་ཤུ་རྩ་བཞི་ཡི། །དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །དམ་ཚིག་


CMR023_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཆག་ཚོགས་ཀྱིས་བསྐང་། །ལྟ་བ་ལོག་པ་གཏོར་མས་བསྐང་། །སྲུང་མ་གཡེལ་བ་འཛབ་ཀྱིས་བསྐང་། །འདིར་བྱོན་དམ་སྐོངས་ཕྲིན་ལས་མཛོད། །འདོད་པའི་དངོས་གྲུབ་བདག་ལ་སྩོལ། །ཧཱུྃ། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས། །ཁྲོ་ཆེན་འདུས་པའི་དཀྱིལ་འཁོར་ནས། །མཐུ་སྟོབས་རྩལ་ལྡན་ཁྲོ་བོའི་རྒྱལ། །སངས་རྒྱས་ཀུན་གྱི་གསང་བ་འཛིན། །ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི། །ལོངས་སྤྱོད་རྫས་དང་སྤྱན་གཟིགས་དཀོར། །མཐུན་རྫས་དུ་མས་ཐུགས་དམ་བསྐང་། །ཁྱུང་ཆེན་སྡེ་ལྔའི་ཐུགས་དམ་བསྐང་། །བདག་ཅག་ཉམས་ཆག་བསྐང་གྱུར་ཅིག །བསྐངས་ནས་བདག་ལ་དངོས་གྲུབ་སྩོལ། །ཕྲིན་ལས་རྣམ་བཞི་འགྲུབ་གྱུར་ཅིག །བསྐང་ངོ་བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །ཐུགས་དམ་བསྐང་ལ་ཉམས་ཆག་སོར་ཆུད་མཛོད། །ཐུགས་རྗེ་ཆེན་པོས་བདག་ལ་དགོངས་པར་མཛོད། །ནག་པོ་ཆེན་པོ་ཡུམ་གཅིག་དུད་སོལ་མ། །ལེགས་ལྡན་ནག་པོ་ཡུམ་གཅིག་རྩ་འཇིབ་དམར། །སྤྲུལ་པའི་ལས་མཁན་ཆེན་པོ་བྱ་རོག་གདོང་། །སེངྒེའི་གདོང་ཅན་རྣལ་འབྱོར་མ་ཁྲོས་


CMR023_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བྱ་རྒོད་མཁའ་ལྡིང་ཁྭ་དང་འུག་པ་དང་། །ཕག་ཁྱི་ལྕེ་སྤྱང་སྟག་གི་གདོང་པ་ཅན། །ཤ་ཟ་ཁྲག་འཐུང་མ་མོ་འཁོར་དང་བཅས། །བྱ་ནག་ཁྱི་ནག་སྤྲུལ་པའི་ཚོགས་བཅས་དང་། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །ཁྱོད་ལ་བདག་གིས་བཅོལ་བའི་ཕྲིན་ལས་ནི། །རྡོ་རྗེ་སློབ་དཔོན་བླ་མའི་སྐུ་ཚེ་སྲིངས། །རྣལ་འབྱོར་བདག་ཅག་རྡོ་རྗེ་མཆེད་ལྕམ་བཅས། །རྒྱུ་སྦྱོར་ཡོན་བདག་རྐང་ཕྲན་འཁོར་གཡོག་བཅས། །མི་མཐུན་བར་ཆད་གཡུལ་ལས་རྒྱལ་བ་དང་། །སྐག་དང་སྲི་དང་ལྟས་ངན་མཚན་ངན་དང་། །རྨི་ལམ་ངན་པ་ལ་སོགས་བར་ཆད་བཟློག །ཚེ་དང་དཔལ་དང་བཀྲ་ཤིས་འབྱོར་པ་སྤེལ། །བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་པ་དང་། །གནོད་བྱེད་དགྲ་བགེགས་སྒྲོལ་བའི་ལས་མཛོད་ཅིག །སྤྲུལ་པའི་འཁོར་ཚོགས་དམ་ཚིག་གཉན་པོ་རྣམས། །ཐུགས་རྗེ་ཆེན་པོས་དགོངས་ཤིག་བཅོམ་ལྡན་གྱི། །བཀའ་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་བཤགས། །ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས། །ཆོག་ཆེན་ཉམ་ང་བཟློག་ཏུ་གསོལ། །


CMR023_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཧཱུྃ། རང་བཞིན་རྣམ་དག་དབྱིངས་ཉིད་ལས། །ཐུགས་རྗེ་ཆེན་པོའི་སྐུ་སྤྲུལ་པ། །སྐྱེ་མེད་ངང་ལས་འཇིགས་བྱེད་སྐུ། །བསྟན་པ་བསྲུང་ཕྱིར་ཐུགས་བརྩེ་བར། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །དཔལ་ལྡན་གཉན་གྱི་རེ་མ་ཏི། །ལྷ་མོ་ཆེན་མོ་ནམ་གྲུ་མ། །རྫོགས་བྱེད་ཆེན་མོ་སྐག་བཟློག་མ། །ནག་མོ་ཆེན་མོ་ཁ་འབར་མ། །བྱིསྦ་ཀུན་གྱི་དུར་འདེབས་མ། །དུར་ཁྲོད་ཀུན་གྱི་ལོ་མ་ཅན། །རཀྟ་ཀུན་གྱི་ཙ་མུན་ཏྲ། །ནམ་མཁའི་ཁམས་ཀྱི་དབང་མོ་ཆེ། །བར་སྣང་ཁམས་ཀྱི་གློག་མ་སྤྲིན། ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །ལག་ནས་རྡོ་འཕེན་རི་རབ་བསྙིལ། །རལ་པ་ནག་པོས་སྟོང་ཁམས་ཁེངས། །ཁ་ནས་ཁྲག་གི་རྒྱ་མཚོ་ཁོལ། །ཉིན་གྱི་དུས་སུ་རྟོག་བྱེད་ཅིང་། །མཚན་གྱི་དུས་སུ་རྒྱུག་བྱེད་མ། །དཔལ་གྱི་བཀའ་ཉན་དམ་ཚིག་ཅན། །ནག་མོ་འཁོར་བཅས་ཐུགས་དམ་བསྐང་། །དམ་རྫས་བདུད་རྩིའི་གཏོར་མ་དང་། །རྟེན་རྫས་སྒྲུབ་རྫས་བསྐང་རྫས་ཀྱིས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ས་མ་ཡ། །


CMR023_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཁྲམ་ཁ་ཕྱེས་ལ་ཤོ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །མི་ནད་ཕྱུགས་ནད་བསྒྱུར་དུ་གསོལ། །ཧཱུྃ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་ཐུགས་དམ་བསྐང་། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །བར་ཆད་མ་ལུས་བསལ་དུ་གསོལ། །གཞན་ཡང་ཐུགས་དམ་བསྐང་བ་ནི། །བདུད་རྩི་སྨན་གཏོར་རཀྟ་དང་། །ཤ་སྣ་སྙིང་སྣ་ཁྲག་སྣ་དང་། །ཆིབས་རྟ་འགྱིང་གཡག་རྟེན་ལུག་དང་། །བེང་དང་རུ་མཚོན་གསང་བའི་རྫས། །མཐུན་རྫས་དུ་མས་ཐུགས་དམ་བསྐང་། །ཐུབ་བདག་གློག་ཕྲེང་ཐུགས་དམ་བསྐང་། །སྲོག་བདག་ཏྲཀྐད་ཐུགས་དམ་བསྐང་། །མ་ནིང་ནག་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཉེར་སྤྱོད་འོས་པ་ཕུན་སུམ་ཚོགས་པའི་མཆོག །མ་ཚང་མེད་པར་རྒྱ་ཆེར་སྤེལ་བ་ཡིས། །ལྷ་ཆེན་ཀུན་དགའ་གཞོན་ནུའི་ཐུགས་དམ་བསྐང་། །རླུང་ལྟར་མགྱོགས་པའི་རྟ་ནག་རྟིང་དཀར་དང་།


CMR023_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་ནག་རུ་རྣོན་སྤུ་ཞོལ་བརྗིད་ཅིང་རྔམ། །ཁྱི་ནག་དོམ་བུ་གཏུམ་ཞིང་འཇིགས་པའི་གཟུགས། །ལུག་ནག་རྒྱན་ལྡན་རྣམས་ཀྱིས་ཐུགས་དམ་བསྐང་། །བྷྱོ༔ ལྷོ་ནུབ་ལང་ཀ་པཱུ་རིའི་དུར་ཁྲོད་ནས། །རིག་འཛིན་སྲོག་ཤིང་རྣལ་འབྱོར་དགྲ་ལྷ་ཆེ། །བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཆེ། །ནག་པོ་ཐོད་ཕྲེང་ཡབ་ཡུམ་ཐུགས་དམ་བསྐང་། །གཉེན་མགོན་གདོང་བཞི་ཡབ་ཡུམ་ཐུགས་དམ་བསྐང་། །ལྷ་ཆེན་དབང་ཕྱུག་ཡབ་ཡུམ་ཐུགས་དམ་བསྐང་། །བྲག་ལྷ་མགོན་པོ་དཔོན་གཡོག་ཐུགས་དམ་བསྐང་། །ལས་མགོན་མདུང་འཛིན་འཁོར་བཅས་ཐུགས་དམ་བསྐང་། །བདག་ལ་སྡང་བའི་དགྲ་བགེགས་ད་ཐུལ་ཅིག ༈ །བཞུགས་པའི་གནས་དང་མཆོད་པའི་རྫས། །ཆགས་པའི་བསྟེན་དང་མྱོས་པའི་རྫས། །དམ་ཚིག་རྫ་ས་མཆོག་མྱོས་པའི་སྐོར། །སྣ་ཚོགས་སྤྱན་གཟིགས་མཆོད་པ་འདིས།། །དུར་ཁྲོད་བདག་པོའི་ཐུགས་དམ་བསྐང་། །དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་། །འཁོར་གྱི་ཤ་ཟའི་ཐུགས་དམ་བསྐང་། །དབུགས་ལེན་ཤན་པའི་ཐུགས་དམ་བསྐང་། །སྐུ་ཡི་སྤྲུལ་པས་ནམ་མཁའ་གང་། །སྤྲུལ་པ་འབུམ་སྡེའི་ཐུགས་དམ་བསྐང་། །


CMR023_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་འཁོར། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ངེ་ནེ་མ་ཡི་ཐུགས་དམ་བསྐང་། །དགའ་བྱེད་དབང་ཕྱུག་ཐུགས་དམ་བསྐང་། །ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག །དཔལ་ལྡན་སྔགས་ཀྱི་སྲུང་མ་ལ། །མཐུན་པའི་རྫས་ཀྱིས་བསྐང་བ་ནི། །ཤ་ཁྲག་དམར་གྱི་གཏོར་མ་དང་། །བདུད་རྩི་སྨན་གྱི་མཆོད་པ་དང་། །རཀྟ་དམར་གྱི་ཨནྡྷཾ་དང་། །ཞུན་ཆེན་མར་མེའི་གསུར་དུད་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པ་ཡིས། །སྨུག་ནག་འཁོར་བཅས་ཐུགས་དམ་བསྐང་། །སྲོག་སྒྲུབ་ནག་མོའི་ཐུགས་དམ་བསྐང་། ཁ་མོ་ཆེ་ཡི་ཐུགས་དམ་བསྐང་། །སྤྱང་ཞོན་མཆེད་གསུམ་ཐུགས་དམ་བསྐང་། །ཧཱུྃ། གཟའ་མཆོག་ཆེན་པོ་འཁོར་བཅས་ལ། །དམར་གཏོར་བཤོས་བུ་དགུ་བསྐོར་དང་། །དགྲ་བོའི་ཤ་ཁྲག་རུས་པ་དང་། །མེ་ཏོག་སྟོང་དང་ཆུ་སྣ་སྟོང་། །སྨན་སྣ་སྟོང་དང་ཤ་སྣ་སྟོང་། །སྙིང་སྣ་སྟོང་དང་ཁྲག་སྣ་སྟོང་། །གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས། །དྲང་སྲོང་འཁོར་བཅས་ཐུགས་དམ་བསྐང། །ཧ་བ་ཤ་ཡི་ཐུགས་དམ་བསྐང་། །ཤན་པ་དམར་ནག་


CMR023_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང། །ཧ་ར་ནག་པོའི་ཐུགས་དམ་བསྐང་། །ཧཱུཾ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །གསང་མཚན་རྡོ་རྗེ་བཞེད་པ་མོ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །གསང་བ་རྡོ་རྗེ་གར་མཁན་མ། །མཆེད་ལྔ་འཁོར་བཅས་ཐུགས་དམ་བསྐང་། །གྷ་ན་པ་ཏིའི་ཐུགས་དམ་བསྐང་། །ཆོས་ཀྱི་སྒྲོལ་མའི་ཐུགས་དམ་བསྐང་། །མཁའ་རི་ལྕམ་དྲལ་ཐུགས་དམ་བསྐང་། །ཁྱེད་ཀྱི་མཐུ་སྟོབས་རྫུ་འཕྲུལ་གྱིས། །སྣང་སྲིད་བདག་གི་དབང་དུ་བསྡུས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷ་རྫས་དགེ་བའི་མཆོད་གཏོར་འདི། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ཐུགས་དམ་བསྐང་གྱུར་ཅིག །གཞོན་ནུ་གཏུམ་པོའི་ཐུགས་དམ་བསྐང་། །མི་མགོན་དཀར་པོའི་ཐུགས་དམ་བསྐང་། །ཀླུ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་། །ཐང་ལྷ་གཉན་གྱི་ཐུགས་དམ་བསྐང་། །རྡོ་རྗེ་རྒྱལ་པོའི་ཐུགས་དམ་བསྐང་། །གཏེར་སྲུང་སྨྱོ་ཁའི་ཐུགས་དམ་བསྐང་། །དགེ་བསྙེན་ལྕམ་དྲལ་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་བསྐང་ཞིང་བཤགས། །ནད་དང་གནོད་པ་ཞི་བར་མཛོད། །སྨིན་


CMR023_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དང་རཀྟ་བདུད་རྩིའི་ཁུ་བར་བཅས། །སྨྲེང་བའི་ཨགྷོ་འབྲས་ཆེན་གཙང་མའི་བཤོས། །བྱུག་པའི་ཞུན་ཆེན་བདུག་པའི་གསུར་ཆེན་དྲི། །མཛེས་པའི་བ་དན་གཡབ་དེར་རྟེན་པའི་རྫས། །སྟག་གཟིག་རྒྱལ་མཚན་མདུང་དར་བ་དན་བཅས། །ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས། །ཀླུ་བཙན་སྤུན་བདུན་དགེ་བསྙེན་སྤུན་བདུན་དང་། །གནོད་སྦྱིན་སྤུན་བདུན་རྣམས་ཀྱི་ཐུགས་དམ་བསྐང་། །ཇག་པ་མེ་ལེན་སྤྲུག་གི་བཙན་རྒོད་དང་། །སྐྱེས་བུ་ལུང་བཙན་རྣམས་ཀྱི་ཐུགས་དམ་བསྐང་། །བེག་རྩེ་སྙིང་དྲུང་བཙན་པོ་ལ་སོགས་པ། །བཙན་རྒོད་སུམ་བརྒྱ་དྲུག་ཅུའི་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་གཉན་པོ་དེས་བསྐངས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། གཞན་ཡང་འཇིག་རྟེན་བོད་ཁམས་ན། །སློབ་དཔོན་པདྨའི་དགེ་བསྙེན་ཚོགས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་དང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་དང་། །བསྟན་སྲུང་བརྟན་མ་བཅུ་གཉིས་དང་། །དགེ་བསྙེན་ཉེར་གཅིག་གཞི་བདག་ཚོགས། །ངོམ་རྒྱལ་རྨ་རྒྱལ་སྨོན་སྐྱེས།


CMR023_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཆོས་སྲུང་དམ་ཅན་ཐམས་ཅད་ལ། །སྤོས་དང་མར་མེས་ཐུགས་དམ་བསྐང་། །ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་། །སྨན་གཏོར་རཀྟས་ཐུགས་དམ་བསྐང་།། དངོས་འབྱོར་ཡིད་སྤྲུལ་ལ་སོགས་པ། །མཐུན་རྫས་དུ་མས་ཐུགས་དམ་བསྐང་། །བསྐངས་ནས་ཕྲིན་ལས་འགྲུབ་པར་མཛོད། །བཅོམ་ལྡན་རྩ་བ་གསུམ་པོ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། ༈ །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆོག་ཆེན་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །།དཀྱིལ་འཁོར་གཉན་པོ་དྲལ་ལ་རེ། །ཉེས་བྱེད་སྡེབས་སུ་ཤོར་ལ་རེ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་དང་ལྕམ་དྲལ་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ནད་ཡམས་མ་གཏོང་ཅིག །ཕྱུགས་ལ་གོད་ཡམས་མ་གཏོང་ཅིག །ནོར་ལ་རྒྱ་གྲམ་མ་གཏོང་ཅིག །ཞིང་ལ་བཙའ་སད་མ་གཏོང་ཅིག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །


CMR023_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་ཁྲམ་ཁ་དགྲ་ལ་བསྒྱུར། །མི་མཐུན་བར་ཆད་རྐྱེན་རྣམས་ཟློག །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློག །སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །འདོད་པའི་དངོས་གྲུབ་སྩོལ་བ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས། །ཁྲོ་བོའི་དྲག་ཤུལ་བཟློག་ཏུ་གསོལ། །ཧེ་རུ་ཀ་ཡི་གཟི་བརྗིད་ཟློག །ཕུར་པའི་བྱད་ཁ་བཟློག་ཏུ་གསོལ། །སྟོབས་པོ་ཆེ་ཡི་ཟིལ་གནོན་ཟློག །ལྷ་རྣམས་ཀུན་གྱི་རྩུབ་རིམ་ཟློག །ལྷ་མིན་རྣམས་ཀྱི་དུག་གཟེར་ཟློག །གཟའ་ཆེན་བརྒྱད་ཀྱི་གཟེར་འདེབས་ཟློག །གཤིན་རྗེ་ཕོ་མོའི་འཕྲུལ་འཁོར་ཟློག །བདུད་དམག་རྣམས་ཀྱི་ཁྲམ་ཁ་ཟློག །མ་མོ་རྣམས་ཀྱི་ཐུན་ཟོར་ཟློག །ཀླུ་ཆེན་རྣམས་ཀྱི་འཆིང་བ་ཟློག །གནོད་སྦྱིན་རྣམས་ཀྱི་གཟེར་ནད་ཟློག །བཙན་གྱི་རྒྱུ་སྲང་བཟློག་ཏུ་གསོལ། རྒྱལ་པོའི་དབྱིངས་སྨྱོ་ཐམས་ཅད་ཟློག །མཁའ་འགྲོའི་ཁྲག་ནད་བཟློག་ཏུ་གསོལ། །འབྱུང་པོ་ཡི་དྭགས་རིམས་ནད་ཟློག །ཐེའུ་རང་འགོང་པོ་ལ་སོགས་པ། །དམ་སྲི་ལོག་འདྲེན་བགེགས་ཚོགས་ཀྱིས། །


CMR023_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཕུགས་ཀྱི་སྲི་རྐུན་ཐམས་ཅད་ཟློག །བལ་མོའི་དུག་མཚོན་བཟློག་ཏུ་གསོལ། གུ་རུ་དྷེ་ཝ་ཌཱཀི་ནི༔ ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི༔ མ་ཧཱ་མཱ་ས་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་པཉྩ་མེ་ཙི་ཁ་རཾ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི༔ མ་ཧཱ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་སུ་ར་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་བྷ་ལིང་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་ཀཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ༈ བཅོམ་ལྡན་རྩ་བ་གསུམ་པོ་ལ། །བདག་ཅག་འཁོར་དང་བཅས་པ་ཡི། །འཁོར་བའི་ཉོན་མོངས་དབང་གྱུར་པས། །མི་ཤེས་ཐུགས་དང་འགལ་གྱུར་ཏེ། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། ༈ །རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤྱངས་ལེན་བགྱིས་པ་མཐོལ་ལོ་བཤགས། །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། ཁས་བླངས་དམ་བཅས་ཉམས་པ་མཐོལ་ལོ་བཤགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །གཏོར་མ་ལོ་ཟླར་འགྱངས་བ་མཐོལ་ལོ་བཤགས། །དུས་གསུམ་ཕ་མ་རྣམས་ཀྱི་


CMR023_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ལམ་དུ། །དྲིན་ལན་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སོགས་པ། །འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས། །མི་འཆབ་མི་སྦེད་སླན་ཆད་སྡོམ་པར་བགྱི། །དུས་གསུམ་བྱས་པའི་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོ་ས་མ་ཡ༔ ཨཱ༔ ས་མཱ་ཡ༔ ཧཱུྃ་ས་མ་ཡ༔ གུ་རུ་དྷེ་ཝ་ཌཱཀི་ནི༔ སརྦ་དྷརྨ་པ་ལ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར། ཨོཾ་བཛྲ་སཏཱ་ས་མ་ཡ། སོགས་ཡི་གེ་བརྒྱ་པ་ཅི་རིགས་བཟླས། ཞེས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་ལ་སྦྱར་རྒྱུའི་རྒྱུན་ཁྱེར་བསྐང་སྤུང་འདི་ནི་དཔལ་རི་རྩེའི་མཚམས་ཁོང་དུ་སྣ་ཚོགས་དབྱིག་གི་ལོ་སྤྲེལ་ཟླའི་ཚེས་བཅུ་འགྲུབ་སྦྱོར་ཉིན། རཱ་ག་ཨ་སྱས་བསྒྲིགས་པ་ལ། ཉེས་འགལ་ལྷ་ལ་བཤགས་ཤིང་དགེ་བས་སྒྲིབ་


CMR023_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བྱང་བར་གྱུར་ཅིག །སརྦ་མངྒ་ལཾ།། །། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་རྒྱ་མཚོ་ལྔ་ཡི་བསྐང་སྤུང་རྒྱུན་ཁྱེར།no next