Nitartha Digital Library
Tibetan
 
previousཤོག་གྲངས་ ༣༠༡ ནས་ ༤༠༠ བར།next

ཤོག་གྲངས་ ༣༠༡ ནས་ ༤༠༠ བར།


CMR024_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱས་ལ་སེམས་ཉིད་ཀྱི་ངང་དུ་བཞག །སེམས་རང་སར་བཞག །སེམས་ཀློད་ལ་བཞག །སེམས་གང་གར་བཞག །སེམས་ལྷུག་པར་བཞག །ཅེས་གསུངས་པ་དང་། གསེར་གླིང་པས། རྒྱངས་ཀྱིས་སྐྱུར་ལ་ལྷོད་ཀྱིས་ཀློད། །ཤིགས་ཀྱིས་ཤིག་ལ་འབོ་ལེ་ཞོག །ཅེས་དང་། བཀའ་གདམས་གླེགས་བམ་དང་ཇོ་བོའི་ཞལ་ནས། དེ་ལྟར་ཐམས་ཅད་སེམས་ཡིན་ཏེ། །སེམས་ཀྱི་གནས་ལུགས་དེ་འདྲ་ང་། །ཨཱ་བ་དྷ་ཏིའི་བུ་ཡིན་པས། ད་ངན་མཚང་བྲུས་ཀྱང་སེམས་ཉིད་ཡིན། །བསྟོད་ར་བཏང་ཡང་སེམས་ཡིན་གསུངས། །ཨུ་པ་སི་ཀ་ཐམས་ཅད་སེམས་སུ་གོའམ་གསུངས། པཎ་ཆེན་ཤཱཀྱ་ཤྲཱིའི་གདམས་ངག་རིན་ཆེན་འབྲུདགུ་ལས། ཅི་སྣང་རང་སར་བཞག་ན་བྱ་བྲལ་ལྷུན་གྲུབ་ཡིན། །གང་ཤར་ངོ་བོ་བཟུང་ན་རིག་པ་རང་སར་གྲོལ། །འགྱུ་བ་རྩད་རྗེས་བཅད་ན་དྲན་རྟོག་དབྱིངས་སུ་ཡལ། །འདི་གསུམ་རང་སེམས་གནས་ལུགས་ཡིན་པས་དངོས་བཞིར་བྷེ་།ཞེས་དང་། ས་ཆེན་ཀུན་དགའ་སྙིང་པོ་ཡིས། གཉིས་མེད་ཕྱག་རྒྱ་ཆེན་པོ་ལ། །རྟོགས་པའི་དུས་ཀྱང་མི་གདའ་ན། །རྔ་མོང་བུ་དང་འཕྲད་པ་བཞིན། །སེམས་ངོ་ཤེས་ན་


CMR024_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ལགས། །ཞེས་སེམས་ངོ་ཤེས་པས་ཕྱག་ཆེན་དུ་གསུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཕྱག་རྒྱ་ཆེན་པོའི་མཆོད་རྟེན་དྲུང་ཐོབ་ཀྱི་ཁྲིད་ཡིག་ལས། སོ་མ་ལྷུག་པར་རང་ཐང་མ་བཅོས་པར་བཞག །ཅེས་གསུངས་པ་དང་། ས་སྐྱ་པཎྜི་ཏས། །ཚིགས་སུ་བཅད་པ་བརྒྱད་པ་ལས། །རིང་དུ་སྲིང་ན་མི་འགྲོ་ལ། །ཉེ་བར་བརྟག་ན་མི་ཆགས་ཤིང་། །ལེགས་པར་བཏང་ན་མ་གྲུབ་པ། །འདི་ཡི་རིང་བཞིན་ཇི་ལྟ་བུ། །གལ་ཏེ་དེ་ལ་ཅུང་ཟད་ཞེན། །ཇི་ལྟ་བུས་ཀྱང་འཆིང་བར་འགྱུར། །གལ་ཏེ་དེ་ནི་རང་བཞིན་ཤེས། །འཆིང་བ་ཀུན་ལས་རྣམ་པར་གྲོལ། །ཞེས་དང་། མ་གཅིག་གིས་བཀའ་ཚོམ་ལས། དེས་ན་མི་བསམ་ངང་ལ་བཞག་།བྱུང་ཚོལ་རྟོག་པའི་རྗེས་མི་བཅད། །མཁའ་ལ་གློག་འགྱུ་རང་འོད་ལྟར། །རྣམ་རྟོག་བྱུང་བ་དེ་བཞིན་བཞག །ཅེས་དང་། དེ་བཞིན་རང་སེམས་ངོ་ཤེས་ན། །སངས་རྒྱས་གཞན་ནས་བསྒྲུབ་མི་དགོས། །ཞེས་གསུངས་སོ། །རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་ཞལ་ནས། གསལ་འགྲིབ་བྱིང་རྒོད་བྲལ་བ་གཉུག་མའི་སེམས། །བསྒོམ་འདོད་བློ་ཡིས་མ་བསླད་རང་སར་ཞོག །ལྷུག་པོར་ཐོངས་ལ་དྲན་པའི་


CMR024_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱངས་སོ་ཚུགས། །ཞེས་དང་། དེ་ཕྱིར་རྣམ་རྟོག་ཆེད་དུ་དགག་མི་དགོས། །ཕྱལ་བར་ཐོངས་ལ་དྲན་པའི་བྱ་ར་གྱིས། །དུག་ལ་སྔགས་ནི་བཏབ་པ་ཇི་བཞིན་དུ། །རྣམ་རྟོག་མ་རིག་ཡེ་ཤེས་ཆེན་པོར་འཆར། །ཞེས་གསུངས་པས། ས་ཀར་རྙིང་གསུམ་སོགས་ཐམས་ཅད་གནས་སྐབས་ལྟ་བ་གཏན་ལ་འབེབས་ལུགས་མི་འདྲ་ན་ཡང་། དངོས་གཞི་ལྟ་བ་དངོས་ལ་ཁྱད་མེད་ཅིང་། མཐུན་པར་མཁས་གྲུབ་ཆེན་པོ་བདུད་མོ་བཀྲ་ཤིས་འོད་ཟེར་གྱིས་གསུངས་ལས། རྗེ་བཙུན་ཙོང་ཁ་པ་ཆེན་པོ་རྗེས་འབྲང་དང་བཅས་པའི་བཞེད་པ་ནི༔ སྟོང་ཉིད་མངོན་སུམ་ས་དང་པོ་མ་ཐོབ་བར་མི་རྟོག་དེ་ནི་མདོ་སྔགས་ཁྱད་མེད་པས། ད་ལྟ་དངོས་སུ་སྟོང་ཉིད་བསྒོམ་རྒྱུ་མེད། ས་མ་ཐོབ་པར་སྟོང་ཉིད་དོན་སྤྱིའི་ཚུལ་དུ་བྷེ་སྟེ། ལུང་དང་རིགས་པས་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་པ་སྟོང་ཉིད་ཀྱི་ངེས་ཤེས་དྲག་པོ་སྐྱེ། དེ་མ་ཡལ་བར་དུ་མཉམ་པར་བཞག །ཡང་སྔར་ལྟར་ལུང་རིགས་ཀྱིས་བརྟག་དཔྱད་བྱ། ངེས་ཤེས་སྐྱེས་ཙམ་ན་དེའི་སྟེང་དུ་ཡུད་ཙམ་མཉམ་པར་བཞག །སེམས་རྩེ་གཅིག་ཏུ་གནས་པ་ནི་ཞི་གནས། དེ་ལ་བརྟགས་ཤིང་དཔྱད་པ་དེ་ལྷག་མཐོང་ཡིན་གསུངས་


CMR024_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནི་ཕྱག་ཆེན་གྱི་ལུགས་ལ་སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་དེ་ཡིན་པར་སྣང་ངོ་།། ༈ ད་མདོར་བསྡུ་ན། གཞུང་ལས་རང་གི་ཐུགས་ཀའི་ཧྲིལས་ཞེས་སོགས་རྫོགས་རིམ་གྱི་དོན་ཐམས་ཅད་མཁྱེན་པ་དཀོན་མཆོག་འབངས་ཀྱིས་བརྩལ་བའི་རྒྱལ་བ་རྒྱ་མཚོའི་ལྷ་ལྔའི་ཚིགས་བཅད་མར། ཕྱི་ནང་སྣོད་བཅུད་འོད་དུ་ཞུ། །རིམ་གྱིས་ཐམས་ཅད་བདག་ལ་འདུས། །བདག་ཉིད་ཐུགས་ཀའི་ཧྲིལ་ཐིམ། །ཧཱི༔ཡིག་ནཱ་དའི་ངང་དུ་འདུས། །བྷོ་དུ་མེད་ཅིང་ཡེངས་སུ་མེད། །དགག་དུ་མེད་ཅིང་བསྒྲུབ་ཏུ་མེད། །སྤྲོས་པ་ཐམས་ཅད་ཉེར་ཞི་བའི། །ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །ཞེས་གསུངས་པ་དང་། རྗེ་བཙུན་དབང་ཕྱུག་རྡོ་རྗེས་བརྩལ་བའི་ཐུགས་རྗེ་ཆེན་པོའི་བྷི་བཟླས་ལས། ཐུན་བསྡུ་ན་སྣོད་བཅུད་ཐམས་ཅད་བདག་ལ་ཐིམ། བདག་ཀྱང་ཧྲིཡིག་གི་བར་དུ་བསྡུས་ཏེ། འཇའ་ཡལ་བ་ལྟར་གསལ་སེང་ངེའི་ངང་ནས་ཅི་གནས་སུ་བཞག །དུས་གསུམ་གྱི་རྟོག་པ་རྒྱུན་བཅད། རྫོགས་རིམ་གྱི་ངང་དུ་བཟླས་པ་བྱེད། ཅེས་གསུངས་པ་ལྟར་ཡིན་ལ། ཀུ་མ་ར་ཀེ་དུས་རྒྱལ་བ་རྒྱ་མཚོར་ཇེ་ཡལ་དུ་སོང་སྟེ། ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་དམིགས་མེད་སྟོང་པ་སྤོས་


CMR024_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དུ་རྟོགས་མེད་མཉམ་པར་ལྷོད་ཀྱིས་མ་བཅོས་པའི་ངང་ལ་ལྷན་ནེ་ཅི་གནས་བར་དུ་འཇོག་གསུངས་སོ། །མཐའ་ནས་དབུས་ཡལ་རྫོགས་རིམ་འདི་འཆི་དུས་བསྒོམས་པས་ཆོས་སྐུའི་འཕོ་བ་སྟེ་ཐུགས་དམ་ཟིན་པར་བྱེད། ཉལ་དུས་གྷོ་པས་གཉིད་འོད་གསལ་ཟིན་པར་བྱེད་པས་ཉལ་བའི་རྣལ་འབྱོར་ཡང་འདི་ཡིན་ཏེ། ལས་དང་པོ་པས་རྟེན་མེད་ཞི་གནས་བསྒོམ་ཐབས་ཀྱང་འདི་ཡིན་ནོ། །འདི་བསྒོམ་པས་རྩ་རིགས་བཟང་ན་རྟགས་བཅུ་ལ་སོགས་འཆར་བར་ཡང་གསུངས་སོ། །མདོར་ན་རྫོགས་རིམ་འདི་ཤིན་ཏུ་ཟབ་པའི་རྫོགས་རིམ་རྒྱུད་སྡེ་ཆེན་པོ་ཐམས་ཅད་ཀྱི་དགོངས་པ་མཆོག་ཏུ་གྱུར་པའོ། །དེ་ཡང་རྫོགས་རིམ་ལག་ཏུ་བླངས་ལུགས་ཨོ་རྒྱན་རིན་པོ་ཆེས་གསུངས་པའི་ཐུགས་རྗེ་ཆེན་པོའི་འཁོར་ལོ་ལྔའི་གསང་ཁྲིད་ལས། ཆོས་བདུན་ལྡན་པའི་ལུས་གནད་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །རྟོག་པ་སྔར་འདས་རྗེས་མི་བཅད། །མ་འོངས་པ་ཡི་མདུན་མི་བསུ། །ད་ལྟར་གྱི་ཤེས་པ་ལ་བཅོས་བསླད་མི་བྱ། སྤྲོས་མེད་ངང་ལ་ལྷོད་ཀྱིས་ཀློད་ལ་ལྷན་གྱིས་བཞག་གོ །གཞི་མ་བཅོས་པའི་སྟེང་དུ་བློ་མ་ཡེངས་པར་བཞག་གོ །དེ་ཡང་དབང་པོ་མི་འགུལ། སེམས་


CMR024_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགུལ་ཞེས་པས། མིག་མི་འགུལ་པས་ཧྲིག་གེ་མ་བཅོས་པར་བཞག་གོ །དེ་ཡང་མདོ་སྡེ་ལས། ཚོགས་དྲུག་རང་སར་ཞོག་ལ་ཞེ་འཛིན་ཐོངས། །གཞི་བཞག་རང་གྲོལ་ཤེས་ན་བྷ་གྱི་ངོ་བོ་ཡིན། །གཞི་མ་བཅོས་པའི་སྟེང་དུ་བློ་མ་ཡེངས་པར་བཞག་ནས། བྷེ་པའི་མཁན་པོ་ལ་བལྟས་པས་བྷེ་མཁན་མ་རྙེད་སྤྲོས་དང་བྲལ་ཏེ། ཡོད་མེད་ཀྱི་བློ་དང་བྲལ་ཏེ་རྗེས་ནེ་བུན་ནེ་བ་ཅིག་འབྱུང་སྟེ། རྒྱལ་མཚན་རྩེ་མོའི་མདོ་ལས། ཕྱི་རོལ་ཡུལ་ལ་བརྟེན་ནས་སུ། །སེམས་ནི་རྣམ་རྟོག་སྐྱེས་པའི་ཕྱིར། །སེམས་ཀྱིས་སེམས་ལ་བལྟས་པ་ཡིས། །རང་བཞིན་མེད་པར་ཤེས་པ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་ཡིན། །དེ་ཡི་ངང་ལ་མ་ཡེངས་པར། །དེ་ལ་ཏིང་འཛིན་ཞེས་བཤད་དོ། །ཞེས་གསུངས་སོ། །རྩ་བའི་རྒྱུད་པདྨ་ཟབ་པ་ལས། སེམས་ཀྱི་རྣམ་པར་རྟོག་པ་གང་། །གཉིས་སུ་མེད་པའི་ཡེ་ཤེས་ཏེ། །བདེ་དང་སྟོང་པའི་མཚན་ཉིད་ཅན། །ཐབས་དང་ཤེས་རབ་བསྒོམ་ལས་བྱུང་། །ཞེས་དང་། གསང་བ་མཛོད་ལས། རང་སེམས་རང་གིས་མཐོང་གྱུར་ན། །དངོས་སམ་མཚན་མ་མཐོང་བ་མེད། །མ་མཐོང་བ་ཉིད་མཐོང་བའི་མཆོག །ཅེས་གསུངས་སོ། །པདྨ་རྒྱལ་པོའི་རྒྱུད་


CMR024_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རང་བཞིན་སྟོང་དང་རོ་གཅིག་དང་། །སྣང་བ་རང་བཞིན་མེད་པ་དང་། །ཞེས་གསུངས་སོ། འདི་སྐབས་སུ་བཀའ་བརྒྱུད་གོང་མའི་གསུང་རྣམས་གྲགས་ཆེ་འདིར་ཕྱིར་མ་བྲིས། དེ་ལྟར་རྫོགས་རིམ་གྱི་རྟོགས་པ་དེ་བསྐྱངས་བས་ཇེ་འཕེལ་དུ་ལམ་བགྲོད་ཚུལ་ཡང་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སེང་གེ་རྣམ་པར་བསྒྱིངས་བའི་ཏིང་འཛིན་གྱིས། །མི་གཡོ་རྩེ་གཅིག་དྭངས་མའི་ཤེས་པ་གསལ། །རང་རིག་ཡེ་ཤེས་ཁོང་ནས་སད་པར་བྱེད། །བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤངས། །གཉིས་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལ། །བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་འཚར། །དྲོད་ཐོབ་ནས་ནི་སྐྱེ་ལ་དབང་བ་ཡིན། །གསུམ་པ་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས། །དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར། །དུས་གསུམ་རྒྱལ་བའི་སྲས་པོས་གཞན་དོན་མཛད། །རྩེ་མོ་ཐོབ་ན་འཕེལ་བ་རྒྱུན་མི་འཆད། །བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསྒོམ་དུ་མེད་པའི་ཉམས་ལེན་བརྩོན་པ་ལ། །མཁྱེན་པའི་ཡེ་ཤེས་སངས་རྒྱས་ཞིང་ཁམས་མཐོང་། །མ་བརྩལ་ལྷུན་གྲུབ་ཆོས་མཆོག་ཆེན་པོའི་


CMR024_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །རྟོག་པའི་ངོ་ལ་བླ་མ་ཆོས་ཀྱི་སྐུ། །འཆར་བའི་ངང་ལ་ལོངས་སྤྱོད་རྫོགས་པར་གསལ། །ཐུགས་རྗེའི་ངང་ལ་སྣ་ཚོགས་སྤྲུལ་པའི་ལྷ། །རོལ་པ་ཆེན་པོའི་རྟོག་པ་བདེ་བར་གནས། །ཞེས་གསུངས་པས། རྩེ་གཅིག་སེང་གེ་རྣམ་པར་བསྒྱིངས་བའི་ཏིང་ངེ་འཛིན་དང་། སྤྲོས་བྲལ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། རོ་གཅིག་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། བསྒོམ་མེད་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པར་བཞེད་དོ། །ཟབ་པའི་རྫོགས་རིམ་བཤད་ཟིན་ཏོ། །གཞུང་ལས། ཞེས་མཉམ་པར་བཞག་ཅེས་པའི་དོན་ནོ།། ༈ སླར་རང་ཉིད་ཞལ་གཅིག་ཕྱག་གཉིས་པའི་སྤྱན་རས་གཟིགས་སུ་གསལ་བར་གྱུར་ཞེས་པའི་དོན། ཟུང་འཇུག་སྒྱུ་མ་ལྟ་བུའི་སྐུར་ལྡང་བ་སྟེ། པདྨ་རྒྱལ་པོའི་རྒྱུད་ལུང་ཛ་ལེན་དྷ་རས་དྲངས་པར། སྣང་ལ་རང་བཞིན་མེད་པར་བྷེ། །སྒྱུ་མ་ལྟ་བུར་བསྡུ་བ་ཡིན། །ཞེས་དང་། བདེ་དང་སྟོང་པར་གཉིས་སུ་མེད། །འབྲས་བུ་ཞེས་བྱ་ཟུང་འཇུག་ཡིན། །ཞེས་གསུངས་པ་སྟེ། རྗེ་རང་བྱུང་བའི་ལྷ་དགུར། དང་པོ། ཞལ་གཅིག་ཕྱག་གཉིས་པའི་སྤྱན་རས་གཟིགས་ཀྱིས་ང་རྒྱལ་ལས་ལང་སྟེ། ཞེས་དང་། བསོད་ནམས་སེང་གེའི།


CMR024_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་རང་ཉིད་ཞལ་གཅིག་ཕྱག་གཉིས་པའི་སྤྱན་རས་གཟིགས་ཀྱི་སྐུར་གྱུར་པར་མོས་ལ། ཞེས་དང་། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྩ་བའི་སྒྲུབ་པ་ལས། གང་ལྟར་བསྐྱེད་ཅིང་སྣང་བའི་ལྷ་ཚོགས་རྣམས་ཀྱང་རང་སེམས་ལས་གུད་ན་མ་གྲུབ་སྟེ། ལྷུན་གྲུབ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྟོག་པ་ཐམས་ཅད་རང་གི་སེམས་སྣང་སྟེ། ལྷ་དང་ལྷ་མིན་གཉིས་སུ་མེད་པར་ཡང་སེམས་འདུག་སྟེ། སེམས་ཀྱི་རང་བཞིན་ངོ་བོ་མཚན་ཉིད་ཐམས་ཅད་སྟོང་པ་ཉིད། སྣང་སྟོང་གཉིས་འཛིན་གྱི་བློ་ལས་འདས་པས། གཉིས་མེད་སྟོང་གསལ་ཆོས་ཀྱི་སྐུ། བདེ་ཆེན་ཐིག་ལེ་གཅིག་ཏུ་རྫོགས་པའི་ངང་ལས་བློ་རང་ལུགས་སུ་གནས་པ་ནི་རྫོགས་པའི་རིམ་པ་སྟེ། ཞེས་དང་། ཡེ་ཤེས་མཁའ་འགྲོ་ནི་གུ་མའི་གསུངས་ལས། ཐ་མལ་ཞེན་པ་བཟློག་པའི་ཕྱིར། །རང་ལུས་སྣང་སྟོང་སྒྱུ་མའི་སྐུ། །གསལ་ལ་རྟོག་པ་མེད་པར་བསྒོམ། །ཞེས་དང་། ཅི་ལྟར་ལྷ་སྐུར་སྒྱུ་མར་ཤེས། །ལྷ་སྐུ་རང་གི་སེམས་སུ་ཤེས། །སེམས་དང་ལྷ་སྐུ་དབྱེར་མེད་པས། །གསལ་སྟོང་བདེ་ཆེན་ལྷ་སྐུ་དེ། །འབྲས་བུ་སྐུ་གསུམ་རང་ཤར་རོ། །ལུས་ནི་སྣང་སྟོང་ལྷ་སྐུར་གསལ། །ངག་ནི་གྲག་སྟོང་


CMR024_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སུ་གསལ། །ཡིད་ནི་དྲན་རྟོག་ཐུགས་སུ་གསལ། །གསལ་གསུམ་སྐུ་གསུམ་དབྱེར་མེད་དོ། །ཞེས་གསུངས་པ་ལྟར་རང་ལུས་ཐུགས་རྗེ་ཆེན་པོའི་སྐུ། ཞལ་གཅིག་ཕྱག་གཉིས་པ་སྣང་བཞིན་དུ་སྟོང་པ་སྟོང་བཞིན་དུ་གསལ་བ་ཆུ་ཟླ་འཇའ་ཚོན་མེ་ལོང་གཟུགས་བརྙན་ལྟར་གསལ་བཏབ། སྣང་བའི་དངོས་པོ་ཐམས་ཅད་ཀྱང་། སྣང་ལ་རང་བཞིན་མེད་པ་སྒྱུ་མ་རྨི་ལམ་ལྟ་བུ། སྒྲ་གྲག་ཐམས་ཅད་སྔགས་ཀྱི་རང་སྒྲ་གྲག་ཅིང་སྟོང་པ་བྲག་ཆ་ལྟ་བུའམ། ཡིད་གཡོ་བའི་རྟོག་པ་ཐམས་ཅད་དྲན་རྟོག་སྨིག་སྒྱུ་ལྟ་བུར་ཤེས་པའི་ངང་ལ་སྤྱོད་ལམ་ཐམས་ཅད་བྱའོ། །འདིར་ལྟར་ཟུང་འཇུག་གི་རྟོག་པ་འདིས་གང་དུ་བསྐྱེད་རིམ་ལ་ཡང་རྒྱས་བཏབ་པས་བསྐྱེད་རྫོགས་ཟུང་འཇུག་གོ །དེའི་ལུང་ནི་བརྟག་གཉིས་ལས། ལང་སྟེ་ལྷའི་གཟུགས་སུ་བཞག་གོ །ཞེས་གསུངས་པས་སྟོང་ཉིད་ལས་ལངས་ནས་ལྷ་སྐུར་ལྡང་བའོ། །ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པར་ཤེས་པའི་སྟོང་ཉིད་དང་། སྟོང་བཞིན་དུ་གཟུགས་སྐུ་ལྷའི་རྣམ་པར་ཤར་བ་གཉིས་དབྱེར་མེད་བྷེ་སྟེ། རྒྱ་གར་གྱི་གྲུབ་ཆེན་མཚོ་སྐྱེས་རྡོ་རྗེས། ལྷའི་ལུས་ཀྱི་གནས་པར་བྱའོ། །ཞེས་གསུངས་པ་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པ་བདེ་བ་


CMR024_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་རང་བཞིན་ཅན་གྱི་བདག་ཉིད་ཀྱི་ཆོས་ཐམས་ཅད་ལྷག་པར་མོས་ཏེ། ཐམས་ཅད་དུ་གསལ་བར་བྱའོ། །ཞེས་གསུངས་སོ། །དེ་ནས་སྤྱོད་ལམ་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱ་སྟེ། བྷ་ཝ་བྷ་ཏྲས། ལྷ་ཡི་གཟུགས་ན་འདུག་པ་དང་། །བཟའ་དང་ཉལ་བ་ལ་སོགས་པ། །རྣམས་སུ་ལྷ་ཡི་ང་རྒྱལ་གྱིས། །ཡུལ་རྣམས་ལ་ལྷའི་གཟུགས་སུ་ཉེ་བར་ལོངས་སྤྱོད་པའི་རྣལ་འབྱོར་གྱིས་ངེས་པ་ཉིད་དོ། །ཞེས་གསུངས་སོ། །ལུས་ལྷའི་གཟུགས་སུ་ལོངས་སྤྱོད་ལུགས་ལ་རྒྱས་བསྡུས་གཉིས་ཡོད་དེ། བསྡུས་པ་ཅིར་སྣང་ཐམས་ཅད་ཐུགས་རྗེ་ཆེན་པོ་ཡིན་སྙམ་དུ་ལོངས་སྤྱོད་དེ། གསང་འདུས་རྒྱུད་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཇི་ལྟར་འདོད་པས་བསྟན་བྱ་སྟེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །ཞེས་གསུངས་སོ། །རྒྱས་པར་ལྷ་སོ་སོར་ཤེས་པར་བྱ་སྟེ། ཕྱིའི་ཡུལ་གཟུགས་ཅི་སྣང་གཟུགས་རྡོ་རྗེ་མར་ཤེས་པར་ནང་གི་མིག་གཟུགས་རྡོ་རྗེ་མར་གསལ་བ་ལྷ་ལ་ལྷ་ཐིམ་ནས་མཆོད་པའི་ཚུལ་དུ་ལོངས་སྤྱོད་དོ། །དེ་བཞིན་དུ་སྒྲ་དྲི་རོ་རེག་བྱ་འགྲེས་སུ་ཤེས་པར་བྱའོ། །པདྨ་ཟབ་པའི་རྒྱུད་ལས། འདོད་


CMR024_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོངས་སྤྱོད་ཐམས་ཅད་ནི། །གཟུགས་མིག་སྒྲ་སྙན་དྲི་སྣའོ། །རོ་ལྕེ་རེག་བྱ་ལུས་ལ་བྷེ། །ཞེས་དང་། གཟུགས་ཀྱི་ལྷ་མོས་རྣལ་འབྱོར་ལ། །མཐོང་བ་ཐམས་ཅད་བདེ་བ་སྟེར། །སྒྲ་ཡི་ལྷ་མོས་རྣལ་འབྱོར་ལ། །ཐོས་པ་ཐམས་ཅད་བདེ་བ་སྟེར། །དྲི་ཡི་ལྷ་མོས་རྣལ་འབྱོར་ལ། །བསྣམས་པ་ཐམས་ཅད་བདེ་བ་སྟེར། །རོ་ཡི་ལྷ་མོས་རྣལ་འབྱོར་ལ། །བདེ་བ་ཆེན་པོ་རོ་ཡིས་གང་། །རེག་གི་ལྷ་མོས་རྣལ་འབྱོར་ལ། །རེག་པ་ཐམས་ཅད་བདེ་བར་འཆར། །ཞེས་གསུངས་སོ། །འཁོར་བ་འཆིང་བར་བྱེད་པའི་རྒྱུད་ཐ་མལ་པའི་རྣམ་རྟོག་ཡིན་པས། དེ་ལྷའི་རྣམ་པར་ཤེས་ན་ཐ་མལ་གྱི་རྣམ་རྟོག་འགག་པའི་དོན་ནོ།། ༈ ཁ་ཟས་ཀྱི་རྣལ་འབྱོར་ནི་དཔལ་དངོས་གྲུབ་ཐམས་ཅད་ཀྱིས་བསྟན་པར་གཟིགས་པའི་རྒྱུད་ཆེན་པོ་ལས། ལག་པ་གཡས་པ་སྟོབ་པའི་གཟར། །ཁ་ནི་ཞི་རྒྱས་དབང་དྲག་སྟེ། །ཁུང་བུར་གྱུར་པའི་སྒོ་ཡང་ཡིན། །ཁ་ཟས་བདུད་རྩིར་གྱུར་བྱས་ནས། །རང་གི་ལྷ་ལ་ཕུལ་བ་ནི། །སྦྱིན་པ་སྲེག་པ་ནང་གི་ཡིན། །ཕྱི་རོལ་མཆོད་པས་འདི་མཆོག་སྟེ།། །བཟའ་དང་ཟ་བ་ཐ་དད་མེད། །ལྷ་དག་དགའ་བའི་གཙོར་འགྱུར་རོ། །ཞེས་


CMR024_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དགྱེས་རྡོར་ལས། ཟས་ཀྱི་རྣལ་འབྱོར་འདི་ཡིས་ནི། །བུ་ལོན་དུ་ཡང་མི་འགྱུར་རོ། །ཞེས་དཀོར་སྒྲིབ་ཀྱང་བྱང་བ་དང་། །སྙིང་ཁའི་ས་བོན་མེ་འབར་ལས་། །དེ་ཡི་ག་པུར་བཏུང་བར་བྱ། །བཏུང་བ་དེ་ཡི་རྣལ་འབྱོར་པ། །མྱུར་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་ཁ་ཟས་རྣལ་འབྱོར་བསྡུས་པ་བྱས་ཀྱང་བཅུད་ལེན་དུ་འགྱུར་རོ། །རྩ་ལྟུང་བཅུ་གསུམ་པ་མི་འབྱུང་བའི་གནད་ཀྱང་ཡོད་དོ། །དེ་ལ་ཨོ་རྒྱན་རིན་པོ་ཆེའི་ཐུགས་རྗེ་ཆེན་པོ་འཁོར་ལོ་ལྔ་ལྡན་ལས། རང་ཉིད་ཚོགས་ལ་རོལ་བ་ནི། མགྲིན་པར་བླ་མ། སྙིང་གར་ཡི་དམ། ལྟེ་བར་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་མཆོད་པར་བསྔོས་ལ་རོལ་དེ་ནི་ཟས་ཀྱི་བདུད་རྩི་སྨན་གྱི་འཁོར་ལོའོ། །ཞེས་དང་། ཡང་སྙིང་འདུས་པའི་རྣལ་འབྱོར་ཉི་ཤུ་རྩ་གཅིག་ལས། ནང་ལྟར་རྫས་ཚོགས་ཞིང་དུ་རོལ་བའི་སྦྱིན་སྲེག་ནི། རྒྱུད་ལས། བདག་ཉིད་ཐུགས་རྗེ་ཆེན་པོ་བསམ། །ཞེས་པས། ཐུགས་རྗེ་ཆེན་པོ་ཉིད་ཡེ་ཤེས་ཀྱི་མེ་ལྷ་སྟེ། ལས་དང་བག་ཆགས་ཉོན་མོངས་སྲེག་ནུས་པའོ། །སྦྱིན་སྲེག་གི་རྫས་ནི། དད་རྫས་རྐུ་འཕྲོག་རྫ་ས་དེ་ཚོགས་འཁོར་དུ་བཤམས། །ཕུང་པོ་སངས་རྒྱས་ལྔ་ཡི་བདག་


CMR024_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ། །ཐུགས་རྗེ་ཆེན་པོ་མཆོད་པར་བྱའོ། །ཞེས་དང་། དགོས་ཆེད་ནི་བཟའ་བཏུང་གི་རྟོག་པ་ནི་བཟློག་སྟེ། ཚོགས་འཁོར་དུ་འགྲོ་བས་བསོད་ནམས་ཀྱི་ཚོགས་མྱུར་དུ་རྫོགས་པའོ། །ཞེས་དང་། སྤྲུལ་པའི་རྒྱལ་པོས་རང་གི་རོ་ཟན་རང་གིས་གཏད་པ་ནི། །རང་ལ་གཞན་གྱིས་དྲངས་པའི་ཟས་སྐོམ་ཐམས་ཅད་བྱིན་གྱིས་བརླབས་ལ་རང་གིས་ཟ་སྟེ། རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པས་བདུད་རྩིར་བསམས་ལ། ལྟོ་བ་གཞལ་ཡས་ཁང་ན་ཐུགས་རྗེ་ཆེན་པོ་བཞུགས་པར་བསམས་ལ་ཟས་སྐོམ་ལ་ལོངས་སྤྱོད་པས་བདུད་རྩིས་ཐུགས་རྗེ་ཆེན་པོ་མཉེས་ཏེ། ཐུགས་རྗེ་ཆེན་པོའི་སྐུ་ལུས་བདུད་རྩིའི་ཁྱབ་ནས་བཀྲག་དང་གཟི་མདངས་ལྡན་པར་བསམ་མོ། །ཤི་ཙ་ན་ཉེ་དྲུང་གིས་ཟས་གཏད་པ་ཡང་བསོད་ནམས་ཆེ་སྟེ། དེ་བས་ཀྱང་བརྒྱ་སྟོང་གི་བསོད་ནམས་འདི་ཆེའོ། །ལྷ་ལ་ཚོགས་སོགས་ཟས་བཅུད་ལེན་དུ་འགྱུར་རོ། །ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ལས། ཁ་ཟས་ནི་གཏོར་མ་ལྟར་བྱིན་རླབས་ལ། ཁ་ཐབ་ཁུང་ལྟེ་བར་མེ་འབར་བའི་དབུས་ན་ལྷ་ཚོགས་བཞུགས་པ་ལ་འབུལ་བར་དམིགས་ཏེ། ལག་པ་དགང་བླུགས་ཀྱི་སྦྱོར་


CMR024_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བས་ལོངས་སྤྱོད། ཕྲིན་ལས་བཞི་སྒྲུབ་གཞུང་ལས་ཀྱང་ཚིག་དེ་ཉིད་གསུངས་ལ་དེ་རྣམས་ཀྱི་དོན་ཉམས་སུ་ལེན་ཚུལ་ནི། ཕྱི་ནང་གསང་བ་གསུམ་ཚང་བར་བྱ་སྟེ། ཕྱི་ལྟར་ལས་དང་པོ་པའི་སེམས་ཅན་རྗེས་སུ་དྲང་ནས་མིག་ལྟོས་བཞག་པ་དང་། སེམས་ཅན་སྦྱིན་བདག་སོགས་དད་ཅིང་བསམ་པ་རྫོགས་པ་དང་། སངས་རྒྱས་ཀུན་གྱི་བཀའ་བཞིན་བསྒྲུབ་པའི་ཕྱིར། ལྷུང་བཟེད་སོགས་སུ་ཟས་ཟ་ཞིང་། དཀོན་མཆོག་རྗེས་དྲན་ནམ་སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སོགས་བརྗོད། རྟ་མགྲིན་སྔགས་ཀྱིས་མི་གཙང་བ་བསངས། སྭ་བྷ་ཝས་དངོས་འཛིན་སྦྱངས། ཨ་ཀཱ་རོས་འདོད་ཡོན་བདུད་རྩིར་བསམས་ལ། གཞུང་ལྟར་ཕུད་མཆོད་ཆངས་བུ་སོགས་བཞག་པས་ཟས་དེ་ལས་འདོད་ཡོན་གྱི་ལྷ་མོ་འདོད་ཡོན་དཔག་མེད་ཐོགས་པ་ནམ་མཁའ་ཁྱབ་པར་འཕྲོས་པས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དགྲ་བཅོམ་གནས་བརྟན་ཆོས་སྐྱོང་ཐམས་ཅད་མཆོད། གནོད་སྦྱིན་འཕྲོག་མ་སྟོང་དང་བུར་བཅས་སོགས་འབྱུང་པོ་ཕུད་ལ་དབང་བ་ཐམས་ཅད་ངོམས་ཤིང་ཚིམ་པར་བསམ། དེ་ནས་རྒྱས་པར་བདུད་རྩི་བྱིན་རླབས་ལྟར་རམ། འབྲིང་པོ། ན་མོ་ཐབས་དང་ཤེས་


CMR024_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གཉིས་སུ་མེད་པ་སོགས་སམ། བསྡུ་ན། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། སྐུ་གསུང་ཐུགས་ཀྱི་བདུད་རྩིར་བྱིན་བརླབས་ལ། ལག་གཉིས་དགང་གཟར། ཁ་ཐབ་ཁུང་། ལྟོ་བ་མེ་ཉམས་ཀྱིས་རླུང་དེ་རང་བྱུང་གི་མེར་ཤེས་པར་བྱས། རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ་ནང་གསལ་སྟོང་སེང་ངེ་བའི་ནང་དུ་ལྷ་དགུ་ལྟར་ན་སྙིང་ཁར་པདྨ་འདབ་མ་བརྒྱད་ལ་ལྷ་དགུ། དེ་ལ་ཡི་དམ་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས་ལ་བསྟིམ། རིགས་བདག་གཙོ་བོ་ལ་རྩ་བའི་བླ་མ། འཁོར་གྱི་རིགས་བདག་རྣམས་ལ་བརྒྱུད་པའི་བླ་མ་བསྟིམ། ལྟེ་བར་མགོན་པོ་ལ་ཕྱོགས་བཅུའི་མགོན་པོའམ། མ་མགོན་ཞལ་སྦྱོར་ལ་ནག་པོ་ཡབ་ཡུམ་བཅུ་དྲུག་གིས་བསྐོར་བ་ལ་ཆོས་སྐྱོང་ཐམས་ཅད་བསྟིམ་མོ། །ལྷ་ལྔ་ལྟར་ན་སྙིང་གར་ཐུགས་རྗེ་ཆེན་པོ་ལ་སངས་རྒྱས་སྟོང་སོགས་རྒྱལ་བ་རྒྱ་མཚོ། གཡས་སུ་རྟ་མགྲིན་ལ་དཔའ་བོ་རྒྱ་མཚོ། གཡོན་དུ་གསང་ཡེ་ལ་ཌཱཀི་རྒྱ་མཚོ། མགྲིན་པ་ནས་སྙིང་གའི་བར་རྩ་བརྒྱུད་བླ་མ་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ། ལྟེ་བར་མ་མགོན་ལ་དམ་ཅན་རྒྱ་མཚོ་གསལ་བཏབ་པས་ཡེ་ཤེས་པ་སྐད་ཅིག་ལ་བསྟིམ་མོ། །དེ་ནི་རྒྱས་པ་ཡིན་ལ། འབྲིང་པོ་སྙིང་གར་ལྷ་དགུའི་དཀྱིལ་འཁོར་རྐྱང་པ་བསྒོམ། །


CMR024_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ན་ཐུགས་ཀར་ཡེ་ཤེས་སེམས་དཔའ་གཅིག་ཁོ་ན་བསྒོམ། ཤིན་ཏུ་བསྡུ་ན་སྙིང་གར་ལྷ་ཐམས་ཅད་ཀྱི་ངོ་བོ་ཡི་གེ་ཧཱུཾ་ངམ་ཧྲུམེ་འབར་བར་བསམ་མོ། །ལྕེ་ཧཱུྃ་ལས་རྡོ་རྗེར་གྱུར་པའི་འོད་ཀྱིས་སྦྲ་གུས་ཟས་ཕུད་ལྷ་ལ་མཆོད། ལྷག་མ་འཁོར་ལ་མཆོད་པར་བསམ། ལག་པའི་སོར་མོ་མཆོད་ལྷ་ལྔ་དང་འདོད་ཡོན་ལྷ་མོར་བསམ་པ་སྲོང་བཙན་བཞེད་དོ། །དེ་ནས་ལྷ་ཐམས་ཅད་ཚིམ་པར་སྐུ་ལས་སམ་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པས་ལུས་ཁེངས་པར་བསམས་པས་བཅུད་ལེན་དུ་འགྱུར་རོ། །དེ་ནི་ནང་གི་གཏོར་མ་ཞེས་ཀྱང་བྱ། ནང་གི་སྦྱིན་སྲེག་ཅེས་ཀྱང་བྱ། བདག་བསྐྱེད་མཆོད་པ་འདིས་གོ་ཆོད་པས། བདག་བསྐྱེད་ལ་མཆོད་བསྟོད་མ་མཛད་པ་ཡིན་ནོ། །ཡང་རྣམ་པ་གཅིག་ཏུ་ན་ཚོགས་ཞིང་སྐབས་སུ་མཆོད་བསྟོད་རྒྱས་པར་སོང་ཕྱིར་འདིར་མ་མཛད་ལ། ནང་གི་སྦྱིན་སྲེག་འདི་དམིགས་པ་གསལ་ན་སྔགས་ཀྱི་ཆད་ལྷག་ཁ་བཀང་གིས། སྦྱིན་སྲེག་ཡང་འདིས་གོ་ཆོད་པ་ངེས་སོ། །དམིགས་པ་དང་ང་རྒྱལ་བརྟན་ཅིང་སྤྲོས་མེད་ལ་དགའ་ན། འདིར་གཏོར་མའི་གོ་ཡང་ཆོད་པར་བཞེད་དོ། །སྤྲུལ་པའི་རྒྱལ་པོས། ལྷ་འཕྲུལ་དགའི་ཚུལ་དུ་རང་ལ་སྤྲུལ་ནས་


CMR024_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་མཆོད་ནས། བདུད་རྩིས་སྙིང་ཁའི་ཡེ་ཤེས་སེམས་དཔའ་མཉེས། རྩ་སྦུབས་ཐམས་ཅད་བདུད་རྩིའི་གང་བས་བདེ་སྟོང་རྒྱུད་ལ་སྐྱེས་པར་བསམ་མོ། །ཞེས་གསུངས་སོ། །མདོར་ན་བཟའ་བཏུང་འདི་ཞག་རེ་ལ་ལན་དུ་མ་དགོས་ཤིང་། རང་རེ་རབ་ཏུ་བྱུང་ནས་ལོངས་སྤྱོད་བྱ་བ་ཐམས་ཅད་ནི་དཀོར་མིན་པ་མེད་པས། ཁ་ཟས་རྣལ་འབྱོར་འདི་ལམ་དུ་བསླང་བ་གཅིག་ཤིན་ཏུ་གལ་ཆེ། འདི་ཉམས་སུ་ལེན་ན་ཟོས་ཚད་བསོད་ནམས་ཀྱི་རྒྱུར་འགྲོ་བས་ཚོགས་རྫོགས་པ་ལ་ཚེགས་མེད་དོ།། ༈ ཉལ་བའི་རྣལ་འབྱོར་ལ་གཉིས་ཏེ། རང་བཞིན་ལྷན་སྐྱེས་སྟོང་པའི་ངང་ལ་ཉལ་བ་ནི་རྫོགས་རིམ་ལྟར་ཡིན་ལ། ཁམས་གསུམ་སྣོད་བཅུད་སྲུང་འཁོར་ལ་བསྡུས། སྲུང་འཁོར་གཞལ་ཡས་ཁང་ལ་བསྡུས། འཁོར་རྣམས་ཡུམ་ལ་བསྡུས་ལ། ཡུམ་དང་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་མེས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འོད་དུ་ཞུ་སྟེ། ཡབ་ཡུམ་གཉིས་དབྱེར་མེད་པ་བྱང་སེམས་འོད་ཀྱི་ཐིག་ལེ་དམར་གསལ་སྲན་མ་ཙམ་དུ་སེམས་བཟུང་སྟེ་ཉལ་ལོ། །ཡང་ན་བསྐྱེད་རིམ་གསལ་བཏབ་ནས་བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་དུ་འོད་གསལ་འཛིན་སྙམ་དུ་


CMR024_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་ལ། རྩ་དབུ་མ་གསལ་བཏབ་སྟེ། སྙིང་གར་ཐུགས་རྗེ་ཆེན་པོ་མཐེ་བོང་ཙམ་འོད་ཟེར་དང་བཅས་པར་བསམ། སྤྱི་བོར་རིགས་བདག་དང་བླ་མ་ཐ་དད་མེད་པ་དབུ་མའི་ལམ་ནས་མར་བྱོན་ཏེ། ཡི་དམ་གྱི་གཙུག་ཏོར་དུ་བཞུགས་པར་བསྒོམ་ལ་དེ་ལ་སེམས་གཏད་དེ་ཉལ་བས། སྲབ་མོའི་འོད་གསལ་ཡུལ་སྣང་གསལ་བའི་ངོས་ནས་ཕྱག་ཆེན་ཟིན་པ་དང་། འཐུག་པོའི་འོད་གསལ་རྨི་ལམ་འགགས་ནས་ཉམས་ལེན་ངང་དུ་སོང་བ་འབྱུང་ངོ་། །ཡང་ན་བདག་གིས་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་དུ་རྨི་ལམ་ལ་བལྟ་བར་བྱའོ་སྙམ་དུ། ལྷ་ལྔའི་སྐབས་ལྟར་ས་ཕྱོགས་འདི་བདེ་བ་ཅན་དུ་མོས་ལ། མདུན་དུ་རིགས་བདག་སྐུ་ཆེ་ཞིང་གསལ་བའི་མདུན་དུ་པདྨའི་སྟེང་། རང་ཐུགས་རྗེ་ཆེན་པོའི་སྐུ་དེ་བས་ཆུང་བས་རིགས་བདག་གི་ཞལ་ལ་ལྟ་བར་བསྒོམས་ལ། དབུགས་ཕར་འགྲོ་དུས་རང་གི་ཐུགས་ཀ་ནས་ཡི་གེ་དྲུག་པ་འཕྲོས་རིགས་བདག་གི་ཐུགས་ཀར་ཐིམ། ཚུར་རྔུབ་དུས་རིགས་བདག་གི་ཐུགས་ཀ་ནས། ཨོཾ་ཨ་མི་ཏ་བྷ་ཧི༔ ཞེས་དམར་སི་ལི་ལི་བྱུང་། རང་གི་སྙིང་ཁར་ཐིམ་པར་བསམ་ཞིང་ཉལ་བས་ཞིང་ཁམས་དག་པ་མཐོངངོ་། །གལ་ཏེ་འོད་གསལ་མ་ཟིན་པས་


CMR024_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་རྨོས་ན་རྨི་ལམ་དུ་ངོ་ཤེས་པར་བྱས་ལ་ཉིན་མོའི་བག་ཆགས་ཀྱིས་བསྐྱེད་རྫོགས་བྷེ་པས་བསྐྱེད་རིམ་གྱིས་རང་ལུས་དངོས་སུ་ལྷར་འགྱུར་བ་དང་། རྫོགས་རིམ་གསལ་ཐོན་པ་འབྱུང་སྟེ། དེ་ལྟ་བུ་ལན་བདུན་བྱུང་ན་བར་དོ་ངོས་ཟིན་པར་གསུངས་སོ། །ཀྱེ་རྡོ་རྗེ་ལས། གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་བགག་གོ །ཞེས་དང་། གཉིད་ལོག་སད་པར་མི་བྱེད་པར། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །ཞེས་དང་། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས། བདེ་བ་ཆེན་པོ་གཟིམ་ལམ་དུ། །ཆོས་སྐུ་དེ་བཞིན་ཉིད་ངང་ཉལ། །ཉལ་བ་བྱང་ཆུབ་ལམ་དུ་ངེས། །ཞེས་དང་། རྨི་ལམ་ངོས་བཟུང་འདུན་པ་བསྐྱེད། །རྨི་ལམ་རྨི་ལམ་དུ་ཤེས་ན། །བག་ཆགས་འཁྲུལ་པ་གཏན་ནས་འཇིག །ཐོ་རངས་གཉིད་སད་ད་ལྟར་གྱི། །སྣང་བ་རྨི་ལམ་རང་བཞིན་མེད། །རྨི་ལམ་ལམ་གྱི་མཆོག་ཏུ་ངེས། །ཞེས་དང་། ཐུགས་རྗེ་ཆེན་པོ་དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། རྨི་ལམ་དུ་ཡང་དྲན་པས་ཟིན། །སྦྱངས་སྤྲེལ་བསྒྱུར་ལ་གནད་དུ་འཕང་། །ཞེས་དང་། སྤྲུལ་པའི་རྒྱལ་པོས། གཉིད་འཐུག་པོ་རྨི་ལམ་མེད་པ་རྟོག་མེད་ངང་ལ་གནས་པ་ནི་གཉིད་ཆོས་


CMR024_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡིན། རྨི་ལམ་དུ་བྱུང་ན་གཉིད་དང་བསམ་གཏན་འདྲེས་པ་ཡིན་པས་འཆི་བའི་དུས་སུ་ཡང་དབུགས་ཆད་པ་དང་། རིག་པ་བརྒྱལ་སངས་ནས་འོད་གསལ་འཆར་བས་དེ་ངོས་མི་ཟིན་མི་སྲིད་ཅིང་བར་དོའི་སྣང་བ་མེད་དེ། ཆོས་སྐུར་སངས་རྒྱས་པ་ཡིན་ནོ། །ཞེས་དང་། རྨི་ལམ་དུ་ལྷ་བསྒོམ་པ་ནི་ལྷ་ཐུགས་རྗེ་ཆེན་པོ་དང་། སྙིང་པོ། ཨོ་མ་ཎི་པདྨེ་ཧཱུཾ། ཞེས་དྲན་པས་རྨི་ལམ་ཡེ་ཤེས་ཀྱི་སྣང་བ་ཡིན་པས་ཤིན་ཏུ་གསལ་བར་འགྱུར་རོ། །རྨི་ལམ་དུ་ལྷ་དང་སྙིང་པོ་དྲན་ན། རྨི་ལམ་དང་བར་དོ་འདྲ་བས་མི་དྲན་མི་སྲིད། བར་དོ་སེམས་ཀྱི་སྣང་བ་ཡིན་པས་བར་དོར་མི་གྲོལ་མི་སྲིད་པ་ཡིན་ནོ། །ཞེས་གསུངས་པ་དང་། ཨོ་རྒྱན་རིན་པོ་ཆེས་གསང་འདུས་ཐུགས་རྗེ་ཆེན་པོའི་དམར་ཁྲིད་དུ། རྣལ་འབྱོར་པ། རབ་གོམས་པ་ཆེན་པོར་གྱུར་པ་རྣམས་ལ་བར་དོ་མེད་དེ། རང་བཞིན་དང་པོ་འོད་གསལ་གྱི་བར་དོ་ལ་འོད་གསལ་བདེ་བ་ཆེན་པོར་མ་བུ་འཕྲད་དེ། འཁྲུལ་པས་བར་མི་ཆོད་དེ་སངས་རྒྱ་བ་ལ་ཐེ་ཚོམ་ཡོད་པ་མ་ཡིན་ཏེ། དཔེར་ན་ཚེས་བཅོ་ལྔའི་ཟླ་བ་རྒས་པ་དང་། ཉི་མ་ཤར་བ་དུས་མཉམ་སྟེ། མ་རིག་པའི་མུན་པས་བར་ལ་མི་ཆོད་པའོ། །འབྲིང་ཡང་


CMR024_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པའི་མཐུས་ལྟས་པས་རྨི་ལམ་དུ་སྐྱོང་ཐུབ་པ་ཙམ་གྱིས་ནི་ཆོས་ཉིད་བར་དོ་ལ་རང་ངོ་ཤེས་བདེན་པ་མཐོང་ནས་སངས་རྒྱས་པར་ངེས་སོ། །ཐ་མ་རྨི་ལམ་ཟིན་པ་ཙམ་དང་། རྨི་ལམ་དུ་གནས་ལུགས་ཀྱི་ངོ་བོ་ཅུང་ཟད་སྐྱེ་ཐུབ་པ་ཡང་། སྲིད་པ་བར་དོར་རང་སྣང་ངོ་ཤེས། འཁྲུལ་པ་རང་སེམས་སུ་ཤེས་པ་ལོངས་སྐུའི་ཞིང་དུ་འཕོ་བ་ཡིན་ནོ། །ཡང་ཐ་རྨི་ལམ་ཟིན་པ་དང་བསྒོམ་དྲན་པ་ཅུང་ཟད་ཟིན་པ་ཡང་། ལས་བཟང་གི་འཕྲོ་མཐུད་ནས་ཆོས་ལྡན་གྱི་སྐྱེ་བ་ཁྱད་པར་ཅན་བརྒྱུད་ནས་སྐྱེ་མེད་ལ་གྲོལ་བར་འགྱུར་རོ། །ཞེས་གསུངས་ཏེ། བཀའ་བརྒྱུད་པ་རྣམས་ཚོད་རྨི་ལམ་གྱིས་ཟིན་གསུངས་པ་དང་མཚུངས་ལ། མཉམ་མེད་དྭགས་པོས་རྨི་ལམ་དུ་མ་ཟིན་ལས་བཟང་གིས་འཕྲོ་མཐུད་ནས་ཆོས་ལྡན་གྱི་སྐྱེ་བ་ཁྱད་པར་ཅན་བརྒྱུད་ནས་སྐྱེ་མེད་ལ་གྲོལ་བར་འགྱུར་རོ། །ཞེས་གསུངས་ཏེ། བཀའ་བརྒྱུད་པ་རྣམས་ཚོད་རྨི་ལམ་གྱིས་འཛིན་གསུངས་པ་དང་མཚུངས་ལ། མཉམ་མེད་དྭགས་པོས་རྨི་ལམ་དུ་མ་ཟིན་པ་ཡང་བར་དོར་ཟིན་ཏེ། ད་ལྟ་བས་རྨི་ལམ་བདུན་འགྱུར་དུ་མི་གསལ་དུ་འགྲོ། ད་ལྟ་བས་བར་དོར་བདུན་འགྱུར་གྱིས་གསལ་དུ་འགྲོ་བྱ་བ་ཡང་གསུངས་ཏེ། རྨི་ལམ་རྒྱུན་དུ་ཟིན་པ་


CMR024_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསལ་འདེབས་མི་དགོས་པར་རང་སྟོབས་ཀྱིས་འོད་གསལ་ཟིན་ལ་གསལ་འདེབས་དུས་སུ་ཟབ་པར་བཏབ་ན་རྨི་ལམ་མི་ཟིན་པས་ཀྱང་འོད་གསལ་ཟིན་ལ། རྨི་ལམ་རེས་འགའ་ཟིན་པ་ལ་གསལ་འདེབས་བརྡ་ཙམ་གཅིག་གིས་འོད་གསལ་ཟིན་ལ། ཉམས་ལེན་བཟང་ལ་རྨི་ལམ་མི་ཟིན་པ་དེས་འཆི་དུས་འོད་གསལ་ཟིན་ཏེ། སྲིད་པ་བར་དོར་ཡུན་རིང་ཞིང་སྡུག་བསྔལ་འཇིགས་སྐྲག་གིས་བསྐུལ་ནས་ཟིན་པའི་ཁྱད་པར་འཐད་དོ་ཞེས་ཁོ་བོས་སེམས་སོ། །དེ་ཡང་དེང་སང་གཏེར་ཡིག་རྣམས་ནས་བཞི་བཅུ་ཁ་རལ་གྱི་མར་ཤམ་དུ་གསུངས་ཤིང་། དུས་རྟགས་ནི་སུམ་ཅུ་ཁ་རལ་གྱིས་མགོར་སླེབས་རྟགས་ཚང་བར་སྣང་ཡང་། བསྟན་པ་སྤྱིའི་བཞེད་པའི་ལྔ་བཅུ་ཁ་རལ་དུ་བྱེད་ཀྱང་ལོ་དྲུག་ཅུ་ཐུབ་སྲིད་ན། སུམ་ཅུ་གཉིད་ཀྱིས་བཅད་པས་ཉལ་བའི་རྣལ་འབྱོར་འདི་ཤིན་ཏུ་གལ་ཆེའོ། །ཨོ་རྒྱན་རིན་པོ་ཆེས། མ་འོངས་ལྔ་བརྒྱའི་ཐ་མ་ལ། བཙུན་པ་རྣམས་གཏི་མུག་མུན་ལྟར་འཐིབས་ནས་ཉིན་ཞག་བཅུ་གཉིས་དགེ་སྦྱོར་བློས་བཏང་ནས་ཉལ་ཡང་ཆོག་ཤེས་མེད་པ་འབྱུང་གསུངས་པས། བགས་ཀྱིས་གཏི་མུག་ཆེ་དུས་ཡིན་པས་ཀྱང་། བགས་ཀྱིས་ཉལ་བའི་རྣལ་འབྱོར་གལ་ཆེ་ཆེ། གྲུབ་ཐོབ་


CMR024_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཚེམ་བུ་པ་རི་ཞལ་ནས། འདི་ལྟ་བུའི་གདམས་ངག་གིས་ཟན་ཚུན་ཆད་གཉིད་ཐུན་ཚེ་ན་བསྒོམ་ཐུན་ཆེ། གཉིད་ཐུན་ཆུང་ན་བསྒོམ་ཐུན་ཆུང་བར་འགྱུར་བ་ཡིན། ཞེས་གསུངས་པ་ལྟར་འདི་ཁོ་ནས་ཀྱང་བྱང་ཆུབ་ཐོབ་སྟེ། གྲུབ་ཆེན་ལྭ་བ་པས། ལོ་བཅུ་གཉིས་གཉིད་ལོགས་ནས་འོད་གསལ་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ་པ་ལྟ་བུའོ། །དེ་ཇི་ལྟར་ཉལ་བ་དང་བསྟུན་པའི་ནང་པར་ལྡང་བའི་རྣལ་འབྱོར་གསུངས་ཏེ། ནུབ་མོ་སྟོང་ཉིད་འོད་གསལ་དུ་ཉལ་ནས་ཕྱིར་ནངས་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་ལྡང་། ནུབ་མོ་ཞུ་བདེ་ཐིག་ལེ་ཉལ་ནས་ཕྱིར་ནངས་ནམ་མཁའ་ལས་ཡུམ་བཞིས་རྡོ་རྗེའི་གླུས་བསྐུལ་བས་ཐིག་ལེ་གྷིཡིག་ཏུ་གྱུར་པ་ལས་ཐུགས་རྗེ་ཆེན་པོའི་སྐུ་གྱུར་པར་བསམས་ནས་ལངས་ཏེ། ཤཱནྟི་པས། ལྷ་མོ་བཞིས་གླས་བསྐུལ་ནས་ཡང་གཉིད་ལོག་པ་ལས་ལྡང་བར་བྱ་སྟེ། ལངས་ནས་ཐམས་ཅད་སྔ་མ་བཞིན་བྱའོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས་ཀྱང་། ཌཱཀི་མ་རྣམས་ཀྱིས། ཀྱེ་མ་ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ། །མ་རིག་གཏི་མུག་དབང་གིས་མ་ནོན་པར། །བརྩོན་འགྲུས་ངར་བསྐྱེད་ད་ལྟ་ཡར་ལོངས་དང་། །ཞེས་སོགས་ཀྱིས་ལྡང་བར་གསུངས་ལ། བདེ་མཆོག་སྙན་


CMR024_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་སོགས་ཌཱཀི་མའི་ཌཱ་མ་རུའི་སྒྲས་སད་པར་བསམ། ཞེས་འབྱུང་ལ། བཀའ་བརྒྱུད་རིན་པོ་ཆེའི་ལུགས་གཉིད་འོད་གསལ་ངང་དུ་ཡོད་པ་དེ་སད་མ་ཐག་ཕྱག་རྒྱ་ཆེན་པོའི་ཉམས་ལེན་དུ་ཁྲིག་གེ་རྟོག་པ་གཞན་གྱིས་བར་མ་ཆོད་པར་ཟིན་པ་དེ་ཉམས་ལེན་བཟང་པོར་བཞེད་དོ།། ༈ འདིར་དཔལ་ལྡན་ས་སྐྱ་པ་དང་རྙིང་མ་པ་སོགས་གསང་སྔགས་སྤྱིའི་ལུགས་ཀྱི་རྗེས་ཆགས་ཀྱི་རྣལ་འབྱོར་ཞེས་པ་ཁྱིམ་པ་རྡོ་རྗེ་འཛིན་པ་ཡིན་ན། ལས་ཀྱི་ཕྱག་རྒྱ་བསྟེན་ཐབས་དང་། རྟེན་རབ་ཏུ་བྱུང་བས་ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་པ་སོགས་བཤད་མོད་ཀྱིས་སྒྲུབ་བརྒྱུད་རིན་པོ་ཆེ་འདིའི་ལུགས་ཀྱི་ལུས་ཀྱི་ཀུན་སྤྱོད་སོ་སོར་ཐར་པ་གཙོར་མཛད་པའི་ཕྱིར་འདིར་མ་སྨོས་སོ།། ༈ དེ་ནས་གོས་དང་རྒྱན་རྣམས་ཀྱིས་སྟོད་གཡོགས་སྨད་དཀྲིས་ཕྱག་གདུབ་སོགས་ཐུགས་རྗེ་ཆེན་པོའི་རྒྱན་དང་ན་བཟར་བསམས་ལ་བྱིན་གྱིས་བརླབས་ཏེ། ཨོ་ཨཱཧཱུྃ་ལན་གསུམ་མམ། རྒྱས་པར་གསར་པ་ལ་ནི༔ བསངས་སྦྱངས་སྤོས་རུམ་བྱས་ལ། སྟོང་པའི་ངང་ལས་ལྷའི་ན་བཟའ་སོགས་སུ་བྱིན་གྱིས་བརླབས་ཏེ། ཨོ་བཛྲ་ཝས་ཨཱཧཱུྃ། ཞེས་བདག་བསྐྱེད་ལ་མཆོད་པར་བསམས་ལ་བགོ


CMR024_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འོ། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས། འགྲོ་དོན་རིམ་གྱིས་བྱ་བསམས་པས། གོས་ཚགས་བསྡམ་ཞིང་རིམ་གྱིས་ལྡང་། །ཞེས་གསུངས་པ་ལྟར་ད་ནངས་ལོངས་ལ། ཅིག་ཆར་འགྲོ་བ་འདུག་སྙམ་ནས། །ཆོས་དང་ལྡན་པས་ཅིག་ཆར་ལྡང་། །གསུངས་པ་ལྟར་རིམ་ཡང་ན་སྐད་ཅིག་ལྷར་གསལ་བས་འགྲོ་བ་བསྒྲལ་ཕྱིར་ལྡང་བར་བྱ། ཞེས་གསུངས་པ་ལྟར་གཞན་དོན་དུ་ལངས་ན་དེ་ལྟར་བྱའོ། །ཡང་ཆོས་སྐུ་ཀག་ལྡང་དུ་འགྲོ་དོན་འགག་མེད་རྩལ་དབང་བསྒྱུར། ལྟ་བ་དོན་དང་མཐུན་པར་ངེས་ཞེས་གསུངས་པ་ལྟར་རང་དོན་དུ་ཉམས་ལེན་གྱིས་དྲན་རྫི་དང་མ་བྲལ་བར་ལོངས།། ༈ དེ་ནས་འགྲོ་བའི་རྣལ་འབྱོར་ནི། རང་གི་གཡས་ངོས་སུ་པདྨ་སྡོང་པོའི་རྩེར་ལྷ་ལྔའམ་ལྷ་དགུ་བསྐྱེད་དེ། དེ་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བ་བྱས་པས་སྐུ་ལས་འོད་ཟེར་དཀར་པོ་བྱུང་ནས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སང་སང་དག་པར་བསམས་ལ་འགྲོ་བའམ། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས། གང་དུ་འགྲོ་ཡང་སྤྱི་གཙུག་ཏུ། །བླ་མ་ཡི་དམ་ལྷ་ཚོགས་བསྒོམ། །བདག་ལ་ཆོས་སྐྱོང་ཚོགས་བསྐོར་ནས། །འགྲོ་དོན་བསྐོར་བའི་


CMR024_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པས་བགྲོད། །ཁ་ནི་གང་དུ་ལྟ་ཕྱོགས་ཀྱིས། །རིགས་ལྔའི་སངས་རྒྱས་སར་བགྲོད་བསམ། །ཞེས་གསུངས་པའི་དོན་སྤྱི་གཙུག་གམ་མདུན་དུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས་པ་ལ། བདག་གིས་སེམས་ཅན་གྱི་དོན་དུ་སྐོར་བ་བྱེད་པའི་རོགས་སུ་དཔའ་བོ་མཁའ་འགྲོ་ཐམས་ཅད་གླུ་གར་དང་བཅས་ཏེ་སྤུང་སྤྱང་བྱོན་ནས་བར་ཆད་སེལ་བར་བསམ་པའམ། ནུབ་ཏུ་འགྲོ་ན་བདེ་བ་ཅན་ཏུ་སྣང་བ་མཐའ་ཡས་མཇལ་དུ་འགྲོ་བསམས་པས་འགྲོའོ། །དེ་བཞིན་དུ་ཤར་མངོན་དགའ་རྡོ་རྗེ་སེམས་དཔའ་སོགས་རིགས་འགྲེས་སོ། །ཡང་རིག་པ་མཆོག་གི་རྒྱུད་དེ་ཉིད་དུ། ཡང་ན་ཆོས་ཉིད་ནམ་མཁའ་ལ། །རིག་པ་ཡེ་ཤེས་ཤུགས་ཀྱིས་བསྒྲོད། །འགྲོ་བ་དོན་དང་ལྡན་པར་ངེས། །ཞེས་གསུངས་པའི་དོན་ཉམས་ལེན་ངོ་བོ་སྐྱོང་ཞིང་འགྲོ་བའོ། །འདུལ་བ་ལས། སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་བསྒོམ་པར་མི་བྱའོ། །ཞེས་གསུངས་པ་ནི་གཡང་ས་དང་། དོགས་པ་ཡོད་སར་ཞི་གནས་ཀྱི་ཏིང་ངེ་འཛིན་བསྒོམ་ན་ཡེངས་ནས་བར་ཆད་འོང་བར་དགོངས་པའོ། །འདིར་བསྐྱེད་རྫོགས་ལ་ངེས་པ་ཅུང་ཟད་ཐོབ་པ་དག་གིས་འཇིགས་པར་བྷོ་པས་བསྲུང་བར་འགྱུར་ཏེ་མི་


CMR024_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་ལོ།། ༈་དེ་ནས་འདུག་པའི་རྣལ་འབྱོར་ནི། གནས་དེ་གཞལ་ཡས་ཁང་གདན་པདྨ་ཟླ་གདན་ལ་སེམས་ཅན་གྱི་དོན་ལ་སྲིད་པ་ཇི་སྲིད་མྱ་ངན་ལས་མི་འདའ་བར་བཞུགས་ནས་སེམས་ཅན་གྱི་དོན་བྱ་བར་བསམས་ནས་འདུག་པར་བྱ་སྟེ། ཐུགས་རྗེ་ཆེན་པོའི་ཡེ་ཤེས་རིག་པ་མཆོག་གི་རྒྱུད་ལས། གར་གནས་གཞལ་ཡས་ཁང་གསལ་ཞིང་། །ལྷ་ཡི་རྣལ་འབྱོར་ཆེན་པོས་གནས། །ཞེས་གསུངས་སོ།། ༈ དེ་ནས་དྲི་ཆེན་དྲི་ཆུའི་རྣལ་འབྱོར་ལས། མདོ་སྔགས་གཉིས་ཏེ། མདོ་སྡེ་རྣམས་དང་གཟུངས་རྣམས་ལས། ཟས་སུ་ཕྱི་ས་ཟ་བ་དང་། ཟས་སུ་གཅིན་འཐུང་བ་དང་། ཞེས་གསུངས་པས་ཡི་དྭགས་འགའ་ཞིག་མི་གཙང་བ་ཟས་སུ་ཟ་མོད་ཀྱིས། དེ་ཡང་མ་བསྔོས་ན་མི་ཐོབ་པ་ཡོད་པས། བསྔོ་བའི་སྔགས་གཟུངས་འདུས་ལས་འབྱུང་སྟེ། ཨོཾ་ཨ་ནུད་ཏ་ཨ་ཧ་རི་བྷུ་སྭཱ་ཧཱ། དྲི་ཆུ་ལ་ལོངས་སྤྱོད་པ་རྣམས་ཚིམ་པར་གྱུར་ཅིག །ཅེས་དྲི་ཆུ་གཏོང་ཞིང་སེ་གོལ་གཅིག་གཏོགས་སོ། །ཨོ་ཨ་བྷི་སྟ་ཨ་ཧ་རེ་བྷ་སྭཱ་ཧཱ། དྲི་ཆེན་ལ་ལོངས་སྤྱོད་པ་ཚིམ་པོར་གྱུར་ཅིག །ཅེས་སེ་གོལ་གཏོགས་སོ། །དེས་ནི་སྦྱིན་པར་འགྱུར་རོ།། ༈ སྔགས་ལུགས་ལ་རང་ཐུགས་རྗེ་


CMR024_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གསལ་བའི་དྲི་ཆེན་དེ་ཨོ་ཨཱཧཱུྃ་གིས་ཟས་ཕུན་སུམ་ཚོགས་པར་དམིགས་ལ། ཨོཾ་སརྦ་པྲ་ཏ་ནཾ་ཁ་ཁ་ཁཱ་ཧི། ཡི་དྭགས་དྲི་ཆེན་ལ་ལོངས་སྤྱོད་པ་ཚིམ་པར་གྱུར་ཅིག །ཅེས་བརྗོད་དོ། །དྲི་ཆུ་ལ་རང་ལུས་ཤེལ་གྱི་བུམ་པ་ནས་བདུད་རྩིའི་རྒྱུན་ངང་ན་རེ་རེ་བབས་པས་ཡི་དྭགས་རྣམས་ཚིམ་པར་བསམས་ལ། ཡིག་དྲུག་དང་ཡི་དྭགས་དྲི་ཆུ་འཐུང་པ་རྣམས་ཚིམ་པར་གྱུར་ཅིག །བརྗོད་དོ། །འོག་གི་དམིགས་པ་དང་གོང་གི་སྔགས་གཉིས་སྤེལ་ན་ལེགས་སམ་བདག་གིས་སེམས་སོ། །ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་རྒྱུད་ལས། རང་གི་དྲི་ཆུ་བདུད་རྩིར་བྱིན་གྱིས་བརླབས། །བཏང་བས་ཡི་དྭགས་ནོར་ལྷར་མཆོད། །ཅེས་གསུངས་པས། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་སྒང་པ་གསེར་གྱི་བུམ་པར་བྷེ་ནས། དྲི་ཆུ་བདུད་རྩིར་གུར་གུམ་གྱི་མདོག་ཅན་གྱིས་རྒྱུན་ཡི་དྭགས་ཀྱི་ཡུལ་དུ་ན་ར་ར་བབ་པས། ཡི་དྭགས་ཀྱི་སྒྲིབ་པ་ཕྱིའི་སྒྲིབ་པ་ནང་གི་སྒྲིབ་པ་སོགས་ཐམས་ཅད་དག་ནས། ཡི་དྭགས་ཐམས་ཅད་ཛཾ་བྷ་ལ་རིགས་ལྔའི་སྐུ་ཤ་སྟག་ཏུ་གྱུར་པའི་ཞལ་དུ་བདུད་རྩིའི་ཆུ་རྒྱུན་ཕུལ་བར་བྷོ་ལ་བཏང་ངོ་། །དེའི་ཕན་ཡོན་ཨོ་རྒྱན་རིན་པོ་ཆེས། བསོད་ནམས་དཔག་མེད་


CMR024_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་ནས་ཚེ་ཕྱི་མ་ལ་ཆོས་ཀྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པའི་གཏེར་ཆེན་པོ་ལ་སྤྱོད་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་དྲི་མ་བསོད་ནམས་ཀྱི་ཚོགས་སུ་འགྱུར་ལ་སྤྲོས་མེད་ཀྱི་རྣལ་འབྱོར་པ་དག་ལ་ནི། འདི་ཁོ་ནས་ཆུ་སྦྱིན་དང་ཛམ་ལྷའི་ཆུ་སྦྱིན་གོ་ཡང་ཆོད་པར་སྣང་བས་ངོ་མཚར་ཆེའོ།། ༈ དེ་ནས་ཁྲུས་ཀྱི་རྣལ་འབྱོར་བྱེད་པར་སྤྲོ་ན། བུམ་པར་རྡོར་སེམས་བསྐྱེད་བཟླས་བྱས་པའི་བུམ་ཆུའམ། རང་གི་ཡི་དམ་ཐུགས་རྗེ་ཆེན་པོའི་བུམ་ཆུ་རྙིང་པ་ཡོད་ན་རང་གི་ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས་ནས་དབང་བསྐུར་བར་བསམས་ལ་ཁྲུས་བྱ་ཞིང་ཡིག་བརྒྱ་བརྗོད། རིགས་བདག་གི་རྒྱས་གདབ་བྷེ་པ་དང་མི་བྷེ་པ་གང་རུང་གིས་ཆོག་ལ། དབང་ལྷ་མི་དམིགས་པ་ལས་རང་ལ་བསྟིམ་པ་ནི་མ་བཤད་དོ། །འདིས་ཉིན་ཞག་གཅིག་གི་ཆག་ཉམས་རྣམས་དག་ཅིང་བསམ་གཏན་སྐྱེ་བ་དང་གྲིབ་སོགས་དག་གོ །ཁྲུས་འདི་མི་སྤྲོ་ན་མ་བྱས་ཀྱང་ཆོག་ལ། ཡང་སོ་ཐར་ལ་གཙོ་བོར་བྱས་པས་བྱིན་གྱིས་བརླབས་པའི་བུམ་ཆུའི་ཆབ་དང་ཁྲུས་བྱས་ཀྱང་རྙིང་མའི་སྒྲུབ་པའི་སྐབས་སུ་ཁ་མི་བཤལ་གདོང་མི་བཀྲུ་གསུངས་པ་དང་མི་འགལ་ཏེ། འདི་ལྷ་ཞུ་བའི་བདུད་རྩི་ཡིན་ལ། མི་


CMR024_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ནི་ཆུ་ཕལ་པས་མི་བཀྲུ་ཁ་མི་བཤལ་བའོ། །དེ་ལྟར་བསྐྱེད་རྫོགས་ཀྱི་ཉམས་ལེན་བྱས་པ་དེ་རྣམས་ཐུན་གྱི་མཐར་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་པ་གལ་ཆེ་སྟེ༔ བྱང་ཆུབ་ཏུ་བསྔོས་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་ཟད་པ་དང་། ཞག་རེ་བཞིན་སྐྱེད་འཕེལ་བའི་གནད་ཡོད་དོ། །བློ་གྲོས་རྒྱ་མཚོའི་ཞུས་པའི་མདོ་ལས། །ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་གསུངས་སོ། །དེ་ཡང་ཐོག་མར་དཀོན་མཆོག་ལ་ཕྱག་འཚལ་བས་བསྔོ་བ་དེ་འགྲུབ་ཅིང་བར་ཆད་མི་འབྱུང་། དེ་ནས་བདག་གིས་འདིར་བསྐྱེད་རྫོགས་བྷེ་པའི་དགེ་བས་མཚོན་བདག་སོགས་སེམས་ཅན་ཀུན་གྱི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་ཕྱིར་བསྔོ་བ་དང་། དེ་ཐོབ་པར་བྱེད་པ་པོ་བདག་ལ་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཐམས་ཅད་སྒྲུབ་ནུས་པའི་སྟོབས་ད་ལྟ་ཉིད་དུ་འབྱུང་ནས་རིགས་དྲུག་གི་འཁོར་བ་དོང་སྤྲུགས་ཀྱི་བསྔོ་བ་འདི་དག་ནི་ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་བཞེད་དགོངས་ཡང་དག་པ་ཡིན་ཏེ། དཀོན་མཆོག་རིན་ཆེན་གསུམ་སོགས་ནས་


CMR024_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འགོད་པར་གྱུར་ཅིག་གི་བར་འདི་ནི་གྲུབ་ཆེན་ཀརྨ་པཀྴིསམཛད་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་ཆོག་ནས་འབྱུང་ངོ་། །དེ་ལ་གོང་གིས་ཤོ་ལོ་ཀ་གཅིག་འདི་ནི་གཞན་ཡང་དཀྱིལ་ཆོག་མང་པོ་ནས་བྱུང་བས་རྒྱ་གཞུང་གཅིག་ཡིན་པར་མངོན་ནོ། །དེའི་དོན་ཡང་སྙིང་རྗེ་ཆེན་པོ་མི་བཤོལ་བའི་གཟུངས་ལས་སྤྱན་རས་གཟིགས་ཉིད་ཀྱིས་གསུངས་པ་ཐོག་མར་བདག་བརྗོད་པའི་འོག་ཏུ། སྨོན་ལམ་ཆེན་པོ་འདི་སྐད་གདབ་པར་བགྱི་སྟེ། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་ཆེན་པོ་བཅོ་ལྔ་གདབ་པར་གསུངས་པས། ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་མདོར་བསྡུས་པ་ལས། བདག་གིས་སེམས་ཅན་ཐམས་ཅད་མྱུར་དུ་སྒྲོལ་བར་ཤོག །ཅེས་སོགས་སྨོན་ལམ་ཆེན་པོ་བཅུ་དྲུག་གདབ་པར་གསུངས་པའི་དོན་ཐམས་ཅད་ཀྱང་བསྔོ་བ་སྨོན་ལམ་འདི་ལ་ཚང་བ་ཡིན་ལ། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ལས་དགེ་བའི་རྩ་བ་བསྔོ་ཞེས་དང་། རང་བྱུང་བའི་ལྷ་དགུ་ལས། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བྱའོ། །ཞེས་དང་། །


CMR024_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དེ་བཞིན་གཤེགས་པས་རྒྱ་ཡུལ་དུ་མཛད་པའི་ཆོ་ག་ལས་འདིས་མཚོན་པའི་སེམས་ཅན་ཐམས་ཅད་ཀྱིས་དགེ་ཚོགས་ཐམས་ཅད་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་དོན་དུ་སྨོན་ལམ་རྣམ་པར་དག་པ་གདབ། ཅེས་དང་། བསོད་ནམས་སེང་གེས་མཛད་པའི་དཀྱིལ་ཆོག་ནས། མཐར་བསྔོ་བ་སྨོན་ལམ་རྒྱས་པར་བྱས་ཏེ། ཞེས་དང་། ཟིན་བྲིས་མུ་ཏིག་ཕྲེང་མཛེས་ལས་ཀྱང་དགེ་བ་བསྔོ་ཞིང་ཞེས་གསུངས་པ་རྣམས་ཀྱི་དོན་ནོ།། །གཞན་ཡང་དྷ་ཤྭ་ར་ཀུ་མ་ར་ཀེ་ཏུས་མཛད་པའི་རྒྱལ་བ་རྒྱ་མཚོ་ལས་ཀྱང་དེ་རྗེས་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱ་བའི་དོན་དུ་བསྔོ་བར་བྱའོ། །རྗེ་དཀོན་མཆོག་འབངས་ཀྱིས་གཏེར་སྟོན་ཞིག་པོ་གླིང་པ་ལ་གནང་བའི་ལྷ་ལྔ་ཚིགས་བཅད་མ་ལས། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་སོགས་བསྔོ་བ་སྨོན་ལམ་གདབ་བོ། །ཞེས་གསུངས་སོ། །དེ་ལྟར་ཐུན་མགོར་སྐྱབས་འགྲོས་གཞི་བཟུང་། བྱང་ཆུབ་སེམས་བསྐྱེད་ཀྱིས་ཀུན་ནས་བསླངས་ཏེ། དངོས་གཞི་བསྐྱེད་རིམ་བཟླས་བརྗོད། རྫོགས་རིམ་སྟོང་ཉིད་དབྱེར་མེད་ཟུང་འཇུག་ཉམས་སུ་བླངས་ནས་རྗེས་ཐུན་


CMR024_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཏུ་བསྔོ་བ་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་པས་བྱང་ཆུབ་ཀྱི་ཉེ་ལམ་མ་ནོར་བ་ཡིན་པར་ཤེས་པར་བྱའོ། །དེ་ཡན་ཆད་གཞུང་ཉིད་ཀྱི་གོ་རིམ་ཇི་ལྟ་བ་ཡིད་ཆེས་ཕྱིར་ལུང་རྒྱབ་རྣམས་དྲངས་གོ་སླ་བ་རྣམས་མ་སྨོས། ཅུང་ཞིག་གོ་དཀའ་ཞད་རྣམས་རྒྱས་པར་སྤྲོས་ཏེ་མཐར་ཆགས་སུ་བཤད་པ་ཡིན་ལ། དེ་དག་ས་བཅད་དང་བསྲེས་ནས་གོ་དཀའ་བར་དོགས་ནས་འདིར་ས་བཅད་ཟུར་དུ་བྲིས་ཏེ། དེ་ཡང་ས་བཅད་ཞིབ་པར་ནི་ཡི་གེར་འཇིགས་ཤིང་དགོས་པ་ཆུང་བས་རེ་ཞིག་བཞག་ནས་མདོ་ཙམ་བརྗོད་ན། རྗེ་དོན་ལྡན་ཞབས་ཀྱིས་མཛད་པའི་རྒྱལ་བ་རྒྱ་མཚོའི་ཆོ་ག་འདི་ལ་ཐོག་མར་དགེ་བ་ཕྱག་འཚལ་ཞིང་རྩོམ་པར་དམ་བཅའ་བ་དང་གཅིག །བར་དུ་དགེ་བ་གཞུང་གི་དོན་དང་གཉིས། ཐ་མར་དགེ་བ་བརྩོན་པ་མཐར་ཕྱིན་ནས་དགེ་བ་བསྔོ་བ་དང་གསུམ་མོ། །གཞུང་གི་དོན་ལ་བདག་མདུན་བུམ་གསུམ་དབང་དང་བཞི་ལས། སོ་སོའི་ས་བཅད་རགས་རིམ་གཞུང་ཉིད་ན་གསལ་ཞིང་། འདིར་བཤད་བྱ་བདག་བསྐྱེད་ཀྱི་ས་བཅད། རྗེ་རང་བྱུང་བས་གསུངས་པ་ལྟར་བརྗོད་ན། སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ། །དང་པོ་ལ་བཞི་སྟེ། དང་པོ་སྟ་གོན་དུ་བྱ་བ། གཉིས་པ་སྐྱབས་


CMR024_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། གསུམ་པ་ལུས་ངག་དག་པ་དང་སྲུང་འཁོར། བཞི་པ་ཚོགས་ཞིང་གསལ་བཏབ་ཅིང་ཚོགས་གཉིས་བསགས་པའོ། །དངོས་གཞི་ལ་གཉིས་ཏེ། བསྐྱེད་རིམ་དང་རྫོགས་རིམ་མོ། །དང་པོ་ལ་བདུན་ཏེ། དང་པོ་སངས་རྒྱས་ཀྱི་ཞིང་སྦྱང་བ། གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ། གསུམ་པ་བརྟེན་པ་ལྷར་བསྐྱེད་པ། བཞི་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། ལྔ་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ། དྲུག་པ་དབང་བསྐུར་བ། བདུན་པ་བཟླས་པ་བྱ་བའོ། །བཟླས་པ་ལ་ཡང་རྣམ་པ་གཉིས་ཏེ། སྤྲོ་བསྡུའི་བཟླས་པ་དང་། རྡོ་རྗེའི་བཟླས་པའོ། །དང་པོ་ལ་བཞི་སྟེ། བྱིན་རླབས་བསྡུ་བ་དང་། ཕྲིན་ལས་བཞིའི་བཟླས་པ་དང་། བདེ་བ་ཆེན་པོ་དང་། འགོག་བཟླས་སོ། །གཉིས་པ་ལ་རྡོར་བཟླས་དངོས་དང་། བསྲེ་བའི་མན་ངག་གཉིས་སོ། །རྫོགས་རིམ་ལ་ཟབ་པ་དང་མི་ཟབ་པ་གཉིས་སོ། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས་ཏེ། ཟུང་འཇུག་གི་སྐུར་ལྡང་ནས་དགེ་རྩ་བསྔོ་བ་དང་། གཏོར་མ་སོགས་དང་ཐུན་མཚམས་ཀྱི་བྱ་བའོ། །དེ་ནས་འདིའི་ས་བཅད་ཀྱི་ཆིངས་རྒྱུད་སྡེ་ཆེན་པོ་རྣམས་ནས་གསུངས་པ་ལྟར་བཤད་ན། རྡོ་རྗེ་རྩེ་མོ་


CMR024_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་པོ་སྦྱོར་བའི་ཏིང་འཛིན་གྱིས། །རྣལ་འབྱོར་པ་ནི་སྙོམས་འཇུག་བྱ། །དེ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལེས་རྒྱལ་མཆོག །ཅེས་གསུངས་ཤིང་། སཾ་བྷ་ཏྲི་ལས་ཀྱང་དེ་ལྟར་བཤད་པས། ཏིང་ངེ་འཛིན་གསུམ་གྱི་ཆིངས་ནི། ཚོགས་བསགས་པ་ཡན་སྔོན་འགྲོ་ལ། གཞལ་ཡས་ཁང་བསྐྱེད་པ་ནས། གཙོ་བོ་བསྐྱེད་པའི་བར་དང་པོ་སྦྱོར་བ། འཁོར་སྤྲོ་བ་ནས་རྒྱས་གདབ་བར་དང་། བདུད་རྩི་མྱང་བ་མཆོད་བསྟོད་སོགས་དཀྱིལ་འཁོར་རྒྱལ་མཆོག་འཁོར་ལོ་ལྔ་བསྙེན་པའི་མན་ངག་སོགས་ཕྲ་ཐིག་བསྒོམ་པ་ལས་རྒྱལ་མཆོག་གོ །ཡང་རྡོ་རྗེ་གུར་ལས། སངས་རྒྱས་གནས་ནི་རྫོགས་པ་དང་། །ཀུན་ཏུ་བཟང་པོའི་རང་བཞིན་དང་། །རང་གི་ལྷག་པའི་ལྷར་བསྒྲུབ་པ། །མཆོད་བསྟོད་བདུད་རྩི་མྱང་བ་སོགས། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་པ་ལྟར་འདིའི་སངས་རྒྱས་ཀྱི་ཞིང་སྦྱོང་བ་ནས་བདག་བསྐྱེད་པའི་བར་ནི། གཞལ་ཡས་ཁང་བསྐྱེད་པ་ནི་རྣམ་སྣང་གི་ཡན་ལག །ལྷ་བསྐྱེད་པ་ནས་ཡེ་ཤེས་པ་འགུགས་པའི་བར་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག །དབང་ལྷ་གསལ་བཏབ་ནས་རྒྱས་གདབ་པའི་བར་ནི་དབང་བསྐུར་བ་མི་


CMR024_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པའི་ཡན་ལག །བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག །ཐིགས་པ་མྱོང་བའམ་ལག་མཆོད་མཆོད་པ་དོན་གྲུབ་ཡན་ལག །བསྟོད་པ་རིན་ཆེན་འབྱུང་ལྡན་ཡན་ལག་ནི། རྗེ་དེ་བཞིན་གཤེགས་པའི་ལྷ་དགུ་ལ་དངོས་སུ་ཡོད་ལ། གཞུང་འདི་ལ་ནི་ཚོགས་ཞིང་གི་སྐབས་དེས་གོ་བཅད་ནས་དངོས་སུ་མེད་ཀྱང་གཏོར་བསྔོས་བདག་བསྐྱེད་ཀྱིས་ཐུན་མ་བསྡུས་པར་བྱས་པས་ཚང་བར་འགྱུར་རོ། །རྒྱུད་བརྟག་གཉིས་ལས། དང་པོ་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུས། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་འགོད། །ཅེས་དང་། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐ་མལ་པ་ནི་རྡོ་རྗེ་བཞི། །ཡེ་ཤེས་རྡོ་རྗེ་མཆོག་རྣམས་སོ། །དང་པོ་སྟོང་པའི་བྱང་ཆུབ་སེམས། །ཞེས་སོགས་གོང་ལྟར་དང་། འདུས་པའི་རྩ་རྒྱུད་ལས། བསྙེན་པའི་དམ་ཚིག་རབ་སྦྱོར་བ། །བྱང་ཆུབ་མཆོག་གི་བྷེ་པར་བྱ། །ཉེ་བར་བསྒྲུབ་པ་སྒྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མེད་རྣམ་པར་དཔྱོད། །སྔགས་ཀྱི་བདག་པོ་བསྒོམས་པ་ཡིས། །བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །དབུ་རྒྱན་ལ་ནི་


CMR024_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བདག་བསམ། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐ་མལ་བསྒྲུབ་པའི་བསྙེན་པ་བྱ། །ཞེས་རྡོ་རྗེ་བཞིའི་བསྙེན་སྒྲུབ་ཡན་ལག་བཞི་འདི་ནི། ཡེ་ཤེས་ཚོགས་བསགས་ནས་དམ་ཚིག་བསྐྱེད་པ་བསྙེན་པའི་ཡན་ལག །གནས་གསུམ་བྱིན་རླབས་ཉེར་བསྒྲུབ་ཀྱི་ཡན་ལག །ཡེ་ཤེས་འགུགས་པ་སྒྲུབ་པའི་ཡན་ལག །དབང་བསྐུར་རྒྱས་གདབ་སྒྲུབ་པ་ཆེན་པོའི་ཡིན་ལག་ཏ་བིརླ་པས་བཞེད་ལ། འདུས་པ་འཕགས་ལུགས་པ་དང་ཡེ་ཤེས་ཞབས་ལུགས་ཀྱིས་བཞེད་པ་མི་འདྲ་བ་གཉིས་ཀྱང་ཡོད་དོ། །བསྙེན་སྒྲུབ་ཡན་ལག་བཞི་མ་ཚང་ན་དངོས་གྲུབ་གཉིས་པོ་གང་ཡང་མི་འགྲུབ་པར་བཞེད་དོ། །ཡན་ལག་བཞི་པོ་འབྲིང་པོ་ནི། །མཆོད་བསྟོད་མེད་པར་བཟླས་པ་ལ་འཇུག་པ་སྟེ། གཞུང་འདི་དངོས་བསྟན་ནོ།། ༈ ཡང་མངོན་བྱང་ལྔས་གཙོ་བོ་བསྐྱེད་དེ་ཡབ་ཡུམ་ཞལ་སྦྱོར་བྷོ་པའི་བར་དང་པོའི་སྦྱོར་བ་དང་། འཁོར་སྤྲོས་ནས་དཀྱིལ་འཁོར་ཚང་བར་བསྐྱེད་པའི་བར་ནི་དཀྱིལ་འཁོར་རྒྱལ་མཆོག །གནས་གསུམ་བྱིན་རླབས་ཡེ་ཤེས་པ་དབང་བསྐུར་ཡན་དབང་བསྐུར་ཡན་ལག །གཏོར་མཆོད་བསྟོད་པ་བདུད་རྩི་མྱོང་བ་དཀྱིལ་འཁོར་བསྡུས་པའི་བར་ལས་རྒྱལ་མཆོག་སྟེ། ཏིང་ངེ་འཛིན་


CMR024_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་ཡན་ལག་དྲུག་གཉིས་ཀའི་ཆིངས་འདི་སློབ་དཔོན་གཉིས་མེད་རྡོ་རྗེ་དང་མར་མེ་མཛད་ཀྱིས་བཞེད་པའོ། །ཡང་བརྟག་གཉིས་ལས། གང་བུ་ཆུ་དང་གཟུགས་སུ་གནས། །གཟུགས་ལ་འདས་བཞི་རྟོག་པ་བྱ། །ཞེས་གསུངས་པས་ས་བོན་ཧཱུྃཡིག་འོད་ཀྱིས་གང་བུ་ནི་གོང་བུར་གནས་པ་དེས་དོན་གཉིས་བྱས་འདུས་པ་དེ་འོད་དུ་ཞུ་བ་ཐིག་ལེ་དམར་པོ་འོད་ཕུང་གི་རྣམ་པ་ནི་ཆུར་གནས་པ། དེ་ལས་ལྷའི་སྐུར་བཞེངས་པ་ནས་རྒྱས་བཏབ་པར་གཟུགས་སུ་གནས་པ། དེ་ནས་མར་མེའི་རྩེ་མོ་ལྟར་ཏིང་ངེ་འཛིན་གསལ་བ་ནི་རྫོགས་རིམ་དུ་སྡུད་པ་གཟུགས་ལས་འདས་པ། ཡང་ན་ས་བོན་འོད་ཀྱི་གོང་བུ་དང་སྦྱོར་མཚམས་ཐིག་ལེ་ལས་འཁོར་གྱི་ས་བོན་ཆུར་གནས་པ་དང་། དཀྱིལ་འཁོར་ཚང་མ་གཟུགས་སུ་གནས་པ་དང་། སྡུད་པ་གཟུགས་ལས་འདས་པ་སྟེ། གནས་པ་བཞིའི་ཆིངས་འདི་འབྲོག་མའི་རྗེས་འབྲང་དང་བཅས་པས་རྩིས་པོ་ཆེར་མཛད་དོ། །ཡང་རྣལ་འབྱོར་བཞི་ཡི་ཆིངས་སློབ་དཔོན་ཛ་ལེན་དྷ་རས་བཞེད་པ་ནི། མངོན་བྱང་ལྔ་ལས་ལྷ་བསྐྱེད་པ་ནི་རྣལ་འབྱོར། དེ་ལས་སྐུའི་འོད་ཟེར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་པར་བསྒོམ་པ་རྗེས་སུ་རྣལ་འབྱོར། ཕུང་


CMR024_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སྐྱེ་མཆེད་དམ་གནས་གསུམ་བྱིན་གྱིས་རླབས་པ་ཤིན་ཏུ་རྣལ་འབྱོར། བསྙེན་པའི་མན་ངག་འཁོར་ལོ་བཞི་ལུས་ལ་བཀོད་པ་རྣལ་འབྱོར་ཆེན་པོ་སྟེ། འདི་དགྲ་ནག་གི་རྒྱུད་ལས་གསུངས་པའི་རྣལ་འབྱོར་བཞི་དང་ཅུང་ཟད་མི་འདྲ་ནའང་། འདི་ཁྱད་པར་དུ་འཕགས་པ་ཡིན་པར་མཁས་པ་རྣམས་ཀྱིས་བཞེད་དོ། །དེ་ནས་རྫོགས་པའི་རྣལ་འབྱོར་ནི། སྡོམ་འབྱུང་ལས། བསྐྱེད་པའི་རིམ་པའི་དཀྱིལ་འཁོར་བློ། །རྣལ་འབྲིང་དག་གིས་བསམ་པར་བྱ། །རྣོན་པོས་སྐད་ཅིག་རྣམ་པ་ཡི། །བསམ་གཏན་ཉིད་ཀྱིས་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་དཀྱིལ་འཁོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་དང་། རྣལ་འབྱོར་རྫོགས་ཕྲེང་གི་རྒྱ་གཞུང་ཆེན་པོ་ལས་འདིར་གང་གི་ཕྱིར་ཆུང་ངུ་དང་། འབྲིང་པོ་རིམ་པ་དག་གིས་ཏིང་ངེ་འཛིན་ལེགས་པར་བསྒོམ་པ་ལས། ཤེས་རབ་མཆོག་ཏུ་གྱུར་པ་ལས། བཅོམ་ལྡན་འདས་ཀྱི་སྤྲོ་བ་དང་བསྡུ་བར་བྱེད་པ་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་སྐད་ཅིག་གིས་རྫོགས་པ། རྫོགས་པའི་རྣལ་འབྱོར་ཞེས་བརྗོད། ཅེས་དང་། འོད་གསལ་རབ་ཏུ་ཞུགས་པ་ལ། སྐད་ཅིག་གིས་ཡན་ལག་དང་བཅས་པའི་གཞལ་ཡས་ཁང་གི་


CMR024_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་དཀྱིལ་འཁོར་པས་ཡོངས་སུ་བསྐོར་བ། ཞེས་སོགས་གསུངས་ཏེ། ཨ་བྷ་ཀ་རས་རྡོ་རྗེའི་ཕྲེང་བ་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་གང་ཟག་རབ་ཀྱི་དབང་དུ་བྱས་ནས་རྫོགས་པའི་རྣལ་འབྱོར་དུ་བསྐྱེད་པར་མཛད་དེ། དེ་ལ་བོད་ཀྱི་བླ་མ་ཕལ་ཆེར་གྱིས་གནས་གསུམ་བྱིན་རླབས་ཡེ་ཤེས་འགུགས་པ་གཉིས་ཁ་བཀང་བར་མཛད་ཀྱང་། དེ་ནི་མི་དགོས་ཏེ། རྣལ་འབྱོར་རྫོགས་ཕྲེང་ལས། འདི་རྫོགས་པ་ཡི་རྣལ་འབྱོར་ལ། །དམིགས་སོགས་བྱིན་གྱིས་བརླབས་པ་དང་། །ཡེ་ཤེས་སེམས་དཔའ་འགུགས་གཞུག་ལ་སོགས་པ་ནི་མ་བཤད་དོ། །དེའི་རྗེས་མ་དམིགས་གིས་མངོན་པར་ཤེས་པ་ལ་སོགས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་མཛེས་པར་བྱས་པར་ཡིས། ཡི་དམ་ལྷའི་སྐུ་ལེགས་པར་ཡོངས་སུ་དག་ཅིང་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་རྒྱུན་དུ་ཡང་ཡང་དུ་ལྷག་པར་མོས་པར་བསྟན་པར་བྱའོ། །ཞེས་གསུངས་སོ། །དེ་ལ་བསྐྱེད་རིམ་བྷོ་པས་ལྷའི་སྐུ་ཕྲ་རགས་ཡུད་ཙམ་པ་རེ་གསལ་ཐེབས་པ་སྟེ། ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པའི་གང་ཟག་དེས་སྐྱབས་སེམས་སྔོན་དུ་སོང་ནས། ཤུ་རྒྱ་སོགས་སྔགས་བརྗོད་པ་མ་མིན་ཀྱང་ཆོས་


CMR024_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྟོང་ཉིད་ཀྱི་ལྟ་བའི་ངང་ལས། སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའམ་ལྷ་དགུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ངོ་བོ་ས་བོན་ལས་སྔགས་ཕྲེང་དང་། དབུ་རྒྱན་རིགས་བདག་རང་ཆས་སུ་ཡོད་པ་གསལ་བཏབ་ནས། འོད་ཟེར་རམ་ཐུགས་རྗེ་ཆེན་པོའི་སྐུ་དཔག་མེད་སྤྲོས་ལ་སེམས་ཅན་གྱི་དོན་བྱ་བ་སོགས་བཟླས་པའི་དམིགས་རིམ་རྣམས་བྱས་ལ་བཟླས་ཤིང་མཐར་འོད་གསལ་དུ་བསྡུ་བ་སོགས་བྱས་ཏེ། བླ་མེད་ལུགས་ཀྱི་སྐད་ཅིག་དྲན་རྫོགས་ཀྱིས་བསྐྱེད་རིམ་བརྫུས་སྐྱེས་སྦྱོང་བྱེད་གཙོ་བོར་བདེ་མཆོག་རྒྱུད་ནས་རྒྱ་ཆེར་གསུངས་པའོ། །ཡང་བསྙེན་སྒྲུབ་ཡན་ལག་བཞི་ཡི་བསྐྱེད་རིམ་བསྡུས་པ་དམ་ཚིག་སེམས་དཔའ་དབུ་རྒྱན་རང་ཆས་ཅན་དུ་སྐད་ཅིག་གིས་བསྐྱེད་ནས་བཟླས་པ་བྱ་བ་ཡིན་པར་ས་སྐྱ་པ་རྣམས་ཀྱིས་བཞེད་ཀྱང་། དེ་ནི་ཡོ་གའི་རྒྱུད་ལས་དེས་འཁོར་བ་སྦྱོང་བྱེད་ཙམ་གྱིས་བཟླས་པ། རྡོ་རྗེ་རྩེ་མོའི་དགོངས་པ་ཡིན་གྱི། བླ་མེད་ཀྱི་སྐབས་སུ་དམ་ཚིག་རྐྱང་པའི་བཟླས་པ་བྱ་བ་དོན་མེད་པས། གདོད་ནས་དམ་ཡེ་དབྱེར་མེད་དུ་བྷེ་དགོས་སམ་ཁོ་བོས་སེམས་སོ། །དེས་ཆོ་གའི་སྤྱི་ཆིངས་བཤད་ཟིན་ནས། ༈ བྱེ་བྲག་ལ་


CMR024_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་པ་བསྐྱེད་ལུགས་ལ་ཡང་རྣམ་གྲངས་ལྔ་ཡོད་དེ། མངོན་བྱང་ལྔས་བསྐྱེད་པ་དང་། རྡོ་རྗེའི་ཆོ་ག་ཡན་ལག་གསུམ་མམ་བཞིའི་བསྐྱེད་པ། སྙིང་པོ་ཚིག་ཙམ་ལས་བསྐྱེད་པ། དབུགས་ཀྱི་སྤྲོ་བསྡུ་ལས་བསྐྱེད་པ། འབྱིན་པའི་ངང་ཚུལ་གྱིས་བསྐྱེད་པའོ། །དང་པོ་ལ་གཉིས་ཏེ་དཀྱིལ་འཁོར་གཞན་ལུགས་དང་རང་ལུགས་སོ། །དང་པོ་ཚོགས་བསགས་ནས་གཞལ་ཡས་ཁང་བར་འདྲ་ལ། ལྷ་བསྐྱེད་པ་དང་པོ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་དེ། གདན་རྣམས་ཀྱི་སྟེང་དུ་ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་དང་། དེའི་སྟེང་དུ་ཀཱ་ལི་ལས་ཉི་མའི་དཀྱིལ་འཁོར་མཉམ་ཉིད་ཡེ་ཤེས། དེ་གཉིས་ལ་བར་དུ་ཕྱག་མཚན་ས་བོན་གྱིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས། །དེ་རྣམས་གཅིག་ཏུ་འདྲེས་པ་བྱ་གྲུབ་ཡེ་ཤེས། དེ་ལས་ལྷར་བསྐྱེད་པ་ཆོས་དབྱིངས་ཡེ་ཤེས་ཏེ། འདི་མངོན་བྱང་མི་སྦྱོར་ཞེས་བྱའོ། །ཡང་གདན་གྱི་སྟེང་དུ་ཨཱ་ལི་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ཡེ་ཤེས། དེའི་སྟེང་དུ་ཀཱ་ལི་ལས་ཉི་མའི་དཀྱིལ་འཁོར་མཉམ་ཉིད་ཡེ་ཤེས། དེའི་སྟེང་དུ་ས་བོན་གྱིས་མཚན་པའི་ཕྱག་མཚན་སོར་རྟོག་ཡེ་ཤེས། དེ་ལས་འོད་འཕྲོས་དོན་བྱས་ཚུར་འདུས་ནས་རོ་གཅིག་ཏུ་


CMR024_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་བྱ་གྲུབ་ཡེ་ཤེས། དེ་ལས་རྒྱུ་རྡོ་རྗེ་འཛིན་པ་ལྷའི་སྐུར་དཀར་པོར་བསྐྱེད་པ་ཆོས་དབྱིངས་ཡེ་ཤེས་ཏེ། འདི་མངོན་བྱང་དང་མཉམ་པར་སྦྱར་བའི་ལུགས་ཏེ། འདི་དག་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་ནས་སྙོམས་པར་ཞུགས་པ་ཐིག་ལེར་གྱུར་པ་གླུས་བསྐུལ་ནས་འབྲས་བུ་རྡོ་རྗེ་འཆང་དུ་བྷེ་པ་སོགས་བྱེད་པ་གསང་འདུས་དགྱེས་རྡོར་སོགས་གསར་མའི་བླ་མེད་རྒྱུད་ཕལ་ཆེར་གྱི་ལུགས་སོ།། ༈་གཉིས་པ་རང་གཞུང་གི་མངོན་བྱང་ལྔ་ནི། ཨོ་རྒྱན་རིན་པོ་ཆེས་གསུངས་པ་དང་སྤྲུལ་པའི་རྒྱལ་པོས་གསུངས་པའི་ལུགས་ཡིན་ཏེ། སྲོང་བཙན་སྒམ་པོའི་ཐུགས་རྗེ་ཆེན་པོ་ནོར་བུའི་རྒྱན་གྱི་འགྲེལ་བཤད་ཀྱི་དོན་བསྡུས་ཏེ་འཆད་ན། སྟོང་ཉིད་ལ་མངོན་པར་བྱང་ཆུབ་པ་མེ་ལོང་ཡེ་ཤེས། སྙིང་པོ་བྷོ་པ་ཆོས་དབྱིངས་ཡེ་ཤེས་ཏེ་གཞན་དོན་ལ་མངོན་པར་བྱང་ཆུབ་པ། གདན་ཉི་ཟླ་པདྨ་ལ་མངོན་པར་བྱང་ཆུབ་པ་མཉམ་ཉིད་ཡེ་ཤེས། ཡིག་འབྲུ་ལ་མངོན་པར་བྱང་ཆུབ་པ་གྷིཡིག་ལས་འོད་འཕྲོས་དོན་གཉིས་བྱས་འདུས་པ་ལས། ཐུགས་ཕྱག་མཚན་པདྨར་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས། སྐུ་ཡོངས་རྫོགས་ལ་བྱང་ཆུབ་པ་བྱ་གྲུབ་ཡེ་ཤེས་སོ། །སྤྲུལ་པའི་རྒྱལ་པོས་ཀྱང་སྟོང་ཉིད་ལ་བྱང་ཆུབ་པ་དང་།


CMR024_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ཟླ་བ་ལ་བྱང་ཆུབ་པ། གསུང་ཡིག་འབྲུ་ལ་བྱང་ཆུབ་པ། ཐུགས་ཕྱག་མཚན་ལ་བྱང་ཆུབ་པ། ལྔ་པ་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པ་ལྔར་གསུངས་སོ། ༈ ཡང་ན་སྤྱིར་བཏང་ལ། དང་པོ་སྟོང་ཉིད་ལ་བྱང་ཆུབ་པ། གཉིས་པ་གདན་པད་ཟླ་ལ་བྱང་ཆུབ་པ། གསུམ་པ་གསུང་ཡིག་འབྲུ་ལ་བྱང་ཆུབ་པ། བཞི་པ་ཐུགས་ཕྱག་མཚན་ལ་བྱང་ཆུབ་པ། ལྔ་པ་སྐུ་ཡོངས་རྫོགས་ལ་མངོན་པར་བྱང་ཆུབ་པའོ། །དེ་ནི་མངོན་བྱང་ལྔས་བསྐྱེད་ལུགས་རྣམས་སོ། །ཡན་ལག་བཞི་ཡི་བསྐྱེད་ལུགས་གོང་གི་མི་མཉམ་སྦྱོར་དང་འདྲ་བ་ལས། ཉི་ཟླ་ཨཱ་ལི་ཀཱ་ལི་ལས་བསྐྱེད་མི་དགོས་པ་ཉི་ཟླ་བསྐྱེད་དོ། །ཡན་ལག་དྲུག་གི་སྒོ་ནས་བསྐྱེད་པ་ཡང་དབྱངས་གསལ་མེད་པར་ཉི་ཟླའི་བར་དུ་ས་བོན་ཕྱག་མཚན་ལས་བསྐྱེད་པའོ། །གདན་གྱི་སྟེང་དུ་ཧཱུྃཡིག་ལས་བསྐྱེད་པ་སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་དང་། སྤྲོ་བསྡུ་ནི་འོད་ཟེར་དང་སྦྱོར་མཚམས་ནས་འཁོར་སྤྲོ་བ་ནི་འབྱིན་པའི་ཚུལ་དུ་བསྐྱེད་པ་སྟེ། དེ་དག་གི་དོན་ཐམས་ཅད་གཞུང་འདི་ལ་དོན་གྱིས་ཚང་སྟེ། མངོན་བྱང་ལྔ་ནི་སྤྱི་ལྟར་དངོས་སུ་ཚང་བར་གསལ། ཡན་ལག་བཞི་གསུམ་ཚང་ལུགས་གོང་དུ་བཤད། །


CMR024_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿདང་ཡིག་དྲུག་བརྗོད་པ་ལས་བསྐྱེད་ཕྱིར་སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་དང་། འོད་ཟེར་སྤྲོ་བསྡུ་ནི་དངོས་སུ་གསལ། ཕྱོགས་བཞིར་པད་ཉིའི་སྟེང་དུ་ཡི་གེ་ཧིབཞི་བབ་པ་ལས་ཞེས་པ་གཙོ་བོའི་སྦྱོར་མཚམས་ནས་སྤྲོས་པས་མངལ་འབྱིན་པ་དང་། མཁའ་འགྲོ་བཞི་སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་ཚང་བའོ། །དེ་ལྟར་བསྐྱེད་རིམ་སྒོམ་པའི་གང་ཟག་གཅིག་ལ་ཡང་ཐ་མའི་ཐ་མ་དང་། ཐ་མ་དང་འབྲིང་དང་རབ་སྟེ་བཞིར་གྱུར་བ་བིརླ་པས་བཞེད་དེ། ཉོན་མོངས་པའི་འཆིང་བ་མཐའ་དག་དང་ལྡན་པའི་གང་ཟག་ཐ་མའི་ཐ་མ་དང་། ཐ་མ་འབྲིང་དང་རབ་བོ་ཞེས་གསུངས་པ་དང་། མཚོ་སྐྱེས་རྡོ་རྗེས་ལས་དང་པོ་པ་ལ་བདེ་བ་ཅུང་ཟད་སྐྱེས་པ། བདེ་སྟོང་གཉིས་སྐྱེས་པ། བདེ་སྟོང་གི་ཉམས་ཆེར་སྐྱེས་པའི་རྟེན་གྱི་གང་ཟག་སྟེ་བཞིར་བཞེད་དོ། །སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ལས་དང་པོ་པ་དང་། ཅུང་ཟད་ཡེ་ཤེས་ལ་དབང་བ་དང་། ཡང་དག་པའི་ཡེ་ཤེས་ལ་དབང་བ་ཞེས་གསུངས། དེ་ལྟར་སོ་སོར་གསུངས་ཀྱང་དོན་འབབ་ས་གཅིག་པས་དེ་དག་སོ་སོར་ཇི་ལྟར་བྷེ་ཚུལ་ལས་དང་པོ་པས་ཤིན་ཏུ་རྒྱས་པར་བསྐྱེད་ཆོག་བྷེ་པ་ཐུན་བཞིར་འབད་པས་དུ་བ་ལ་སོགས་པའི་རྟགས་ལྔ་པོ་མཉམ་རྗེས་གང་


CMR024_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ལ་མཐོང་བར་འགྱུར་ལ། དེ་མཐོང་ན་གང་ཟག་གཉིས་པར་འཕོས་པ་ཡིན་པས། ཨཱ་ལི་ཀཱ་ལི་སོགས་ལས་བསྐྱེད་པ་སོགས་སྤྲོས་པའི་བྱེ་བྲག་ཅུང་ཟད་བསྡུའོ། དེ་ནས་སེམས་ཆེར་བརྟེན་ནས་རླུང་སེམས་འཕྲོ་འདུ་འཕེལ་བས། བསོད་ནམས་ཀྱི་ཚོགས་ཀྱི་དུས་ལུས་སེམས་བདེ་བར་འབར། ཡེ་ཤེས་ཀྱི་ཚོགས་ཀྱི་དུས་སེམས་སྟོང་པ་ཤས་ཆེ། དངོས་གཞིའི་སྐབས་སུ་བདེ་སྟོང་ཟུང་དུ་ཆུབ། སྐབས་སུ་ལྷའི་སྣང་བ་སྟོང་ཞིང་འགྲོ་རྨི་ལམ་གསལ་པོར་མངོན་ཤེས་འདྲ་བ་འབྱུང་སྟེ། གང་ཟག་དེ་དག་གང་ཟག་གསུམ་པར་འཕོས་པ་ཡིན་ནོ། །དེས་ས་བོན་ཙམ་ལས་བསྐྱེད་ཆོག་གིས་མངོན་བྱང་ལྔ་མི་དགོས་སོ། །ད་དུང་ཐུན་བཞིར་བྷེ་པས་ལྷའི་སྣང་བས་རྫོགས་རིམ་ཤས་ཆེ། སྐབས་སུ་ལྷ་མི་གསལ་ལྷ་ཐུགས་རྗེ་ཆེན་པོ་བྷེ་ན་འཇམ་དབྱངས་སོགས་དུ་མར་གྱུར་ཞིང་མཐོང་བ་དང་རིགས་དྲུག་སོགས་འཁྲུལ་སྣང་དུ་མ་ཡང་མཐོང་། དཀྱིལ་འཁོར་ཡང་དུ་སོང་བཞིན་ཡལ་ཞིང་འགྲོ་བ་བྱུང་ན་གང་ཟག་དེ་བཞི་པར་འཕོས་པ་ཡིན་པས། སྐད་ཅིག་ལ་བསྐྱེད་པར་བྱ་བའི་ས་བོན་ལ་ཡང་མི་དགོས་སོ། །ད་དུང་ནན་ཏན་བྷོ་པས་འཁོར་བ་རིགས་དྲུག་དང་མྱང་འདས་སྤྲུལ་སྐུའི་ཞིང་ཁམས་རྣམས་


CMR024_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཉམས་སྣང་ལ་མཐོང་། ཏིང་ངེ་འཛིན་མཉམ་རྗེས་འདྲེས། བདེ་སྟོང་བརྟན་པོར་ཟུང་དུ་ཆུད། དེ་ཙམ་ན་མཁའ་འགྲོའི་བར་ཆད་ཀྱིས་རྩོལ་བ་མང་དུ་བྱུང་ན་བརྡ་བསྟན་པས་བཟློག་གོ །གལ་ཏེ་བརྡ་ཤེས་ཤིང་མཁའ་འགྲོ་མཚན་ལྡན་གྱིས་རང་གཟུགས་སྟོན་ན། དེ་དང་སྙོམས་པར་ཞུགས་པས་སྐད་ཅིག་ལ་བདེན་པ་མཐོང་བར་འགྱུར་བར་གསུངས་སོ། །དེ་ལྟར་བསྒོམས་པས་གོམས་སྟོབས་ཀྱིས་སྐད་ཅིག་ལ་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བྷོ་ནུས་ཤིང་གསལ་ཐེབ་པ་འབྱུང་བས། སྣང་བ་ལྷའི་འཁོར་ལོར་ཤར་བ་བསྐྱེད་ཆོག་བྷེ་རྒྱུ་མེད་དེ་གནས་གསུམ་བྱིན་རླབས་སོགས་མི་དགོས་པར་སྐད་ཅིག་དྲན་རྫོགས་སུ་བྷོ་པར་བྱའོ། །དེས་སྐད་ཅིག་ལ་ལུས་རྩ་ཡི་དཀྱིལ་འཁོར་མངོན་དུ་འགྱུར་ཏེ་ལུས་ཀྱི་རྩ་རྣམས་ལྷར་མཐོང་། ལུས་ཀྱི་དཀྱིལ་འཁོར་ལ་ཡང་ཡང་བརྟག་ཅིང་བསྒོམས་པས་སྔོན་བླ་མས་བསྟེན་པའི་ལུས་དཀྱིལ་མངོན་དུ་འགྱུར་ཏེ་དངོས་གྲུབ་ཐོབ་ཅེས་མིང་ཐོབ་བོ། །དེ་ནི་རྒྱ་བོད་ཀྱི་སློབ་དཔོན་ཕལ་ཆེར་མཐུན། རྟོག་པའི་གོ་རིམ་ལྟར་རིམ་གྱིས་སྤྲོས་མེད་ལ་ཞུགས་པ་ཡིན་ལ། གང་ཟག་བློ་གྲོས་རབ་ལ་ཆོ་ག་རྒྱས་ཞིབ་པར་བྱ་སྟེ་དབྱངས་གསལ་སོགས་ལས་བསྐྱེད། འབྲིང་སྤྲོས་པ་ཅུང་


CMR024_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བསྡུ་ན་དབྱངས་གསལ་སོགས་མི་དགོས་པར་བསྐྱེད། ཐ་མའི་ལྟག་གིས་ས་བོན་ལས་བསྐྱེད། ཐ་མས་སྐད་ཅིག་ལ་བསྐྱེད་པར་བིརླ་པས་བཞེད་དེ། དེ་དང་མཚུངས་པར་འབྲི་གུང་པས་དབང་པོ་རབ་ལ་ཆོ་ག་རྒྱས་པར་བྱ། །ཞེས་དང་། གྲུབ་ཐོབ་ཀརྨ་པཀྴིསམི་ནག་ཡི་གེ་མི་ཤེས་པ་རྣམས་སྐད་ཅིག་དྲན་རྫོགས་ཀྱིས་རྣལ་འབྱོར་བྱའོ། །ཁྲོམ་ཆོས་སུ་ཐུགས་རྗེ་ཆེན་པོ་སྐད་ཅིག་ལ་བསྐྱེད་པར་གསུངས་པ་དང་། སྤྲུལ་པའི་རྒྱལ་པོས། ཡང་དབང་པོ་ཐ་མ་རྣམས་ལ་སྐད་ཅིག་སྒོམ་པ་མང་དུ་གསུངས་ཤིང་། རྒྱ་མོ་བཟའ་ལ་ཞལ་གདམས་པ། རང་ཉིད་སྐད་ཅིག་དྲན་རྫོགས་སུ་ཐུགས་རྗེ་ཆེན་པོ་བསྐྱེད་ལ་སྤྱན་འདྲེན་མཆོད་བསྟོད་བྱེད་མི་དགོས་ཏེ། ཞེས་སོགས་གསུངས་པས། བསྐྱེད་རིམ་གྱི་ཉམས་ལེན་དབྲི་བསྐྱེད་ཀྱི་གདམས་ངག་ཅེས་བྱ་བ། དང་པོ་རྒྱས་པ་ལྷ་ལ་སེམས་འཛིན་ཡུན་ཐུང་བར་བྱ། དེ་ནས་ཏིང་ངེ་འཛིན་བྷེ་པ་ལ་སྤྲོ་བ་ཞུགས་ནས་མངོན་རྟོགས་ཇེ་བསྡུ་ཇེ་བསྡུ་དང་། ལྷ་ལ་སེམས་འཛིན་པ་ཇེ་རིང་དང་ཐུན་གྲངས་ཇེ་ཉུང་དུ་བྱ་བ་མན་ངག་ཡིན་ཏེ། དེ་དག་གི་ས་མཚམས་ནི། ལས་དང་པོ་པས་ཆོ་ག་རྒྱས་པ་ཆ་ཚང་བ་ཉམས་སུ་བླངས་ཏེ། སློབ་དཔོན་མར་


CMR024_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མཛད་ཀྱིས། ནངས་པར་ལངས་ནས་སྔར་བཞིན་ཏེ། །ལེགས་བསྡུས་དང་པོ་ལས་ཅན་ཡིན། །ཞེས་དང་། ཤཱནྟི་པས། ལེགས་བསྡུས་དང་པོའི་ལས་ཅན་ཡིན་ཞེས་བྱ་བ་ནི། ལས་དང་པོ་པས་ཆོ་ག་མ་ལུས་པར་ཡང་དག་པར་བཟླས་པ་བྱ་སྟེ། ཞེས་དང་། མན་ངག་སྙེ་མར། དེ་ལྟར་ཁོ་ནར་མ་ཚང་བ་མེད་པར་ལས་དང་པོ་པས་བྱའོ། །ཞེས་གསུངས་སོ། །འོ་ན་ནམ་གྱི་བར་དུ་ལས་དང་པོ་པ་ཡིན་ཞེ་ན། དགྲ་ནག་འགྲེལ་པར་རིན་ཆེན་སྒྲོན་མེར། དེ་ཡང་ལས་དང་པོ་པའི་རྣལ་འབྱོར་པ་ཇི་སྲིད་ལྷའི་ཡན་ལག་རིགས་པར་སྣང་བ་ཙམ་མངོན་སུམ་ལྟར་གྱུར་གྱིས་བར་དུ་ནི། ཐུན་གསུམ་དུ་རྣལ་འབྱོར་བཞི་ཆར་བྷེ་སྟེ། ཞེས་གསུངས་པས། དང་པོ་བསྐྱེད་རིམ་བྷོ་པ་ནས་བཟུང་སྟེ་དཀྱིལ་འཁོར་ལྷ་དང་བཅས་པ་ཧ་ལམ་པ་ཡུད་ཙམ་རེས་གསལ་མི་ཐེབས་ཀྱི་བར་ནི་ལས་དང་པོ་པ་ཡིན་ནོ། །དེ་ཡང་རིམ་བཞིན་གསལ་ཐེབས་པས་མི་ཆོག་གི་ལྷ་འཁོར་དང་བཅས་པ་ཡོངས་སུ་རྫོགས་པའི་རྣམ་པ་དུས་གཅིག་ལ་གསལ་ཐེབས་པ་དེ་ཡང་ལན་རེ་ཙམ་མིན་པར་ནམ་འདོད་དུ་གསལ་ཐེབས་ན་གང་ཟག་ཅུང་ཟད་ཡེ་ཤེས་ལ་དབང་བ་སྟེ་གང་ཟག་གཉིས་པ་ཡིན་ཏེ། མན་ངག་སྙེ་མར། ཇི་


CMR024_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་བཤད་པའི་མཚན་མ་ཐོབ་པ། དང་པོ་རྣལ་འབྱོར་ལ་སེམས་བརྟེན་པ་དེ་དག་ནི། ཅུང་ཟད་ཡེ་ཤེས་ལ་དབང་བས་ཡུད་ཙམ་གྱིས་དཀྱིལ་འཁོར་སྤྲུལ་ཏེ་བསྒོམ་ཞེས་གསུངས་པ་དང་། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར། གང་རིགས་པའི་དཀྱིལ་འཁོར་ནི་ཡུད་ཙམ་རེས་མངོན་དུ་བྱེད་ནུས་ལ། ཕྲ་བའི་ས་ཡི་སྙིང་པོ་ལ་སོགས་པ་དང་། སྐུ་རྡོ་རྗེ་ལ་སོགས་པ་མངོན་དུ་བྱེད་མི་ནུས་ལ། སྔགས་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ལྡན་པ་དག་ནི། དེའི་མཐུ་ཐོབ་པས་དེ་ནི་ཡེ་ཤེས་ལ་ཅུང་ཟད་དབང་བ་ཞེས་བྱ་སྟེ་ཞེས་གསུངས་ཏེ། ཡེ་ཤེས་དབབ་པ་ཞེས་ཀྱང་བྱ་བ་དེའི་བྷེ་བྱ་ནི། ཇོ་བོ་རྗེས། ཡེ་ཤེས་ཅུང་ཟད་དབབ་གྱུར་ན། །སྔགས་ཀྱི་ཚུལ་ཁྲིམས་བརྟུལ་ཞུགས་བརྟན། །མིག་དང་སྐུ་སོགས་བྱིན་གྱིས་བརླབས། །ཐུན་མཚམས་སུ་ནི་རབ་བསྒྲིམ་བཟླས། །རྣམ་པ་ཀུན་ཏུ་རབ་རྫོགས་པས། །སྤྲོས་དང་བསྡུ་བར་བྱེད་པའོ། །ཞེས་གསུངས་པས། གང་ཟག་གཉིས་དེས་དཀྱིལ་འཁོར་རགས་པ་ཧ་ལམ་པ་སྐད་ཅིག་དྲན་རྫོགས་དམ་ཡེ་དབྱེར་མེད་དུ་བསྒོམས་ནས། ཕྲ་བ་རྒྱན་ཕྱག་མཚན་ཡིག་འབྲུ་སོགས་དལ་བུས་རིམ་གྱིས་གསལ་གདབ་ལ་བྷེ་པར་བྱའོ། །དེ་


CMR024_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དཀྱིལ་འཁོར་ཡོངས་རྫོགས་རིགས་བདག་དང་རྩ་གནས་ཀྱི་ལྷ་དང་བཅས་པའི་ཕྱག་ཞབས་ཕྱག་སོར་རྒྱན་ཆ་ལུགས་དང་བཅས་པ་སྐད་ཅིག་དྲན་རྫོགས་སུ་གསལ་ཐེབས་ནས་བཟུང་སྟེ། ཡེ་ཤེས་ཡང་དག་པར་དབང་མ་ཐོབ་ཀྱི་བར་ནི་གང་ཟག་གསུམ་པ་ཡིན་ཏེ། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར། གང་རྣམ་པ་ཐམས་ཅད་དུ་རབ་ཏུ་སྤྲོ་བ་དང་སྡུད་པར་བྱེད་པའི་སྦྱོར་བའི་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱེད་པར་ནུས་པ་དེ་ཉིད་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱ་སྟེ། དེ་ཡང་ཡེ་ཤེས་དབབ་པའི་རྣལ་འབྱོར་པ་ཉིད་ལ་འགྱུར་གྱི། མ་ཐོབ་པ་ལ་ནི་མ་ཡིན་ཏེ། དེ་ཉིད་ཀྱིས་ཅུང་ཟད་ཅེས་སྨོས་པ་ཡིན་ནོ། །ཞེས་གསུངས་པས། ལྷའི་སྐུ་མདོག་ཕྱག་མཚན་རིགས་བདག་རྩ་གནས་སོགས་ཀྱི་ལྷ་སྐད་ཅིག་ལ་གསལ་ཡང་མི་བརྟན་ན་ནི། ད་དུང་གང་ཟག་གཉིས་ཡིན་བརྟན་ན་ནི་གསུམ་པ་ཡིན་ཏེ། མན་ངག་སྙེ་མར། གང་ཡང་གོམས་པའི་དཀྱིལ་འཁོར་མཐའ་དག་ལ་སེམས་བརྟན་པ་དེ་ནི་ཡེ་ཤེས་ལ་དབང་བ་ཅན་ཏེ། སྤྲོ་བ་དང་སྡུད་པ་ལས་གྲོལ་བའི་དོན་རྒྱས་པར་བྱེད་ཅིང་། ཞེས་གསུངས་པས། འདིར་སླེབ་ཐུབ་ན་ཐུན་བཞིའམ་གསུམ་སོགས་མི་དགོས་པར་ཉིན་ཞག་རེ་ལ་བསྐྱེད་ཐེབ་རེས་ཆོག་གོ །


CMR024_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ད་རུང་བསྐྱེད་རིམ་མཐར་ཕྱིན་པར་མ་ཡིན་པས་བྷེ་པར་བྱ་དགོས་ཏེ། མར་མེ་མཛད་ཀྱིས། ཡེ་ཤེས་དབང་བ་ཅུང་ཟད་ཐོབ། །ཉིན་མཚན་རྣལ་འབྱོར་ཡང་དག་བརྟན། །ཡང་དག་ཡེ་ཤེས་དབང་ཐོབ་སྟེ། །ཞེས་དང་། མན་ངག་སྙེ་མར། ཡང་ཡང་གོམས་པའི་དཀྱིལ་འཁོར་མཐའ་དག་ལ་སེམས་བརྟན་པ་དེ་ནི་ཡེ་ཤེས་ལ་དབང་བ་ཅན་ཏེ། སྤྲོ་བ་དང་སྡུད་པ་ལས་འགྲོ་བའི་དོན་རྒྱ་ཆེན་པོར་བྱེད་ཅིང་། ཞེས་དང་། དགྲ་ནག་འགྲེལ་པར། དེས་སྐུ་རྡོ་རྗེ་ལ་སོགས་པ་ལག་མཐིལ་གྱི་ཤིང་ཐོག་ལྟར་རང་དབང་དུ་མཐོང་བ་དེ་ཡེ་ཤེས་ལ་དབང་བ་ཐོབ་པ་ཡིན་པས། ཐུན་མཚམས་ལ་ངེས་པ་མེད་པར་བྱས་ལ། འཆད་པར་བྱེད་པའི་རྫོགས་རིམ་བྷེ་པར་བྱེད་དོ། །ཞེས་གསུངས། དེ་ནས་གང་ཟག་བཞི་པ་ཡེ་ཤེས་ལ་དབང་ཡང་དག་པར་ཐོབ་པ་ཞེས་བྱ་བ་སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བྷེ་ནུས་ཤིང་ཡུད་ཙམ་ནས་གསལ་ཐེབས་པ་ནི། གྲུབ་པ་ཐོབ་པའི་གྲངས་སུ་འགྲོ་བ་ཡིན་ཏེ་དེས་ནི་བསྐྱེད་ཆོག་འདི་སྒོ་ནས་སྒོམ་སྒྲུབ་མི་དགོས་པར་ས་བོན་ཙམ་ལ་ཡང་མི་ལྟོས་པས། སྐད་ཅིག་ཀྲོང་བསྐྱེད་བྱ་ཞིང་། ད་དུང་ཡང་གཟུགས་ཀྱི་སྐུ་མ་ཐོབ་ཀྱི་བར་དུ་ཡང་


CMR024_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་བསྒོམ་དགོས། དེའི་དོན་མན་ངག་སྙེ་མར། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྟོགས་ནས་མུ་མཐའ་མེད་པའི་གཞན་གྱི་དོན་བསྒྲུབ་ནུས་པར་བཤད་ལ། དེའི་དོན་དགྲ་ནག་འགྲེལ་པ་ལས། དེ་ནས་དེས་སྟོང་པ་ཉིད་ལ་ངེས་པར་གནས་ཤིང་ལོང་བ་ན་ཇི་ལྟར་འདོད་པར་སྣང་བ་བྱིན་གྱིས་རློབ་པར་ནུས་པ་ན་ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ཞེས་བྱ་བ་སྟེ། བྱ་བ་ལས་ངེས་པར་གྲོལ་བ་རང་དབང་དུ་གྱུར་པ་ལ་གྲུབ་པའི་སྐྱེས་བུ་ཞེས་བྱ་བར་གནས་པའོ། །ཞེས་དང་། སློབ་དཔོན་ཆེན་པོ་མར་མེ་མཛད་ཀྱིས། ཡང་དག་ཡེ་ཤེས་དབང་ཐོབ་བྷེ་། །ཁམས་ཀྱིས་རྡུལ་གང་འཁོར་གསུམ་ཚོགས། །གཟུགས་བརྙན་བདག་ཉིད་སྐུ་ཅན་གྱིས། །འགྲོ་བའི་དོན་གྱིས་བྱ་བ་བྱེད། །ཅེས་གསུངས་སོ། །དེས་ན་གང་ལྟར་གང་ཟག་རབ་འབྲིང་བཞི་པོས་བསྐྱེད་རིམ་བྷི་པ་དེ་ཡང་སྣང་སྟོང་ཕྱོགས་རེ་བའི་ཐེར་ཟུག་དང་། མི་གསལ་བའི་རབ་རིབ་དང་། དེ་ལྟར་ཡིན་ནོ་སྙམ་པའི་མོས་པ་དང་། བྲིས་སྐུ་ལྟ་བུའི་ལེབ་མོ་དང་། ལྡེག་སྐུ་ལྟ་བུའི་དངོས་པོ་གདོས་བཅས་དང་། སྣང་བ་མི་གསལ་ཟེར་ནས་ཕྱིའི་སྣང་བ་འདི་ཐ་མལ་དུ་བཞག་ནས། དཀྱིལ་འཁོར་ལོགས་སུ་སྡེ་པ་དང་། ཐམས་ཅད་


CMR024_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་རྣམ་རྟོག་ཡིན་ཟེར་ནས་དཀྱིལ་འཁོར་གྱི་རྣམ་པ་ལ་བློ་མི་ཕྱོགས་ཤིང་སྟོང་ཉིད་ཁོ་ན་བྷོ་པས། བསྐྱེད་རིམ་གསལ་ཡང་དེའི་ངོ་བོ་ལ་འཕྲིག་མ་ཚུད་པར་སྟོང་། །ཉིད་ཡ་བྲལ་དུ་སོང་བ་རྣམས་སྤངས་ནས། བསྐྱེད་རྫོགས་ཟུང་འཇུག་སྣང་སྟོང་ཟུང་འཇུག་ཟབ་གསལ་གཉིས་མེད་ཀྱི་བསྐྱེད་རིམ་ཟབ་བྷེ་པར་བྱ་སྟེ། རྒྱལ་བ་རང་བྱུང་བའི་རྒྱལ་བ་རྒྱ་མཚོའི་ལྷ་ལྔ་ལས། དེ་ལྟར་སྒྱུ་མ་ལྟ་བུར་ཡུན་རིང་དུ་གོམས་པར་བྱ་ཞིང་། ཞེས་དང་། པདྨ་རྒྱལ་པོའི་རྒྱུད་ལས། སངས་རྒྱས་ཀུན་གྱི་སྙིང་པོ་ནི། །མགོན་པོ་སྤྱན་རས་གཟིགས་ཆ་ཀྱི་སྐུ། །མཚན་ཙམ་ཐོས་པས་སྡུག་བསྔལ་འགག །དྲན་དང་མོས་པས་བདེ་བར་འདྲེན། །ཐབས་དང་ཤེས་རབ་གཉིས་མེད་བྷེ། །བདེ་དང་སྟོང་པའི་འབྲས་བུ་ནི། །རྒྱུད་ཆེན་འདི་ཡིས་བརྗོད་པར་བྱ། །སྐུའི་ཡོན་ཏན་གྱི་ལེའུ་སྟེ་ལྔ་པའོ། །ཞེས་དང་། དེ་ཡང་རྒྱུད་དེའི་ལུགས་གྲུབ་ཆེན་ཛ་ལེན་དྷ་རས་ལྷ་དགུའི་རྒྱ་གཞུང་དུ་དྲངས་པ་ནི། སྣང་ལ་རང་བཞིན་མེད་པར་བསྒོམ། །སྒྱུ་མ་ལྟ་བུར་བསྡུ་བ་ཡིན། །གསལ་ལ་མི་རྟོག་འོད་གསལ་ལོ། །ཐམས་ཅད་སྤྲོས་པ་མེད་པར་རྟོགས། །བདེ་དང་སྟོང་པ་གཉིས་སུ་མེད། །འབྲས་


CMR024_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཞེས་བྱ་ཟུ་ང་འཇུག་ཡིན། །རྟོག་པ་ཐམས་ཅད་བསྡུས་ནས་ནི། །བསམ་པ་བཟང་པོས་ལྷ་འདི་བྷེ། །ནམ་ཡང་འབྲལ་བར་མ་བྱེད་ཅིག །ཅེས་གསུངས་སོ། །དེའི་དོན་བསྐྱེད་རྫོགས་ཟུང་འཇུག་བྷེ་ཚུལ་ཅི་ལྟ་བུར་ཞེ་ན། ཨོ་རྒྱན་རིན་པོ་ཆེས་རྒྱལ་བ་རྒྱ་མཚོའི་ཁྱེར་སོ་གསུམ་གྱི་གདམས་པ། སངས་རྒྱས་གླིང་པའི་གཏེར་མ་ལས། འདི་ལྟར་བསྐྱེད་རིམ་བྷེ་པ་དང་། ཡུལ་གྱི་སྣང་བའི་དངོས་པོ་ཐམས་ཅད་ཡི་དམ་བྷོ་པ་གང་ཡིན་པའི་རང་བཞིན་ལ། ཆོས་སྐུ་ཅིའི་ངོ་བོར་མ་གྲུབ་པ་ལས། ཐུགས་རྗེ་ཆེན་པོ་ཞལ་ཕྱག་གི་རྣམ་པར་འགྲོ་བའི་དོན་ལ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་སོགས་པ་མ་འདྲེས་པར་སོ་སོར་གསལ་ཞིང་། སྒྲིབ་གཡོགས་མེད་པ་དྭངས་བ། གསལ་བ། མཛེས་པ་ལྷུན་ཆགས་པ། ལྟ་ན་སྡུག་པ།། དཔའི་བ་སྒེག་པ། རོལ་པ་རང་བཞིན་མ་གྲུབ་པ། སྣང་བཞིན་སྟོང་། སྟོང་བཞིན་སྣང་བ། བར་སྣང་ནས་འཇའ་བྲིས་པའི་རྣམ་པ་ལྟ་བུར་བལྟ་བ་སྟེ། དེ་ལྟར་ན་སྟོང་པ་ཕྱལ་ཆད་ཀྱི་མཐའ་གོལ་ས་ལས་གྲོལ་ཏེ་ཆད་པའི་མཐའ་སེལ་ལོ། །དག་བྱ་ལུས་ཀྱི་སྒྲིབ་པ་དག་སྤྲུལ་སྐུ་ཐོབ་བོ། །ཞེས་དང་། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཟབ་དོན་གཟེར་བུ་ལས། །


CMR024_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་སྣོད་འཇིག་རྟེན་ཁམས་ཀྱི་འབྱུང་བ་ལྔའི་རང་མདངས་ལས་གྲུབ་པ། དབྱིབས་ཁ་དོག་རྣམ་པ་ཆ་ལུགས་དང་བཅས་པ་འདི་ཉིད་ཀྱང་། རྒྱུ་རྐྱེན་ནི་རྣམ་གྲངས་འགའ་ཞིག་ལས་འབྱུང་བ་སྟེ། གདོས་བཅས་འཁྲུལ་སྣང་དང་ས་རྡོ་རི་བྲག་ཆུ་ཤིང་གི་རྣམ་པ་སྒང་གཤོང་འབུར་འཁྱམས་ཐག་ཐུག་ཧྲག་ཧྲིམ་གྱི་རྣམ་པ་ཅན་ཏེ། འདི་རྣལ་འབྱོར་པས་གཞལ་ཡས་ཁང་དུ་རྣམ་པར་རྟོག་པར་བྱའོ། །ཞེས་དང་། ནང་བཅུད་ཀྱི་སེམས་ཅན་ལས་ཀྱིས་ཤུགས་ལས་གྲུབ་པ། སྣ་ཚོགས་པའི་ལུས་ཅན་བདེ་སྡུག་ལུང་མ་བསྟན་གྱི་བྱེད་ལས་དུ་མ་ལ་སྤྱོད་དེ། ལྡན་འབྲས་སྣ་ཚོགས་མྱོང་བ་འདི་དག་རྣམས། རྣལ་འབྱོར་པས་ཡི་དམ་གྱི་ལྷའི་རང་བཞིན་དུ་རྣམ་པར་ལྟ་སྟེ། དེ་ཡང་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དབང་ཕྱུག་ཐུགས་རྗེའི་རླབས་དུ་མ་འཕྲོ་བ་ཅན། དོན་ལ་ཅིའི་ངོ་བོར་ཡང་གྲུབ་པ་མེད་དེ། གདུལ་བྱའི་སྣང་ངོར་རྣམ་པར་སྤྲུལ་པའི་འཕགས་པ་སྤྱན་རས་གཟིགས། ཞེས་དང་། ནང་བཅུད་ཀྱི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་རྣམ་པར་དག་པ་ལྷའི་རང་བཞིན་ཅན་ལས། ཕོ་ཐམས་ཅད་དཔའ་བོ་ཡབ་དང་མོ་ཐམས་ཅད་དཔའ་མོ་ཡུམ་གྱི་རང་བཞིན། རྣལ་འབྱོར་པའི་སེམས་ཀྱི་


CMR024_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ལས། འདུ་བྱེད་འཕྲོ་བ་དང་བཅས་པ་ཡང་ལྷའི་རྣམ་པ་ཅན་ནོ། །དེ་ལྟར་བསྐྱེད་པ་ཡང་ལྷའི་རྣལ་འབྱོར་གཞལ་ཡས་ཁང་ལྷ་དང་བཅས་པ་རྣམས་ཀྱང་གདོས་བཅས་ཀྱི་གཟུགས་ཀྱི་རྣམ་པ་མ་ཡིན་ཞིང་སྣང་ལ་རང་བཞིན་མ་གྲུབ་པ་སྒྱུ་མ་ལྟ་བུའི་སྐུའོ། །ཡེ་ཤེས་ཀྱི་རང་འོད་ལས་གྲུབ་པའི་སྐུའོ། །ཞེས་གསུངས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཆེན་པོ་ལས། རང་འོད་རང་གིས་ཤེས་པའི་རྟོགས་པ་དེ། །ཉོན་མོངས་དབྱིངས་སུ་དྭངས་པའི་རྗེས་ཐོབ་ལ། །དངོས་མེད་རྟོགས་པ་མ་འགག་རང་འོད་གསལ། །ཡེ་ཤེས་ཆེན་པོ་ཞེས་ནི་དེ་ལ་བྱ། །སྣང་བ་སྣ་ཚོགས་གསལ་བའི་དཀྱིལ་འཁོར་ལ། །རིག་པའི་ལྷ་ཚོགས་མང་པོ་འཕྲོ་འདུ་བྱེད། །བདག་གཞན་དོན་གྲུབ་དག་པའི་མཚན་དཔེ་ཅན། །ཡོན་ཏན་ཐོགས་མེད་འཚར་ཞེས་ང་ལུང་སྟོན། །ཞེས་གསུངས་པས། སྟོང་ཉིད་ཀྱི་ངང་ལས་གདང་ལྷའི་སྐུར་འཆར་དགོས་པ་ཡིན་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་ལམ་ཁྱེར་སོ་གསུམ་ལས་ནི། ཐ་མལ་ཞེན་པ་བཟློག་པའི་ཕྱིར། །རང་ལུས་སྣང་སྟོང་སྒྱུ་མའི་སྐུ། །གསལ་ལ་རྟོག་པ་མེད་པར་བྷེ། །དེ་ལ་ཆགས་སྡང་རྨོངས་གསུམ་ཡུལ། །ཕྱི་རོལ་སྣ་ཚོགས་


CMR024_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་ཀུན། །རིམ་གྱིས་ལྷ་སྐུར་བལྟ་བར་བྱ། །དེ་ལ་དད་ཅིང་གུས་ལྡན་པས། །ཕྱག་སོགས་རྣམ་དག་གོང་བཞིན་ནོ། །ཇི་ལྟར་ལྷ་སྐུར་སྒྱུ་མར་ཤེས། །ལྷ་སྐུ་རང་གིས་སེམས་སུ་ཤེས། །སེམས་དང་ལྷ་སྐུ་དབྱེར་མེད་པས། །གསལ་སྟོང་བདེ་ཆེན་ལྷ་སྐུ་དེ། །འབྲས་བུ་སྐུ་གསུམ་རང་ཤར་རོ། །ལུས་ནི་སྣང་སྟོང་ལྷ་སྐུར་གསལ། །ངག་ནི་གྲག་སྟོང་སྔགས་སུ་འཆར། །ཡིད་ནི་དྲན་རྟོགས་ཐུགས་སུ་གསལ། །གསལ་གསུམ་སྐུ་གསུམ་དབྱེར་མེད་དོ། །ཞེས་སོ། །དེ་ལྟར་སྣོད་གཞལ་ཡས་ཁང་དང་བཅུད་ལྷའི་རང་བཞིན་དུ་སྣང་ལ་རང་བཞིན་མེད་པར་ཤེས་པ་སྣང་བ་སྐུའི་ཁྱེར་སོ། སྒྲ་གྲག་པ་ཐམས་ཅད་ཡི་གེ་དྲུག་པའམ་བཅུ་པ་གྲག་སྟོང་དུ་ཤེས་པ་གྲག་པ་གསུང་གི་ཁྱེར་སོ། སེམས་དྲན་རེག་འགྱུ་བ་ཐམས་ཅད་རིག་སྟོང་ཐུགས་རྗེ་ཆེན་པོའི་ཐུགས་སུ་ཤེས་པར་དྲན་སྟོང་ཐུགས་ཀྱི་ཁྱེར་སོ་སྟེ། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ནོར་བུ་རྒྱན་གྱི་རྒྱ་གཞུང་ལས། རང་ཉིད་ལྷ་ལ་ལྷ་ཉིད་རང་། །ལྷ་དང་གཉིས་སུ་མེད་པ་འདི། །སྣང་ལ་རང་བཞིན་མེད་པར་ཁྱེར། །ཞེས་དང་། ངག་སྔགས་ཀྱི་ཁྱེར་སོ་ནི། ཡི་གེ་དྲུག་པ་བཟླས་པ་ནི། །གྲག་སྟོང་བྲག་ཆ་ལྟ་བུར་


CMR024_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། །ཞེས་དང་། ཡིད་ཆོས་ཉིད་ཀྱི་ཁྱེར་སོ་ནི། ཡིད་རང་གྲོལ་རང་གསལ་རྟོག་མེད་དུ་བཞག །ཅེས་དང་། སྣང་བ་སྐུ་ཡི་ཁྱེར་སོ་ནི། སྣང་བ་ཅིར་སྣང་སྐུ་ཡི་ངོ་བོར་ཁྱེར་རོ། །ཞེས་དང་། གྲག་པ་གསུང་གི་ཁྱེར་སོ་ནི། ཅི་གྲག་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པའི་སྒྲ་རུ་ཁྱེར། ཞེས་དང་། དྲན་རྟོགས་ཐུགས་ཀྱི་ཁྱེར་སོ་ནི། ཅི་ཤར་ཅི་དྲན་རང་ཤར་རང་གྲོལ་གྱི་ཆོས་ཉིད་དུ་ཁྱེར་རོ། །ཞེས་གསུངས་སོ། །སྤྲུལ་པའི་རྒྱལ་པོས་བལ་མོ་བཟའ་ལ་གདམས་པ་ལས། །རང་ལྷར་གསལ་བ་དེ་ཡང་སེམས་ཀྱི་ལྷ་ཡིན། ལོགས་ནས་ཐུགས་རྗེ་ཆེན་པོ་སྒྲུབ་པར་འདོད་པ་མ་ཡིན། སེམས་ངོ་བོ་སྟོང་པ་དེ་དབྱིངས། དེ་ལ་ལྷར་གསལ་བ་དེ་ཡེ་ཤེས། དབྱིངས་ཡེ་ཤེས་གཉིས་སུ་མེད་པ་དེ་ཐུགས་རྗེ་ཆེན་པོའི་སྐུ་ཡིན་ནོ། །ཞེས་དང་། སྤྲུལ་པའི་རྒྱལ་པོས་ཞལ་གདམས་བཞི་ཚན་བཅུ་དགུ་པ་ལས། མཚོན་པ་དཔེའི་ངོ་སྤྲོད་བཞི་ལ། ནམ་མཁའི་འཇའ་ལྟར་ཐུགས་རྗེ་ཆེན་པོ་བྷེ་པ་ལ། གདོས་པོ་ཅན་མ་ཡིན་པར་སྣང་ལ་རང་བཞིན་མེད་པར་ངོ་སྤྲད་ལ་བྷེ། བྲག་ཆའི་སྒྲ་ལྟར་ངག་འབྲུ་དྲུག་བརྗོད་ལ་གྲག་སྟོང་ཆོས་ཉིད་རང་སྒྲར་ངོ་སྤྱད་ལ་བཟླ། འཁྱག་རོམ་དུས་ཚོད་ཀྱི་ཆུར་འགྲོ་


CMR024_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར། དུག་ལྔ་དང་རྟོག་པ་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་ནས་ཤར་ཞིང་དབྱིངས་སུ་གྲོལ་བར་ངོ་སྤྱད། ལྷ་བཟོས་ལྷ་བྲི་བས་གཟུགས་ཁ་དོག་མཛེས་པ་རྒྱན་ལ་སོགས་ཇི་ལྟར་སྣང་ཡང་བྱེད་མཁན་ལྷ་བཟོ་ཉིད་ལས་མ་འདས་པ་ལྟར། ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བྱེ་བྲག་ཇི་ལྟར་བྷོ་ཡང་བྷེ་པའི་མཁན་པོ་རང་གི་སེམས་ཀྱིས་བྱེད་པ་ཡིན་པས། ལྷ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་ཉིད་དེ་ཆོས་སྐུ་ཐུགས་རྗེ་ཆེན་པོར་ངོ་སྤྱད་དོ། །ཞེས་གསུངས་སོ། །དེ་ལྟ་བུའི་ཁྱེར་སོ་གསུམ་དང་བསྐྱེད་རྫོགས་ཟུང་འཇུག་གི་ངང་ནས་སྤྱོད་ལམ་ཐམས་ཅད་བྱ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས། སྔགས་དང་ཕྱག་རྒྱའི་སྦྱོར་བ་དང་། །དཀྱིལ་འཁོར་ལ་སོགས་ལྷ་ཚོགས་ལ། །སྦྱིན་སྲེག་གཏོར་མའི་བྱ་བ་ཀུན། །རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞི་བ་དང་ནི་རྒྱས་པ་སྟེ། །དེ་བཞིན་དབང་དང་མངོན་སྤྱོད་དང་། །འགུགས་སོགས་གང་ཡང་རུང་བ་ཀུན། །དབང་པོའི་གཞུང་དང་མཚུངས་པར་བྱ། །སྒེག་སོགས་ཉེ་བར་སྤྱོད་པ་དང་། །གླུ་དང་རོལ་མོ་སོགས་བརྟེན་དང་། །སྒྱུ་རྩལ་རྣམས་ལས་རབ་འཇུག་པ། །ཆུ་ཟླ་བཞིན་དུ་རབ་ཏུ་བྱ། །


CMR024_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་རབ་འཇུག་པ། །སྒྱུ་མ་ལྟ་བུར་ཉེར་བཏགས་པ། །འདིར་ནི་མང་དུ་བཤད་ཅི་དགོས། །རྡོ་རྗེ་ཐེག་པའི་རྣལ་འབྱོར་པས། །དེ་ཉིད་གང་ཡང་དམིགས་བྱ་བས། །དེ་དེ་སྒྱུ་མ་ལྟ་བུར་གསུངས། །ཞེས་གསུངས་པས། སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ནས་ལྷའི་གསལ་སྣང་སྤྲིན་དང་འཇའ་ཚོན་ལྟ་བུར་བཞེངས་དགོས་པ་སྟེ། ཛྙཱ་ན་ཀ་རས། རང་སྔགས་ཆོས་དབྱིངས་ཐུགས་ཆུད་ཅིང་། །ནམ་མཁའི་ངོས་ལྟར་གྱུར་པ་ལས། །ཀླུ་རྣམས་ཀྱིས་ནི་བྱིན་རླབས་ཀྱི། །མདོག་དང་དབྱིབས་ནི་ཐ་དད་པའི། །སྤྲིན་རྣམས་ནམ་མཁར་འབྱུང་བ་ལྟར། །ལྷ་ཡི་སྐུ་ནི་འབྱུང་བ་ཡིན། །ཞེས་གསུངས་སོ། །དེས་ན་སྟོང་ཉིད་སྤངས་པའི་ལྷའི་བསྐྱེད་རིམ་གྱི་འཇིག་རྟེན་པའི་དངོས་གྲུབ་འགྲུབ་ཀྱང་གཟུགས་སྐུ་འགྲུབ་མི་ནུས་ལ། སྟོང་ཉིད་ཁོ་ནས་ཆོས་སྐུ་འགྲུབ་ཀྱང་གཟུགས་སྐུ་མི་འབྱུང་བས་བསྐྱེད་རྫོགས་ཟུང་འཇུག་གལ་ཆེ་སྟེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། དེས་ན་ཟབ་གསལ་དཀྱིལ་འཁོར་ནས། །ང་ནི་རྟག་ཏུ་མྱ་ངན་འདས། །དེ་དོན་སྐྱེ་བོས་མ་ཤེས་པས། །སྲིད་པའི་སྡུག་བསྔལ་གྱིས་གཟིར་


CMR024_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེས་ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོག་པ་དེས་གྲོལ་ལོ། །ཞེས་དང་། རྣམ་པར་རྟོག་པ་ཀུན་བྲལ་བ། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས་། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །རྟོག་བྲལ་ཟབ་མོ་ཉིད་ཅེས་གསུངས། །ཕྱག་རྒྱ་ཆེན་པོའི་གཟུངས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱིས་རྒྱུད་སྦྱངས་བས། །ཡང་དག་གསལ་བ་ཞེས་བྱའོ། །དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བ་རབ་ཏུ་མ་ཟིན་པས། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །ཞེས་དང་། ཟབ་མོ་ཁོ་ན་རྟོགས་པས་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་ཕྱིར་ཐལ་བྱུང་ཟབ་མོ་ཡིས། །གྲོལ་འདོད་དེ་ལ་ང་མ་དད། །དེ་བས་གཉིས་མེད་རང་བཞིན་དུ། །རྟོགས་པས་ཚེ་འདིར་འབྲས་ཐོབ་ངེས། །ཞེས་གསུངས་ཏེ་བསྐྱེད་རིམ་གྱིས་སྦྱང་གཞི་སྐྱེ་འཆི་བར་དོ་གསུམ་ཀ་སྦྱངས་དགོས་པས། འཆི་བ་སྦྱོང་བྱེད་ལ་སྟོང་ཉིད་དགོས་པ་དང་། བསྐྱེད་རིམ་ནི་རྫོགས་རིམ་གྱི་རྟོགས་པ་ཡོངས་རྫོགས་སྐྱེ་ཐབས་ཡིན་པས་སྟོང་ཉིད་མ་བསྒོམས་ན་རྫོགས་རིམ་གྱི་ཡེ་ཤེས་མི་སྐྱེ་བའི་ཕྱིར་དང་། བསྐྱེད་


CMR024_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་སྐུ་གསུམ་ལམ་བྱེད་ཡིན་པས། ཆོས་སྐུ་ལམ་དུ་བྱེད་པ་ལ་སྟོང་ཉིད་བསྒོམ་པའི་ཕྱིར་དང་། ལྟ་བ་རྙེད་ནས་རྒྱུན་དུ་མ་སྦྱངས་ན་ཐུགས་ཀྱི་དམ་ཚིག་ཉམས་པའི་ཕྱིར། ངེས་པར་སྟོང་ཉིད་ལ་དྲང་ཞིང་གཟུགས་ལྷའི་རྣམ་པར་ཤར་བའི་བསྐྱེད་རིམ་བྷི་པ་འདི་རྡོ་རྗེ་ཐེག་པའི་སྲོག་ཡིན་ནོ། །འདི་ལྟ་བུ་རབ་མངོན་སུམ་དུ་རྟོགས་པ། འབྲིང་ཉམས་མྱོང་། ཐ་མ་ཡང་གོ་བ་གཅིག་མེད་ན་གསང་སྔགས་པར་མི་འགྱུར་ལ་འདི་ལྟ་བུའི་ལམ་གྱི་འཁོར་བའི་རྩ་བ་བདག་འཛིན་འགོག་ཚུལ་ཡང་། སྒྲུབ་ཐབས་ཀུན་བཟང་ལས། ཐ་མལ་རྣམ་རྟོག་རྒྱུན་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་གཞན་ཅི་ཡོད་མ་ཡིན། །དེ་དང་རྣམ་པར་འགལ་བར་འགྱུར་བའི་སེམས། །འདི་ནི་མངོན་སུམ་དུ་ནི་རྟོག་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེ་ནི་ཀུན་རྟོག་སྣང་མི་འགྱུར། །ཞེས་དང་། སྨན་ཞབས་དང་། དཔའ་འབྲས་རྡོ་རྗེས་ཀྱང་། སྲིད་པའི་སྡུག་བསྔལ་གྱི་གཉེན་པོར་བསྐྱེད་རིམ་གསུངས་པར་བཤད་ལ། འདི་ལ་སློབ་དཔོན་ཐ་ག་ནས་བསྐྱེད་རིམ་ལམ་ལ་འབད་པར་བྱེད་པ་ཐམས་ཅད་འཁོར་བ་ལས་གྲོལ་བའི་ཐབས་ཡིན་ལ། ལམ་འདིས་འཁོར་བ་ལས་གྲོལ་


CMR024_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འགྱུར་ཏེ། བདག་མེད་བྷོ་པར་མི་འདུག་པའི་ཕྱིར་རོ། །ཞེས་རྩོད་པ་བྱས་པའི་ལན་དུ། གོང་གི་གསུང་དེ་འབྱུང་བ་ཡིན་ལ། ཐ་མལ་གྱི་རྣམ་རྟོག་ཅེས་ལྷའི་སྣང་བ་མེད་པའི་ཐ་མལ་གྱི་རྣམ་རྟོག་ཙམ་ཁོ་ནར་སངས་རྒྱས་ཡེ་ཤེས་ཞབས་མི་བཞེད། འགྲེལ་པ་ཐ་ག་ནར་ཐ་མལ་པའི་རྣམ་པར་རྟོག་པ་ནི་བདག་དང་བདག་གིར་རྣམ་པར་རྟོག་པའོ། །ཞེས་དང་། ཤན་ཏི་པས། འདིར་ཐ་མལ་པའི་ཀུན་ཏུ་རྟོག་པ་ཞེས་བྱ་བ་ནི། བདག་དང་བདག་གིར་བཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་ཡིད་ཀྱིས་བརྗོད་པ་ལས་བྱ་བར་བཤད་ན། སྲིད་པའི་བདག་ཉིད་ཅན་གྱི་སྡུག་བསྔལ་ཞེས་བྱ་བར་ཉེ་བར་གདགས་པས་སྲིད་པའི་བདག་ཉིད་ཅན་གྱི་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ ། དེས་ན་བདག་འཛིན་སྲིད་པའི་རྩ་བ་ཡིན་པས་དེ་དང་འགལ་བའི་སེམས་ནི། དཔལ་འབྲས་རྡོ་རྗེས། དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་དེ་ལ་མངོན་སུམ་གྱིས་འགལ་བར་རྟོགས་པར་འགྱུར་རོ། །ཞེས་གསུངས་ཏེ། ལྷའི་རྣམ་པ་ཅན་གྱིས་སེམས་བསྐྱེད་པའི་དུས་ན་ཐ་མལ་གྱི་རྣམ་རྟོག་དེ་བདག་འཛིན་གཏན་ནས་མི་སྣང་བའི་ཕྱིར་རོ། །དེ་ལ་འགའ་ཞིག་


CMR024_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དེ་སྐྱེས་པའི་ཚེ་བདག་འཛིན་མ་མཐོང་བས། དེ་འགོག་མི་ནུས་ཏེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བྷོ་པས་ཀྱང་བཟློག་པར་འགྱུར་རོ། །ཟེར་བའི་ལན་དུ་ཤན་ཏི་པས། དཀྱིལ་འཁོར་གྱི་རྣམ་པ་ཅན་གྱིས། སེམས་ནི་མི་བདེན་པའི་རྣམ་པར་རྟོག་པས་ཐམས་ཅད་གསལ་བ་ལ་འཇུག་པ་ཡིན་པའི་ཕྱིར་རོ། །དེ་ཡང་ལྷན་ཅིག་མི་སྣང་བ་ཙམ་གྱིས་མ་ཡིན་ནོ། །ཞེས་གསུངས་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ནི། བདག་མེད་པའི་རྣམ་པར་འཇུག་པ་མ་ཡིན་ཏེ། དེ་བདག་ཏུ་ལྟ་བ་ལས་མི་ལྡོག་པའི་ཕྱིར། དེའི་རྒྱུ་རྐྱེན་སྡུག་བསྔལ་ཡང་ལྡོག་པ་མ་ཡིན་ནོ། །དེ་ཡང་འདི་ན་སྐྱེ་བ་ནས་སྐྱེ་བར་བརྒྱུད་པའི་དགའ་བ་དང་འཆི་བ་ལ་སོགས་པ་ནི་སྡུག་བསྔལ་གྱི་བདེན་པའོ། །དེའི་རྒྱུར་གྱུར་པ་བདག་ཏུ་ལྟ་བ་ལ་པའི་སོགས་པ་ནི་ཀུན་འབྱུང་གི་བདེན་པའོ། །དེའི་གཉེན་པོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་ནི་ལམ་གྱི་བདེན་པའོ། །སྡུག་བསྔལ་འབྱུང་བ་ཤིན་ཏུ་མེད་པར་བྱ་བའི་ཕྱིར་སེམས་ཀྱི་རྒྱུན་གྱི་མཚན་ཉིད་ཅན་གནས་ཡོངས་སུ་གྱུར་པ་ནི་འགོག་པའི་བདེན་པ་སྟེ་འདི་ནི་མདོར་དོན་དམ་པའོ། །ཞེས་གསུངས་ཏེ་ནམ་མཁའ་མཐའ་ཡས་སོགས་བདག་མེད་ལ་བློ་ཁ་མ་ཕྱོགས་


CMR024_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྷེ་གྱིས་སྲིད་པ་ལས་མི་གྲོལ་ལ། འདིར་དཀྱིལ་འཁོར་རྣམ་པ་ཅན་གྱི་སེམས་ཀྱིས་བདག་ཏུ་འཛིན་ཡུལ་བཀག་པའི་བདག་མེད་ལ་འཇུག་ཅིང་བདག་འཛིན་འཇོམས་པ་ཡིན་ལ། བསྐྱེད་རྫོགས་ཟུང་དུ་ཆུད་ནས་ལྟ་ཅི་སྨོས། ཐོག་མཐའ་སྟོང་ཉིད་བྷེ་པས་ཀྱང་རིམ་གྱིས་བདག་འཛིན་སྤངས་ནུས་ཏེ། སྒྲུབ་ཐབས་ཀུན་བཟང་ལས། གང་ཞིག་གང་དང་མི་མཐུན་པ་དག་ཏུ། །ལན་གཅིག་གྱུར་པའང་དེ་བགྲོད་རྒྱས་གྱུར་པ། །མཐོང་དང་བསླབ་པ་རྣམ་པར་འཕེལ་བ་དང་། །རང་གི་མི་མཐུན་ཤིན་ཏུ་འགག་པར་འགྱུར། །ཞེས་གསུངས་སོ། །མདོར་ན་རང་བཞིན་མེད་པའི་སྟོང་ཉིད་ལ་ངེས་པ་བསྐྱེད་ཅིང་། རྣམ་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་ཤར་བ་སྟེ། ཟབ་མོ་སྟོང་ཉིད་ལྷའི་རྣམ་པར་གསལ་བ་སྟེ། ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ནི། བླ་མེད་རྫོགས་བྱང་གི་ཉེ་ལམ་བདག་འཛིན་རྒྱུ་དང་བཅས་པའི་གཉེན་པོ་ཡིན་ནོ། །འོ་ན་འདིར་བསྐྱེད་རིམ་རྫོགས་རིམ་གཉིས་ཁོ་ན་བརྗོད་པའི་དོན་གསང་སྔགས་བླ་མེད་རྒྱུད་ཐམས་ཅད་ཀྱི་དོན་དེ་གཉིས་ལ་འདུས་པའི་ཕྱིར་ཏེ། བརྟག་གཉིས་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་


CMR024_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་དང་། གསང་འདུས་རྒྱུད་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བསྟན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་ཏེ། རྒྱུ་རྒྱུད་ནི་རིམ་གཉིས་ཀྱིས་སྦྱང་གཞི་དང་། དབང་བསྐུར་ནི་རིམ་གཉིས་ཀྱི་སྔོན་འགྲོ། རིམ་གཉིས་སྦྱོང་བྱེད་སྐུ་གཉིས་ནི་འཐོབ་བྱའི་འབྲས་བུའོ། །རིམ་གཉིས་ཀྱི་ངོ་བོ་ནི་ཐབས་ཁྱད་པར་ཅན་གྱིས་མཚན་རྟོག་ལས་ཡིད་སྐྱོབ་པའོ། །དབྱེ་བ་བསྐྱེད་རྫོགས་གཉིས། ངེས་ཚིག་ལ་བཞེད་ལུགས་གསུམ་ཏེ་སྦྱང་གཞི་བསྐྱེད་པ་ནི་ཐ་མལ་པའི་ལུས་གྲུབ་པ་སྟེ། རིམ་པ་ནི་སྐྱེ་བའི་རིམ་པ་སྐྱེ་གནས་བཞི་དང་ཁྱད་པར་མངལ་གྱི་གནས་སྐབས་ལྔ་པོ་སྦྱོང་བྱེད། བསྐྱེད་རིམ་ལྷའི་རྣམ་པ་དང་། སྦྱང་གཞི་རྫོགས་པ་ནི། ཐ་མལ་པ་ཚེ་ཟད་ནས་འཆི་བ་སྟེ། རིམ་པ་ནི་ས་ཆུ་ལ་ཐིམ་པ་སོགས་འཆི་བའི་རིམ་པ་ཡིན་པས། དེ་སྦྱོང་བྱེད་རྡོར་བཟླས་དང་འོད་གསལ་སོགས་སྦྱོང་བྱེད་རྫོགས་རིམ་དུ་བཞེད་ལ། སེམས་འགྲེལ་བསྐོར་གསུམ་སོགས་བཞེད་པས་བསྐྱེད་པ་ནི་མཆོག་གི་དངོས་གྲུབ་ལ་བྲོད་པ་བསྐྱེད་


CMR024_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཐུན་མོང་གི་དངོས་གྲུབ་ཡིན་ལ། དེ་སྒྲུབ་པར་བྱེད་པའི་ཐབས་ལྷའི་རྣམ་པ་བྷོ་པ་ལ་རིམ་པའོ། །རྫོགས་པ་ནི་དེ་ལས་འབྲས་བུ་གོང་ན་མེད་པས་མཆོག་གི་དངོས་གྲུབ་ཡིན་ལ། རིམ་པ་དེ་ནི་སྒྲུབ་བྱེད་ཀྱི་ཐབས་སྦྱོར་བ་ཡན་ལག་དྲུག་ཡིན་པར་གསུངས་སོ། །བིནྡྲ་པའི་རྗེས་འབྲང་དང་བཅས་པའི་ལུགས་ལ་ནི། བློས་ཀུན་ཏུ་ལྷ་ཡི་རྣམ་པ་བསྐྱེད་པ་ནི་བསྐྱེད་པ་དེ་རིམ་གྱིས་གསལ་འདེབས་པ་ནི་རིམ་པ། རྫོགས་རིམ་པ་ནི་ལུས་ངག་ཡིད་གསུམ་རྫོགས་པར་གསལ་འདེབས་པ་སྟེ་རང་བྱིན་རླབས་དང་དཀྱིལ་འཁོར་གྱི་འཁོར་ལོ་བྷེ་པ་ཡིན་ལ། རིམ་པ་ནི་དེ་ཉིད་ཀྱི་རིམ་གྱིས་བྷོ་པ་ཡིན་པར་བཞེད་དོ། །དེ་ཡང་བསྐྱེད་རྫོགས་གཉིས་ཀ་བྷོ་དགོས་ཀྱི་རེ་རེ་བས་མི་ཆོག་སྟེ། ཐ་མལ་གྱི་རྣམ་རྟོག་སྦྱང་བ་ལ་བསྐྱེད་རིམ་དང་། དེ་གྱ་ནོམ་ལྷར་ཞེན་སྤངས་བའི་ཕྱིར་རྫོགས་རིམ་དགོས་ལ། ཚོགས་གཉིས་བསགས་པས་རྒྱུ་ལས་ཉོན་སྦྱངས། གཞལ་ཡས་ཁང་པ་གཅིག་གིས་གདན་གྱིས་བདག་གིར་འཛིན་པའི་སྣོད་སྦྱངས། བཅུད་བདག་ཏུ་འཛིན་པ་ལྷ་བྷེ་པས་སྦྱངས་ཏེ། ཉི་ཟླ་ས་བོན་ལས་བསྐྱེད་པའི་དྲོད་གཤེར་སྐྱེ་བ་སྦྱངས། ཉི་ཟླ་ཁུ་ཁྲག་མཚོན་པའམ་འཁོར་བ་མངལ་འབྱིན་གྱིས་


CMR024_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མངལ་སྐྱེས་སྦྱངས། འབྲས་བུ་རྡོ་རྗེ་འཛིན་པའམ་འདི་ལུས་རྩ་གནས་ལྷ་རྣམས་གོང་བུ་ལས་བཞེངས་པས་སྒོང་སྐྱེས་སྦྱངས། རིགས་བདག་གམ་ཐུན་མཚམས་སྐད་ཅིག་ལ་བསྐྱེད་པས་བརྫུས་སྐྱེས་སྦྱངས། མཐར་རྫོགས་རིམ་དུ་སྡུད་པ་ནི་སྣོད་བཅུད་འཇིག་པ་སྦྱངས། ཡང་མངོན་བྱང་ལྔས་བསྐྱེད་པ་དྲོད་གཤེར་ལས་སྐྱེས་པ་དང་མངལ་སྐྱེས་སྦྱངས། རྡོ་རྗེའི་ཆོ་ག་གསུམ་དང་བཞི་དང་ཐིག་ལེ་ལས་བཞེངས་པ་སྒོང་སྐྱེས་སྦྱངས། དབུགས་འབྱུང་རྔུབ་སྙིང་པོའི་ཚིག་ཙམ་གྱིས་བསྐྱེད་པས་བརྫུས་སྐྱེས་སྦྱངས། འཁོར་ལྷ་མངལ་འབྱིན་གྱིས་མངལ་སྐྱེས་སྦྱངས་བ་སྟེ། དེ་རྣམས་རྒྱལ་བ་རྒྱ་མཚོའི་གཞུང་འདིར་ཕལ་ཆེ་བ་ཚང་བ་ཡིན་ཏེ། ཁྱད་པར་ཡུམ་ཁྲོ་མོའི་སྐུའི་ཞེ་སྡང་དང་ཌཀི་བཞི་སོགས་འཁོར་གྱི་འདོད་ཆགས་དང་གཙོ་བོ་ལྔ་མཚན་པས་བརྒྱན་པས་གཏི་མུག་སྦྱངས་ཏེ། རྡོ་རྗེ་གུར་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་སེར་སྣའི་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེའི་གཟུགས་ནི་དུ་མ་འཛིན། །ཞེས་གསུངས་པས། རྩ་བའི་དུག་གསུམ་ཞི་བས་གཞན་རྣམས་ཤུགས་ལ་ཞི་ཞིང་ཁྲོ་ཆགས་མེད་པའི་བསྐྱེད་རིམ་ལ་ནི། མི་ཟབ་པ་ལ་ནི་འདི་ཡོད་པས་ཟབ་


CMR024_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞེད་དོ། །བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱི་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །ཅེས་གསུངས་པས། རྫོགས་རིམ་གྱིས་གྱ་ནོམ་ལྷར་ཞེན་སྦྱངས་ལ། སཾ་བྷ་ཏྲི་ལས། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་ལྟུང་བྱེད་ཡིན་། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་གསུངས་པས། རྫོགས་རིམ་གྱིས་ཐ་མལ་པའི་མ་དག་པ་ཐམས་ཅད་སྦྱངས་ལ། ཡང་ལུས་རྩ་རླུང་ཐིག་ལེ་བརྟན། མ་དག་པའི་སྣོད་བཅུད་དང་། དེ་ལ་བསྟེན་ནས་སྐྱེས་པའི་ཡེ་ཤེས་ཀྱིས་བརྟེན་པ་ཡིད་སྦྱངས་ཏེ། ཡང་འཆི་དུས་ཐིམ་རིམ་དང་མཚུངས་པའི་རྟགས་རྣམས་རྫོགས་རིམ་བསྒོམ་དུས་འབྱུང་སྟེ། རྡོ་རྗེ་གུར་ལས། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །ཅེས་པས་འཆི་བ་སྦྱངས་བའོ། །མདོར་བསྡུ་ན། བསྐྱེད་པས་ཀུན་རྟོག་སྦྱངས། དེ་ཉིད་རྫོགས་པས་


CMR024_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་པ་དང་། བསྐྱེད་རྫོགས་རེ་རེས་ཀྱང་སྐྱེ་འཆི་སྣང་སྟོང་རྣམ་རྟོག་མཐའ་དག་སྦྱངས་པ་ཡང་ཡིན་ནོ། །དེ་ཡང་བསྐྱེད་རིམ་བྷོ་ལུགས་འདི་དག་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་མཐུན་པར་སྐྱབས་སེམས་ནི་དང་པོ་ཐུགས་བསྐྱེད་པ། ཚོགས་གཉིས་བསགས་པ་བསྐལ་པ་གྲངས་མེད་དུ་ཚོགས་བསགས་པ། སྲུང་འཁོར་སྲོད་ལ་བདུད་བཏུལ་བ། གཞལ་ཡས་ཁང་ནི་མ་དག་པའི་སྣོད་སྦྱངས་ནས་འོག་མིན་དུ་བྱིན་གྱིས་བརླབས་པ། མངོན་བྱང་ལྔས་ལྷའི་སྐུར་བྷོ་པ་ནི། འོག་མིན་ནམ་རྡོ་རྗེ་གདན་དུ་ཐོ་རངས་སངས་རྒྱས་པ། དབང་བསྐུར་བ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ། འོད་ཟེར་སྤྲོ་བསྡུ་ནི་སེམས་ཅན་གྱིས་དོན་བྱེད་པ། བཟླས་པ་ནི་ཆོས་འཁོར་བསྐོར་བ། རྫོགས་རིམ་དུ་སྡུད་པ་ནི་མྱ་ངན་ལས་འདས་པ་དང་འདྲ། སླར་ཡང་མཛད་པ་རྒྱུན་མི་ཆད་པ་དང་འདྲ་བར་ལྷའི་སྐུར་ལྡང་ནས་སྤྱོད་ལམ་གྱི་རྣལ་འབྱོར་གྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། རྡོ་རྗེ་གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བ་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་སྐུ་ཉིད་མྱུར་དུ་འགྲུབ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །


CMR024_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ནི་ཐབས་ཀྱི་གཟུགས་ཅན་ནོ། །ཞེས་གསུངས་སོ། །རྫོགས་རིམ་གྱི་ཉམས་ཟུང་འཇུག་ངོ་བོ་ཉིད་དང་མཐུན་པ་རྣམས། ཆོས་སྐུ་དང་མཐུན་པར་མོས་ཤིང་བསྲེས་ལ་བསྒོམས་པས་ཆོས་སྐུ་ལམ་བྱེད་དོ། །སམ་བྷུ་ཏྲི་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུ་ནི་རབ་ཏུ་གྲགས། །ཞེས་དང་། རྡོ་རྗེ་གུར་ལས། ཆོས་ཀྱི་དབྱིངས་ན་འོད་གསལ་བ། །གང་ཞིག་བྷེ་པ་དེ་བས་ན། །སེམས་ཅན་སངས་རྒྱས་མཉམ་པར་འགྱུར། །ཞེས་སོ། །མ་འོངས་དེ་ལྟར་སྐུ་གཉིས་འགྲུབ་རྒྱུ་ལ་ད་ལྟ་གོམས་པར་བྱེད་པ་འབྲས་བུ་ལམ་བྱེད་དང་། དེ་ཡང་འབྲས་བུ་ཡི་རྣམ་པ་ཙམ་ཡིན་པས་རྣམ་པ་ལམ་བྱེད་ཅེས་བྱའོ། །འོ་ན་རྫོགས་རིམ་གྱི་སྤང་བྱ་ཐམས་ཅད་དང་། བསྐྱེད་རིམ་ཉིད་ཀྱང་སྔངས་ནས་ཆོས་སྐུ་ཐོབ་ན་དེས་ཆོག་པས་བསྐྱེད་རིམ་མི་དགོས་སོ་སྙམ་ནས། བསྐྱེད་རིམ་མེད་པར་རྫོགས་རིམ་མི་འབྱུང་ཚུལ། ཞུས་ལེན་དང་བཅས་པར་བརྟག་གཉིས་ལས་གསུངས་ཏེ། ཇི་ལྟར་མེ་ཏོག་ལ་གདན་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་ན། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་སོགས་


CMR024_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། བདེ་བ་ནི་སྟོང་ཉིད་ཆོས་སྐུའོ། །ཞུ་བ་མེད་ན་བདེ་མི་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ཞལ་ཕྱག་རྣམས་ནི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བ་གཟུགས་མེད་པ། །ཞེས་རྒྱུའི་སྐབས་དང་རྡོ་རྗེ་གུར་ལས། རྡོ་རྗེའི་སྙིང་པོ་རྣམ་པ་མེད། །བྱང་ཆུབ་སེམས་དཔའ་མ་སྨྲ་ཞིག །ང་ཉིད་དངོས་པོ་དངོས་མེད་དང་། །དངོས་པོའི་དེ་བཞིན་གཤེགས་པའི་རིགས། །གཟུགས་མེད་གཟུགས་དང་ལྡན་པའི་མཆོག །ཟབ་མོ་ཞི་བའི་གཟུགས་དང་ལྡན། །ཞེས་གསུངས་པས་རིམ་གཉིས་ཟུང་དུ་འབྲེལ་དགོས། དེ་ལྟར་རིམ་གཉིས་བསྒོམས་པས་གྲོལ་བར་ངེས་པའི་རྒྱུ་མཚན་ནི། སྤྱིར་རྒྱུ་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་དང་། དེ་བཞིན་གཤེགས་པ་ཡང་རྒྱུའི་རིགས་ལམ་ཡང་དེ་གཉིས་ཀྱི་རིགས་དེ་གཉིས་ཀྱང་ལམ་གྱི་རིགས་ཡིན་ལ། རིགས་ཞེས་པ་འབྲས་བུ་དེ་བཞིན་གཤེགས་པའི་རྒྱུ་ཡིན་པའི་ཕྱིར། །བརྟག་གཉིས་ལས། རིགས་དང་འབྱུང་བ་ལྔ་རྣམས་དང་། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་གསུངས་ཏེ། ལམ་གྱི་སྐབས་སུ་ལམ་དང་། རྒྱུ་ནི་རིགས་


CMR024_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་རིགས་བདག་ཡིན་པས། །རིགས་དང་རིགས་བདག་མི་འབྲལ་ཞིང་། །འགྲེལ་པ་ཅན་དུ་འགྲུབ་པའི་ཕྱིར། །གྲོལ་ལོ། །རིགས་འདྲའི་གཉེན་པོ་དུག་གིས་དུག་ལ་བསྣུན་པ་དང་། རླུང་གིས་རླུང་བཟློག་པ། ཆུ་ཡུས་ཆུ་འགུགས་པ། མེས་ཚིག་མེས་གདུང་། དྲི་མས་དྲི་མ་འཁྲུད་པ། རྟོག་པས་རྟོག་པ་བཟློག་པ་སྟེ། སྤང་བྱ་དེ་ཉིད་ཐབས་ཀྱིས་ཟིན་ན་གྲོལ་ཏེ། བརྟག་གཉིས་ལས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིངས་།ལས་གྲོལ་བར་འགྱུར། །ཅེས་གསུངས་སོ། །རང་བཞིན་གྱིས་དག་པས་གྲོལ་བ་ནི། ཆོས་རྣམས་རང་བཞིན་གྱི་སྐྱེ་བ་མེད་པའི་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱི་དག་པ། སེམས་ཅན་རྣམས་ཀྱིས་ལུས་རང་བཞིན་གྱིས་དག་པ་ཞལ་ཕྱག་གིས་རྣམ་པར་གྲུབ་པ་ནི་ལྷ་སོ་སོའི་དག་པ་དང་། ཞལ་ཕྱག་གི་རྣམ་པ་དེ་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པས་རང་རིག་གིས་དག་པའོ། །དག་ཀྱང་བྷོ་དགོས་དོན། དྲི་མ་གློ་བུར་བ་སྦྱང་བ་སྟེ། །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་གསུངས་སོ། །བློ་བུར་གཟུང་འཛིན་གྱི་དྲི་མ་སྦྱང་བ་ལ་ཐབས་རྒྱུད་དག་


CMR024_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་དགོས་ཏེ། དེ་བཞིན་ཉིད་ཀྱིས་དག་པ་ལ་མོས་པར་བྱེད་པས་དེ་བཞིན་ཉིད་ལྟ་བ་རྟོགས། ལྷ་སོ་སོའི་རྣམ་པ་སྦྱོང་བྱེད་བསྐྱེད་རིམ། རང་རིག་པ་ནི་ཐམས་ཅད་སེམས་ཡིན་པ་དེ་ཐམས་ཅད་རྟོག་པར་བྱེད་པའི་ཐབས་རྫོགས་རིམ་མོ། །དེ་ལྟར་རིམ་གཉིས་དག་པ་གསུམ་བྷེ་པའི་འབྲས་བུ་ནི། དེ་བཞིན་ཉིད་ཀྱི་དག་པ་མཐར་ཕྱིན་པས་ཆོས་སྐུ། ལྷ་སོ་སོའི་དག་པ་མཐར་ཕྱིན་པས་གཟུགས་སྐུ། རང་རིག་པའི་དག་པ་མཐར་ཕྱིན་པས་ངོ་བོ་ཉིད་ཀྱི་སྐུ་འགྲུབ་བོ། །དེས་ན་རྒྱུ་ལམ་འབྲས་གསུམ་དག་པ་གསུམ་ཡིན་པའི་ཕྱིར་ན་ཡང་རིམ་གཉིས་ཀྱིས་ངེས་པར་གྲོལ་ལོ།། ༈ དེ་ནས་བསྐྱེད་རྫོགས་བསྒོམ་པའི་གོ་རིམ་ལ། ཁ་ཅིག་བསྐྱེད་རིམ་ལ་རྫོགས་རིམ་གྱིས་རྒྱས་བཏབ་ནས་བྷེ་པར་བཞེད་པ་ལ་ས་སྐྱ་པས་མི་ལེགས་པར་གསུངས་སོ། །ག་ཡ་དྷ་རའི་ལུགས་ཐུན་སྟོད་བསྐྱེད་རིམ་ཐུན་སྨད་རྫོགས་རིམ་བྷེ། སེམས་འགྲོལ་བ་རྣམས་བསྐྱེད་རིམ་བརྟན་རུང་མི་བརྟན་རུང་ལོ་བཅུ་གཉིས་བསྒོམ་ལ་དེ་ནས་རྫོགས་རིམ་བྷི་པར་འདོད། ཀླུ་སྒྲུབ་ཡབ་སྲས་ཀྱིས་བསྐྱེད་རིམ་བརྟེན་ནས་རྫོགས་རིམ་བྷེ་སྟེ། རིམ་ལྔ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་


CMR024_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་གསུངས། །དེ་བཞིན་དུ་ཌོམ་བི་པས་ཀྱང་བསྐྱེད་རིམ་བརྟན་ནས་རྫོགས་རིམ་བྷེ་གསུངས། ཇོ་བོ་ནཱ་རོ་ཏ་པས་ནི། ཐོག་མ་ནས་བསྐྱེད་རིམ་གྱི་རང་བཞིན་རྫོགས་རིམ་དུ་གནས་ཚུལ་དང་། རྫོགས་རིམ་གྱི་གདངས་བསྐྱེད་རིམ་དུ་ཤར་ཚུལ་ཤེས་པས་ཟུང་འཇུག་ཏུ་བྷེ་པ་ཡིན་ཞེས་བདག་གི་བཤེས་གཉེན་རྣམས་གསུངས་སོ། །དེས་ནི་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་རྣམ་བཞག་རྒྱས་པར་སོང་ལ།། ༈ དེ་ལྟ་བུའི་གསང་སྔགས་ཀྱི་ལམ་དེའི་གེགས་དང་གོལ་ས་བསལ་ཐབས་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། གསང་སྔགས་ནི་ལམ་དུ་སོང་ན་དངོས་གྲུབ་ཤིན་ཏུ་མྱུར་ལ། ལམ་དུ་མ་སོང་ན་གོལ་ས་ཤིན་ཏུ་ཆེ་སྟེ། དེས་ན་གསང་བའི་སྙིང་པོ་འདི། །གོལ་ས་ཆེ་བ་རྒྱལ་བས་གསུངས། །ཞེས་གསུངས་སོ། །དེ་ཡང་དགོངས་གཅིག་རྙིང་མ་ལས། འདོད་ཆགས་ཀྱིས་ཀུན་ནས་བསླངས་བའི་དགའ་བདེས་གང་བའི་ཡབ་ཡུམ་ཞལ་སྦྱོར་བསྒོམ་མམ། ཞེ་སྡང་གིས་ཀུན་ནས་བསླངས་བའི་ཕ་རོལ་པོའི་སྙིང་ལ་འཇིགས་སུ་རུང་བའི་ཆ་བྱད་དུ་བསྒོམ་མམ། །གཏི་མུག་གིས་ཀུན་ནས་


CMR024_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བསླངས་བའི་དུད་འགྲོའི་མགོ་བརྙན་ཅན་མཚན་དཔེ་མེད་པ་དེ་འདྲ་བྷེ་ན་སྲིན་མོ་དང་རྒྱལ་འགོང་དང་ཀླུ་གདོན་བྷེ་སྒྲུབ་བྱས་པ་དང་ཁྱད་མེད་པས། ཉེས་སྐྱོན་ཆེན་པོར་འབྱུང་ཞིང་འབྲས་བུ་དེ་ཉིད་ལ་བརྟན་པ་ཐོབ་ཅིང་ཡོན་ཏན་སྣ་གཅིག་ཀྱང་མེད་པ་ཞིག་ལས་མི་འབྱུང་བའམ། ལྷ་ཐམས་ཅད་སྐྱོན་དག་ཡོན་ཏན་རྫོགས་པའི་ཆ་ལུགས་མཚན་དཔེས་བརྒྱན་པར་བྷེ། ཞེས་གསུངས་ནས། ཀུན་སློང་དུག་གསུམ་མ་འདྲེས་པར་བྱང་ཆུབ་སེམས་ཀྱི་ཀུན་སློང་ཐོག་མར་གལ་ཆེ། ཨ་འཐས་ཐེར་ཟུག་མ་ཡིན་པར་སྣང་སྟོང་འཇའ་ཚོན་ལྟ་བུར་དངོས་གཞི་གལ་ཆེ། མཐར་རྫོགས་རིམ་སྟོང་ཉིད་དུ་ལ་བཟླ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཐོབ་པའི་བསྔོ་བ་གལ་ཆེ་ཆེ། འཇིག་རྟེན་གསུམ་མགོན་གྱིས་བསྐྱེད་རིམ་བརྟན་པ་ཐོབ་པས་མངོན་སྤྱོད་བྱས་ན་ལྷའི་གཟུགས་བཟུང་ནས་དམྱལ་བར་བསྲེགས་པར་གསུངས་ཤིང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། སྔོན་བྲམ་ཟེ་ཤག་སྐྱེས་བྱ་བས་གཤིན་རྗེ་བསྒྲུབས་པས་རྒྱལ་པོ་ལྔ་བ་སྦས་པའི་བླ་མཆོད་བྱས་ནས་རྒྱལ་པོའི་དགྲ་བྱུང་ཚད་མཐུ་བྱས་ནས་བསད་པས། མནར་མེད་དུ་ལོ་གྲངས་དཔག་ཏུ་མེད་པར་སྡུག་བསྔལ་མྱོང་ཚུལ་གསུངས་པ་དང་། །དེ་བཞིན་པེ་


CMR024_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱིས་འཇིགས་བྱེད་ལོ་བཞི་བཅུ་རྩ་བཞི་ལ་བསྙེན་པ་སོགས་འབྱུང་པོ་མང་པོ་སྔོན་ལྷ་བསྒྲུབས་པའི་ནུས་པས་ད་ལྟ་རྫུ་འཕྲུལ་ཆེ་ལ། དམ་ཚིག་ཉམས་པ་དང་། ཨ་ཟིའཐས་སུ་བྷོ་པ་དང་། སྨོན་ལམ་ལོག་པས་འདྲེར་སྐྱེས་པ་མང་ངོ་། །འཇིག་རྟེན་མགོན་པོས། ལྷ་འདོད་ཆགས་སྐྱེས་ན་ཡི་དྭགས་ཡིན། །ལྷ་ཞེ་སྡང་སྐྱེས་ན་དམྱལ་བ་ཡིན། །ལྷ་གཏི་མུག་སྐྱེས་ན་དུད་འགྲོ་ཡིན། །ལྷ་དུག་ཏུ་སོང་ན་མི་དགེ་བས། །དེ་ལ་སྡུག་བསྔལ་འབྱུང་བར་འགྱུར། །ཞེས་གསུངས་ཏེ། དཔེར་ན་འདོད་ཆགས་ཀྱི་དབང་གིས་བུད་མེད་འདོད་པས་དབང་སྡུད་ཀྱི་ལྷ་སྒྲུབ་ཅིང་དོན་འགྲུབ་པ་ན་རྩ་རླུང་ལས་རུང་གི་ཉམས་ལེན་མེད་པར་ཐ་མལ་དུ་སྤྱོད་པ་དང་། ཟས་ནོར་འདོད་པས་ཀུན་ནས་བསླངས་ཏེ། ནོར་ལྷ་སྒྲུབ་ཅིང་དོན་འགྲུབ་པ་ན་མཆོད་སྦྱིན་དང་བསོད་ནམས་འཕེལ་ཐབས་ལ་མི་འབད་པར་བག་མེད་སྤྱོད་ཅིང་ཚེ་འདི་ཡི་ཆེ་ཐབས་ཁོ་ན་སྒྲུབ་པ་རྣམས་ཡི་དྭགས་སུ་གོལ་ཏེ་སྐྱེ། བསྟན་པའི་དོན་སོགས་མ་ཡིན་ཞིང་བཅུ་མ་ཚང་བར་རང་དོན་ཞེ་སྡང་གིས་མཐུ་བྱས་ནས་ཕ་རོལ་ཤི་བ་ལ་རང་གིས་སྒྲིབ་སྦྱང་རྟགས་ཐོན་དང་ཕ་རོལ་གནས་སྤར་བ་ལ་ནན་ཏན་མེད་པར་བཏང་སྙོམས་སུ་བྱས་ན་དམྱལ་


CMR024_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བར་གོལ་བ་དང་། གསང་སྔགས་སོགས་ཆོས་ཀྱི་དོན་རྣམས་ཅི་བཞིན་མ་གོ་བའི་གཏི་མུག་གི་དབང་གིས་ལྷ་དུད་འགྲོའི་དབུ་སོགས་ཁྲོ་བོ་རྣམས་བྷེ་ནས། དེའི་སྐུའི་དག་པ་དང་བརྡ་དོན་མི་ཤེས་པར་ཐ་མལ་དུད་འགྲོའི་མགོ་ཅན་དུ་སེམས་ལ། རང་ཉིད་གསང་སྔགས་པའོ་སྙམ་པའི་སྙེམས་བྱེད་ཀྱིས་རྒྱུ་འབྲས་ལ་སྤྱོད་པ་རྩིང་ནས་བབ་ཅོལ་སྤྱོད་པ་དུད་འགྲོར་གོལ་ལོ། །འདི་ལ་སྐད་ཅིག་བསམ་པའི་འགྲོ་ལྡོག་རེ་རེ་ལ་དུག་གསུམ་དུ་གོལ་ཚུལ་བཤད་པ་ཡང་སྣང་མོད་ཀྱིས། འདི་ཙམ་ཞིག་ལ་ཁོ་བོས་འཐད་པར་སེམས་སོ། །གཞན་ཡང་སྔགས་ཀྱི་གོལ་སར་ལྟུང་བའི་སྒོ་དགུ་ནི། མདོ་སྡེ་ལས། བདུད་དང་སྲིན་པོ་རུ་ཏྲ་དང་། །བགེགས་ཆེན་ཅན་དང་ཤོ་གམ་གནས། །ལྷ་ཆེན་གནོད་སྦྱིན་མུ་སྟེགས་དང་། །དམྱལ་བར་ཆད་པའི་ལྟུང་བའི་སྒོ། །ཞེས་གསུངས་ཏེ། སྤྱིར་སེམས་ཅན་ཐམས་ཅད་ཕ་མ་ཡིན། ཁྱད་པར་རང་ཐེག་པ་ཆེན་པོར་འདོད་པའི་རྩ་བ་དེ་སེམས་ཅན་ཐམས་ཅད་སངས་རྒྱས་པ་གཅིག་པར་འདོད༔ དེ་རང་ཁོ་ནས་བྱེད་པར་ཁས་བླངས་དམ་བཅས་དཔང་པོ་སངས་རྒྱས་ཐམས་ཅད་ལ་བཅོལ་བ་ཡིན་པས། དགྲ་ཟོན་སུས་ཀྱང་ཆོས་བྱེད་པ་མཐོང་ངམ་ཐོས་ན་རང་གིས་འདོད་པ་


CMR024_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྒྲུབ་རོགས་བྱེད་མཁན་བྱུང་བ་ཡིན་པས། དེ་ལ་ཞེ་ཐག་པ་ནས་དགའ་ཞིང་རྗེས་སུ་ཡི་རང་བྷེ་དགོས། དེས་དགེ་བ་མཉམ་དུ་ཐོབ་རང་གི་བསོད་ནམས་མི་ཟད་པར་འཕེལ་ལོ། །གལ་ཏེ་དགྲའམ་གྲུབ་མཐའ་གཞན་གྱི་བསོད་ནམས་དང་དགེ་བ་རྣམ་དག་བྱེད་པ་ལ་ཕྲག་དོག་གིས་བར་ཆད་བྱེད་ན་བདུད་ཀྱི་ལས་ཡིན། བདུད་ཀྱི་ལས་བྱས་ན་བདུད་དུ་སྐྱེ་བ་ཆོས་ཉིད་ཡིན་ཏེ། གོལ་ས་ཤིན་ཏུ་ཆེ་བས་འདི་ལ་སྐྲག་པ་བསྐྱེད་པ་ཤིན་ཏུ་གལ་ཆེ། གལ་ཏེ་རང་ལ་སྟོབས་མེད་པས་བར་ཆད་མ་ནུས་ཀྱང་ཕྲག་དོག་གིས་ཡིད་མི་དགའ་བར་མི་བྱ་སྟེ། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། གཞན་གྱིས་བསམ་སྦྱོར་བཟང་པོ་ལ། །བར་ཆད་བྱེད་པ་བདུད་ཡིན་ཏེ། །མ་གཏོགས་སེར་སྣ་བྱེད་པ་ནི། །བདུད་ཀྱི་སྒོར་ལྟུང་འཁོར་བར་འཁྱམས། །ཞེས་གསུངས་སོ། །ཡང་རྟ་མགྲིན་སོགས་ཁྲོ་བོ་རང་རྒྱུད་ཐེར་ཟུག་ཏུ་བྷེ་སྟེ་ཞེ་སྡང་རང་ཁ་ནས་དགྲ་བགེགས་འདུལ་བ་དང་། འདོད་ཆགས་རང་ཁ་མས་མི་གཙང་སྤྱོད་ཅིང་། ང་ནི་ཁྲོ་བོ་རྟ་མགྲིན་ནོ་སྙམ་པའི་ང་རྒྱལ་བྱེད་ན་སྲིན་པོར་གོལ་ཏེ། མདོ་ལས། བདེ་གཤེགས་རྒྱལ་པ་བྷེ་བཟླས་པས། །ཆ་མཐུན་བཅོལ་བའི་ཆོ་འཕྲུལ་


CMR024_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །གང་གིས་དེར་བདག་དེར་རེད་ནས། །ལས་ཀྱི་སྲིན་པོ་རིག་འཛིན་ཡིན། །ཞེས་དང་། རང་བྱུང་བདེ་བའི་འཁོར་ལོ་ལས། མཉམ་ཉིད་མ་གཏོགས་རང་རྒྱུད་དུ། །ཆགས་སྡང་ཕོད་ཚད་སྤྱོད་པའི་ལམ། །དུག་ལྔ་རང་རྒྱུད་སྤྱོད་ཉེས་པས། །སྲིན་པོའི་སྒོར་ལྟུང་རྟག་ཏུ་འཁོར། །ཞེས་གསུངས་སོ། །ཡང་རང་གིས་ཡང་དག་པའི་ལམ་མི་ཤེས་པས་དད་པ་ཅན་ལ་ཁྲིད་བཏབ་པས་བརྩོན་འགྲུས་ཅན་དེ་ལ་རྣམ་རྟོག་སྐྱེ་བའི་སྔ་ལྟས་གེགས་དང་སྐྱོན་བྱུང་ན་བཅོས་མ་ཤེས་པས་སློབ་བུ་དེ་ཆུད་ཟོས་སམ་ལྟ་བ་ཆད་ལྟར་གྱུར་ནས་རྒྱུ་འབྲས་འཆོལ་བར་སྤྱོད་ཅིང་གཞན་ཡང་ལམ་དེར་ཁྲིད་དོ། །རང་ཉིད་ཀྱིས་ཡང་དག་པའི་ལྟ་བའི་དོན་དངོས་སམ་སྤྱི་ཙམ་མ་རྟོགས་ནས་ལྟ་ངན་ཞིག་མཆོག་ཏུ་བཟུང་སྟེ། བདག་གི་འདི་ནི་མཆོག་གཞན་རྣམས་འཁྲུལ་ལོ། །ཞེས་སྟོན་ཅིང་སེམས་ཅན་མང་པོ་དེར་འགོད་པ་དག་རུ་ཏྲ་རུ་གོལ་ཏེ། འདི་ཡི་ལོ་རྒྱུས་དང་བཅས་པ་ཚུལ་ཁྲིམས་འཆལ་བ་ཅན་ཚར་གཅོད་པའི་མདོ་ལས་གསུངས་སོ། །འདིའི་གོལ་ས་འདི་དེང་སང་བོད་དུ། གཅིག་སྐྱོན་གཅིག་ལ་གྲུབ་མཐའ་སོ་སོས་འགེལ་བར་བྱེད་མོད་ཀྱིས། དཔང་པོ་ཐུབ་པའི་གསུངས་ཡིན་པས། ཚུལ་


CMR024_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་འཆལ་པ་ཚར་གཅོད་པའི་མདོ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་དང་། པདྨ་དཀར་པོ་དང་། མྱ་ངན་འདས་མདོ་རྣམས་ལ་ལེགས་པར་ལྟོས་དང་། གོལ་ས་འདི་ལ་སུ་གོལ་སུ་མ་གོལ་གསལ་བར་སྣང་ངོ་། །ཕྱི་རབས་ཤེས་ལྡན་དག་ཤཱཀྱ་ཐུབ་པ་ལ་ཕྱོགས་རིས་མེད་ངེས་སོ། །གོལ་ས་དེའི་དོན། བདེ་བ་འཁོར་ལོའི་རྒྱུད་ལས། ཇི་བཞིན་མ་ནོར་མ་རྟོགས་པས། །ལྟ་ལོག་གཞན་གྱི་སློབ་དཔོན་བྱེད། །།རང་ཉིད་མི་ཤེས་གཞན་གྲོལ་བ། །རུ་ཏྲའི་སྒོར་ལྟུང་རྟག་ཏུ་འཁོར། །ཞེས་དང་། ངེས་དོན་འདུས་པའི་གཏེར་རྒྱུད་ལས། ལྟ་ལོག་སྤྱོད་ངན་སྣ་ཚོགས་བྱེད། །རང་གིས་མི་ཤེས་གཞན་གྲོལ་བ། །རུ་ཏྲའི་སྒོར་ལྟུང་རྟག་ཏུ་དམྱལ་བར་སྐྱེ། །ཞེས་གསུངས་སོ། ཤ་ལྔ་བདུད་རྩི་ལྔ་དང་། རཀྟ་སོགས་ཀྱི་དངོས་པོ་རང་རྒྱུད་ལ་སྦྱངས། མང་ཞིང་རྒྱ་ཆེ་བར་སྤེལ། ཡེ་ཤེས་བདུད་རྩིར་བསྒྱུར། དེ་དག་གི་མཚོན་པ་དང་བརྡ་རྟགས་རྣམས་མི་ཤེས་པས། ལྷ་མཆོད་པའི་ཨ་མྲྀ་ཏ་དང་། དངོས་གྲུབ་བླངས་པའི་དམ་རྫ་ས་ཁྱད་པར་ཅན་དུ་མ་རྟོགས་པར་ཐ་མལ་རང་རྒྱུད་པའི་ཤ་ཁྲག་དྲི་ཆེ་ཆུང་ཉིད་དུ་མངོན་པར་ཞེན་པས་ལྷ་མཆོད་དམ། བདུད་


CMR024_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ཡིན་ཞེས་ཐོ་ཅོའི་ཟ་བར་བྱེད་དམ། དམར་དད་ཆེ་བ་དག་ཁྲག་དྲོན་འཐུང་ཤ་ཆེན་མི་ཤ་སོགས་དངོས་གྲུབ། ཡིན་ནོ་ཞེས་སྙད་བཏགས་ནས་ཟ་བ་དང་། དེར་མ་ཟད་ཚོགས་ཀྱི་ཤ་ཆང་ཡང་། རབ་བདུད་རྩིར་དངོས་སུ་ངོ་བོར་སྒྱུར་ཐུབ་པའམ། ཐ་ན་ཡང་ཏིང་ངེ་འཛིན་གསལ། ཕྲིན་ལས་ཆ་ཚང་བ་བྱིན་གྱིས་བརླབས་ནས། འདི་ནི་དམ་རྫས་བདུད་རྩིའོ་སྙམ་དུ་དད་གུས་ཀྱིས་སྤྱོད་པ་མིན་པས། ཁ་ཟ་འདོད་འབར་བའི་ཚོགས་འཁོར། རྗེ་མི་ལས་གསུངས་པ་ལྟར་ཤ་ཆང་ལ་སྲེད་པས་ཀུན་ནས་བསླངས་ཏེ། ཐ་མར་དམར་དད་སྐྱུར་དད་ཀྱིས་ཚད་ལས་འདས་པ་ཟ་བའམ། སྐལ་པ་རྡོ་རྗེ་སློབ་དཔོན་དང་རྒྱལ་ཐེབས་མིན་པར་སྐལ་ལྷག་ཟ་འཐུང་བྱེད་ན། འབྱུང་པོ་ཤ་ཁྲག་སྐྱུར་ལ་དགའ་བའམ། དུར་ཁྲོད་ཀྱི་གཅན་གཟན་ཝ་སྤྱང་ལྕེ་སྤྱང་བྱ་རྒོད་སོགས་སུ་སྐྱེ་བར་གསུངས་ཏེ། མདོ་ལས། ཤ་ཁྲག་ལ་སོགས་རྫས་ཆེན་ལྔ། །དངོས་པོ་ཁོ་ན་དེར་བཏགས་ན། །འབྱུང་པོ་ཁྲག་གིས་དྲི་བསྣོམས་པས། །ལུས་ལེན་རིགས་ནི་འཛིན་པ་ཡིན། །ཞེས་དང་། ངེས་དོན་འདས་པའི་གཏེར་རྒྱུད་ལས། མ་རྟོགས་ཕྲིན་ལས་ཅི་མཁས་ཀྱང་། །ཚོགས་ལ་མངོན་པར་འཛིན་པ་ཡིས། །རང་རྒྱུད་དམ་


CMR024_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་མངོན་ཞེན་ཕྱིར། །བགེགས་དང་བྱ་རོག་མངོན་ཞེན་ལྟུང་། །ཞེས་གསུངས་སོ། །དེ་ཡང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདི་ལྟ་བུ་ལ་ཁྲོ་བོ་རྟ་མགྲིན་གྱིས་གཞན་གྱིས་འགྲན་ཟླ་བྲལ་བའི་བརྡར། རྟ་དབུས་ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་ཅིང་དུས་གསུམ་གྱི་སངས་རྒྱས་བྱང་སེམས་རྣམས་སེམས་ཅན་གྱི་དོན་ལ་བསྐུལ་ཕྱིར་རྟ་སྐད་ལན་གསུམ་འཚེར་བ་དང་། རྟ་ནི་མྱུར་ཞིང་མགྱོགས་པ་ལྟར་སེམས་ཅན་གྱི་དོན་ལ་ཐུགས་རྗེ་མྱུར་བ་དང་། རྟས་གར་འདོད་སར་མྱུར་དུ་སྐྱེལ་བ་ལྟར་སེམས་ཅན་རྣམས་བླ་མེད་བྱང་ཆུབ་ཀྱི་གནས་སུ་མྱུར་དུ་སྐྱེལ་བའི་བརྡར་རྟ་དབུ་ཡིན་པར་མ་ཤེས་ནས། རྟ་མགྲིན་ནི་ཐ་མལ་པའི་རྟ་ལྗང་ཁུའི་མདོག་ཅན་དུ་འཛིན་པ་དང་། ཕག་ཞལ་ཆོས་སྐུ་དང་ཁྲོ་མོའི་ཞལ་གཟུགས་སྐུ། ཕག་ཞལ་དོན་དམ་བདེན་པ་དང་། ཁྲོ་མོའི་ཞལ་ཀུན་རྫོབ་བདེན་པ་དེའི་བརྡར་སྟོན་པའི་ཕྱིར་དང་། ཕག་ལ་རྣམ་རྟོག་མེད་པས་གཙང་བཙོག་མེད་པར་ཟ་བ་ལྟར་མི་རྟོག་ཡེ་ཤེས་ཕྱག་རྒྱ་ཆེན་པོས་བཟང་ངན་གྱི་རྣམ་རྟོག་ཐམས་ཅད་བསལ་བཞིག་མེད་པར་ཆོས་སྐུའི་ཕྱག་རྒྱ་ཆེན་པོའི་ངང་དུ་ཟ་བར་བྱེད་པ་མཚོན་པས་ཕག་ཞལ་དང་། རིགས་ལྔའི་དཔའ་བོ་ཌཱཀྐི་འབུམ་ཕྲག་


CMR024_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ཐུགས་དམ་དབྱིངས་ནས་བསྐུལ་བ་དང་། ལམ་རྒྱུད་ལྔའི་འགྲོ་བའི་དོན་བྱ་ཕྱིར་ཕག་ཞལ་སྐད་ཐེངས་ལྔ་ངུར་བ་སོགས་བརྡ་ཆོས་ཟབ་མོ་ཡིན་པར་མ་ཤེས་པར། ཡུམ་རྡོ་རྗེ་ཕག་མོ་ནི་དུད་འགྲོ་ཕག་གི་མགོ་ལྷག་པོར་འབྱར་བ་ཅན་ནོ་སྙམ་པ་སོགས། ལྷ་གཞན་ལ་ཡང་དེས་འགྲེས་ཤིང་འཁོར་ཡང་རྟ་མགྲིན་ཉིད་ཀྱིས་ཕར་ཕྱིན་བཅུ་དང་། ས་བཅུ་དང་། སྟོབས་བཅུའི་ངོ་བོ་ཁྲོ་བོ་བཅུ་དང་། སེར་སྣ་ལ་སོགས་པའི་ཉོན་མོངས་པ་རྣམས་འདུལ་ཞིང་ཕྱོགས་བཅུའི་བགེགས་འདུལ་བའི་བརྡར་མ་ཤེས་པར་བདག་ཉིད་རྟ་མགྲིན་ནི་གཙོ་བོ་སྟེ་དབང་ཆེན་ལ་འཁོར་རྣམས་གཡོག་སྟེ་ཁས་ཉན་པ་ཡིན་ནོ་སྙམ་པ་དང་། ཡུམ་གསང་ཡེའི་གཙོ་འཁོར་ལྔ་པོ་ཡེ་ཤེས་ལྔ་ཡི་རང་གཟུགས་དུག་ལྔ་རྣམ་དག་འབྱུང་བ་ལྔ་གནས་སུ་དག་པའི་ངོ་བོར་མ་རྟོགས་པར་རང་རྒྱུད་ཀྱི་རྗེ་མོ་དང་ཁོལ་མོར་འཛིན་པ་ནི་ཕག་རྒོད་རྟ་རྒོད་དང་བྱ་ཁྱི་ལ་སོགས་གཅན་གཟན་གྱི་རིགས་སུ་ལྟུང་སྟེ། མདོ་ལས། མཚན་མའི་མགོ་བརྙན་བླ་དྭགས་ཅན། །དེ་འདྲ་གང་གིས་ངེས་བརྟགས་ན། །ཤོ་གམ་བྱ་ཁྱི་གཅན་ཟན་རིགས། །ཞེས་དང་། ངེས་དོན་འདུས་པའི་གཏེར་མ་ལས། རང་དབང་རིང་འཛིན་མ་ཐོབ་པར། །རྟགས་ལས་


CMR024_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་རིས་སུ་བཅད། །བདག་ཉིད་འཁོར་དང་ཆེ་འདོད་པས། །གཅིན་ཆེན་ཤོ་གམ་དག་ཏུ་ལྟུང་། །ཞེས་གསུངས་སོ། །ལྷ་ཐུགས་རྗེ་ཆེན་པོ་ལ་སོགས་ཞི་བ་ལ་ཨ་འཐས་ཐེར་ཟུག་ཏུ་བསྒོམ་ཞིང་། རང་གི་ཡུམ་འཁྱུད་པར་བྷེ་པ་ཡང་འདོད་ཆགས་ཀྱིས་ཀུན་སློང་དང་བཅས་པ་ཡང་བྷེ་ཞིང་། ཡེ་ཤེས་པའི་ཕྱག་རྒྱ་མོ་དང་མཉམ་པར་ཞུགས་པ་དེས་གལ་ཏེ་ཐིག་ལེ་འཕེལ་བར་གྱུར་ན། ལྡོག་བཀྲམ་དང་བདེ་བའི་ངོ་བོ་ལ་བལྟས་ཏེ་བདེ་སྟོང་དུ་བསྒྱུར་མ་ཤེས་པར་འདོད་ཆགས་རང་ཁར་ཤོར་ནས་བྱང་ཐིག་ཉམས་པ་དང་། དེ་བས་ཀྱང་རྩ་རླུང་ལས་སུ་རུང་བ་མ་ཡིན་པར་ཐབས་ལམ་གྱིས་དམིགས་རིམ་ཙམ་ཞིག་ལ་བརྟེན་ནས་བུད་མེད་སྤྱོད་པ་དང་། སློབ་མ་ལ་གསང་དབང་བསྐུར་བ་ལ་སྙད་བཏགས་ནས་རྩ་རླུང་ལ་རང་དབང་ཐོབ་ཅིང་དགའ་བཞིའི་ངོ་བོ་མི་འཕྲོད་པར། དཔོན་སློབ་གཉིས་ཀས་མི་གཙང་སྤྱོད་པ་ནི། འདོད་ཆགས་ཆོས་སུ་སྨྲ་བ་མུ་སྟེགས་དབང་ཕྱུག་ཆེན་པོའི་ལུགས་ཡིན་ཏེ། མུ་སྟེགས་དབང་ཕྱུག་གི་རྗེས་འབྲང་རྣམས་འདོད་ཆགས་ནི་ཆོས་ཡིན་པར་འདོད་པ་དང་མཚུངས་པས་མངལ་སྲིན་དུ་སྐྱེ་བར་ཡང་གསུངས་ལ། སྡོམ་ལྡན་ཡིན་ན་ཤལ་མ་རིར་སྐྱེ། ཁྱིམ་པ་


CMR024_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་འབྱུང་པོ་དབང་ཕྱུག་གི་འཁོར་བྲམ་ཟེ་མི་སྡུག་པར་སྐྱེ་སྟེ། མདོ་ལས། རྒྱན་དང་ཆ་ལུགས་ཐམས་ཅད་ཀུན། །གང་གི་དེ་དང་དེར་བཏགས་ན། །བྲམ་ཟེ་མི་སྡུག་ལུས་རིགས་སོ། །རང་བྱུང་བདེ་བའི་འཁོར་ལོ་ལྔས། །ཐབས་ལམ་དབང་ལ་ཁུངས་ཕྱུང་སྟེ། །འདོད་ཆགས་རང་གར་གཏན་སྤྱད་པས། །ལྟ་བས་མ་ཟིན་བདེ་ལ་ཞན། །ལྷ་ཆེན་སྒོར་ལྟུང་འཁོར་བར་འཁྱམས། །ཞེས་གསུངས། རྡོ་རྗེ་གིང་ཆེན་སོགས་གིང་རྣམས་དང་། དུར་ཁྲོད་ཀྱི་ཞིང་སྐྱོང་བརྒྱད་སོགས་མགོ་བརྙན་ཅན་དང་། རྙིང་མ་ལྟར་ན་དཀྱིལ་འཁོར་མུ་རིན་དབང་ཕྱུག་ཉེར་བརྒྱད་སོགས་རྣམས་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པ་ཉི་མའི་འོད་ཟེར་ལྟར། གཙོ་བོའི་འོད་ཟེར་ལས་གྲུབ་པའི་རྣལ་འབྱོར་པ་ནང་སྒལ་ཚིགས་ཉེར་བརྒྱད་དག་པའི་དབང་ཕྱུག་ཉེར་བརྒྱད་དུ་སྣང་བ་དང་། ཚོགས་བརྒྱད་དག་པའི་ཞིང་སྐྱོང་བརྒྱད་དང་། ཕྱོགས་བཞིའི་རྟོག་པ་དག་པའི་གིང་བཞི་སྐུར་སྣང་བ་སོགས་བརྡ་དོན་དག་པ་མ་ཤེས་པར། དེ་དག་མངོན་སུམ་ཨ་འཐས་ཀྱི་མགོ་བརྙན་ཅན་གྱི་ལས་མཁན་རྣམས་ཀྱིས་དགྲ་བགེགས་རྣམས་རི་དྭགས་ཁྱིས་གསོད་པ་དང་འདྲ་བར་བྷེ་ན། དུར་ཁྲོད་ཀྱི་ཤ་ཟ་གནོད་སྦྱིན་མོར་སྐྱེ་སྟེ། མདོ་


CMR024_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལས་ཀྱི་དབང་བཙན་བྲན་མོའི་ཚོགས། །དེ་འདྲ་ཉིད་དུ་ངེས་བརྟགས་ན། །གནོད་སྦྱིན་ནག་མོའི་ཚོགས་སུ་ལྟུང་། །གཞན་གྱིས་ཚེ་ལ་འཚེ་བ་ཡིན། །ཞེས་གསུངས་སོ། །ཡང་རང་ཉིད་ཡོན་ཏན་དུ་མས་ཕྱུག་ཀྱང་གཞན་གྱི་ཆོས་ཟབ་མོ་ལ་ཕྲག་དོག་གིས་འདི་ཆོས་ལོག་པ་ཡིན། ཞེས་བཀག་པ་བྱེད་ཅིང་གཞན་ཐེ་ཚོམ་སྐྱེད་པར་བྱེད་ན་ནི༔ རང་ཉིད་སྙིང་པོའི་དོན་རྟོགས་པས་ངན་སོང་དུ་མི་ལྟུང་མོད་ཀྱིས། རྟག་ཏུ་གནོད་སྦྱིན་དུ་སྐྱེ་བར་གསུངས་ཏེ། བདེ་བའི་འཁོར་ལོ་ལས། གཞན་གྱི་ཆོས་ལ་ཕྲག་དོག་པས། །ཡོན་ཏན་མང་དུ་ལྡན་གྱུར་ཀྱང་། །རང་སེམས་སྙིང་པོ་མ་ནོར་བ། །གནོད་སྦྱིན་སྒོར་ལྟུང་རྟག་ཏུ་འཁོར། །ཞེས་གསུངས་པས། རང་ཉིད་བསླབ་གསུམ་གྱི་ཡོན་ཏན་ཆེན་པོ་མེད་པར་ཆོས་ལ་ཕྲག་དོག་བྱེད་པ་ཆོས་སྤངས་བ་སྟེ། མནར་མེད་པ་ནས་ཐར་བར་དཀའ་ལ། རང་ཉིད་བསླབ་པ་གསུམ་གྱི་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་ཡང་གཞན་གྱི་ཆོས་ལ་ཕྲག་དོག་གིས་སྐུར་བ་སོགས་བྱེད་ན་གནོད་སྦྱིན་དུ་གོལ་ཞིང་། ཕྲག་དོག་གི་ཀུན་སློང་མེད་པར་བསྟན་པ་འཕེལ་ཆེད་དུ་ཕ་རོལ་པོའི་ལྟ་གྲུབ་འཁྲུལ་པ་ལ་བཀག་པ་བྱེད་པ་དང་། རང་ལུགས་ཀྱི་


CMR024_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་འཕེལ་བའི་ཕྱིར་གཞན་ལས་འཕགས་ཚུལ་བརྗོད་པ་ནི་ཕྲག་དོག་མ་ཡིན། ཆོས་ལ་དད་པ་ཡིན་པས་ལྟུང་བ་མ་ཡིན་ཏེ། སྔོན་གྱི་མཁས་པ་ཐམས་ཅད་ཀྱིས་གཞན་ལུགས་བཀག་པ་དང་། རང་ལུགས་སྒྲུབ་པ་རྒྱ་ཆེར་གསུངས་པ་ལྟ་བུའོ། །ལྟ་བ་ཅི་བཞིན་པའི་དོན་མ་རྟོགས་པར། རང་ཉིད་རྟ་མགྲིན་སོགས་ཁྲོ་བོའི་ང་རྒྱལ་བཟུང་སྟེ། སྙིང་རྗེའི་ཀུན་སློང་དང་བྲལ་བར་ཞེ་སྡང་དྲག་པོས་དྲག་སྔགས་ཀྱི་སྒོ་ནས་སྲོག་གཅོད་པའམ། དེ་བས་ཀྱང་ཙཱ་རི་སོགས་སུ་ལྷ་མཆོད་པས་ཚོགས་རྫོགས་དངོས་གྲུབ་སྙམ་ནས་དུད་འགྲོ་བསད་དེ་དམར་མཆོད་བྱེད་པ་དང་། སྤུ་ཀོང་དུ་བྱ་ཕག་བསྒག་པ་དང་། ར་ལུག་ལ་ནད་གདོན་སྤོས་ནས་བསད་པ་དང་། ལོ་མཉམ་ཟླ་མཉམ་གྱི་མི་ལ་སྐག་བསྒྱུར་ནས་བསད་པ་རྒྱ་འཇང་དུ་དར་བ་དེ་རྣམས་དང་། དེ་དང་ཆ་འདྲ་བར་རིམ་གྲོ་དང་དགེ་བ་བྱེད་ཕྱིར་མུ་སྟེགས་སུ་ལྟུང་སྟེ། བདེ་བའི་འཁོར་ལོ་ལས། མ་རྟོགས་ང་དང་བདག་འཛིན་པས། །གསང་སྔགས་ལྟ་སྤྱོད་ཡིན་ཟེར་ནས། །སེམས་ཅན་སྲོག་ལ་བརྩེ་སེམས་གཅོད། །མུ་སྟེགས་རྟག་ཆད་སྒོར་ལྟུང་འཁྱམས། །ཞེས་གསུངས་སོ། །ངེས་པའི་དོན་ཆོས་ཉིད་དོན་དམ་པའི་བདེན་པ་དེ་ལ་དགེ་བས་ཕན་


CMR024_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཏགས་སྡིག་པས་གནོད་པ་བསྐྱལ། སངས་རྒྱས་པས་བཟང་དུ་མ་སོང་། འཁོར་བར་འཁྱམས་པས་ངན་དུ་མ་སོང་བ་ཞིག་ཡིན་མོད་ཀྱི། དེ་ལྟར་རྟོགས་ཀྱང་དེའི་ངང་ནས་ཀུན་རྫོབ་སྒྱུ་མ་ཙམ་དུ་དགེ་སྒྲུབ་སྡིག་སྤངས་ལ་སྒྱུ་མ་ལྟ་བུར་སྤྱོད་དགོས་པར་མ་ཤེས་ནས། ལྟ་བ་དེ་ཁ་ལ་ཁྱེར་ནས་འཇོལ་ཉོག་ཏུ་སྤྱད་ན་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་སྟེ་མུ་སྟེགས་ཆད་ལྟ་དང་ཁྱད་མེད་པས། དམྱལ་བ་ཆེན་པོ་གཏན་ཡུལ་བྱེད་པས་ཤིན་ཏུ་གོལ་ས་ཆེ་སྟེ། མདོ་ལས། དགའ་མགུལ་སྤྱོད་ཅིང་འདོད་དགུར་འཇོལ། །སྤྱོད་ཁང་ཙམ་དུ་བྱེད་པ་རྣམས། །དམྱལ་ཆེན་འབར་བ་བཅོ་བརྒྱད་ཀྱིའང་། །རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་། །ཞེས་དང་། ངེས་དོན་འདུས་པའི་གཏེར་མ་ལས། མ་རྟོགས་ལས་ཀྱི་རིང་སྤྱོད་པས། །ལུས་ངག་ཡིད་ཀྱིས་ཡིན་པའི་ཕྱིར། །མི་དགེའི་ལས་ལ་སྤྱོད་པ་རྣམས། །དམྱལ་བར་ངེས་འགྲོ་གཏན་དུ་འཁྱམས། །ཞེས་གསུངས་ཤིང་། དེ་ལས་གཞན་ཡང་ཐུགས་ཀའི་ས་བོན་ཧཱུྃ་སོགས་སྣང་ལ་རང་བཞིན་མེད་པ་གསལ་ལ་དངོས་པོར་མ་གྲུབ་པར་བསྒོམ་མ་ཤེས་ན་ཨ་འཐས་ཐེར་ཟུག་ལ་བྷེ་ཞིང་ཞེན་ན་སྦྲུལ་གདུག་པ་ཅན་དུ་སྐྱེ་བར་གསུངས་པ་སོགས། །


CMR024_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཐམས་ཅད་བསྐྱེད་རིམ་གྱི་གོལ་ས་ཡིན་ལ། དེ་ཐམས་ཅད་མདོར་བསྡུ་ན་ཐོག་མར་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་སློང་མེད་པ་དང་། ལྟ་བ་མ་རྟོགས་པས་དངོས་གཞི་བསྐྱེད་རིམ་ལ་སྣང་སྟོང་གིས་རྒྱས་མ་ཐེབ་པ་དང་། རྗེས་བླ་མེད་བྱང་ཆུབ་ཏུ་མ་བསྔོས་པས་ལེན་པས། གནད་དེ་གསུམ་ལ་གཟབ་ན་གོལ་ས་ཐམས་ཅད་ཆོད་ངེས་སོ།། ༈ དེ་ནས་རྫོགས་རིམ་གྱི་གོལ་ས་མང་པོ་ཡོད་ཀྱང་། མདོར་བསྡུས་ན། ཐུགས་རྗེ་ཆེན་པོ་ལྟ་བ་ཡང་རྩེའི་རྒྱུད་ལས། ཞི་གནས་ཀྱི་བྷི་སེམས་ཉིད་རང་གསལ་ངོ་མ་ཤེས། བསྒོམ་པའི་དུས་སུ་རྣམ་པར་རྟོག་པ་ཞི་གནས་མི་རྟོག་པའི་ངང་ལ་གནས་པ་དེ་བསམ་གཏན་གྱི་ལྷར་སྐྱེའོ། །ཆོས་ཐམས་ཅད་ནམ་མཁའ་ལྟར་བློ་ཡུལ་དུ་གོ་སྟེ། སེམས་ནི་ནམ་མཁའ་ལྟར་སྟོང་པ་བློ་ཡུལ་དུ་བྷེ་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་གོལ། ཆོས་ཐམས་ཅད་སེམས་སུ་གོ །སེམས་དེ་བློ་ཡུལ་ལ་ཅི་ཡང་མ་གྲུབ་པ་ཞིག་ཏུ་བྷེ་པས་ཅི་ཡང་མེད་པའི་སྐྱེ་མཆེད་དུ་གོལ། ཆོས་ཐམས་ཅད་ཡོད་པའི་གསལ་བ་ཞིག་ཏུ་མི་འདུག །བློ་ཡིད་ཡུལ་དུ་ཡོད་པ་དང་མེད་པ་གཉིས་མེད་གཅིག་ཏུ་བྱས་ནས་བསྒོམས་པས། ཡོད་མིན་མེད་མིན་སྐྱེ་མཆེད་དུ་གོལ། ཆོས་


CMR024_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སེམས་སུ་གོ །སེམས་དེ་བློ་ཡི་ཡུལ་དུ་རྣམ་པར་ཤེས་པ་མཐའ་ཡས་པའི་སྟོང་པ་ཙམ་དུ་བྷེ་པས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་གོལ། དེ་ལྟར་གོལ་ས་དེ་ཡང་གཟུགས་མེད་སྐྱེ་མཆེད་མུ་བཞི་བྱ་བ་ཚེ་བསྐལ་པ་མང་པོར་ཐུབ། ཏིང་ངེ་འཛིན་ཀྱི་སྟོབས་བརྟན་པ་བདེ་བར་གནས་པ་ཡོད་དེ། ལན་གཅིག་ཚེ་ཟད་ནས་མར་ལ་ལྟུང་ངོ་། །ཞེས་གསུངས་པ་དང་། དེ་དང་མཚུངས་པར་གསང་ཐིག་ལས། ནམ་མཁའ་ལྟ་བུའི་ཆོས་རྣམས་མཐའ་བྲལ་བྷེ། །མཐའ་བྲལ་འདོད་པའི་མཐའ་དེ་ནམ་མཁའ་མཐའ་ཡས་སྐྱེ། །འདི་བསྒོམ་ངེས་མེད་གཅིག་དང་དུ་མ་བྲལ། །བྷེ་མེད་བློ་ཡུལ་ཅི་ཡང་མེད་པར་སྐྱེ། །ཐམས་ཅད་སེམས་ཡིན་ཅི་སྣང་ཅི་མེད་ན། །རྣམ་ཤེས་མཐའ་ཡས་དག་ཏུ་དེ་སྐྱེ་ངེས། །བདག་གཞན་དོན་མེད་ལ་སོགས་ཀྱིས། །འདུ་ཤེས་གང་དུ་མི་སྐྱེ་སྟེ། །མི་སྐྱེ་པ་ཡང་འདོད་མ་ཡིན། །ཡོད་མིན་མེད་མིན་མུ་རུག་ཆད། །ཅེས་གསུངས་པས། སེམས་ཀྱི་ངོ་བོ་དེ་ལ་ཅི་ཤར་དེའི་ངོ་བོ་ལ་དགག་སྒྲུབ་སྤང་བླང་མེད་པར་ཐ་མལ་རང་ལུགས་སུ་བཞག་ནས་བལྟ་བྱ་ལྟ་བྱེད་མེད་པའི་ངང་ནས་མ་ཡེངས་ཙམ་དུ་རང་ངོ་ལྟ་བ་དེ་མ་ཤེས་ནས། བློས་བཅོས་ཏེ་ཆོས་


CMR024_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་སེམས་ནི་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་པའི་ངེས་ཤེས་ཀྱིས་འཛིན་པ་དང་། ཆོས་དང་སེམས་ནི་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་དོ་སྙམ་པ་དང་། ཆོས་ཐམས་ཅད་སེམས་ཡིན་སེམས་ནམ་མཁའ་ལྟར་མཐའ་བཞི་དང་བྲལ་ལོ་སྙམ་པ་དང་། སེམས་ནི་ཡོད་མེད་གཉིས་ཀ་དང་བྲལ་བའི་སྟོང་པ་ཉིད་གཅིག་ཡིན་ནོ་སྙམ་པའི་ངེས་ཤེས་དྲག་པོའི་འཛིན་པ་དེ་བྷེ་པས་སྐྱེ་མཆེད་མུ་བཞིར་གོལ་བ་ཡིན་ལ། དེ་ལས་གཞན་ཡང་སེམས་ཐ་མལ་རང་ལུགས་སུ་བཞག་ཟེར་བའི་དོན་མ་རྟོགས་པར་སེམས་ཁོ་རང་ཅི་དྲན་དེའི་རྗེས་སུ་འབྲངས་ནས་ཆགས་སྡང་རྨོངས་གསུམ་གྱི་ལས་བསགས་ན་དེ་ནི་འཇིག་རྟེན་ཕལ་པ་ཡིན་པས། གང་ཤར་རང་གྲོལ་དུ་བཏང་ནས་དེའི་རྗེས་སུ་མི་འབྲངས་བས་དེར་མི་གོལ། མིག་གི་གཟུགས་རྣ་བས་སྒྲ་སོགས་ཀྱི་སྒོ་ལྔའི་ཤེས་པ་འཕྲོ་མི་འཇུག་པར་ཅི་ཡང་ཡིད་ལ་མི་དྲན་པར་རྣམ་ཤེས་འགྱུ་བ་མེད་པ་ཞིག་སྒོམ་དུ་བྱེད་ན་འདུ་ཤེས་མེད་པར་སྙོམས་འཇུག་སྟེ། དུད་འགྲོ་ཀུན་ཉལ་བ་རྣམས་དང་རྒྱ་ནག་ཧྭ་ཤང་ལུགས་ཡིན་པས། རྣམ་ཤེས་སྣ་ཚོགས་སུ་འཕྲོ་བ་དེ་མི་བཀག་པ་དེའི་ངོ་བོ་ལ་ལྟ་ཞིང་ཆུ་རླབས་ཆུར་ཐིམ་པ་ལྟར་རང་གྲོལ་དུ་བཏང་བས་མི་གོལ། སེམས་ཅི་ཡང་མི་


CMR024_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་བར་གར་གཏད་དུ་ཀྱི་ལེ་གནས་ཀྱང་རང་ངོ་རང་གིས་མཐོང་བའི་གསལ་ཆ་མེད་པར་གཉིད་ཡུར་བ་ལྟར་ཐིབས་སེ་མི་གསལ་བར་མོག་གེ་འདུག་ན། ཞི་གནས་ལྡིང་པོའམ་འཐོམ་པོ་ཞེས་བྱ་བ་ཡིན་པས། རང་གི་ངོ་བོ་སྟོང་པ་རྣམ་པ་གསལ་བ་གསལ་སྟོང་ཟུང་དུ་འཇུག་པ། རླུང་མེད་པའི་མར་མེ་ལྟར་གསལ་ཡི་རེ། རང་ངོ་རང་གིས་ཧྲིག་གེ་དང་རྗེན་ནེ་དང་བཅས་པ་བྷེ་པས་མི་གོལ་ལོ། །དེ་ལྟ་བུའི་ཞི་གནས་གསལ་རིག་སྟོང་གསུམ་ཟུང་འཇུག་ཏུ་ཡོད་ཀྱང་དེའི་ནུས་པས་ལུས་སེམས་བདེ་ཉམས་ཆེན་པོ་ལ་ཆགས་འཛིན་སྐྱེས་ན་འདོད་ལྷ་དྲུག་ཏུ་གོལ། གསལ་ཡེ་རེ་བ་ལ་ཆགས་ན་གཟུགས་ཁམས་མི་ཆེ་བ་མི་གདུང་བ་སོགས་བཅུ་བདུན་དུ་གོལ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་རྒྱུ་བདེ་གཤེགས་སྙིང་པོ་རྟག་བརྟན་མི་འགྱུར་བ་དེ་བསམ་བརྗོད་དང་བྲལ་བ་མ་ནོར་བར་མི་འགྱུར་རྟག་བརྟན་སྲ་མཁྲེག་གི་དངོས་པོ་ཅན་ཞིག་ཏུ་འདོད་པས་ཞེན་ན་ཆོས་ཉིད་ཐལ་དྲག་རྟོག་ལྟར་གོལ༔ གཟུགས་མེད་སྒྲ་མེད་སོགས་རང་བཞིན་མེད་པར་མ་གོ་བར་ཅི་ཡང་མེད་དོ་སྙམ་པས་རྟེན་འབྲེལ་ལ་སྐུར་པ་བཏབ་པས་སྟོང་ཉིད་ཐལ་དྲག་ཆད་ལྟར་གོལ། གོལ་ས་དེ་རྣམས་ཇི་


CMR024_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཅད་སྙམ་ན། རྒྱུད་ནམ་མཁའ་ཀློང་ཡང་ལས། བྱུང་ཚོར་རྗེས་སུ་མ་འབྲང་བར། །འཇིག་རྟེན་ཕལ་པའི་སར་མི་གོལ། །སྒོ་ལྔའི་ཤེས་པ་མི་འགེགས་པས། །འདུ་ཤེས་མེད་པ་དེར་མི་གོལ། །ཤེས་རབ་ཟབ་མོའི་དོན་འཛིན་པས། །ལུང་མ་བསྟན་དུ་དེར་མི་གོལ། །ཞི་གནས་རོ་ལ་མ་ཞེན་པས། །སེམས་འཛིན་བསམ་གཏན་སར་མི་གོལ། །ཡོད་མེད་ཡུལ་ལ་མ་བསྒོམས་པས། །རྟག་ཆད་མཐར་ནི་དེར་མི་གོལ། །ཞེས་གསུངས་སོ། །མདོར་བསྡུ་ན་སེམས་ཀྱི་ངོ་བོ་དེ་རང་ཆོས་སྐུ་ཡིན་པས་བཟོ་བཅོས་མི་དགོས། ཁོ་རང་ཅི་ལྟར་ཤར་ཞིང་འདུག་པ་དེ་ལ་ཐ་མས་བརྟགས་ཤིང་དཔྱད་པས་སྟོང་ཉིད་ཆོས་སྐུར་འཆར། འབྲིང་གང་ཤར་ལ་ཅེར་ཅེར་བལྟས་པས་ཆོས་སྐུ་ལྷན་ལྷན་འཆར། རབ་ཀྱིས་གང་ཤར་བཟོ་བཅོས་མེད་པར་རང་གར་ཀློད་དེ་བཞག་པས་ཆུ་དང་ཆུ་རླབས་བཞིན་དུ་ཐམས་ཅད་ཆོས་སྐུ་གཅིག་གི་ངོ་བོ་རོ་གཅིག་པར་འཆར་ཏེ། བཟོ་བཅོས་མེད་པ་དང་། ཞེ་འདོད་མེད་པ་དང་། ཉམས་བཟང་པོ་ལ་མ་ཆགས་པ་གསུམ་ཉམས་སུ་བླངས་བས་གོལ་ས་ཐམས་ཅད་ཆོད་པར་འགྱུར་རོ། །ངེས་དོན་འདུས་པའི་རྒྱུད་ལས། ཉི་ཤར་མུན་གྲིབ་མེད་པ་བཞིན། །རང་བྱུང་ཆོས་སྐུའི་


CMR024_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྟོགས་པས། །གོལ་སྒྲིབ་ཡུལ་སེམས་གཞི་ནས་དག །ཆོས་ཀུན་སེམས་མེད་བྱང་ཆུབ་སྐུ། །ཞེས་དང་། ཐུགས་རྗེ་ཆེན་པོ་ལྟ་བ་ཡང་རྩེའི་རྒྱུད་ལས། ཐུགས་རྗེ་ཆེན་པོའི་དགོངས་པ་རང་གནས་ཀྱི་སྟོབས་ཀྱིས་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཞི་ནས། ཆོས་ཉིད་རང་གསལ་གྱི་དོན་ལ་ལྷག་གེར་གནས། ལྷག་མཐོང་གི་སྟོབས་ཀྱིས་རྣམ་པར་རྟོག་པ་དང་། ཉོན་མོངས་པ་ལ་སོགས་པ་ཅི་དང་ཅི་སྐྱེས་ཀྱང་། དེ་རང་ངོ་བོ་སྟོང་པས་ཡུལ་མེད་དུ་གནས། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་པས། སྣང་བའི་མཐའ་ལ་མ་ལྟུང་སྟེ། སེམས་ལ་ངོས་བཟུང་མེད་པར་རང་རིག་སྟོང་པར་འདུག །སྟོང་པའི་མཐར་མ་ལྟུང་སྟེ། ཅིར་ཡང་མ་གྲུབ་པར་ངོ་བོ་སྟོང་པ་ལ། ཅིར་ཡང་འཆར་བར་འདུག །སྟོང་པ་དང་འཆར་བ་གཉིས་ཐ་མི་དད་པར་ངོ་བོ་ཆོས་ཉིད་དང་། སེམས་ཉིད་དབྱེར་མེད་དུ་འདུག་པ། དེ་ལ་སངས་རྒྱས་ཀྱི་དགོངས་པ་གོལ་ས་མེད་པར་ཐག་རྦད་ཀྱིས་བཅད་དོ། །ཞེས་དང་། ཐུགས་རྗེ་ཆེན་པོ་ལྟ་བ་ཡང་ཐོག་གི་རྒྱུད་ལས། ཐེག་པ་གཞན་ལྟར་གོལ་ས་དང་སྒྲིབ་པར་སོང་བ་མེད། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ངང་གིས་


CMR024_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་བའི་ཕྱིར། གོལ་ས་སྒྲིབ་པ་མེད་པར་ཐག་ཆད་ཀྱིས་བཅད་དོ་ཞེས་གསུངས་སོ།། ༈ དེ་ནས་གལ་ཆེ་བ་སྦྱང་གཞི་སྦྱོང་བྱེད་ཤེས་པར་བྱ་དགོས་ཏེ། སྦྱང་གཞི་སྦྱོང་བྱེད་མེད་པར་ལྷའི་སྐུར་བྷེ་པ་ནི་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་ལ་ཡོད་དེ། དེས་བསྐྱེད་རིམ་གྱི་གོ་མི་ཆོད་དེ། ལྷའི་རྣལ་འབྱོར་ཙམ་ཡིན་ནོ། །སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པའི་ལྷའི་རྣལ་འབྱོར་ནི་བླ་མེད་ལུགས་ཀྱི་བསྐྱེད་རིམ་ཡིན་ནོ། །དེ་ལ་སྦྱང་གཞི་ལ་འདོད་ལུགས་མང་དུ་འབྱུང་སྟེ། དབུ་མ་གཞན་སྟོང་གི་གྲུབ་མཐའ་ལ་དགའ་བའི་སྔོན་གྱི་མཁས་པ་རྣམས་ཀྱིས་བཞེད་པས་ཕུང་ཁམས་སྐྱེད་མཆེད་ཀྱི་ཆོས་རེ་རེ་ནས། མཚན་ཉིད་གསུམ་གསུམ་དུ་ཕྱེ་བའི་ཡོངས་གྲུབ་ཁོ་ན་སྦྱང་གཞི་ཡིན་ལ། ཀུན་བརྟག་གཞན་དབང་གཉིས་སྦྱང་གཞི་མ་ཡིན་ཏེ། ཀུན་རྫོབ་བདེན་པ་སྤང་བྱ་ཡིན་པའི་ཕྱིར། སྦྱང་གཞིའི་དོན་ལྷར་བྷི་པས་ལྷར་འགྱུར་བ་ཞིག་དགོས་ཀྱི་ཀུན་རྫོབ་བདེན་པ་རང་བཞིན་རྣམ་དག་གིས་ལྷར་མིན་ཕྱིར་ལྷར་འགྱུར་མི་སྲིད་དོ། །གསུངས་སོ། །དེ་ལ་མཁས་པ་མང་པོས་བཀག་པ་ལུང་རིགས་དུ་མའི་སྒོ་ནས་མཛད་དེ། རྡོ་རྗེ་གུར་ལས། ཕལ་པ་གནས་སྐབས་གཞོམ་པའི་ཕྱིར། །བྷེ་པ་


CMR024_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་རབ་ཏུ་གྲགས། །ཞེས་གསུངས་པས། ཀུན་རྫོབ་བདེན་པ་སྦྱང་གཞིར་བཤད་པར་གསུངས་སོ། །སྤྲོས་བྲལ་རང་སྟོང་གི་ངང་ལས་ལྷར་བྷེ་པའི་དོན་སྟོང་པའི་ངང་ལས་གསུངས་པ་ཡིན་གྱི། སྤྲོས་བྲལ་དེའི་ངང་ལས་ལྷ་བྷོ་པ་མ་ཡིན་ཏེ། བརྟག་གཉིས་ལས། བྷོ་པ་པོ་མེད་བྷོ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པས། ཀུན་རྫོབ་བདེན་པ་བསལ་ནས་དོན་དམ་པའི་བདེན་པ་ལྷར་བྷེ་པ། རྒྱུད་དང་མཐའ་ཡས་པར་དཀའ་བ་མཁས་པ་མང་པོས་གསུངས་སོ། །དོན་དམ་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ། ལྷ་བྷེ་པ་ཡང་མེད་ཀྱང་ཀུན་རྫོབ་སྤྲོས་པ་སྣ་ཚོགས་རེ་རེ་ནས་སོ་སོར་ལྷ་སོ་སོ་བྷེ་ཚུལ་རྒྱ་ཆེན་པོ་ཡོད་དོ། །དགྱེས་རྡོར་རྩ་རྒྱུད་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིན། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་གསུངས་སོ། །སྦྱང་གཞི་སྦྱོང་བྱེད་གཉིས་ཀ་ཀུན་རྫོབ་ཏུ་ཡིན་གྱིས་དོན་དམ་ཆོས་ཉིད་ཀྱི་ངོས་ནས་སོ་སོར་མ་གྲུབ་ཀྱང་། དེ་མ་རྟོག་པར་ཕུང་ཁམས་སྐྱེ་མཆེད་དང་རིགས་སོ་སོའི་སྦྱང་གཞི་རྣམས་ལྷ་སོ་སོའི་སྦྱོང་བ་སྟེ། ཕྱི་མའི་བཅུ་གཅིག་པར། །


CMR024_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་དམ་ནི་སྐྱེས་པ་ཡིས། །གང་གིས་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པ་ཡི་རིགས་མཆོག་ཉིད། །ཅེས་སོགས་མཚན་རྟགས་གཉིས་ལས་དང་། །རྣལ་འབྱོར་པ་གང་ནག་པོ་ཉིད། །དེ་ཡི་ལྷ་ནི་མི་བསྐྱོད་པ། །ཞེས་སོགས་ཁ་དོག་སོ་སོ་དང་། །ཀུན་རྫོབ་གཟུགས་སུ་གནས་ནས་ནི། །དེ་རྣམས་བདེ་གཤེགས་རིགས་སུ་འགྱུར། །བུད་མེད་རྣམས་ཀྱི་མཚན་ཉིད་འདི། །ཇི་ལྟར་སྐྱེས་པ་དེ་བཞིན་ནོ། །ཀུན་རྫོབ་ཐ་སྙད་ཚུལ་ལ་ནི། །དེ་ཡི་རིགས་སུ་དེ་འགྱུར་རོ། །ཞེས་དང་། རྡོ་རྗེ་གུར་ལས། གལ་ཏེ་འགལ་བ་ཡོད་པ་མ་ཡིན་ཡང་། །དེ་ཚེ་རྒྱལ་བའི་དངོས་པོ་སྦྱང་བ་ཡོད། །ཀུན་རྫོབ་གཟུགས་སུ་རྣམ་པར་གནས་ནས་ནི། །འཁོར་ལོའི་གཟུགས་ཀྱི་ཆོས་རྣམས་རྣམ་པར་བརྟག ། ཅེས་གསུངས་སོ། །དོན་དམ་ཀུན་རྫོབ་ཏུ་བྷི་པས་ཆོས་ཉིད་ཀུན་རྫོབ་ཏུ་མི་འགྱུར། རིག་པའི་གནོད་བྱེད་དུ་མ་ཡང་། །མཁས་པ་དག་གིས་འཕེན་པར་མཛོད། །ཡང་བོད་གངས་ཅན་དུ་ཕྱིས་བྱོན་པའི་མཁས་པ་ཁ་ཅིག་གིས། སྔར་འདས་ཟིན་པའི་དངོས་པོ་ཐམས་ཅད་སྦྱང་གཞི་མ་ཡིན་ཏེ། ཞིག་ཅིང་མེད་པའི་ཕྱིར་ན། ན་ཉིང་བསྲེགས་ཚར་བའི་བུད་ཤིང་ད་ལོ་


previousཤོག་གྲངས་ ༣༠༡ ནས་ ༤༠༠ བར།next