Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི་གཏོར་བསྔོས་ཆ་ཚང་བ་ཞིག་ལགས་ཏེ་རྒྱུན་ཁྱེར་བྱ་བ་གསང་སྔགས་ནང་གི་གཏོར་མ་ཤིན་ཏུ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི་གཏོར་བསྔོས་ཆ་ཚང་བ་ཞིག་ལགས་ཏེ་རྒྱུན་ཁྱེར་བྱ་བ་གསང་སྔགས་ནང་གི་གཏོར་མ་ཤིན་ཏུ་བསྡུས་པ།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི་གཏོར་བསྔོས་ཆ་ཚང་བ་ཞིག་ལགས་ཏེ་རྒྱུན་ཁྱེར་བྱ་བ་གསང་སྔགས་ནང་གི་གཏོར་མ་ཤིན་ཏུ་བསྡུས་པ།


CMR025_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི་གཏོར་བསྔོས་ཆ་ཚང་བ་ཞིག་ལགས་ཏེ་རྒྱུན་ཁྱེར་བྱ་བ་གསང་སྔགས་ནང་གི་གཏོར་མ་ཤིན་ཏུ་བསྡུས་པ་བཞུགས་པའི་དབུ་ཕྱོགས་དགེ་ལེགས་འཕེལ།།


CMR025_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ནང་གཏོར་བྱིན་གྱིས་བརླབས་པ་ནི། ཨོཾ་ཧཱིཔདྨནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨསྭ་བྷ་ཝ་ཤུདྡྷོཉཧཾ༔ སྟོང་པར་གྱུར། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་ཡཾ་སྤྲོས་པ་ལས། རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་དང་ཡཾ་ཡིག་གིས་མཚན་པ། དེའི་སྟེང་དུ་རཾ་སྤོས་པ་ལས། མེའི་དཀྱིལ་འཁོར་དམར་པོ་འབར་བ་རཾ་གྱིས་མཚན་པ། དེ་ལ་ཀེ་གསུམ་སྤྲོས་པ་ལས། ཐོད་པ་སྐམ་པོ་བུམ་རིལ་གྱི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་སྤྲོས་པ་ལས་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ།


CMR025_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་མུ་ལས་དྲི་ཆུ་བཻཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ་སྟེ་བདུད་རྩི་ལྔ་དང་། སླར་ཡང་དབུས་སུ་ན་ལས་མི་ཡི་ཤ། ཤར་ལྷོར་གོ་ལས་བ་གླང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ་སྟེ་ཤ་ལྔའོ། །རླུང་གཡོས་ཤིང་མེ་སྦར་བས་ཐོད་པ་དྲོས་རྫས་རྣམས་ཞུ་བ། ཨོཾ་ཨཱཿཧཱུྃ། གསུང་གི་བདུད་རྩིའི་རང་བཞིན་ཁ་དོག་དམར་པོའོ། །ཨོཾ་ཨཱཿཧཱུྃ། ཐུགས་ཀྱི་བདུད་རྩིའི་


CMR025_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཁ་དོག་སྔོན་པོའོ། །ཨོཾ་ཨཱཿཧཱུྃ། སྐུའི་བདུད་རྩིའི་རང་བཞིན་ཁ་དོག་དཀར་པོ་འོ་མའི་རྒྱ་མཚོ་ལྟ་བུར་གྱུར། སྤྱི་གཏོར་བྱིན་རླབས་ནི། ཨོཾ་ཧིཔདྨནྟ་ཀྲི་ཏ་སོགས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་སྣོད་རྣམས་སུ། ཨོཾ་ཨཱཿཧཱུྃ་ལས་བྱུང་བ། ལྷ་རྫ་ས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨ་ཀཱ་རོ་སོགས། འབར་བའི་ཕྱག་རྒྱ་དཔྲལ་བརབསྐོར་ཞིང་སྤྱན་འདྲེན་པ་ནི། ཕོ་ཕེ་ཕོ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་པར་གྱུར། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བརྗོད་ཚིག་གིས་བསྔོ་བ་ནི། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་


CMR025_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི། ནས། དྲིན་ཆེན་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། དཔལ་ལྡན་ཡེ་ཤེས་སྙིང་པོ་ལ་སོགས་པ་ཟུང་འཇུག་བརྒྱུད་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཁྱབ་བདག་རྡོ་རྗེ་འཆང་། བྱང་སེམས་བློ་གྲོས་རིན་ཆེན། བྲམ་ཟེ་ས་ར་ཧ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཤ་བ་རི་པ། རྒྱལ་སྲས་མེ་ཏྲི་པ་ལ་སོགས་པ་ཕྱག་ཆེན་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས། མ་གཅིག་གྲུབ་པའི་རྒྱལ་མོ། ཏེ་ཕུ་དྲི་མེད་བཤེས་གཉེན། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ་ལ་སོགས་པ་ལྷ་ལྔ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །པདྨ་བཛྲ། ཛ་ལེན་དྷ་ར། མེ་ཏྲི་པ། བཛྲ་པཱ་ཎི། བཱ་དན་སུ་མ་ཏི་ཀཱིརྟི་ལ་སོགས་པ་ལྷ་དགུ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་


CMR025_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལོ། །ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། གུ་རུ་ཤྲཱི་སེང་ཧ་ལ་སོགས་པ་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཌོམ་བྷི་ཧེ་རུ་ཀ །མི་ཏྲ་ཛོ་ཀི །བི་མ་མི་ཏྲ། ཉི་མ་འོད་ཟེར། བིར་ཝ་པ། དམ་པ་རྒྱ་གར། རྒྱ་གར་གྱི་རིག་འཛིན་བརྒྱད། གྲུབ་ཆེན་བརྒྱ་དང་བརྒྱད་ཅུ། རྗེ་འབངས་ཉི་ཤུ་རྩ་ལྔ། ཆོས་རྒྱལ་མེས་དབོན་རྣམ་གསུམ། བདེ་གཤེགས་ཕག་མོ་གྲུ་པ། གྲུབ་ཐོབ་གླིང་རྗེ་རས་པ། འབྲི་གུང་འཇིག་རྟེན་གསུམ་མགོན། སྟག་ལུང་ཐང་པ་ཆེན་པོ། ཇོ་བོ་ཁུ་རྔོག་འབྲོམ་གསུམ། རཏྣ་གླིང་པ། གླིང་པ་བརྒྱད་སོགས་གཏེར་སྟོན་བརྒྱ་དང་རྩ་བརྒྱད། མཁའ་སྤྱོད་ནམ་མཁའ་རྒྱལ་མཚན། ཀརྨ་པ་རབས་བཅུ་གསུམ། ཞྭ་དམར་ཉི་ཤུ་རྩ་གཅིག །སི་ཏུ་གདན་རབས་ཉི་ཤུ་རྩ་གཅིག །དྲུང་པ་རབས་བདུན་ལོ་སོགས་དབང་ལུང་མན་ངག་གང་ལས་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་ཀྱི་ཞལ་དུ་འབུལ་ལོ། །དེ་ལྟ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཡི་དམ་སྔགས་


CMR025_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྔོ་བ་ནི། བླ་མ་གཏོར་མ་ནི། ཨོཾ་གུ་རུ་ཨཱ་ཡུསིདྡྷི་ཧཱུྃ་ཧྲཱིཿ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་ཝཱ་ར་ཧི་བུདྡྷ་ཌཱཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བེ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཊྚཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱིཿ་ཡ་ཧཱུྃ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཎི་པདྨེ་ཧཱུྃ། བཻ་ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ལོ་ཀི་ཤྭ་རི་སརྦ་ས་པཱ་རི་ཝཱ་ར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་བ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཿཧཱུྃ་ཧཱུྃ༔ བཛྲ་གུ་རུ་དྷེ་ཝ་ཊཱཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཧྲཱིཿ གུ་རུ་པདྨ་བཛྲ་ཌཱཀ་ཙན་དྷ་ལི་ཨཱ་ཡུ་སིདྡྷི་ནི་ཧཱུྃ་ཛཿཧཱུྃ་ཨཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་


CMR025_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་གྲོ་བོ་ལོད་མ་ཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱབཛྲ་དྷཱིཀ་ཧཱུྃ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱམཾ་ཧཱུྃ། ཨི་དཾ་བ་ལོ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧཱུྃ་ཧ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཏན་ཏྲ་པ་ནི་ཤན་ཏིང་ཀུ་རུ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཝཀྱེ་ཧཱུྃ་དྷེ་ཝི་ཧྲིང་། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཌོམ་བྷི་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱགུ་རུ་མི་ཏྲ་ཛོ་ཀི་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱགུ་རུ་བི་མ་ལ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱ༔གུ་རུ་སུརྱ་རསྨི་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱ་ཀ་མ་ལ་ཤཱི་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ན་མོ་བིར་ཝ་ཀ་སིདྡྷི་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་གུ་རུ་ག་ག་ན་དྷུ་ཛ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨི་ཤྭ་ར་དྷརྨ་ཧཱུྃ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་དྷརྨ་དྷརྟུ་བཛྲ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཡི་དམ་གཏོར་མ་


CMR025_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱཀི་ནཱི་ཛཱ་ལ་སཾ་བྷ་རཾ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཧཱིཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཧཱིཧཱུྃ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་དེ་ཝ་བི་ཙུ་བཛྲ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཤྲཱི་ཀཱ་ལ་ཙཀྲ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧཱིཧཱུྃ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བུདྡྷ་ཀ་པཱ་ལ་ནི་ཨ་ཧི་ཧེ་ཧཱུྃ་ཕཊ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧཱིཝཏྟི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊསྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་ཧཱ་ཡཀྵ་ཀཱ་ལཱ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་ཁཾ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མཉྫའི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་


CMR025_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཧི་ཁཱ་ཧི། དུ་ཏྲི་ཡ་མ་ར་ཙ། ཡ་མ་རཀྵ། ཀྲོ་ཏ་པ་ཙ་ལ། ཀ་ལ་རུ་པ་ཨ་ཀྲོ་ར་ཙ་ཡ་མ་ར་ཙ་ས་མ་ཡ་ཛ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཿཧཱུྃ་ལོ་ཀ་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་ཨུ་པ་ར་ཙ་མ་མ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལོ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕཊཧཱུྃ་ཛྙཱ་ན་ཀྲོ་དྷ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཏྲེ་དུ་ཏྲི་ཕུ་ས་མ་ཡ་ཛཿཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདག་དང་བསྲུང་བྱ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་མཁའ་འགྲོའི་གཏོར་མ་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་བཛྲ་ཌཱཀི་ནཱི་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀུ་རུ་ཀུལླེ་ཧིསཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཿཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་


CMR025_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པི་ཤ་ཙི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་རི་ཙེ་མཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛྙཱ་ན་ཌཱཀི་ནཱི་སཾ་ག་ར་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷོ་ཕཊ་ཧཱུྃ་དུ་ར་ན་ཏྲ་ཏྲ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཌཱཀི་ནཱི། བུདྡྷ་ཌཱཀི་ནཱི། རཏྣ་ཌཀི་ནཱི། པདྨ་ཊཱཀི་ནཱི། ཀརྨ་ཊཱཀི་ནཱི། བི་ཤྭ་ཊཱཀི་ནཱི། ལོ་ཀ་ཌཱཀི་ནཱི། ཨི་དཾ་བྷ་ལི་པཱུ་ཛ་ཁཱ་ཧི་གྲིཉྩ་མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊཕཊ་སྭཱ་ཧཱ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། །སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲ་ཏ་པི་ཤ་ཙ་ཨུཏུ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་ཏ་གྲི་ཧ་ནནྟ་ས་མ་ཡ་རཀྵནྟ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟ་ཡ་ཐེ་བི་ཡ་ཐེཏྟཾ་བྷ་ཛ་ཐ་ཛི་གྲུ་ཐ་པི་ཝ་ཐ་མ་ཏི་ཀྲ་མ་ཐ་མ་མ་སརྦ་ཀར་ཏ་ཡ་སད་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བྷ་ཝནྟུ་ཧུཾ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་བཞིར་བརྗོད། ཨོཾ་ཧྲཱིཿ་ཧྲཱིཿ་ཧཾ་ཧཾ་ཧེ་ཧེ་ཧི་ཧི་ཕོ་ཕོ། ལན་གསུམ། ཨོཾ་ཨཱཿཧཱུྃ། གསུམ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། ཞིང་


CMR025_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པ། ལྷན་ཅིག་སྐྱེས་པའི་ལྷ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚན་རྡོ་དང་ཉེ་བའི་ཚན་དྷོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྱོགས་སྐྱོང་བཅུ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཎཱཧཱུྃ། རྒྱ་གར་རྡོ་རྗེ་གདན། རྒྱ་ནག་རི་བོ་རྩེ་ལྔ། ནུབ་ཕྱོགས་ཨོཾ་རྒྱན། བྱང་ཕྱོགས་ཤམ་བྷ་ལ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། ལྷོ་ཕྱོགས་དཔལ་གྱི་རི་ཤྲཱི་ན་ལེན། བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་ལ་སོགས་པ་གྲུབ་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལྷོ་གྲོ་བོ་ལུང་། འབྲོག་ལ་ཕྱི་ཆུ་བར། ཇོ་མོ་བཀྲ་ཤིས་ཚེ་རིང་མ་མཆེད་ལྔ། ཤར་དྭགས་ལྷ་དཔལ་གྱི་སྒམ་པོ། སྟོད་ལུང་མཚུར་ཕུ། ཀཾ་པོ་གནས་


CMR025_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ནང་། ཀརྨ་རི་གླིང་། ཤར་ཕྱོགས་སྤུངས་རི། ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲ། གངས་དཀར་གྱི་རྒྱལ་པོ་ཏི་སེ། མཚོ་མ་ཕམ། བལ་ཡུལ་འཕགས་པ་ཤིང་ཀུན། ཤིང་ཀི་རིའི་མཆོད་རྟེན། རོང་བཙན་ཁ་བ་དཀར་པོ། ཆོས་འཁོར་ལྷ་ས། དཔལ་གྱི་བསམ་ཡས་ལ་སོགས་པ་གངས་རིའི་ཁྲོད་ཀྱི་སྒྲུབ་གནས་བྱིན་རླབས་ཅན་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །གཞན་ཡང་ཡུལ་ལྔ་ལྗོངས་གསུམ་གླིང་གཅིག་སྒྲུབ་གནས་བརྒྱད་གངས་ཉི་ཤུ་རྩ་གཅིག །གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་ལ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བདག་ཅག་ལ་རྟེན་འབྲེལ་སྣ་ཚོགས་རྒྱུན་དུ་འཆར་ཞིང་ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། རྟ་ནག་གཏོར་མ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཕེ་ཁཾ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་མ་ཧཱ་ཀྲོ་ཏ་ཧྱ་གྲི་ཝ་ཨེ་ཀ་ཙ་ཏི་ཡཀྵ་ཏྲི་ཧཱུྃ་ཧཱུྃ་ཕཊཕཊསྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕྱག་བཞི་པའི་གཏོར་མ། ཨོཾ་བཛྲ་ཀ་ཝུ་ཝ་ཝ་པ་


CMR025_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཡ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏི་གུ་ཎ་ཧྲཱིཿ་ད་ཧཱུྃ་ཕཊ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཁ་ཁ་མུ་ཁ་ཀརྨ་རཀྵ་སྲོག་དུང་དུང་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལི་དྷེ་ཝི་རུ་པི་ནི་ཧཱུྃ་བྷྱོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷོ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བེར་ནག་གཏོར་མ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊསྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཏྲག་རཀྵ་མ་ཧེ་དུན་བྱོ༔ མ་ཧཱ་ཡཀཱ། ཏིཥྛ་ཀཱ་ལི་དུན་བྷྱོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་བྷོ་ཛ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛ༔ ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕྱག་དྲུག་གཏོར་མ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སི་ཏི་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་མ་ཧཱ་ཀཱ་ལ་ཀཱི་ཀཱུ་ཊ་བིག་ནཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ༔ ཀེ་ཏྲ་པཱ་ལ། ཛི་ན་མི་ཏྲ། ཊཱཀྐི་རཱ་ཛ༔ ཏྲཀཱད་རེ་མ་ཏི། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ག་ན་པ་ཏི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ནིང་གཏོར་མ། །


CMR025_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་གུ་ཧྱ་རཾ་སིདྡྷི་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཏྲཀཱད། མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་ཝཀ་རེ་རེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རེ་མ་ཏི་ཨ་ཡ་མ་དུ་རུ་ཙ་ཤ་ན། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞིང་སྐྱོང་གཏོར་མ་ལ། ཨོཾ་མ་ཧཱ་ཀཱ་ལ་སིང་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ ཌཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲིང་ཛ༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤ་རི་རུ་མ་བྷྱོཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མགོན་དཀར་ལ། ཨོཾ་གྷི་རཱ་ཛ་གྱི་རཱ་ཛ་ཀུ་མ་ཁུ་མ་ཁུམ་ཐིས་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ར་ལི་པྲ་མ་ཡ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྲིན་མགོན་གཏོར་མ་ལ། བྷ་ག་བ་ཏི་ཏིཥྛ་རཀྵ་རཀྵ་ས་མ་ཡ་ཧཱུྃ་ཧཱུྃ་ཛ་ཛ༔ ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨེ་མཉྫ་ཀུཀྟ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྲག་མགོན་གཏོར་མ་ལ། ཨོཾ་མ་ཧཱ་ཀཱ་ལ་དུ་རུ་ཧཱུྃ་ཕཊ༔


CMR025_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཧཱ་ཀཱ་ལ་མ་ཎི་བིར་ཝ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་བདག་ལ། ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷི་ཧཱུྃ། སིདྡྷི་སིདྡྷི་སྤོ་ཊ་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱིཿ ཨོཾ་ན་ག་ར་ཙ་ཨ་ཏི་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ནཱ་ག་ར་ཙ་ཨཝ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཚེ་རིང་མ་ལ། ཨོཾ་ཨཉྫི་དྷ་རི་པཉྩ་ཌཱ་ཀི་ནཱི། ཨོཾ་ག་ན་པ་ཏི་སྭཱ་ཧཱ། ཨོཾ་ཡ་མ་ཙ་ར་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་མ་ཧཱ་མ་ཏྲི་དུང་དུང་ཏཱི། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་ཏྲིག་ན་ཏྲིག་ཛ༔ ཏྲིག་སྨན་རུམ་ཙམ་ཙ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་སྲུང་གཏོར་མ་ལ། ༀ་ཨེ་ཀ་ཙ་ཏི་བྷོ་ཧྲིང་། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཁྱི་ཁ་ལེ་ནག་མོ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷོ་ཤ་ཟ་ཌཱཀི་མ་མོ་ཙིཏྟ་ཧྲིང་ཧྲིང་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བྷོ་རུ་ཏྲ་ཀཱ་ལི་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཟའ་ཡི་གཏོར་མ་ལ། ཧཱིཤག་རུ་རཀྵ་ཙིཏྟཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་ག་ཤ་ལ་ཛ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བྱཱ་གྷི་ཝ་ར་ར་ར་ལི་པྲ་མ་ཡ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧྲཱིཿ་ཧ་ར་ནག་པོ་ས་མ་


CMR025_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱིཿ་ཏྲི་ཧཱུྃ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྟ་ལྷའི་གཏོར་མ། ཨོཾ་ཨརྱ་རེ་མནྟ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨ་ཀུ་བེ་ར་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཐང་ལྷ་ལ། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཨོཾ་ནཱ་ག་ར་ཙ་བཛྲ་རཱ་ཛ་ས་མ་ཡ་ཛ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ནཱ་ག་ར་ཙ་ཀྲོ་ཏ་པ་ཙ་ལ་ཏི། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ན་ན་ན་ཧི་སྭཱ་ཧཱ། ཨི་དཾ་བ་ལི་ོཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཙན་གཏོར་ལ། ཨོཾ་ན་ག་ཙན་ཏྲི། ཙ་ར་ར་ཏྲི་གིང་ཀ་ར། ཡཀཱ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སརྦ་སུམ་ཏྲི་རི་ཏྲི་ན་ན་ཁ་རེག་བྷཾ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཙཎྜ་པྲ་མ་ནི་དྷ་ར་དྷ་ར་ས་མ་ཡ་ཛ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཿཧཱུྃ་དུ་བཻ་ཏྲི་ཤུ་ལ་ནཱ་ག་ར་ཙ་ས་མ་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱིཿ ཡུལ་ལྷའི་གཏོར་མ་ནི། ཨོཾ་ཨཱརུ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་ཀུ་ལི་མི་ལ་མན་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཐོག་ཀླུ་ཐོག་རྗེ་ཐོག་


CMR025_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཐོག་བཙན། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རྒྱལ་པ་ཏཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕྱི་རྒྱུད་པ་ལ། ཨོཾ་ད་ཤ་དིག་ལོ་ཀ་པ་ལ་མ་མ་ས་པ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདག་ཅག་མི་ནོར་འཁོར་དང་བཅས་པའི་མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་མཛོད་ཅིག །གྱེར་གྱིས་བསྔོ་བ་ནི། ཨོཾ། མ་དག་སྣོད་བཅུད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་སྐྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བའི་དམ་ཚིག་གི །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ཨོཾ་དང་ཨཱཿཧཱུྃ་གིས། །བྱིན་རླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །མདུན་གྱི་ནམ་མཁར་སྤྲིན་བཞིན་གཏིབས་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། །ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །


CMR025_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་ལ་མཆོད་པར་བགྱི། །རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་ཞིང་སྐྱོང་དང་། །མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པའི། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་དང་། །གཏོར་མ་རྩ་བརྒྱད་པཉྩ་ཨ་མྲྀ་ཏ། །ཛ་གད་རཀྟའི་ཡོན་ཆབ་མཆོད་པར་བགྱི། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་དང་། །དེ་ཁོ་ན་ཉིད་ཀུན་བཟང་མཆོད་པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་དེའི། །གནས་ཚུལ་ཇི་བཞིན་རྟོགས་པའི་སྒོ་གསུམ་གྱིས། །བསྟོད་པ་མ་ལུས་པ་ཡིས་བསྟོད་པར་བགྱི། །ཁྱོད་ལ་འདོད་དོན་གསོལ་བ་བཏབ་པ་ནི། །༈ བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང་། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་ཚད་སྐད་ཅིག་ཙམ་ཉིད་ལ། །གྲུབ་ནས་ཀརྨ་པ་ཡི་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་དང་། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་བཞིན་དུ་བརླག་


CMR025_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །ནུས་པ་ད་ལྟ་ཉིད་དུ་བསྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་དད་པའི་དགེ་བ་དེས། །མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། །བྷྱོཿ རིན་ཆེན་ཨིནྡྲ་ནི་ལའི་བུམ་པར་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོས་གཏམས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཆོག ། འཐུང་བས་འཚོ་བའི་ལོངས་སྤྱོད་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་མ་ཧཱ་ཀཱ་ལ་ཏྲག་རཀྟ་ཛ་གད་ཁ་རཾ་ཁཱ་ཧི། བྷྱོཿ རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་བ་ལ། །སྣང་སྲིད་ཐམས་ཅད་རྦ་རླབས་ཆི་ལི་ལི། །མཁའ་དབྱིངས་རྒྱལ་བ་མ་ལུས་མཆོད་པ་དང་། །འཕགས་པ་རྣམ་མཆོད་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་མ་ཧཱ་ཀཱ་ལ་ཏྲག་རཀྵ་རཀྟ་པི་པ་ཏོ་ཁཱ་ཧི། བྷྱོཿ གཞོང་པ་རྣམ་དག་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་གལ་གྱི་ཐུན་གཉིས་མཐུན་བསྡེབས་


CMR025_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཏེསྟེ། །དཀར་གྱིས་ཐིག་གདབ་དམར་གྱིས་གུར་ཕུབ་པ། །ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་སརྦ་བཛྲ་ཨ་ཙརྱ་ས་པ་རི་ཝཱ་ར་ཨི་དཾ་བ་ལི་སརྦ་བིགྷཱན་སརྦ་ཤ་ཧཱུྃ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨེ་ཨ་རལླི་ཧོ༔ ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྟ་ཁཱ་ཧི། ཏྲག་རཀྵ་ཐུན་སྦྱོ་ཁཱ་ཧི། ཏྲག་རཀྵ་རྦད་བློ་ཁཱ་ཧི། དམ་ཅན་མགོན་པོ་ནག་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ཀྱི་དམ་རྫས་བདུད་རྩིའི་གཏོར་མ་བཞེས་སུ་གསོལ། ཁཱ་ཧི། ་ནཾ༔ གུ་རུ་དྷེ་ཝ་དྷཱ་ཀི་ཧཱུྃ༔ ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་སྐྱེད་སྟེང་༔ བྷནྡྷའི་ནང་དུ་ཟག་མེད་བདུད་རྩི་ཡི༔ གཏོར་མ་འདི་ཉིད་འབུལ་བའི་གནས་རྣམས་ནི༔ པད་འབྱུང་སྐུ་ལྔ་མཚན་བརྒྱད་རྗེ་འབངས་མཆོད༔ གུ་རུ་ཞི་བ་དྲག་པོ་བཀའ་བརྒྱད་དང་དགོངས་འདུས་ཕུར་པ་ཡི་དམ་རྒྱ་མཚོ་མཆོད༔ ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕག་མོ་སོགས༔ མཁའ་འགྲོའི་ཚོགས་རྣམས་ཐམས་ཅད་མཆོད་པར་


CMR025_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི༔ དཔལ་མགོན་མ་ནིང་ཤན་པ་དམར་ནག་སོགས༔ བཀའ་སྲུང་ཆོས་སྐྱོང་ཐམས་ཅད་མཆོད་པར་བགྱི༔ རྣམ་སྲས་ཛ་དམར་ཛཾ་ལྷ་སེར་ནག་སོགས༔ ནོར་ལྷ་རྒྱ་མཚོར་གཏོར་མའི་མཆོད་པ་འབུལ༔ རྡོ་རྗེ་ལེགས་པ་དྲང་སྲོང་ཆེན་པོ་སོགས༔ དམ་ཅན་རྒྱ་མཚོ་ཀུན་ལ་མཆོད་པར་བགྱི༔ བདག་གི་ནད་རིགས་ཀུན་ཞི་ཚེ་བསོད་དཔལ༔ རྒྱས་ཤིང་སྣང་སྲིད་དབང་དུ་འདུ་བར་མཛོད༔ དགྲ་བགེགས་ལོག་འདྲེན་ཆོས་ལོག་དམ་ཉམས་རྣམས༔ སྐད་ཅིག་ཐལ་བའི་རྡུལ་བཞིན་བརླག་ནས་ཀྱང་༔ བདག་གི་བསམ་པ་ཐམས་ཅད་བསྒྲུབ་ཏུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨ་པཱ་ལ་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧྲཱིཿ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གླུ་ཧྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ཚེས་བཅུ་ལ་ཨོ་རྒྱན་ཆེན་པོས་དངོས་སུ་གསུངས་སོ༔ དྷཱི༔ དཀྱིལ་འཁོར་དབུས་ཀྱི་བཅོམ་ལྡན་ཡབ་ཡུམ་སྲས༔ རྒྱལ་བ་རིགས་གསུམ་མགོན་པོ་ཐོད་ཕྲེང་རྩལ༔ མགྱོགས་མ་བཞི་དང་བ་ཡབ་ཡུམ་བརྒྱད༔ ཚེ་ཡི་ལྷ་ཚོགས་ཕོ་ཉ་ལས་བྱེད་རྣམས༔ མི་མངོན་དབྱིངས་ནས་འདིར་གཤེགས་མཆོད་གཏོར་བཞེས༔ ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ཅིག༔ ལྷོ་


CMR025_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ ནུབ་ཕྱོགས་ཀླུ་དབང་ལག་ནས་ཚེ་ཁུག་ཅིག༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ཅིག༔ མཚམས་བཞི་ས་བདག་ལག་ནས་ཚེ་ཁུག་ཅིག་ཧྲཱིཿ འཇིག་རྟེན་འདས་དང་མ་འདས་ཚེ་ཡི་བཅུད༔ བདག་དང་བསྲུང་བྱ་རྣམས་ལ་བསྩལ་དུ་གསོལ༔ དུས་མིན་འཆི་བའི་བར་ཆད་བཟློག་ཏུ་གསོལ༔ ཚེ་དབང་ལོངས་སྤྱོད་མངའ་ཐང་རྒྱས་པར་མཛོད༔ ཧྲཱིཿ སྣང་སྲིད་བདེ་ཆེན་གཏོར་གཞོང་དུ༔ རང་བྱུང་འཁོར་འདས་གཏོར་མར་སྦྱར༔ མ་ལུས་འདུས་པའི་ཚོགས་ཆེན་པོ་ཐུགས་རྗེའི་ལྷ་ཚོགས་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧྲཱིཿ ཧཱུྃ༔ སྣོད་བཅུད་སྣང་སྲིད་དམ་རྫས་གཏོར་ཆེན་པོ༔ འདོད་ཡོན་༈ བརྒྱད་དང་ལོངས་སྤྱོད་སྤྲིན་དུ་གཏིབས༔ རོ་མཆོག་ཡོན་ཏན་བརྒྱད་དང་ལྡན་པ་འདི༔ བླ་མ་ཞི་དྲག་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་མ་ཧཱ་བ་ལི་ཏ་ལ་ཁ་རཾ་ཁཱ་ཧྲཱིཿ ཧཱུྃ་ཧྲཱིཿ པ། རིན་ཆེན་བྷནྡྷ་འབར་བའི་གཏོར་གཞོང་དུ། །བཟའ་དང་བཅའ་བའི་ཚོགས་རྣམས་གཏོར་མར་སྦྱར། །ཤ་མར་དར་སྣ་རིན་ཆེན་རྒྱན་གྱིས་སྤྲས། །བདུད་རྩི་རཀྟ་ལ་སོགས་རླན་


CMR025_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླན། །འདི་ཡང་ཀུན་རྫོབ་རྫས་ཀྱི་གཏོར་མ་སྟེ། །འབྱོར་ཚོགས་བླ་མ་དགོངས་འདུས་ལྷ་ཚོགས་མཆོད། །ཐུགས་དམ་གཉན་པོ་བསྐང་ཕྱིར་བཞེས་སུ་གསོལ། །དུས་གསུམ་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སོགས། །དགོངས་པ་ཀུན་འདུས་རྩལ་རྫོགས་ལྷ་ཡི་ལྷ། །འགྲོ་འདུལ་མངོན་སུམ་སྣང་ལ་ཕྱག་འཚལ་བསྟོད། །ཧཱུྃ། སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན། །མི་མངོན་དབྱིངས་ནས་གནས་འདིར་སྐུ་བསྐྱོད་ལ། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཀུན་བཟང་ཐུགས་ཀྱི་འོད་ཟེར་ཆོ་འཕྲུལ་ལས། །ལྷ་ཚོགས་བདུན་བརྒྱ་ཉི་ཤུའི་དཀྱིལ་འཁོར་ཤར། །མཐའ་ཡས་དཔག་མེད་ཡེ་ཤེས་མེ་འོད་འབར། །བར་ཆད་སྡིག་སྒྲིབ་བསྲེགས་ལ་ཕྱག་འཚལ་བསྟོད། །ཧཱུྃ༔ ཁམས་གསུམ་རྣམ་དག་བྷན་དྷའི་དཀྱིལ་འཁོར་དུ༔ སྣང་སྲིད་ཐམས་ཅད་གཏོར་མའི་ཕུང་པོར་གསལ༔ འདོད་ཡོན་སྣ་ཚོགས་ལྷ་མོས་རབ་བརྒྱན་ཏེ༔ དམ་རྫས་བ་ལི་རྒྱན་གྱི་མཆོད་པ་འབུལ༔ གཙོ་དང་འཁོར་བཅས་རྡོ་རྗེ་ཕུར་པའི་ལྷ༔


CMR025_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་ན་ས་བདག་བདག་ཉིད་སྐྱེས་བུའི་ཚོགས༔ མཐུ་དང་རྫུ་འཕྲུལ་འབྱུང་བའི་དུས་ལ་བབ༔ བ་ལི་རྒྱན་གྱི་གཏོར་མ་བཞེས་སུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧྲཱིཿ ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ རྩི་བཅུད་འབྲས་བུ་སྨན་གྱིས་བརྒྱན༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་འབུལ། ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ ཨི་དཾ་བ་ལིཾ་གྲ་ཧ་ན་ཁ་ཁ་ཁཱ་ཧི་ཁཱ་ཧྲཱིཿ ཨོཾ་གྱིས་མ་དག་སྟོང་པར་སྦྱངས༔ ཨཱཡིས་ཐོད་སྣོད་ཡངས་པའི་ནང་༔ ཧཱུྃ་ལས་དགྲ་བགེགས་ཤ་ཁྲག་གི༔ གཏོར་མ་ཕུན་སུམ་ཚོགས་པ་ཀུན༔ ཧ་ཧོ་ཧྲཱིཿཡིས་སྦྱངས་རྟོགས་སྦར༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར༔ རང་གི་ཐུགས་ཀའི་ཧཱུྃ་ཡིག་གིས༔ མཁའ་འགྲོ་སེང་གདོང་སྤྱན་དྲངས་ནས༔ མདུན་བཞུགས་ལྗགས་ཀྱི་འོད་ཟེར་ལས༔ རྡོ་རྗེ་སྦུ་གུའི་རྣམ་པ་ཡིས༔ གཏོར་མ་གསོལ་བས་དགྱེས་པར་རོལ༔ ཨོཾ་ཤྲཱི་བཛྲ་ཌཀི་ནི་སིང་ཧ་མུ་ཁ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱིཿ དཔལ་ལྡན་རྡོ་རྗེ་ལྷ་མོ་ནི༔ དྲག་མོ་སེང་གེའི་གདོང་པ་ཅན༔ ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ༔ སེང་


CMR025_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་གདོང་ཅན་ལྷ་མོར་བསྟོད༔ ཁྱེད་ལ་གཏོར་མ་ཕུལ་བའི་མཐུས༔ བསྲུང་བྱའི་སྲིའུ་སྲུང་སྐྱོབ་མཛོད༔ གནོད་བྱེད་མ་ལུས་ཞི་བ་དང་༔ ཅི་བསམ་ཡིད་བཞིན་འགྲུབ་པ་དང་༔ བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ ལྕང་ལོར་བཅས་པའི་བྷན་དྷ་རུ༔ དམར་གཏོར་ཤ་དང་ཁྲག་གིས་བརྒྱན༔ ཤ་སྣ་སྙིང་སྣའི་རྒྱལ་མཚན་བཙུགས༔ ཕག་ཁྲོས་སེང་གསུམ་ཐུགས་དམ་བསྐང་༔ རཀྟའི་རྦ་ཀློང་ཕྱུ་ར་ར༔ འོ་མཚོ་དཀར་མདངས་ཀྱི་ལི་ལི༔ ཞག་གི་རྒྱ་མཚོ་མེ་རེ་རེ༔ ཞུན་ཆེན་གསུར་དུད་ཆི་ལི་ལི༔ རྔ་དུང་རོལ་མོ་དི་རི་རི༔ རྐང་གླིང་ཐོད་རྔ་ཁྲོ་ལོ་ལོ༔ དགྲ་བོའི་ཤ་ཁྲག་དམར་ཉི་ལི༔ མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་༔ དམ་ཉམས་དགྲ་བགེགས་མྱུར་དུ་སྒྲོལ༔ ཌཱ་ཀི་ནི་བྷ་ར་སང་སིང་ཧ་མུ་ཧ་ཁ་ཀྲོ་ཏི་ཀཱ་ལི༔ མ་ཧཱ་མཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལིཾ་ཏ་ཁཱ་ཧྲཱིཿ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ དྲེགས་པ་འདུལ་ཕྱིར་རྟ་ནག་ཁྲོས་པའི་སྐུ༔ གནོད་བྱེད་ནག་པོ་ཀླུ་དང་རྒྱལ་བསེན་གཤེད༔ བཀའ་ཡི་གཏོར་མ་ཤ་ཁྲག་དམར་གྱིས་བརྒྱན༔ རྔམ་ཞིང་རྔམ་ཞིང་ཞལ་དུ་ཁ་རཾ་ཁཱ་ཧྲཱིཿ ནག་པོ་ཀུན་རྒྱུག་ཞལ་དུ་ཁ་རཾ་


CMR025_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཁཱ་ཧྲཱིཿ སྤྲུལ་པ་ནག་པོའི་ཞལ་དུ་ཁ་རཾ་ཁཱ་ཧྲཱིཿ ཆེ་བཙན་ཡོན་ཏན་མ་ལུས་རྫོགས་པའི་སྐུ༔ མཐུ་སྟོབས་རྩལ་ལྡན་ཁྱེད་ལ་ཕྱག་འཚལ་བསྟོད༔ དམ་ཚིག་གཉན་པོའི་ཐུགས་དམ་གནད་ནས་བསྐུལ༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གར་གྱི་དབང་ཕྱུག་ཁྲོ་རྒྱལ་རྟ་མཆོག་དཔལ༔ དོན་གྱི་དབྱིངས་ལས་མཛད་པའི་ཆོ་འཕྲུལ་དུ༔ འཁོར་དུ་སྡེ་བརྒྱད་ཚོགས་ཀྱིས་བསྐོར་ནས་ཀྱང་༔ སངས་རྒྱས་བསྟན་པ་བསྲུང་བའི་ཚུལ་དུ་གནས༔ འདིར་གཤེགས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ ས་བདག་ཀླུ་གཉན་དགྲ་བགེགས་ཕོ་མོ་ཐུལ༔ ཨོཾ་སྭ་བྷ་ཝ་སོགས། རིན་ཆེན་སྣོད་དུ་གཏོར་མ་ཡི་གེ་གསུམ༔ ཨོཾ་དཀར་ཞུ་བས་བཅུད་ཀྱི་དངོས་པོ་སྤེལ༔ ཨཱཿདམར་ཞུ་བས་བདུད་རྩིའི་རྣམ་པར་བསྒྱུར༔ ཧཱུྃ་སྔོན་ཞུ་བས་དྲི་མ་ཐམས་ཅད་དག༔ ཨོྃ་ཨཱ༔ཧཾ༔ གསུམ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ འགྲོ་དྲུག་སེམས་ཅན་གཏུམ་པོར་རབ་གྱུར་ནས༔ མདུན་གྱི་ནམ་མཁའ་གང་བར་བཞུགས་པ་ཡི༔ ལྗགས་ཀྱི་འོད་ཟེར་སྦུ་གུ་གཏོར་མར་ཟུག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧྲཱིཿ


CMR025_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཀཱ་རོ་སོགས་ལན་གསུམ། འོད་ཟེར་སྦུ་གུས་བདུད་རྩི་རབ་དྲངས་ཏེ༔ གསོལ་བས་རབ་ཏུ་མཉེས་ཤིང་ཚིམ་པར་གྱུར༔ སྲིད་གསུམ་འཇིགས་བྱེད་དྲག་པོ་རྡོ་རྗེའི་སྐུ༔ བདག་དང་གཞན་གྱི་དཔལ་གྱུར་སྙིང་རྗེ་ཅན༔ བདུད་ལས་རྣམ་རྒྱལ་ཡེ་ཤེས་ལྔ་དང་ལྡན༔ ཕྱག་ན་རྡོ་རྗེ་ཆེ་ལ་ཕྱག་འཚལ་བསྟོད༔ བཅོམ་ལྡན་འཁོར་བཅས་གཏོར་མ་འདི་བཞེས་ལ་བདག་དང་བསྲུང་བྱ་ཀུན་ལ་སྲུང་སྐྱོབ་མཛོད༔ ཧཱུྃ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གསང་བ་གསུམ་གྱི་དཀྱིལ་འཁོར་འདིར༔ ཀིང་ཀང་དམར་ནག་འཇིགས་བྱེད་བློདང་༔ ཁྲོ་ཆུ་དུག་གདོང་འཆར་ཁ་དང་༔ ཚེ་བདག་འབར་བའི་ཚོགས་བཅས་ལ༔ ཁྱད་པར་རྩ་བརྒྱད་སྟོང་ལ་སྔར༔ ངོ་མཚར་རྨད་བྱུང་བདུད་རྩི་དང་༔ དམ་རྫས་བརྒྱན་པའི་གཏོར་ཆེན་པོ༔ འདོད་ཡོན་མ་རྨོངས་ཚོགས་དང་བཅས༔ འཁོར་བ་རྒྱུ་ལས་བསྒྲལ་བའི་ཁྲག༔ མུ་ལ་རཀྟའི་ཚོགས་རྣམས་ཀྱིས༔ དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ ཧ་ལ་ཧ་ལ་ཁྲོ་བོའི་ཚོགས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི མགུལ་དུ་བསྟིམ་མོ་ཨཱ་ར་ལི༔ བཞེས་ཤིག་རོལ་ཅིག་ཐུགས་དམ་བསྐང་༔ གཞན་ཡང་དཀར་དམར་


CMR025_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས༔ སྦྱོར་སྒྲོལ་ལྟ་སྤྱོད་ཏིང་འཛིན་དང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཁྲོ་རྒྱལ་གཤིན་རྗེ་འཁོར་དང་བཅས༔ ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས༔ ཨོཾ་མ་ཧཱ་པཉྩ་བྷ་ལི་ཏ་རཀྟ་སརྦ་ག་ན་གུ་ཡ༔ བྷོ་དྷི་ཙིཏྟ་སརྦ་པཱུ་ཙ་ཁ་ཁ་ཁཱ་ཧི་ཧཱུྃ༔ འཁོར་འདས་གཉིས་ཀྱི་སོ་མཚམས་ན༔ རྒྱ་མཚོ་ཆེན་པོ་དྭངས་པའི་ནང་༔ སྦྲུལ་ནག་འཁྱིལ་བའི་ཀློང་དཀྱིལ་ནས༔ རིགས་རྒྱལ་ཀླུ་བདུད་མགོ་དགུ་པ༔ འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས༔ གནམ་ནད་ས་བདག་ཀླུ་གཉན་རྣམས་སྐད་ཅིག་ཙམ་གྱིས་འདུལ་བར་མཛོད༔ འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི༔ ཀླུ་བདུད་ནག་པོ་ཁྱོད་ལ་བསྟོད༔ ཅེས་དང་། ཕྱག་བཞི་པ། རྡོ་རྗེ་འཆང་དངོས་འགྲོ་མགོན་བླ་མ་ཡི༔ ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལའི་ཞབས༔ ཡུམ་ཆེན་ལས་མཁན་སྡེ་བརྒྱད་བཅས་པ་ལ༔ ཀུན་བཟང་མཆོད་སྤྲིན་སྤུངས་པའི་ཞལ་ཟས་དང་༔ སྒོ་གསུམ་ལོངས་སྤྱོད་བཅས་པ་ཕུད་ཀྱིས་མཆོད༔ ཕྱི་ཡི་མཆོད་པ་ངོ་མཚར་སྣང་བ་དང་༔ ནང་གི་མཆོད་པ་ཤ་ཁྲག་ཨ་མྲྀ་ཏ༔ གསང་བའི་མཆོད་པ་བདེ་སྟོང་ཙཀྲ་དང་༔ དེ་ཁོ་ན་ཉིད་


CMR025_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་གཅིག་བསྡོམས་པའི༔ རང་རིག་ཡེ་ཤེས་དག་པའི་མཆོད་གཏོར་འབུལ༔ དགྱེས་པ་ཆེན་པོར་བཞེས་ལ་བྱིན་གྱིས་རློབས༔ དབང་བཞི་རྫོགས་ནས་ཕྲིན་ལས་རྣམ་བཞི་སྒྲུབས༔ མཁའ་མཉམ་སེམས་ཅན་བདེ་ལ་འགོད་ནུས་པའི༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ སྟན་ཐོག་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དཔལ་ལྡན་མགོན་པོ་བྱ་རོག་མཚན༔ ལྕམ་དྲལ་བཀའ་འཁོར་བཅས་པ་ཡི༔ ཟག་མེད་བདེ་ཆེན་བསྐྱེད་གྱུར་པའི༔ བདུད་རྩི་རོ་མཆོག་མྱོང་མཛད་ལ༔ བསོད་ནམས་ཚོགས་ཆེན་གང་བསགས་དེས༔ རྩ་བརྒྱུད་བླ་མའི་བཀའ་དང་ནི༔ རང་དམ་གཉན་པོ་དགོངས་པ་ལྟར༔ སངས་རྒྱས་བསྟན་དང་སེམས་ཅན་དོན༔ འབད་པ་མེད་པར་སྒྲུབ་མཛད་ཅིང་། ཁྱད་པར་གསོལ་འདེབས་བདག་རྒྱུད་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ལ་འགལ་རྐྱེན་གང་མཆིས་པ༔ ཕྲིན་ལས་རྣམ་བཞིའི་སྒོ་ནས་ནི༔ ཚར་གཅོད་རྗེས་འཛིན་མཛད་དུ་གསོལ༔ ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ནས། ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད༔ བདུད་རྩིའི་རླངས་པས་དཀར་པོའི་ཕྱོགས་


CMR025_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་གཅོད་མ༔ སྨན་གྱི་རྒྱལ་མོ་འདིར་གཤེགས་མཆོད་གཏོར་བཞེས༔ རྣལ་འབྱོར་བདག་དང་བདག་གི་འཁོར་རྣམས་ལ༔ ཞལ་ནས་བདུད་རྩིའི་ཆར་པའི་རྒྱུན་ཕོབ་ལ༔ ནད་སོགས་སྡུག་བསྔལ་ཚོགས་ནི་ཞི་བར་མཛོད༔ ཧཱུྃ༔་ཞབས་གདུབ་དང་བཅས་བི་ན་ཡ་ཀ་མནན༔ ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན༔ ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན༔ གཡས་པས་གྲི་གུག་བར་པས་ཕྲེང་བ་འཛིན༔ ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ༔ གཡོན་པས་ཐོད་ཁྲག་དང་ནི་མདུང་རྩེ་གསུམ༔ དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད༔ དྲག་པོའི་ཞལ་གདང་མཆེ་བ་རྣམ་པར་གཙིགས༔ སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར༔ དཔྲལ་བར་སིནྡྷ་ར་ཡི་ཐིག་ལེས་བརྒྱན༔ སྤྱི་བོར་མི་བསྐྱོད་རྒྱལ་པོའི་ཅོད་པན་ཅན༔ ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན༔ རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཤིང་ལས་བྱོན་ནས་གཏོར་མ་ལེན་པར་མཛོད༔ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ བར་ཆད་ཐམས་ཅད་བསལ་དུ་གསོལ༔ མགོན་པོ་ཡིད་བཞིན་ནོར་བུ་ཐུགས་


CMR025_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཅན༔ སྐུ་མདོག་གངས་རི་ལྟ་བུར་འོད་ཟེར་འཕྲོ༔ ཞལ་གཅིག་ཕྱག་དྲུག་ཞབས་གཉིས་ནོར་བདག་མནནུ༔ འདིར་གཤེགས་དམ་རྫས་བརྒྱན་པའི་མཆོད་གཏོར་བཞེས༔ བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་འགྲུབ་པར་མཛོད༔ འགྲོ་བའི་དབུལ་སེལ་ཁྱེད་ལ་ཕྱག་འཚལ་བསྟོད༔ ཇོ་བོ་གཟི་ལྡན་འདིར་གཤེགས་མཆོད་གཏོར་བཞེས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་འདི༔ རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ༔ སྦྱིན་པ་ཡོངས་སུ་རྫོགས་བྱའི་ཕྱིར་འབྱོར་པ་ཆེན་པོའི་དངོས་གྲུབ་སྩོལ༔ ཐུགས་རྗེ་བྱམས་དང་ལྡན་ཟློཔའི་དཔལ་ལྷ་མོ༔ ཞི་མཛད་ཞི་གྱུར་ཞི་བའི་ངང་ཚུལ་ཅན༔ ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི༔ རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་དྭངས༔ ཀུན་ཏུ་ཞི་མཛད་མ་ཡིས་མཆོད་གཏོར་བཞེས༔ བདག་གི་ནད་གདོན་དགྲ་རྣམས་ཞི་བར་མཛོད༔ རིན་ཆེན་སྣོད་དམ་བྷན་དྷ་རུ༔ བཤོས་ནག་འབར་བ་ཁྲག་གིས་བྱུག༔ ཙིཏྟ་སྙིང་གི་རྒྱལ་མཚན་བཙུགས༔ གཡག་ལུག་ནག་པོ་ཁྱི་ཡི་མཚན༔ དགྲ་བོའི་ཤ་རུས་ཐོད་ཚིལ་སྤུངས༔ རཀྟ་དམར་གྱི་ཞམ་ཆུ་འབབ༔ དམ་རྫ་ས་གཏོར་ཆེན་འབར་བ་འདིས༔ དཔལ་མགོན་


CMR025_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནིང་རིགས་ལྔ་ཡི༔ འཁོར་དང་བཅས་ལ་འབུལ་གྱིས་བཞེས༔ ཧཱུྃ༔ བྷན་ཡངས་པའི་སྣོད་དུ་ནི༔ དགྲ་བགེགས་རྣམས་ཀྱི་ཤ་རུས་ཁྲག༔ དོན་སྙིང་དབང་པོར་བཅས་པ་ཡི༔ མཆོད་གཏོར་དམ་པ་རྒྱ་ཆེན་འདི༔ ཏྲཀླད་ནག་པོ་ཁྱེད་ལ་འབུལ༔་བསྟན་པ་བསྲུང་ཕྱིར་འདིར་གཤེགས་ཤིག༔ མ་མགོན་སྡེ་བརྒྱད་འཁོར་དང་བཅས༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ སྔོན་གྱི་དམ་ལས་མ་འདའ་བར༔ བདག་ལ་ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ དགོས་འདོད་ཟས་ནོར་ཆར་ལྟར་ཕོབས༔ མགོན་པོ་སེང་གདོང་འཁོར་བཅས་གནས་འདིར་བྱོན༔ དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔ དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང་༔ ཆོས་མིན་སྤྱོད་རྣམས་དབང་པོ་ནུབ་པ་དང་༔ བསྟན་འཛིན་སྐྱེས་བུའི་ཕྲིན་ལས་རྒྱས་པར་མཛོད༔ ཆོས་བཞིན་སྤྱོད་རྣམས་སྐུ་ཚེ་རིང་བ་དང་༔ མི་མཐུན་བར་ཆད་ཐམས་ཅད་བསལ་དུ་གསོལ༔ བདག་ཅག་སྒྲུབ་པ་པོ་རྣམས་འཁོར་བཅས་ཀྱི༔ མཐུན་རྐྱེན་དཔལ་དང་འབྱོར་པ་རབ་རྒྱས་ནས༔ དགྲ་


CMR025_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དཔུང་དང་བཅས་པ་ཕམ་པ་དང་༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ མདོར་ན་བདག་གིས་ཇི་ལྟར་བཅོལ་བ་ཡི༔ ལས་ཀྱི་དངོས་གྲུབ་དཔག་ཏུ་མེད་པ་རྣམས༔ བདེ་བླག་ཉིད་དུ་འགྲུབ་ཅིང་ཁྱེད་ཉིད་དང་༔ རྟག་ཏུ་མི་འབྲལ་འགྲོགས་པར་མཛད་དུ་གསོལ༔ ཧཱུྃ༔ དུར་ཁྲོད་བདག་པོ་ཡབ་དང་ཡུམ༔ བོས་པའི་ཚེ་ན་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་རྟུལ༔ ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ བསྲུང་བའི་འཁོར་ལོ་སྐྱབས་མ་ཆུང་༔ རྣལ་འབྱོར་བསམ་པ་བསྒྲུབ་པ་དང་༔ ཆོས་སྐྱོང་ཐུགས་དམ་བསྐང་བ་དང་༔ བསོད་ནམས་རྒྱ་ཆེན་བསྐྱེད་པ་དང་༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ བྷྱོཿ མ་མོ་ནག་མོ་མཐུ་སྟོབས་ཅན༔ མུ་སྟེགས་ལྷ་མོ་རྫུ་འཕྲུལ་བདག༔ ནོར་སྲང་གང་གི་རྗེས་གཅོད་མ༔ ནས་བྲེ་གང་གི་ཕྱིར་འབྲང་མ༔ དཀོར་བདག་ཆེན་མོ་ངན་ནེ་མ༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ བདག་ཅག་གཞི་བྱེས་རྟ་ཕྱུགས་རྣམས༔ ཇག་རྐུན་ལག་ཏུ་མ་ཤོར་ཅིག༔ དཔལ་ལྡན་འཁོར་ལོ་སྡོམ་


CMR025_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་འདིར༔ ལེགས་པར་བརྒྱན་ཅིང་བཤམས་པའི་མཆོད་གཏོར་རྣམས༔ མཐུན་རྫས་འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ༔ དབང་པོ་ལྔ་ཡི་ཚིམ་བྱེད་བདུད་རྩིའི་གཏེར༔ རྒྱ་ཆེན་རྒྱུན་མི་ཆད་པ་ནམ་མཁའི་མཛོད༔ ཟག་མེད་བདེ་བ་སྐྱེད་པའི་མཆོད་སྤྲིན་དུ༔ ཏིང་འཛིན་ཕྱག་རྒྱ་སྔགས་ཀྱིས་བྱིན་བརླབས་ནས༔ རྣལ་འབྱོར་གུས་པའི་ཡིད་ཀྱིས་འབུལ་ལགས་ན༔ སྲིན་མགོན་གཉན་མགོན་དབང་ཕྱུག་སྤྱན་ལམ་དུ༔ ཅི་འདོད་མཁོ་དགུའི་ལོངས་སྤྱོད་སྣ་ཚོགས་པ༔ ཆོས་ཉིད་རྣམ་དག་ལྷག་བསམ་བདེན་པའི་མཐུས༔ རྒྱུན་དུ་ཐོགས་པ་མེད་པར་འབྱུང་གྱུར་ཅིག༔ པོ་ཊ་ལ་ཡི་གནས་མཆོག་དང་༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ ལས་མཁན་མདུང་འཛིན་ཞལ་གཅིག་པ༔ ཕྱག་བཞི་འཇིགས་པའི་ཆ་ལུགས་མདོག༔ མདུང་དར་གཉིས་དང་འོག་རྡོ་རྗེ༔ བྷནྡྷ་འཛིན་ཅིང་རྟ་དང་རླུང་༔ གློག་དམར་ཆིབས་ཤིང་འཇིག་རྟེན་ཉུལ༔ འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ལས་ཀྱི་དངོས་གྲུབ་བདག་ལ་སྩོལ་ཧཱུྃ༔ བྲག་གི་རྫོང་ནས་བསྐུལ་བ་ནི༔ ཨུ་རྒྱན་ཡུལ་གྱི་


CMR025_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་བདག་ས༔ བྲག་ལྷ་མགོན་པོ་ལྷ་དེ་པོ༔ སྐུ་མདོག་ནག་པོ་རྟ་ནག་ཆིབས༔ གཡས་པས་མདུང་དར་གཡོན་ཞགས་པ༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ གཅན་སྤྱང་ཇག་རྐུན་བཅིངས་པར་མཛོད༔ ཧཱུྃ༔ ཇོ་བོ་ཚོགས་ཀྱི་བདག་པོ་ནི༔ བདག་གིས་མཆོད་ཅིང་སྒྲུབ་པའི་ཚེ༔ གནས་འདིར་སྤྱན་འདྲེན་མཆོད་གཏོར་བཞེས༔ ཕྱི་ལྟར་ལྷ་སྨན་ཆེན་མོ་ལྔ༔ ནང་ལྟར་ཞིང་སྐྱོང་ཆེན་མོ་ལྔ༔ གསང་བ་རིགས་ཀྱི་ཡུམ་ཆེན་ལྔ༔ དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ་མཁའ་འགྲོའི་དབང་ཕྱུག་ལྔ་ལ་བསྟོད༔ འདིར་གཤེགས་གཏོར་མ་འདི་བཞེས་ཤིག༔ རྣལ་འབྱོར་བདག་ཅག་ཚེ་རིང་ཞིང་༔ ནད་མེད་འབྱོར་པ་རྒྱས་པ་དང་༔་བསྒྲུབ་པ་མཐའ་རུ་ཕྱིན་པར་མཛོད༔ ཧྲཱི༔ ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན༔ ནམ་མཁའ་གང་བའི་མཆོད་གཏོར་རྣམས༔ བདག་གིས་གུས་པས་འབུལ་ལགས་ན༔་ཡུམ་གཅིག་ཁྱོད་ཉིད་དགྱེས་པར་རོལ༔ ཆོས་དང་ཡེ་ཤེས་དམ་ཚིག་ལྡན༔ དབང་གི་ལྷ་མོ་སྤྲུལ་པའི་སྐུ༔ ཤ་ཟ་ལས་ཀྱི་མཁའ་འགྲོ་སྟེ༔ ཕྲིན་ལས་སྣ་ཚོགས་དེ་ལ་འདུད༔ ཀྱེ་མ་ཤེའུ་མཁའ་རིའི་སྐུ༔ ཕྱག་འཚལ་བསྟོད་དོ་


CMR025_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་དང་སློབ་དཔོན་པདྨ་གཉིས༔ མངོན་སུམ་མྱུར་དུ་སྤྱད་དུ་གསོལ༔ འོན་ཏེ་མངོན་སུམ་མཇལ་བ་ཡི༔ ལས་འཕྲོ་དང་ནི་མི་ལྡན་ན༔ ཉམས་པ་གསལ་བར་མཇལ་བར་མཛོད༔ ཧཱུྃ༔ རི་རབ་ལྷོ་ཕྱོགས་མ་དྲོས་ན༔ རིན་ཆེན་བརྩེགས་པའི་ཁྲི་སྟེང་ནས༔ ཀླུ་ཡི་རྒྱལ་པོ་སོག་མ་མེད༔ མི་མགོན་དཀར་པོ་ཀླུ་བརྒྱད་སོགས༔ ཀླུ་ཆེན་མང་པོའི་འཁོར་དང་བཅས༔ བདག་གི་མཆོད་ཅིང་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་གཤེགས་ནས་ཀྱང་༔ རིན་ཆེན་པདྨའི་ཁྲི་སྟེང་དུ་བརྗིད་ཅིང་འགྱིང་བར་བཞུགས་སུ་གསོལ༔ ཡིད་འོང་ལེགས་སྦྱར་རོ་ལྡན་པའི༔ སྦྲང་རྩི་དང་ནི་ཤིང་ཏོག་སོགས༔ ཀླུ་རྒྱལ་རྣམས་ལ་འབུལ་སྒྱུལགས་ན༔ བདག་ཅག་འཁོར་བཅས་བཀྲ་ཤིས་ཤོག༔ བྷྱོཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ མ་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ སྔགས་ཀྱི་སྲུང་མ་ཨེ་ཀ་ཙ་ཏི་མ༔ སྲོག་སྒྲུབ་ཁ་མོ་ཆེ་དང་སྤང་ཞོན་མ༔ འཁོར་དུ་མ་མོ་མཁའ་འགྲོ་འབུམ་གྱིས་བསྐོར༔ ལས་སུ་སངས་རྒྱས་བསྟན་པ་རིན་ཆེན་སྲུང་༔ ཟས་སུ་དམ་


CMR025_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དགྲ་བོའི་ཤ་ཁྲག་ཟོ༔ མ་འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བསྲུང་བའི་དུས་ལ་བབ༔ དཀོན་མཆོག་དབུ་འཕང་བསྟོད་པའི་དུས་ལ་བབ༔ རྣལ་འབྱོར་བར་ཆད་བསལ་བའི་དུས་ལ་བབ༔ ཆོས་སྐྱོང་ཕྲིན་ལས་བསྒྲུབ་པའི་དུས་ལ་བབ༔ དེ་བས་མ་མོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཟའ་བདུད་འཁོར་དང་བཅས་པ་དང་༔ ཧོ་ར་ནག་པོ་ཧབ་ཤ་ལ༔ ཆུ་སྣ་སྟོང་དང་ཁྲག་སྣ་སྟོང་༔ སྨན་སྣ་སྟོང་དང་མེ་ཏོག་སྟོང་༔ འབྲུ་སྣ་སྟོང་གིས་རབ་ཏུ་མཆོད༔ དུག་གི་ཟོར་ཁ་དགྲ་ལ་བསྒྱུར༔ གདུག་པའི་ཁ་རླངས་དགྲ་ལ་བསྒྱུར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧྲཱིཿ ཡ་ཡེ༔ བྱང་ཕྱོགས་ཡཀྴ་འདིར་བྱོན་དབུས་གཏོར་བཞུགས༔ འཁོར་ལ་ཡཀྵ་བརྒྱད་ཀྱིས་བསྐོར༔ འཁོར་དང་བཅས་པ་སྐད་ཅིག་བྱོན༔ འཁོར་རྣམས་རང་རང་གཏོར་མར་བཞུགས༔ བོར་ཆད་ཐམས་ཅད་ཞལ་དུ་བསྟབ༔ སྨྱོ་ནད་ཐམས་ཅད་ཞལ་དུ་བསྟབ་རིམས་གྲིབ་ཐམས་ཅད་ཞལ་དུ་བསྟབ༔ བདུད་བཞིའི་གནོད་པ་ཞལ་དུ་བསྟབ༔ བླང་ལེན་འཕྲོག་


CMR025_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཞལ་དུ་བསྟབ༔ ཁྲོ་རྒྱལ་ཐམས་ཅད་ཡཀྵ་ཡེ༔ དྷཱི༔ བདེ་ཆེན་གཉིས་མེད་རོ་མེད་ངང་༔ རྟེན་ནས་དག་གྱུར་གིར་ཎི་ཡ༔ ཧཱུྃ༔ གནོད་སྦྱིན་ནོར་ལྷ་ཀུ་བེ་ར༔ སྐུ་མདོག་ནག་པོ་ཞལ་གཅིག་པ༔ ཕྱག་གཡས་པས་ནི་རལ་གྲི་ལ༔ གཡོན་པས་རྟ་ཡི་སྲབ་མདའ་འཛིན༔ སྐུ་ལ་ཁྲབ་རྨོག་བརྗིད་པ་གསོལ༔ ཆིབས་སུ་རྟ་ནག་མདངས་ལྡན་ཆིབས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ རྔོག་ཆགས་སྲུང་བའི་རྫི་བོ་མཛོད༔ རྟ་ནད་ཐམས་ཅད་ཞི་བ་དང་༔ རྔོག་ཆགས་གོད་ཁ་བཟློག་ཏུ་གསོལ༔ ཧཱུྃ༔ དཔག་ཏུ་མེད་པའི་གོང་རོལ་ནས༔ ཀུན་ཏུ་བཟང་པོ་ཞེས་བྱ་བའི༔ སྤྲུལ་པ་ཐུགས་རྗེ་ཆེན་པོ་འཁྲུངས༔ དེ་ཡི་སྤྲུལ་པ་ཨ་པ་ར་ཙིཏྟ་འདིར་གཤེགས་མཆོད་གཏོར་བཞེས༔ སྟོབས་དང་འབྱོར་པའི་དངོས་གྲུབ་སྩོལ༔ ཨོཾ༔ དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག༔ སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར༔ འཁོར་ཚོགས་དང་བཅས་བརྒྱ་བྱིན་སྲས་མོ་ནི་མཚོ་སྨན་བཅས་པ་འདིར་གཤེགས་གཏོར་མ་བཞེས༔ བདག་གི་བསམ་པ་ཐམས་ཅད་འགྲུབ་པ་དང་༔ བསྟན་པ་འཕེལ་ཞིང་


CMR025_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དགུ་རྒྱ་ཆེར་ལྡན་གདུག་འདྲེའི་ནད་དང་གནོད་པ་ཞི་བ་དང་༔ ཐམས་ཅད་བདེ་དགར་སྤྱོད་པའི་བཀྲ་ཤིས་སྩོལ༔ ཨོཾ་མ་ནུ་ཊེ་གྷནྡྲ་བྷ་ཝ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧྲཱིཿ ཨོཾ་ཀླུ་ཡི་རྒྱལ་དགེ་བསྙེན་ཆེན་པོ་རྡོ་རྗེ་རྒྱལ༔ དེ་ཡི་ཡུམ་ཆེན་ན་ར་སེང་སྔོན་དང་༔ ཀླུ་ཆེན་མིང་སྲིང་བར་བློན་ཆེན་པོ་དང་༔ སྨྱོ་ཁ་དབྱིས་དོ་མཚོ་ནག་ཀླུ་སྨན་སོགས༔ ས་བདག་གནས་བདག་ཀླུ་བཙན་འཁོར་བཅས་ཀྱིས༔ འདིར་གཤེགས་གཏོར་མ་འབུལ་བ་འདི་བཞེས་ལ༔ བདག་གི་བསམ་པ་འགྲུབ་པའི་སྡོང་གྲོགས་མཛོད་ཁྱད་པར་གྲུབ་མཆོག་ཀརྨ་པཀི་ལ༔ ཕྲིན་ལས་སྒྲུབ་པར་ཁས་བླངས་དམ་བཅས་བཞིན༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔ སེམས་ཅན་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་༔ ཁྱད་པར་རྣལ་འབྱོར་བདག་ཅག་རྗེས་འཇུག་རྣམས༔ ནད་གདོན་འགལ་རྐྱེན་ཕྱི་ནང་བར་ཆད་ཞི༔ མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས༔ ཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་སྒྲུབས༔ ཧ་ཅང་ཆར་ཆེ་ཆར་ཆུང་སད་སེར་དང་༔ འབྲུ་རྣམས་ལོངས་སྤྱོད་ཉམས་དང་ནད་ཡམས་དང་༔ རྒྱལ་པོའི་རིམས་ནད་ཆོམ་རྐུན་འཇིགས་པ་


CMR025_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབས༔ མི་མཐུན་རྐྱེན་རྣམས་ཞི་བའི་ལས་མཛོད་ཅིག༔ སྙིགས་མའི་སྐྱེ་བོ་དམུ་རྒོད་བག་མེད་བཅས༔ ཉོན་མོངས་དབང་གིས་ནོངས་པ་བྱུང་བ་རྣམས་བཟོད་པར་བཞེས་ལ་བསྟན་པའི་སྙིགས་མ་འདིར༔ ཀཀར་བསྟན་བསྲུང་བའི་ལས་ལ་མ་གཡེལ་ཞིག༔ འཇིག་རྟེན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི༔ བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་མཛོད༔་ཧྲཱིཿ སངས་རྒྱས་བསྟན་པ་བསྲུང་བའི་མཐུ་རྩལ་ཅན༔ བཙན་རྒོད་དགེ་བསྙེན་གནོད་སྦྱིན་འདིར་བྱོན་ཞིག༔ དཀར་གསུམ་མངར་གསུམ་ཤ་ཁྲག་ལ་སོགས་པ༔ རང་རང་དགྱེས་པའི་མཆོད་རྫས་གཏོར་མ་འབུལ༔ ཐུགས་དམ་གཉེན་པོ་བསྐང་ཕྱིར་བཞེས་སུ་གསོལ༔ སྤྲུལ་པ་ཡང་སྤྲུལ་ཚོགས་རྣམས་དགྱེས་པར་རོལ༔ ཞི་རྒྱས་དབང་དང་དྲག་པོ་ལ་སོགས་པའི༔ ཕྲིན་ལས་རྣམ་བཞིའི་ལས་རྣམས་འགྲུབ་པར་མཛོད༔ ཀྱེ༔ ལྷ་ཡི་དགེ་བསྙེན་དབྲོ་སྲས་ཐང་ལྷ་འབར༔ ཁྱོད་ལ་འགྲོ་མགོན་ཕག་མོ་གྲུ་པ་ཡིས༔ གསང་བའི་མཚན་དུ་རྡོ་རྗེ་འབར་བ་བཏགས༔ དེང་ནས་


CMR025_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ་བཀའ་བརྒྱུད་ཐམས་ཅད་ཀྱི༔ བཀའ་དང་དམ་ལ་བཞག་པའི་དམ་ཚིག་ཅན༔ རྣལ་འབྱོར་ཕྲིན་ལས་བསྒྲུབ་པའི་དྲག་རྩལ་ཅན༔ དགེ་བསྙེན་ཆེན་པོ་འདིར་གཤེགས་མཆོད་གཏོར་བཞེས༔ བདག་གི་འདོད་པའི་དོན་ཀུན་འགྲུབ་པར་མཛོད༔ ཧཱུྃ༔ ལྷག་པར་མོན་ཁམས་མཐིལ་བུའི་ཡུལ༔ བདེ་ཆེན་གནས་ནས་བཙན་རྒོད་རྒྱལ༔ རིག་འཛིན་བླ་མའི་བཀའ་སྐྱོང་བ༔ ཇག་མེ་འདིར་གཤེགས་གཏོར་མ་བཞེས༔ དགྲ་ཇག་ཆོམ་རྐུན་མགོ་སྐོར་ཤིག༔ ཧཱུྃ༔ གུ་རུ་དྲག་སྤྲུལ་ཀླུ་བདུད་བཙན༔ སྔོ་དམར་ནག་པོའི་མདོག་ཅན་ཏེ༔ གཡས་གསུམ་རུ་མཚོན་སྔོ་དམར་ནག༔ གཡོན་གསུམ་སྦྲུལ་ཞགས་མདའ་གཞུ་དང་༔ ཁྲམ་ཤིང་འཛིན་ཏེ་རྟ་ཆིབས་པ༔ སྔོ་དམར་ནག་པོའི་མདོག་དང་ལྡན༔ བཻཌཱུར་བསེ་དང་ལྕགས་ཀྱི་ཁྲབ༔ འཇིགས་པའི་གཟུགས་ཅན་མགྱོགས་པའི་རྟ༔ ཁམས་གསུམ་སྐད་ཅིག་ཉིད་ལ་བསྐོར༔ རྡུལ་ཕྲན་རྣམས་ཀྱང་རྩིས་ལ་འདེབས༔ སྤྲུལ་པ་འབུམ་དང་དུང་ཕྱུར་འགྱེད༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ གང་བཅོལ་ལས་རྣམས་མྱུར་འགྲུབ་མཛོད༔ ཡ་ཀི་སྒོ་མོ་བྲག་དམར་ན༔ རིན་ཆེན་མཛེས་


CMR025_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཙན་མཁར་ན༔ སྐྱེས་བུ་ལུང་བཙན་དེ་ན་བཞུགས༔ ཕུད་དང་བཤོས་དང་རྟེན་ལ་བྱོན༔ འདོད་ཡོན་ལོངས་སྤྱོད་མཆོད་གཏོར་བཞེས༔ ལྷང་ལྷང་སྙིང་གཏམ་རྣ་བར་སྨོས༔ སྣང་སྲིད་ཐམས་ཅད་ས་ལེར་སྟོན༔ ཧཱུྃ༔ རྨ་གཉེན་སྤོམ་ར་སྨོན་སྐྱེས་མཆེད་གསུམ་དང་༔ དབྱི་རྒྱལ་ཛོ་རྒྱལ་ཀླུ་རྒྱལ་སྤོ་ཏོ་དང་༔ གོ་རྒྱལ་ཡབ་ཡུམ་གཏམ་རྒྱལ་མདོ་ཟོ་དང་༔ ཡུལ་འདིའི་གཞི་བདག་གནས་འདིར་སྤྱན་འདྲེན་ནོ༔ ཇི་སྲིད་མཆོད་པ་འབུལ་བའི་དུས་དག་ཏུ༔ དགྱེས་པར་བཞུགས་ལ་བདག་གི་མཆོད་གཏོར་བཞེས༔ བདག་གི་ནད་གདོན་བར་ཆད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པ་དང་༔ སྣང་སྲིད་དབང་སྡུད་དགྲ་བགེགས་ཚར་གཅོད་མཛོད༔ སངས་རྒྱས་བསྟན་པ་སིལ་མ་རིན་ཆེན་འདི༔ སྲུངས་ཤིང་ཆོས་ལོག་དམ་ཉམས་བརླག་པར་མཛོད༔ དུས་མིན་འཆི་དང་བར་ཆད་བཟློག་ཏུ་གསོལ༔ སློབ་དཔོན་པདྨའི་བསྟན་པ་བསྲུང་བར་མཛོད༔ དགྱེས་པའི་མཆོད་པ་འདི་ཡིས་ཐུགས་དམ་བསྐང་༔ དམ་བཅའ་མ་གཡེལ་མྱུར་དུ་ཕྲིན་ལས་མཛོད༔ ཁྱེད་ལ་མཐུ་རྩལ་ཅི་འདུག་ད་ལྟའོ༔ ཁྱེད་ཀྱི་ཐུགས་དང་འགལ་


CMR025_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བ་བདག་གིས་བཤགས༔ ་་་་་་་རྒྱལ་རྒྱམ་གསོལ་ཁ་འབྲིང་པོ་བསྡུས་པ་གང་རེད་ཀྱིས། བདག་གི་ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །སངས་རྒྱས་བསྟན་སྲུང་ཕྱིན་ཆད་མཐར་དབྱུང་ངོ་། མཆན། ་་་་་་འདི་ལ་མཇུག་མི་འདུག


no previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི་གཏོར་བསྔོས་ཆ་ཚང་བ་ཞིག་ལགས་ཏེ་རྒྱུན་ཁྱེར་བྱ་བ་གསང་སྔགས་ནང་གི་གཏོར་མ་ཤིན་ཏུ་བསྡུས་པ།next