Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་བསྡུས་པ།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་བསྡུས་པ།


CMR025_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་བསྡུས་པ་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR025_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མཆོད་ལྟར་གཏོར་མ་བྱིན་གྱིས་རླབས་པ་ནི། རང་ཉིད་ལྷ་ཡི་ང་རྒྱལ་གྱིས། ཨོཾ་དྭིཔདྨནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས།། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་ཡཾ་འཕྲོས་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་དང་ཡཾ་ཡིག་གིས་མཚན་པ། དེའི་སྟེང་དུ་རཾ་འཕྲོས་པ་ལས། མེའི་དཀྱིལ་འཁོར་དམར་པོ་འབར་བ་རཾ་གྱིས་མཚན་པ། དེ་ལ་ཀེ་གསུམ་འཕྲོས་པ་ལས་ཐོད་པ་སྐམ་པོ་བུམ་རིལ་གྱི་སྐྱེད་པུ་གསུམ་གྱི་སྟེང་དུ་ཨ་སྤྲོས་པ་ལས་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་


CMR025_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ལས་དྲི་ཆུ་བེཟླུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ་སྟེ་བདུད་རྩི་ལྔ་དང་། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་གླང་གི་ཤ ། ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ་སྟེ་ཤ་ལྔའོ། །རླུང་གཡོས་ཤིང་མེ་སྦར་བས་ཐོད་པ་དྲོས། རྫས་རྣམས་ཞུ་བ་ཨོཾ་ཨཱཿཧཱུྃ་གསུང་གི་བདུད་རྩིའི་རང་བཞིན་ཁ་དོག་དམར་པོ། ཨོཾ་ཨཱཿཧཱུྃ་ཐུགས་ཀྱི་བདུད་རྩིའི་རང་བཞིན་ཁ་དོག་སྔོན་


CMR025_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ཨོཾ་ཨཱཿཧཱུྃ་སྐུ་ཡི་བདུད་རྩིའི་རང་བཞིན་ཁ་དོག་དཀར་པོ་འོ་མའི་རྒྱ་མཚོ་ལྟ་བུར་གྱུར། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་སྤྱན་འདྲེན་པ་ནི། ཕོ་ཕེ་ཕོ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་བཞུགས་པར་གྱུར། རྡོར་ཐལ་ཁ་ཕྱེ་བས། ན་མོ་རཏྣ་གུ་རུ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པ་ཟུང་འཇུག་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་པུ་པ་དྲི་མེད་བཤེས་གཉེན། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི། གཉེན་རས་དགེ་འདུན་འབུམ། ཆོས་རྗེ་རང་བྱུང་རྡོ་རྗེ། མཁས་བཙུན་རིན་ཆེན་རྒྱལ་མཚན། མངྒ་ལ་ཀེ་ཏུ། རིན་ཆེན་བཟང་


CMR025_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ཀུན་མཁྱེན་མཐོང་བ་དོན་ལྡན། བྱང་སེམས་དཔལ་འབྱོར་དོན་འགྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། མཁས་གྲུབ་ཀརྨ་ཆགས་མེད་ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །འཇིག་རྟེན་དབང་ཕྱུག །པདྨ་བཛྲ། ཛ་ལེན་དྷ་ར། མེ་ཏྲི་པ། བཛྲ་པཱ་ཎི། བཱ་དནྟ། སུ་མ་ཏི་ཀཱིརྟི་ལ་སོགས་པ་ལྷ་དགུ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ༔ དྷུ་མ་གྷ་ཡེ་ནཱ་མ་སྭཱ་ཧཱ༔ ཧ་རི་ནི་ས་ར་ཙ་ཧིཡ་ཧཱུྃ་ཛ༔ ས་པ་རི་ཝཱ་ར་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། རྡོ་རྗེ་ཕག་མོ། རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། །རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས། པདྨ་རིགས་ཀྱི་སྤྱན་རས་གཟིགས།


CMR025_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། ཡུམ་སངས་རྒྱས་སྤྱན་མ། མཱ་མ་ཀི། གོས་དཀར་མོ། དམ་ཚིག་སྒྲོལ་མ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། རྒྱལ་བ་རྒྱ་མཚོ། དཔའ་བོ་རྒྱ་མཚོ། དཔའ་མོ་རྒྱ་མཚོ། གྲུབ་ཐོབ་རྒྱ་མཚོ། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ་་།མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏྲག་རཀྵ་མ་ཧེ་དུན་བྷྱོ༔ མ་ཧཱ་ཡཀྵ་ཏིཀ་ན་ཀཱ་ལི་དུན་བྷྱོ༔་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་བདུད་འདུལ་རྡོ་རྗེའི་དེད་དཔོན་འཇིགས་བྱེད་ཆེན་པོ་བེར་ནག་ཅན། དྲེགས་པ་ཕོ་དགུ་མོ་དགུ། ཕྱོགས་སྐྱོང་བའི་མགོན་པོ་བཅུ་དྲེགས་པའི་གཙོ་བོ་བདུན་ཅུ་རྩ་གཉིས། ཡེ་ཤེས་ཀྱི་མགོན་པོའི་ཚོགས། ལས་ཀྱི་མགོན་པོའི་ཚོགས། འཇིག་རྟེན་གྱི་མགོན་པོའི་ཚོགས་རྣམས་དང་། དཔལ་ལྷ་མོ། རང་བྱུང་གི་རྒྱལ་མོ། སྲུང་མ་དཔལ་ལྡན་མ། མ་མོ་བདུན། སྲིང་མོ་བཞི། འབར་མ་དགུ། དུས་བཞིའི་ལྷ་མོ།


CMR025_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དམག་གི་རྒྱལ་མོ། དབང་ཕྱུག་མ་ཉེར་བརྒྱད་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ་འབུལ་ལོ། །བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་བདག་གི་ཕྲིན་ལས་རྣམ་བཞི་སྒྲུབ་པ་ལ། བར་ཆད་མི་མཐུན་པའི་ཚོགས་རྣམས་ཐམས་ཅད་བསལ་དུ་གསོལ།། ༈ ཨོཾ། མ་དག་སྣོད་བཅུད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་སྐྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བས་དམ་ཚིག་གིས། །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ཨོཾ་དང་ཨཱཿཧཱུྃ་གིས། །བྱིན་རླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དོང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །མདུན་གྱི་ནམ་མཁར་སྤྲིན་བཞིན་གཏིབས་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། །ཁྱད་པར་


CMR025_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་ལ་མཆོད་པར་བགྱི། །རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག ། རྡོ་རྗེ་ལེགས་པ་སྲིན་མགོན་ཞིང་སྐྱོང་དང་། །མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པའི། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་གི །གཏོར་མ་རྩ་བརྒྱད་པཉྩ་ཨ་མྲྀ་ཏ། །ཛ་གད་རཀྟའི་ཡོན་ཆབ་མཆོད་པར་བཞེས། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་དང་། །དེ་ཁོ་ན་ཡི་ཀུན་བཟང་མཆོད་པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་དེའི། །གནས་ཚུལ་ཇི་བཞིན་རྟོགས་པའི་སྒོ་གསུམ་གྱིས། །བསྟོད་པ་མ་ལུས་པ་ཡིས་བསྟོད་པར་བགྱི། །ཁྱོད་ལ་འདོད་དོན་གསོལ་བ་གདབ་པ་ནི། །བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང་། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་ཚད་སྐད་ཅིག་ཙམ་ཉིད་ལ། །གྲུབ་ནས་ཀརྨ་པ་ཡི་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་དང་། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་བཞིན་


CMR025_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརླག་པ་ཡི། །ནུས་པ་ད་ལྟ་ཉིད་དུ་བསྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་བྱས་པའི་དགེ་བ་དེས། །མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་པ་འདི་དད་པའི་ནོར་ཅན་རིན་ཆེན་དཔལ་མོས་བསྐུལ་བའི་ངོར་ཀརྨ་པ་མི་བསྐྱོད་རྡོ་རྗེས་བསྩལ་བའོ། ཨོྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྩ་གསུམ་སྤྱིའི་གཏོར་བསྔོས་བཞུགས་སོ། གུ་རུ་དྷེ་ཝ་ཌཱཀྐི་ནཱི་ཧཱུྃ། ཨོཾ་ཨཱཿཧཱུྃ༔ ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་སྐྱེད་སྟེང་༔ བྷནྡྷའི་སྣོད་དུ་ཟག་མེད་བདུད་རྩི་ཡི༔ གཏོར་མ་འདི་ཉིད་འབུལ་བའི་གནས་རྣམས་ནི། །པད་འབྱུང་སྐུ་ལྔ་མཚན་བརྒྱད་རྗེ་འབངས་མཆོད༔ གུ་རུ་ཞི་བ་དྲག་པོ་བཀའ་བརྒྱད་དང་དགོངས་འདུས་ཕུར་པ་ཡི་དམ་རྒྱ་མཚོ་མཆོད༔ ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕག་མོ་སོགས༔ མཁའ་འགྲོའི་ཚོགས་རྣམས་ཐམས་ཅད་མཆོད་པར་བགྱི༔ དཔལ་མགོན་མ་ནིང་ཤན་པ་དམར་ནག་སོགས༔ བཀའ་སྲུང་ཆོས་སྐྱོང་ཐམས་ཅད་མཆོད་པར་བགྱི༔ རྣམ་སྲས་ཛཾ་དམར་ཛཾ་ལྷ་སེར་ནག་སོགས༔ ནོར་ལྷ་རྒྱ་མཚོར་གཏོར་མའི་མཆོད་པ་འབུལ༔ རྡོ་རྗེ་ལེགས་པ་དྲང་སྲོང་ཆེན་པོ་སོགས༔ དམ་ཅན་རྒྱ་མཚོ་


CMR025_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་མཆོད་པར་བགྱི༔ བདག་གི་ནད་རིགས་ཀུན་ཞི་ཚེ་བསོད་དཔལ༔ རྒྱས་ཤིང་སྣང་སྲིད་དབང་དུ་འདུས་པར་མཛོད༔ དགྲ་བགེགས་ལོག་འདྲེན་ཆོས་ལོག་དམ་ཉམས་རྣམས༔ སྐད་ཅིག་ཐལ་བའི་རྡུལ་བཞིན་བརླགས་ནས་ཀྱང་༔ བདག་གི་བསམ་པ་ཐམས་ཅད་བསྒྲུབ་ཏུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨཱ་པ་ལ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱིཿ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ནག་པ་ཟླ་བའི་ཚེས་བཅུ་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་སོ༔ ༈ ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གཏོར་བསྔོས་ནི། ཧཱུྃ། རྡོ་རྗེ་འཆང་དངོས་འགྲོ་མགོན་བླ་མ་ཡི། །ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལའི་ཞབས། །ཡུམ་ཆེན་ལས་མཁན་སྡེ་བརྒྱད་བཅས་པ་ལ། །ཀུན་བཟང་མཆོད་སྤྲིན་སྤུངས་པའི་ཞལ་ཟས་དང་། །སྒོ་གསུམ་ལོངས་སྤྱོད་བཅས་པའི་ཕུད་ཀྱིས་མཆོད། །ཕྱི་ཡི་མཆོད་པ་ངོ་མཚར་སྣང་བ་དང་། །ནང་གི་མཆོད་པ་ཤ་ཁྲག་ཨ་མྲྀ་ཏ། །གསང་བའི་མཆོད་པ་བདེ་སྟོང་ཙཀྲ་དང་། དེ་ཁོ་ན་ཉིད་ཐུགས་དམ་གཅིག་བསྡོམ་པའི། །རང་རིག་ཡེ་ཤེས་དག་པའི་མཆོད་གཏོར་འབུལ། །དགྱེས་པ་ཆེན་པོར་བཞེས་ནས་བྱིན་གྱིས་


CMR025_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །དབང་བཞི་ཐོབ་ནས་ཕྲིན་ལས་རྣམ་བཞི་བསྒྲུབ། །མཁའ་མཉམ་སེམས་ཅན་བདེ་ལ་བཀོད་ནུས་པའི། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ་།སྟན་ཐོག་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞྭ་དམར་ལྔ་པས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR025_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་བསྡུས་པ།next