Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་འོག་དམ་ཅན་རྒྱ་མཚོའི་གཏོར་འབུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་འོག་དམ་ཅན་རྒྱ་མཚོའི་གཏོར་འབུལ།next

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་འོག་དམ་ཅན་རྒྱ་མཚོའི་གཏོར་འབུལ།


CMR025_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་འོག་དམ་ཅན་རྒྱ་མཚོའི་གཏོར་འབུལ་བཞུགས་སོ།།


CMR025_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཏོར་དམར་གཏོར་གཉིས་བཤམས། དཀར་གཏོར་གནམ་ཆོས་ལས་བྱུང་བ་ལྟར་བསྔོ་ཞིང་དཀར་ལ་དགའ་བ་ཐམས་ཅད་ལ་དམིགས། དམར་གཏོར་བྲན་ལ། ན་མོ་རྩ་བརྒྱུད་སོགས། ཤ་ཁྲག་བདུད་རྩི་གྱུར་པ་སྲུང་མས་རོལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི་རོ་བཅུད་ནུས་པ་ཕུན་སུམ་ཚོགས་པར་བསམས་ལ། ཨོཾ་མ་ཧཱ་ཀཱ་ལི་ཀཱ་ལི་སརྦ་དྷརྨ་པ་ལ་དགྲ་བགེགས་ཀྱི་སོགས བྷ་ལིཾ་ཏ་ཁཱ་ཧི། ཧཱུྃ། གསོན་ཅིག་མ་ཧཱ་ཀཱ་ལ་ཆེ། གསོན་ཅིག་རྣལ་འབྱོར་དབང་ཕྱུག་མ། །གསོན་ཅིག་གཤིན་རྗེ་ཕོ་མོའི་ཚོགས། །གསོན་ཅིག་ཕོ་རྒྱུད་མོ་རྒྱུད་ཚོགས། །ལྕམ་དྲལ་ཁྱེད་རྣམས་བཀའ་འཁོར་ན། །ཤ་ཟ་ཁྲག་འཐུང་བྱེ་བ་


CMR025_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་། །ཁྱད་པར་སྲོག་གཅོད་ཤན་པ་བརྒྱ། །ཕྱོགས་རྣམས་སྐྱོང་བའི་མགོན་པོ་བཅུ། །དྲེགས་པའི་གཙོ་བོ་བདུན་ཅུ་གཉིས། །ཁྱད་པར་མྱུར་མགྱོགས་རྩལ་ལྡན་གསུམ། །མ་བདུན་སྲིང་བཞི་འབར་མ་དགུ། །དུས་ལ་འཆར་བའི་ལྷ་མོ་བཞི། །དམག་གི་རྒྱལ་མོ་ཆེན་མོ་བཞི། །དབང་ཕྱུག་ཉེར་བརྒྱད་བརྟན་མར་བཅས། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཚོགས། །ཁྲོ་ཆུ་དུག་གདོང་ལས་གཤིན་དྲུག །ཀིང་ཀང་དམར་ནག་དྲེགས་པའི་ཚོགས། །འཆར་ཁ་ནག་པོ་མ་གཤིན་ཚོགས། །སེང་གདོང་ལྷ་མོ་ཌཱཀྐིའི་ཚོགས། །ཕྱག་བཞི་བྱ་


CMR025_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སེང་ཡུམ་དང་འཁོར། །མྱུར་མཛད་མགོན་པོ་གནོད་སྦྱིན་བཞི། །མ་ནིང་སྲོག་བདུད་ཏྲཀྐད་བཅས། །སེང་གདོང་ཡབ་ཡུམ་བམ་རོ་བཅས། །སྲིན་མགོན་གཉན་མགོན་དབང་རྒྱུཕྱུག་བཅས། །བྲག་མགོན་མདུང་འཛིན་རྟ་ནག་དྲེགས། །སྔགས་སྲུང་ཤན་པ་དམར་ནག་དང་། །ཁ་མོ་ཆེ་དང་ངན་ནེ་མ། །དུར་ཁྲོད་བདག་པོ་ཡབ་ཡུམ་བཅས། །ཚེ་རིང་མཆེད་ལྔ་ཨ་ཕྱི་མ། །ཚོགས་བདག་སྔགས་བདག་དྲེགས་པ་ཀླུ། །རེ་མ་ཏི་དང་རཱ་ཧུ་ལ། །འབར་བ་སྤུན་བདུན་རྡོ་རྗེ་རྒྱལ། །སྨྱོ་ཁ་མཁའ་རི་ཐང་ལྷ་འབར། །།ཐང་ལྷ་དྲེགས་པ་སུམ་སྒྲིལ་དང་། །ལུང་བཙན་བེག་རྩེ་སྤུ་གྲི་མཆེད། །མ་མགོན་སྡེ་བརྒྱད་ཇག་མེ་དང་། དྲེགས་ཆེན་བཅོ་བརྒྱད་ཨ་ཙ་ར། །དྲེགས་པ་ཉི་ཤུ་རླུང་ལྷར་འཚུབ། །སྡེ་དཔོན་སུམ་ཅུ་སྡེ་འཁོར་བཅས། །དགེ་བསྙེན་ཉེར་གཅིག་སྤྲུལ་པའི་ཚོགས། །བྱ་ནག་ཚོགས་དང་ཁྱི་ནག་ཚོགས། །གཅན་གཟན་མཁའ་ལྡིང་གདུག་པའི་ཚོགས། །ནམ་མཁའ་ས་བགཞི་བར་སྣང་གང་། །འཇིགས་རུང་རྔམ་པའི་ང་རོ་ཅན། །མི་བཟོད་མཚོན་ཆའི་ཆར་པ་འབེབས། །འདིར་གཤེགས་བཀའ་ཡི་གཏོར་མ་ལོངས། །དེ་རིང་དཔལ་ཆེན་དམ་ལ་


CMR025_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འདུས། །བདེ་གཤེགས་བསྟན་པ་རིན་ཆེན་འདི། །ཁྱོད་ཀྱིས་བསྲུང་བྱ་མ་ཡིན་ནམ། །དམ་ཉམས་ལོག་པར་བལྟ་བ་འདི། །ཁྱོད་ཀྱིས་བསྒྲལ་བྱ་མ་ཡིན་ནམ། །ཆོས་བཞིན་སྤྱོད་པའི་སྒྲུབ་པ་པོ། །ཁྱོད་ཀྱིས་སྐྱོང་བྱ་མ་ཡིན་ནམ། །དམ་རྫ་ས་དམར་གྱི་གཏོར་མ་འདི། ཁྱོད་ཀྱིས་བླང་བྱ་མ་ཡིན་ནམ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། ཁས་བླངས་དམ་བཅས་མི་དྲན་ནམ། །པདྨ་ཐོད་ཕྲེང་ལ་སོགས་པའི། །རིག་འཛིན་བཀའ་ལ་མི་བརྩི་འམ། །།རྩ་བར་བརྒྱུད་པའི་བླ་མ་ཡི། །བཀའ་དང་དམ་ལ་མི་གནས་སམ། །ད་ལྟ་རྣལ་འབྱོར་བདག་ཅག་གིས། །གདུང་བའི་གསོལ་བཏབ་མི་གསན་ནམ། །ཧཱུྃ། མ་གཡེལ་མ་གཡེལ་ལྷ་ཆེན་པོ། །མ་གཡེལ་མ་གཡེལ་དཔལ་ལྷ་མོ། །མ་གཡེལ་མ་གཡེལ་ཆོས་སྐྱོང་ཚོགས། །མ་གཡེལ་མ་གཡེལ་བཀའ་སྡོད་ཚོགས། །གཡབ་པའི་ཚེ་ན་སྤྱན་མ་རྟུལ། །བོས་པའི་ཚེ་ན་སྙན་མ་སྲ། །བརྟེན་པའི་ཚེ་ན་རྒྱང་མ་རིང་། །བསྐུལ་བའི་ཚེ་ན་མཐུ་མ་ཆུང་། །རྦད་པའི་ཚེ་ན་རྩལ་མ་ཞན། །ད་དུས་སྙིགས་མ་ལྔ་ཡི་དུས། །ནག་པོའི་སྤྱོད་པ་ཁ་དར་བས། །སངས་རྒྱས་བསྟན་པ་


CMR025_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་ལ་ཁད། །དཀོན་མཆོག་དབུ་འཕང་སྨད་ལ་ཐུག །དམ་ཉམས་ལོག་པར་ལྟ་བ་འདིས། །ངན་སོང་གསུམ་གྱི་ས་བོན་སྒྲུབ། །འདི་ལ་ཆོས་སྐྱོང་ཁྱེད་རྣམས་ཀྱིས། །བྱམས་པའི་ཐུགས་ཀྱིས་བཟོད་ཕོད་དམ། །བསྐུལ་ལོ་བསྐུལ་ལོ་ཁྲོས་པར་བསྐུལ། །བཞེངས་ཤིག་བཞེངས་ཤིག་རྔམ་པར་བཞེངས། །རྒྱུག་ཅིག་རྒྱུག་ཅིག་རིངས་པར་རྒྱུགས། །མཛོད་ཅིག་མཛོད་ཅིག་ལས་མཛོད་ཅིག །འབར་བའི་ལྕགས་ཀྱུས་སྙིང་ནས་ཟུངས། །བདུད་ཀྱི་ཞགས་པས་དམ་དུ་ཆིངས། །ལྕགས་སྒྲོག་འབར་བས་གནས་ལྔ་སྡོམས། །དྲིལ་ཆེན་སྒྲ་ཡིས་མྱོས་པར་གྱིས། །ཧཱུྃ། སྲུང་བྱེད་འབར་བའི་ལྕགས་ཁང་ནང་། །འདེབས་བྱེད་ཁྲོ་ཆེན་ཕུར་པའི་དབལ། །དྲག་པོ་གསོད་བྱེད་ཐུན་གྱི་ཆར། །གནོད་བྱེད་དགྲ་བགེགས་མཱ་ར་ཡ། །གཅོད་བྱེད་རལ་གྲི་རྣོ་བའི་མཚོན། །རྡུང་བྱེད་ཐོ་བ་གཏུན་ཤིང་ཚོགས། །འབིགས་བྱེད་མདའ་དང་མདུང་རྣམས་ཀྱིས། །སྡང་བའི་དགྲ་བགེགས་མཱ་ར་ཡ། །ཧཱུྃ། ལྕམ་དྲལ་བཀའ་སྲུང་ཐམས་ཅད་ཀྱིས། །སྡང་བྱེད་དམ་ཉམས་དགྲ་བགེགས་འདིས། །དབང་པོ་ལྔ་ལ་ཁ་རཾ་ཁཱ་ཧི། །རྣམ་ཤེས་བརྒྱད་ལ་ཁ་རཾ་ཁཱ་ཧི།


CMR025_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྔ་ལ་ཁ་རཾ་ཁཱ་ཧི། །ཤ་ཁྲག་རུས་ལ་ཁ་རཾ་ཁཱ་ཧི། །དོན་སྙིང་ལྔ་ལ་ཁ་རཾ་ཁཱ་ཧི། །སྲོག་དང་དབུགས་ལ་ཁ་རཾ་ཁཱ་ཧི། །སྡང་བྱེད་དགྲ་བོ་བྱད་མ་འདིས། །འགོ་བའི་ལྷ་ལ་ཁ་རཾ་ཁཱ་ཧི། །སྲུང་བའི་མགོན་ལ་ཁ་རཾ་ཁཱ་ཧི། །བྱམས་པའི་ཕ་མ་ལ་ཁ་རཾ་ཁཱ་ཧི། །མཐུན་པའི་ཉེ་དུ་ལ་ཁ་རཾ་ཁཱ་ཧི། །བརྩེ་བའི་གྲོགས་བཤེས་ལ་ཁ་རཾ་ཁཱ་ཧི། །ཕན་པའི་གཉེན་ཡ་ལ་ཁ་རཾ་ཁཱ་ཧི། །འཁོར་བའི་བྲན་གཡོག་ལ་ཁ་རཾ་ཁཱ་ཧི། །ཤ་ལ་དགའ་བའི་སྲུང་མ་རྣམས། །དགྲ་བགེགས་ཤ་ལ་ད་ཟོ་ཅིག །ཁྲག་ལ་རྔམས་པའི་ཕོ་ཉ་རྣམས། །དགྲ་བགེགས་ཁྲག་ལ་ད་འཐུང་ཅིག །གསོད་ལ་དགའ་བའི་ཤན་པ་རྣམས། །གནོད་བྱེད་དགྲ་བགེགས་ད་སོད་ཅིག །གཅོད་ལ་དགའ་བའི་རྔོན་པ་རྣམས། །དགྲ་བགེགས་སྲོག་རྩ་ད་ཆོད་ཅིག །ཧཱུྃ། བྱམས་པ་ཆེན་པོས་བསྒྲལ་བའི་ལས། །འདི་ནི་བྱང་ཆུབ་མཆོག་གི་རྒྱུ། །བསྒྲལ་བར་བྱ་བ་མི་དམིགས་པས། །བསྒྲལ་དང་སྒྲོལ་བྱེད་དབྱིངས་སུ་ཞི། །གཏོར་མ་བཀྱག་གམ་ཕྱིར་བསྒྱུར་ལ། ཐྩོ༔ རྡོ་རྗེ་གར་གྱི་སྐག་ཟློག་མ། །ཤར་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་


CMR025_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །རིན་ཆེན་གར་གྱི་སྐག་ཟློག་མ། །ལྷོ་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །པདྨ་གར་གྱི་སྐག་ཟློག་མ། །ནུབ་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ལས་ཀྱི་གར་གྱི་སྐག་ཟློག་མ། །བྱང་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །གཞན་གྱིས་ཕུར་ཆེན་འདེབས་པ་ཟློག །ཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །གཤིན་རྗེས་འཁོར་ལོ་བསྐོར་བ་ཟློག །བདུད་ཀྱིས་ཁྲམ་ལ་བཏབ་པ་ཟློག །མ་མོས་ཁྲག་ཟོར་འཕེན་པ་ཟློག །ཀླུ་ཡིས་བྱད་དུ་བཅུག་པ་ཟློག །ཕོ་ཉས་བླ་སྲོག་འཕྲོག་པ་ཟློག །ཐེའུ་རང་ཚེ་ལ་བརྐུ་བ་ཟློག །མུ་སྟེགས་ངན་སྔགས་བྱེད་པ་ཟློག །ཞང་ཞུང་ཇོ་ཟོར་འཕེན་པ་ཟློག །བོན་པོའི་སྔགས་ལོག་བསྒྲུབས་པ་ཟློག །སུམ་པས་གླིང་ཟོར་འཕེན་པ་ཟློག །སྐྱེས་པས་མདའ་ཟོར་འཕེན་པ་ཟློག །བུད་མེད་དམོད་ཟོར་འཕེན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་


CMR025_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །བཟློག་གོ་དམར་ཆེན་གཏོར་མས་*ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །གཏོར་མ་ཕྱིར་ཁྱེར་བཅུག་ཅིང་། ཨོཾ་ལོཀ་ཏྲི་པཱ་ལ་ནན། ས་ག་པ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙི་ཙ་ར་ཙི་ཙ་ར། ཐཾ་རུ་ལུ་ཁཾ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར། ཙི་དུ་སོད་ཙི་དུ་སོད། ཤིག་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་དུལ། བདག་གི་གནོད་བྱེད་ཀཱ་ཝཱ་ཙི་བརླག་བརླག །ཅེས་རོལ་མོ་དྲག་ཏུ་བྱའོ། །གཏོར་སྣོད་ཚུར་ལམ་ཁ་ནང་དུ་བསྟན་ཏེ་ཁྱེར་ནས་མདུན་དུ་སྤྲུབ་ལ། ན་མོ་དཀོན་མཆོག་རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་དགྲ་བགེགས་བྱད་མ་དམ་སྲི་ཐམས་ཅད་ས་རིམ་པ་དགུ་ཡི་ས་འོག་ལྕགས་སྒྲོམ་གྲུ་གསུམ་མེ་འབར་བའི་ནང་དུ་ཚུད་པའི་སྟེང་དུ་གཏོར་སྣོད་སུམ་རིམ་ལས་རི་རབ་སྣ་ཚོགས་རྡོ་རྗེས་མཚན་པ་གཅིག་གིས་བསྐལ་པའི་བར་དུ་མནན་པར་གྱུར། ཧཱུྃ། ཐུགས་རྗེའི་འགྲོ་འདུལ་དཀྱིལ་འཁོར་དུ། །བར་ཆད་དམ་སྲི་འདུལ་བའི་ལྷ། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །དབང་ཆེན་རྔམས་


CMR025_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲ་སྒྲོག་ཅིང་། །དཔལ་གྱི་རྟ་སྐད་ཙེ་རེ་རེ། །ཁྲོ་བོའི་འབྲུག་སྒྲ་དྷི་རི་རི། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། །བར་ཆད་དམ་སྲི་རྡུལ་དུ་རློག །ཨོཾ་ཧིཔདྨནྟ་ཀྲི་ཏ་བཛྲ་ཀྲོ་དྷ་བྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གནོད་བྱེད་དམ་སྲི་སྟམྦྷ་ཡ་ནན། ཞེས་གཏོར་བྲོ་བརྡུང་ལ། གཏོར་གཞོང་ཁ་གྱེན་དུ་ཟེད་ལ་དངོས་གྲུབ་ཀྱིས་གང་བར་བསམས་ལ། སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ། ཞེས་མགོན་པོའི་གཞུང་གི་བསྐུལ་པ་ལ་ལྷ་འགའ་ཞིག་གི་མཚན་རྣམས་བསྣན་པ་དང་། དགྲ་བོ་ཟེར་བ་དགྲ་བགེགས་བསྒྱུར་བ་ཙམ་བྱས་ཏེ་གཏོར་འབུལ་ཉུང་བསྡུས། གོང་གི་བཀུག་གཞུག་བྱང་བདག་ཆེན་པོས་མཛད་པ་དང་། བསྒྲལ་དམིགས་རྟ་མགྲིན་ལས་རིམ་བདུན་པ་ལས་བྱུང་བ་ཚིགས་བཅད་དུ་ཕབ་སྟེ། བླ་མ་དོན་གྲུབ་ནས་བསྐུལ་ངོར་སྔགས་འཆང་རྣལ་འབྱོར་པ། ༧ རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་ལ་འགལ་འཁྲུལ་ཉེས་པ་གང་མཆིས་ལྷ་དང་སྲུང་མའི་ཚོགས་ལ་བཤགས། དགེ་བས་རྒྱལ་བའི་བསྟན་པ་འཕེལ་ཞིང་རྒྱས་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་འོག་དམ་ཅན་རྒྱ་མཚོའི་གཏོར་འབུལ།next