Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་འོག་དམ་ཅན་རྒྱ་མཚོའི་གསོལ་ཁ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་འོག་དམ་ཅན་རྒྱ་མཚོའི་གསོལ་ཁ།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་འོག་དམ་ཅན་རྒྱ་མཚོའི་གསོལ་ཁ།


CMR025_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་འོག་དམ་ཅན་རྒྱ་མཚོའི་གསོལ་ཁ་བཞུགས་སོ།།


CMR025_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷ་ཝ་ཤུདྡྷོསརྦ་དྷརྨ་སྭ་བྷ་ཤུདྡྷོཉཧཾ་གིས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་མགོ་བོའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་ཤིང་། ཡེ་ཤེས་ཀྱི་བདུད་རྩི་དང་གཅིག་ཏུ་འདྲེས་པར་གྱུར་པའི་གཏོར་མ་རྣམས་དང་། །ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི་སྒྲུབ་པའི་རྫས་མཆོད་པའི་རྫས་བསྐང་བའི་རྫས་རྟེན་པའི་རྫས་ལ་སོགས་པ་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པར་གྱུར། ཨོཾ་བཛྲ་ཨགྷཾ་ཨཱཿཧཱུྃ། དེ་བཞིན་ཏུ། པཱདྱཾ༴ པུཥྛ༴ དྷ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནེ་ཝི་


CMR025_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དྱ༴ ཤབྟ་ཨཱཿཧཱུྃ། ཨོཾ་མ་ཧཱ་མཱ་ས། རཀྟ། ཙིཏྟ། བ་སུ་ཏ། མཉྩ་མེ་ཙི། གོ་རོ་ཙ་ན། ཨ་མྲྀ་ཏ། སུ་ར་ཏ། བ་ལི་ཏ། ཀིཾ་ནི་རི་ཏི་ཨོཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས། ཧཱུྃ། རང་བཞིན་རྣམ་དག་དབྱིངས་ཉིད་ལས། །ཐུགས་རྗེས་རབ་སྤྲུལ་སྤྲུལ་པའི་སྐུ། །སྐྱེ་མེད་ངང་ལས་འཇིགས་ཆེན་སྐུ། །བསྟན་པ་གཉེན་པོ་བསྲུང་བའི་ཕྱིར། །མི་འདའ་ཐུགས་རྗེས་རྩེ་གཅིག་གིས། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །བྱ་རོག་མཚན་ཅན་གནས་འདིར་བྱོན། །དུད་སོལ་ལྷ་མོ་གནས་འདིར་


CMR025_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། །མྱུར་མཛད་མགོན་པོ་གནས་འདིར་བྱོན། །མགོན་དཀར་ཡིད་བཞིན་གནས་འདིར་བྱོན། །བདག་ཅག་གུས་པས་ཕྱག་བགྱི་ཞིང་། །ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད། །ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཡབ་གཅིག་ལེགས་ལྡན་ནག་པོ་ནི། །ཡེ་ཤེས་མགོན་པོའི་ཚོགས་ཀྱིས་བསྐོར། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །བེང་དམར་ཚོགས་བདག་གནས་འདིར་བྱོན། །ཨ་གྷོ་ར་ཡང་གནས་འདིར་བྱོན། །མ་ནིང་རིགས་ལྔ་གནས་འདིར་བྱོན། །རང་བྱུང་རྒྱལ་མོ་གནས་འདིར་བྱོན། །རེ་མ་ཏི་ཡང་གནས་འདིར་བྱོན། །རེ་ཏི་མཆེད་བཞི་གནས་འདིར་བྱོན། །ཨེ་ཀ་ཙ་ཏི་གནས་འདིར་བྱོན། །རྟ་ནག་དྲེགས་པ་གནས་འདིར་བྱོན། །བདག་ཅག་གུས་པས་ཕྱག་བགྱི་ཞིང་། །ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད། །ཧཱུྃ། བྱང་ཕྱོགས་དུར་ཁྲོད་ཆེན་པོ་ཡི། །བྲག་སྟེང་གྲུ་གསུམ་གཞལ་ཡས་ནས། །སྲས་མཆོག་ནག་པོ་འཇིགས་པའི་སྐུ། །ཕྱོགས་བཅུ་མགོན་པོའི་དབུས་ནས་བཞེངས། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །གུར་གྱི་མགོན་པོ་གནས་འདིར་བྱོན། །ནག་པོ་འབར་བ་གནས་འདིར་བྱོན། །འདོད་ཁམས་


CMR025_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་མོ་གནས་འདིར་བྱོན། །བདག་ཅག་གུས་པས་ཕྱག་བགྱི་ཞིང་། །ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད། །ཧཱུྃ། རི་རབ་མཆོག་གི་ཁོང་སེང་ནས། །འཇིག་རྟེན་མགོན་པོ་གཟི་བརྗིད་ཅན། །མགོ་བརྙན་ཚོགས་བཅས་དབུས་ནས་བཞེངས། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །བདུད་རྒྱལ་ཐོད་ཕྲེང་གནས་འདིར་བྱོན། །སེང་གདོང་ཡབ་ཡུམ་གནས་འདིར་བྱོན། །ཏྲཀྵད་ནག་པོ་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ། བྱང་ཕྱོགས་དུར་ཁྲོད་ཆེན་པོ་ཡི། །མི་འགྱུར་བྲག་སྟེང་གྲུ་གསུམ་གྱི། །ཐེམ་སྟེང་མ་ཆགས་པད་མའི་སྟེང་། །དཔལ་ལྡན་སྲས་མཆོག་ནག་པོ་ཆེ། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །ཧཱུྃ་མཛད་ནག་པོ་གནས་འདིར་བྱོན། །གྲི་གུག་མ་ཡང་གནས་འདིར་བྱོན། །ཟངས་གྲི་ཅན་ཡང་གནས་འདིར་བྱོན། །སེང་ཞོན་སྟག་ཞོན་གནས་འདིར་བྱོན། །བྱ་རོག་གདོང་དགུ་གནས་འདིར་བྱོན། །རྩ་འཇིབ་མ་མོ་གནས་འདིར་བྱོན། །འདིར་གཤེགས་བཤམས་


CMR025_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ། རྩོད་ལྡན་བསྟན་པ་སྙིགས་དུས་སུ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །དམ་ཅན་ཐུགས་བསྐྱེད་ཐུགས་དམ་ཅན། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །གྲི་གུག་འཛིན་པ་གནས་འདིར་བྱོན། །ཐོད་པ་འཆང་བ་གནས་འདིར་བྱོན། །དུར་ཁྲོད་བདག་པོ་གནས་འདིར་བྱོན། །མཁའ་འགྲོའི་གཙོ་མོ་གནས་འདིར་བྱོན། །གཟི་བརྗིད་ཆེན་པོ་གནས་འདིར་བྱོན། །ཡ་མ་རཱ་ཛ་གནས་འདིར་བྱོན། །སྲས་མཆོག་ནག་པོ་གནས་འདིར་བྱོན། །ཀིང་ཀའི་ཚོགས་བཅས་གནས་འདིར་བྱོན། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཤེལ་སྒོང་ནག་པོ་སྤྱི་དཀར་དང་། །མཁའ་ལྡིང་ནག་པོ་གསེར་མིག་དང་། །བདུད་རྩི་རྣམ་ལྔ་སྦྱར་བའི་སྨན། །དམར་ཆེན་ཁྲག་གི་ཨརྒྱུ་དང་། །མེ་ཏོག་བདུག་སྤོས་བྱུག་པ་དང་། །ཁུར་བ་ཤིང་ཐོགས་སྣ་ཚོགས་དང་། །དཔའ་བོ་ཆང་གི་རོ་མཆོག་


CMR025_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྨན་རྣམས་སྦྱར་བའི་རིལ་བུ་དང་། །རིན་ཆེན་སྣ་ལྔའི་ཕྱེ་མ་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པ་དང་། །བ་ལཾ་བཤོས་བུ་ཟུར་གསུམ་དང་། །ཤ་ཁྲག་དམར་གྱི་གཏོར་མ་དང་། །དར་ཚོན་སྣ་ལྔའི་མཆོད་པ་དང་། །ཤ་སྣ་སྙིང་སྣ་ཁྲག་སྣ་དང་། །སྨན་སྣ་སྤོས་སྣ་མེ་ཏོག་དང་། །ཕྱི་ནང་གསང་བ་བླ་མེད་ཀྱི། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །རབ་ཏུ་འགྱོད་པས་ཉེས་ཀུན་བཤགས། །ཐུགས་དང་འགལ་བ་བཟོད་པར་གསོལ། །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །རྡོ་རྗེ་སློབ་དཔོན་མཚན་ལྡན་དང་། །རྡོ་རྗེ་མཆེད་ལྕམ་དམ་ཚིག་ལྡན། །རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །འཁོར་དང་ལོངས་སྤྱོད་དབང་སྡུད་དང་། །བདུད་དཔུང་འཇོམས་ཤིང་དགྲ་བགེགས་བཏུལ། །ནད་པ་སྲིའུ་གསོ་བ་དང་། །གཙུག་ལག་ཁང་སྲུང་ཆོས་འཁོར་སྐྱོངས། །ཕ་རོལ་དམག་དཔུང་བཟློག་པ་དང་། །བྱད་མ་རྦོད་གཏོང་བཟློག་པ་དང་། །ནད་རིམས་དལ་ཁ་བསྒྱུར་བ་དང་། །བན་དགྲ་ལོག་ལྟ་རང་གཤེད་


CMR025_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས། །བྱོལ་པོ་ཆག་ཆེན་བཟློག་ལ་སོགས། །གང་བཅོལ་ཕྲིན་ལས་ཁྱོད་ཀྱིས་མཛོད། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །བླ་མའི་སྐུ་དགྲ་ཁྱོད་ཀྱིས་ཐུལ། །རྣལ་འབྱོར་སྒོས་དགྲ་ཁྱོད་ཀྱིས་སྒྲོལ། །རྗེས་འཇུག་བུ་སློབ་ཁྱོད་ཀྱིས་སྐྱོངས། །དཀོར་དང་རྟེན་མཆོད་ཁྱོད་ཀྱིས་སྲུངས། །ཕོ་ཉ་དོན་བསྒྲུབ་བསུ་སྐྱེལ་གྱིས། །དད་མོས་ཡོན་བདག་ཁྱོད་ཀྱིས་སྐྱོངས། །མི་ནོར་རྟ་ཕྱུགས་ཁྱོད་ཀྱིས་སྲུངས། །བསྒྲུབ་པའི་བར་ཆད་ཁྱོད་ཀྱིས་སོལ། །གསང་སྔགས་བཟླས་རྒྱུན་ཁྱོད་ཀྱིས་ཟུངས། །མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོར། །ཐུགས་དམ་ཞལ་བཞེས་མ་གཡེལ་བར། །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ། །ཧཱུྃ། ཤར་གྱི་མགོན་པོ་གནས་འདིར་བྱོན། །དཔལ་རབ་འཆང་བ་གནས་འདིར་བྱོན། །ཉི་ཚེ་འབྲུག་ཆིབས་གནས་འདིར་བྱོན། །བྱ་ཁྲ་ལྡིང་བ་གནས་འདིར་བྱོན། །སྟག་གཟིག་འབྲང་བ་གནས་འདིར་བྱོན། །ལམ་ལྷའི་རྒྱལ་པོ་གནས་འདིར་བྱོན། །རེ་མནྟ་ཡང་གནས་འདིར་བྱོན། །འཁོར་


CMR025_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལྔ་བརྒྱ་གནས་འདིར་བྱོན། །ཡུལ་འཁོར་སྲུང་བ་གནས་འདིར་བྱོན། །གཏེར་སྲུང་སྤྲོམ་ར་གནས་འདིར་བྱོན། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ། ལྷོ་ཡི་མགོན་པོ་གནས་འདིར་བྱོན། །དཔལ་ལྡན་མགོན་པོ་གནས་འདིར་བྱོན། །སེར་ཆེན་འབེབས་པ་གནས་འདིར་བྱོན། །བེང་ཆེན་བསྣམས་པ་གནས་འདིར་བྱོན། །འཕགས་སྐྱེས་པོ་ཡང་གནས་འདིར་བྱོན། །འཆར་ཁ་ནག་པོ་གནས་འདིར་བྱོན། །ཅིག་ཚེར་དམར་པོ་གནས་འདིར་བྱོན། །དམ་ཅན་ཆོས་རྒྱལ་གནས་འདིར་བྱོན། །ལྷ་དམག་འཁོར་བཅས་གནས་འདིར་བྱོན། །ཡཀྵ་ཀ་ལ་གནས་འདིར་བྱོན། །ལྕགས་ཀྱི་བྱ་ཁྲ་བྱ་ཁྱུང་བཞི། །མཁའ་ལྡིང་དམར་ནག་ཁྲ་བོའི་ཚོགས། །བར་སྣང་ཁམས་ནས་གནས་འདིར་བྱོན། །སྟག་གཟིག་དོམ་དྲེད་ཁྱི་བརྒྱད་བཅས། །ས་ཡི་ཕྱེད་ནས་གནས་འདིར་བྱོན། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །


CMR025_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ། ནུབ་ཀྱི་མགོན་པོ་གནས་འདིར་བྱོན། །མཚལ་བུ་ཆིབས་པ་གནས་འདིར་བྱོན། །གྲི་གུག་འཛིན་པ་གནས་འདིར་བྱོན། །གྲུ་ཚལ་བསྣམས་པ་གནས་འདིར་བྱོན། །སྟག་གཟིག་མགོ་ཅན་གནས་འདིར་བྱོན། །སྤྱན་མི་བཟང་བ་གནས་འདིར་བྱོན། །མ་ཧཱ་བ་ལ་གནས་འདིར་བྱོན། །ཝ་རུ་ཎ་སེ་གནས་འདིར་བྱོན། །སྨྱོ་ཁ་མཁར་ནག་གནས་འདིར་བྱོན། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ། བྱང་གི་མགོན་པོ་གནས་འདིར་བྱོན། །རྣམ་ཐོས་སྲས་པོ་གནས་འདིར་བྱོན། །སེང་གེ་ཆིབས་པ་གནས་འདིར་བྱོན། །གསེར་གྱི་མདོག་ཅན་གནས་འདིར་བྱོན། །གསེར་ཕྲེང་རྒྱན་མཛད་གནས་འདིར་བྱོན། །རྣམ་སྲས་རིགས་དགུ་གནས་འདིར་བྱོན། །མགོན་པོ་འཁོར་བཅས་གནས་འདིར་བྱོན། །ཨ་པར་ཙིཏྟ་གནས་འདིར་བྱོན། །རྡོ་རྗེ་བདུད་འདུལ་གནས་འདིར་བྱོན། །ལྗང་གནས་བཅུ་དྲུག་གནས་


CMR025_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བྱོན། །ཆོས་སྤྱན་སོ་གཉིས་གནས་འདིར་བྱོན། །ཡུལ་སྐྱོང་ལྔ་བརྒྱ་གནས་འདིར་བྱོན། །གནོད་སྦྱིན་བྱེ་བ་གནས་འདིར་བྱོན། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ། ཤར་ལྷོའི་མགོན་པོ་གནས་འདིར་བྱོན། །ཛཾ་བྷ་ལ་ཡང་གནས་འདིར་བྱོན། །ནོར་ལྷའི་རྒྱལ་པོ་གནས་འདིར་བྱོན། །ཆུ་རིས་ཆིབས་མཛད་གནས་འདིར་བྱོན། །སྔོ་ཁྲ་རོལ་ཁྲིད་གནས་འདིར་བྱོན། །ངང་པ་ཕྱིར་འགྲོ་གནས་འདི་བྱོན། །ཤིང་ཐོག་བསྣམས་པ་གནས་འདིར་བྱོན། །ནོར་ལྷ་མཆེད་བཅས་གནས་འདིར་བྱོན། །ནོར་རྒྱུན་མཆེད་ལྔ་གནས་འདིར་བྱོན། །གནོད་སྦྱིན་མོ་བརྒྱད་གནས་འདིར་བྱོན། །ཛཾ་ལྷ་རིགས་དགུ་གནས་འདིར་བྱོན། །བྷ་ཝ་ཡ་མེད་གནས་འདིར་བྱོན། །རྡོ་རྗེ་རྒྱལ་མཚན་གནས་འདིར་བྱོན། །གནོད་བྱེད་གང་མཛེས་གནས་འདིར་བྱོན། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་


CMR025_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ། ལྷོ་ནུབ་མགོན་པོ་གནས་འདིར་བྱོན། །མཛེས་ལྡན་སྲས་པོ་གནས་འདིར་བྱོན། །ཤུགས་ལྡན་མགོན་པོ་གནས་འདིར་བྱོན། །དར་དཀར་བསྣམས་པ་གནས་འདིར་བྱོན། །སྲིན་མགོན་ཡབ་ཡུམ་གནས་འདིར་བྱོན། །མགོན་པོ་བྲམ་གཟུགས་གནས་འདིར་བྱོན། །མ་ཧཱ་དྷེ་ཝ་གནས་འདིར་བྱོན། །ལྷ་དམག་འཁོར་བཅས་གནས་འདིར་བྱོན། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ། ནུབ་བྱང་མགོན་པོ་གནས་འདིར་བྱོན། །ཤ་བ་རི་ཡང་གནས་འདིར་བྱོན། །ནོར་ཕྱུགས་སྐྱོང་མཛད་གནས་འདིར་བྱོན། །བེའུ་ལུག་སྐྱོང་མཛད་གནས་འདིར་བྱོན། །གོད་འདྲེ་འདུལ་མཛད་གནས་འདིར་བྱོན། །གོད་ཡམས་གཅོད་མཛད་གནས་འདིར་བྱོན། །བྲག་ལྷ་མགོན་པོ་གནས་འདིར་བྱོན། །མགོན་པོ་མདུང་འཛིན་གནས་འདིར་བྱོན། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན།། །འདིར་གཤེགས་བཤམས་པའི་གདན་ལ་


CMR025_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ། བྱང་ཤར་མགོན་པོ་གནས་འདིར་བྱོན། །རྣམ་སྣང་དབུ་བརྒྱན་གནས་འདིར་བྱོན། །གཙུག་ཏོར་ལྗང་གུ་གནས་འདིར་བྱོན། །འཇོལ་བེར་མནབས་པ་གནས་འདིར་བྱོན། །སྡོང་དྲིལ་བསྣམས་པ་གནས་འདིར་བྱོན། །དམག་དཔོན་ཆེན་པོ་གནས་འདིར་བྱོན། །དགྲ་བོ་གསོད་བྱེད་གནས་འདིར་བྱོན། །གནོད་བྱེད་འདུལ་མཛད་གནས་འདིར་བྱོན། །ལྷ་བདུད་འཇོམས་མཛད་གནས་འདིར་བྱོན། །ཆུང་སྲི་འདུལ་བྱེད་གནས་འདིར་བྱོན། །ཚོགས་བདག་རིགས་ལྔ་གནས་འདིར་བྱོན། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ། སྟེང་གི་མགོན་པོ་གནས་འདིར་བྱོན། །གཙུག་ཕུད་ཅན་ཡང་གནས་འདིར་བྱོན། །རལ་གྲི་འཛིན་པ་གནས་འདིར་བྱོན། །ཡ་བདུད་འཇོམས་པ་གནས་འདིར་བྱོན། །མ་ཡམས་ཟློག་བྱེད་གནས་འདིར་བྱོན། །ཚངས་པའི་རྒྱལ་པོ་གནས་འདིར་


CMR025_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། །དྲི་ཟའི་རྒྱལ་པོ་གནས་འདིར་བྱོན། །ལྷ་ཆེན་ཐང་ལྷ་གནས་འདིར་བྱོན། །ཟུར་ཕུད་ལྔ་པ་གནས་འདིར་བྱོན། །གནམ་མཚོའི་རྒྱལ་མོ་གནས་འདིར་བྱོན། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ༔ འོག་གི་མགོན་པོ་གནས་འདིར་བྱོན། །ལྷ་མོ་བརྟན་མ་གནས་འདིར་བྱོན། །བརྟན་མ་བཅུ་གཉིས་གནས་འདིར་བྱོན། །ཚེ་རིང་མཆེད་ལྔ་གནས་འདིར་བྱོན། །ཨ་ཕྱི་མཆེད་ལྔ་གནས་འདིར་བྱོན། །ཕག་གདོང་མཆེད་གསུམ་གནས་འདིར་བྱོན། །ཀུན་འཁྱིལ་མཆེད་གསུམ་གནས་འདིར་བྱོན། །ས་བདག་ནག་མོ་གནས་འདིར་བྱོན། །ཀླུ་མགོན་འཁོར་བཅས་གནས་འདིར་བྱོན། །གཞོན་ནུ་གཏུམ་པོ་གནས་འདིར་བྱོན། །མི་མགོན་དཀར་པོ་གནས་འདིར་བྱོན། །ནོར་རྒྱས་སེར་པོ་གནས་འདིར་བྱོན། །ཀླུ་རྒྱལ་གང་མཛེས་གནས་འདིར་བྱོན། །མ་ཡམས་ཟློག་བྱེད་གནས་འདིར་བྱོན། །སྲིད་ཅན་འདུལ་མཛད་གནས་འདིར་བྱོན། །།མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །འདིར་


CMR025_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །ཧཱུྃ། རྒྱལ་རྗེ་དམངས་གདོལ་བྲམ་ཟེ་བཞི། །ཀླུ་རྣམས་འདུལ་མཛད་གནས་འདིར་བྱོན། །ནཱ་ག་རཀཱ་གནས་འདིར་བྱོན། །བདུད་མོའི་ཚོགས་རྣམས་གནས་འདིར་བྱོན། །ཡ་བདུད་ཚོགས་རྣམས་གནས་འདིར་བྱོན། །སྲོག་སྒྲུབ་ནག་མོ་གནས་འདིར་བྱོན། །ཁ་མོ་ཆེ་ཡང་གནས་འདིར་བྱོན། །བ་ལམ་དྲེལ་སྣ་གནས་འདིར་བྱོན། །སྟག་སྨན་སོར་ལྡེམ་གནས་འདིར་བྱོན། །དབང་ཕྱུག་ཉེར་བརྒྱད་གནས་འདིར་བྱོན། །ལྷ་མོ་ཁོ་ལེ་གནས་འདིར་བྱོན། །མ་མོའི་འཁོར་ཚོགས་གནས་འདིར་བྱོན། །དུར་ཁྲོད་སྲུང་མ་གནས་འདིར་བྱོན། །དུར་ཁྲོད་བདག་པོ་གནས་འདིར་བྱོན། །དུར་ཁྲོད་བདག་མོ་གནས་འདིར་བྱོན། །ངས་ནུས་མ་ཡང་གནས་འདིར་བྱོན། །བསྟན་པ་སྲུང་བྱེད་གནས་འདིར་བྱོན། །དགྲ་བོ་གསོད་བྱེད་གནས་འདིར་བྱོན། །གནོད་བྱེད་འདུལ་མཛད་གནས་འདིར་བྱོན། །ཤ་ལ་སྲེད་རྣམས་གནས་འདིར་བྱོན། །ཁྲག་ལ་མོས་པའི་འཁོར་ཚོགས་རྣམས། །དམ་ཅན་


CMR025_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་གནས་འདིར་བྱོན། །ཕོ་ཉའི་ཚོགས་རྣམས་གནས་འདིར་བྱོན། །དྲང་སྲོང་ཁྱབ་འཇུག་གནས་འདིར་བྱོན། །བྱ་ཁྲ་ཆིབས་ཤིང་གནས་འདིར་བྱོན། །ཤན་པ་དམར་ནག་གནས་འདིར་བྱོན། །ཁྱུང་དམར་ཆིབས་ཤིང་གནས་འདིར་བྱོན། །དམག་ཟོར་རྒྱལ་མོ་གནས་འདིར་བྱོན། །རབ་བརྟན་མ་ཡང་གནས་འདིར་བྱོན། །དཔལ་གྱི་ལྷ་མོ་གནས་འདིར་བྱོན། །དྲེལ་རྟ་ཆིབས་ཤིང་གནས་འདིར་བྱོན། །སྤྱང་ཞོན་མཆེད་གསུམ་གནས་འདིར་བྱོན། །ལྕགས་སྤྱང་ས་ཡ་དྲུག་འབུམ་ལ། །ཆིབས་པའི་དམག་ཚོགས་གནས་འདིར་བྱོན། །ལས་མགོན་བྱ་ཞོན་གནས་འདིར་བྱོན། །བདུད་བྱ་ནག་པོ་ས་ཡ་ལ། །དྲུག་འབུམ་ཆིབས་རྣམས་གནས་འདིར་བྱོན། །བྱ་ཁྲ་ས་ཡ་དྲུག་འབུམ་ལ། །ཆིབས་པའི་དམག་ཚོགས་གནས་འདིར་བྱོན། །རུས་སྦལ་ས་ཡ་དྲུག་འབུམ་ལ། །ཆིབས་པའི་དམག་ཚོགས་གནས་འདིར་བྱོན། །བདུད་ཕོ་མི་ནག་རྟ་ནག་དང་། །བདུད་ཕོ་མི་དམར་རྟ་དམར་དང་། །བདུད་ཕོ་མི་སྔོན་རྟ་སྔོན་དང་། །སྤུ་གྲི་མཆེད་གསུམ་གདོང་ལྷ་དང་། །འབར་བ་སྤུན་བདུན་ཐང་ལྷ་དང་། །བཙན་རྒྱལ་སྐྱེས་བུ་ལུང་བཙན་དང་། །


CMR025_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཇག་པ་མེ་ལེན་བེག་རྩེ་སོགས། །བཀའ་ཉན་ཚོགས་རྣམས་གནས་འདིར་བྱོན། །མཁའ་རི་ལྕམ་དྲལ་ཡེ་ཤེས་གྲགས། །ཨ་ཙར་དགུ་ཐུབ་སྙིང་དྲུང་བཙན། །དམ་ཅན་ཚོགས་རྣམས་གནས་འདིར་བྱོན། །དམ་ཅན་མཆེད་ལྔ་གནས་འདིར་བྱོན། །ཡེ་བརྫུ་མཆེད་ལྔ་གནས་འདིར་བྱོན། །ཕོ་ཉའི་ཚོགས་རྣམས་གནས་འདིར་བྱོན། །མགྱོགས་བྱེད་ཚོགས་རྣམས་གནས་འདིར་བྱོན། །བདུད་པོ་རྡོར་འབར་གནས་འདིར་བྱོན། །རྩ་དུ་མཆེད་ལྔ་གནས་འདིར་བྱོན། །ཚེ་རིང་རོ་ལངས་གནས་འདིར་བྱོན། །ཁ་ལ་ལ་མེ་འབར་གནས་འདིར་བྱོན། །ཐང་ནག་དཔལ་མོ་གནས་འདིར་བྱོན། །མུ་མཐར་ཁྱབ་རྣམས་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །བ་ལི་གཏོར་མའི་མཆོད་པ་འབུལ། །དམར་ཆེན་རཀྟའི་མཆོད་པ་འབུལ། །བདུད་རྩི་ཛ་གད་མཆོད་པ་འབུལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །དགྲ་བོའི་ཤ་ཁྲག་མཆོད་པ་འབུལ། །རབ་ཏུ་འགྱོད་པས་ཉེས་ཀུན་


CMR025_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །ཐུགས་དང་འགལ་བ་བཟོད་པར་གསོལ། །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་ལྕམ་དམ་གནས་དང་། །སྒྲུབ་པའི་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །དུས་རྣམས་ཀུན་ཏུ་སྲུང་བ་དང་། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །འཁོར་དང་ལོངས་སྤྱོད་དབང་སྡུད་ཅིང་། །གདུག་པའི་དགྲ་བགེགས་ཚར་གཅོད་དང་། །ནད་པ་སྲིའུ་གསོ་བ་དང་། །གཙུག་ལག་ཁང་སྲུང་ཆོས་འཁོར་སྐྱོངས། །དམག་དཔུང་གཞོམ་ཞིང་བདག་རྒྱལ་དང་། །རིག་སྔགས་རྒོད་གཏོང་ཟློག་པ་དང་། །བྱད་མ་ཟོད་གཏོང་ཟློག་པ་དང་། །ནད་རིམས་དལ་ཁ་བསྒྱུར་བ་དང་། །ལོག་ལྟ་དབང་སྡུད་ཟིལ་གནོན་སོགས། །ཅི་བཅོལ་ཕྲིན་ལས་ཁྱོད་ཀྱིས་མཛོད། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །བླ་མའི་སྐུ་དགྲ་ཁྱོད་ཀྱིས་སྒྲོལ། །མཆེད་ལྕམ་སྐུ་ཚེ་ཁྱོད་ཀྱིས་སྲིངས། །རྣལ་འབྱོར་སྒོས་དགྲ་ཁྱོད་ཀྱིས་སྒྲོལ། །མི་ནུབ་བསྟན་པའི་རྒྱལ་མཚན་


CMR025_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོར། །ཐུགས་དམ་ཞལ་བཞེས་མ་གཡེལ་ཅིག །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ། །སྤྲོ་ན། ཨོཾ་ཨཱཿཧཱུྃ། བསྟན་སྲུང་མཐར་ཐུག་རྡོ་རྗེ་བེར་ཆེན་དང་། །ཡུམ་ཆེན་དཔལ་ལྡན་ལྷ་མོ་རང་བྱུང་མ། །སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་དང་། །ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུ་སོགས། །ཕོ་ཉ་ལས་མཁན་བསམ་ཡས་གྲངས་འདས་ལ། །མཉེས་རྫས་དྲག་པོའི་རྟག་གཏོར་ཆེན་པོ་དང་། །སྨན་དང་རཀྟ་གསེར་དངུལ་དར་ཟབ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་མཆོད་རྫས་འབུལ། །དགྱེས་པར་བཞེས་ལ་ཅི་བསམ་ཕྲིན་ལས་མཛོད། །ཅེས་སོགས་བརྗོད་ཅིང་སྤོས་དང་རོལ་མོ་འབུལ། ཧཱུྃ། བཀའ་བརྒྱད་ཕོ་ཉ་ཡོངས་རྫོགས་ཐུགས་དམ་ཅན། །དམ་རྫས་བདུད་རྩི་འབར་བ་དང་། །འདོད་ཡོན་བརྒྱན་པའི་མཆོད་གཏོར་བཞེས། །ཡིད་ལ་བརྣག་པའི་དགྲ་བགེགས་སྒྲོལ། །དུས་མིན་འཆི་དང་རྦོད་གཏོང་ལྟས་ངན་ཟློག །སརྦ་དྷཀི་ནི་ཧྲིང་ཧྲིང་ཨ་མྲྀ་ཏ་བ་ལི་ཏ་རཀྟ་ཁཱ་ཧི་ཁཱ་ཧི། འདི་ལྟར་བར་གྱི་གསོལ་ཁ་ལ། ཆོས་སྐྱོང་མཐའ་དག་སབ་རུང་བ་ནི། རྒྱུད་ལས། མ་མགོན་


CMR025_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ལྕམ་དྲལ་གྱི་འཁོར་དང་སྤྲུལ་པ་མིན་པའི་བསྟན་སྲུང་གཅིག་ཀྱང་མི་འབྱུང་བར་གསུངས་པ་དང་། གྲུབ་ཆེན་ཀརྨ་པས་མགོན་པོ་ཉིད་ཀྱི་རྩ་བའི་སྤྲུལ་གཞི་ཡིན་པར་གསུངས་པ་དང་། འདིར་སློབ་དཔོན་ཨརྱ་པའི་མགོན་པོ་སྤྱི་སྒྲུབ་ཡིན་པར་བཤད་པ་དང་། འཇམ་དབྱངས་ཆེན་པོས་བེར་ནག་ཅན་ནང་གི་ཡེ་ཤེས་མགོན་པོ་ཞེས་པ་དེ་ཕྱག་བཞི་པ་ཡིན་པར་གསུངས་པ་དང་། པཀྴིས་གནམ་ལྷ་དང་བེག་རྩེ་སོགས་དྲེགས་པའི་གཙོ་བོ་བདུན་ཅུ་རྩ་གཉིས་ཐམས་ཅད་མ་མགོན་གྱི་སྤྲུལ་པ་ཡིན་པར་གསུངས་པ་དང་། མགོན་པོའི་ཆོས་འབྱུང་ནས་བེར་གུར་གཉིས་ན་བཟའ་ཡོད་མེད་ཙམ་མ་གཏོགས་གཅིག་པར་བཞེད་ཅིང་། འཇིག་རྟེན་མགོན་པོ་དང་ཏྲཀཱད་ཞིང་སྐྱོང་རྣམས་གཅིག་ཚུལ་རྒྱ་ཆེར་གསུངས་པ་ལྟར་མི་རུང་བའི་དོན་ཅི་ཡང་མེད་པས། རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལ་སྦྱར་རྒྱུར། རཱ་ག་ཨ་སྱས་བྲིས་པ་ལ། ཉེས་པ་མཆིས་ན་ལྷ་ལ་བཤགས་ཤིང་། དགེ་བས་བསྟན་པ་དར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་འོག་དམ་ཅན་རྒྱ་མཚོའི་གསོལ་ཁ།next