Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་འབྲིང་དུ་བྱས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་འབྲིང་དུ་བྱས་པ།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་འབྲིང་དུ་བྱས་པ།


CMR025_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་བདུད་རྩི་བྱིན་རླབས་ལ་འཁྲུགས་ཤིག་གདའ་བ་བཤང་ན་ཀ་ཐེམ་ལྟར་རོ། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་འབྲིང་དུ་བྱས་པ་ཞིག་བཞུགས་སོ། །འདི་ལས་ཉུང་འདོད་ན་སྔགས་སོ་སོ་ཨི་དཾ་སོགས་བཏགས་ལ་ལྷའི་མིང་དང་འབུལ་ལོ། །ཞེས་པ་བསྐུལ་ལོ། །ཨ་རཱ་གས་སོ།


CMR025_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཧཱུྃཔདྨན་སོགས། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་ཡཾ་འཕྲོས་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་པོ་དན་དང་ཡཾ་ཡིག་གིས་མཚན་པ། དེའི་སྟེང་དུ་རཾ་འཕྲོས་པ་ལས་མེའི་དཀྱིལ་འཁོར་དམར་པོ་འབར་བ་རཾ་གྱིས་མཚན་པ། དེ་ལ་ཀེ་གསུམ་སྤྲོས་པ་ལས་ཐོད་པ་སྐམ་པོ་བུམ་རིལ་གྱིས་སྐྱེད་པུ་གསུམ་གྱི་སྟེང་དུ། ཨ་སྤྲོས་པ་ལས་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་མུ་ལས་དྲི་ཆུ་བཻཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་


CMR025_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ་སྟེ་བདུད་རྩི་ལྔ་དང་། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ་སྟེ་ཤ་ལྔའོ། །རླུང་གཡོས་ཤིང་མེ་སྦར་ཐོད་པ་དྲོས། རྫས་རྣམས་ཞུ་བ་ཨོཾ་ཨཱཿཧཱུྃ། གསུང་གི་བདུད་རྩིའི་རང་བཞིན་ཁ་དོག་དམར་པོའོ། །ཨོཾ་ཨཱཏྟཱཧཱུྃ། ཐུགས་ཀྱི་བདུད་རྩིའི་རང་བཞིན་ཁ་དོག་སྔོན་པོའོ། །ཨོཾ་ཨཱཎཱཧཱུྃ། སྐུའི་བདུད་རྩིའི་རང་བཞིན་ཁ་དོག་དཀར་པོ་འོ་མའི་རྒྱ་མཚོ་ལྟ་བུར་གྱུར། དེ་ལྟར་གཏོར་


CMR025_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་སྟོང་གསུམ་གང་བར་དམིགས་ལ། བདག་བསྐྱེད་རྐྱང་པ་ལས་མ་སོང་ན་འདིར་སྤྱན་འདྲེན་སབ་བོ། །མདུན་བསྐྱེད་སོང་ན་མི་དགོས་ལ། བསྡུ་ན་འབར་བའི་ཕྱག་རྒྱ་དང་སྔགས་འདིར་སྤྱན་འདྲེན་ཚང་སྟེ། ཕེཾ་ཕེཾ་་བཛྲ་ཨཱ་རལླི་ཧོ། ཛཿཧཱུྃ་བཾ་ཧོ༔ བཛྲ་ཌཱཀི་ནཱི་ས་མ་ཡ་སྟྭཾ་དྲི་ཤྱ་ཧོ༔ ཞེས་རང་གི་འོད་ཟེར་གྱིས་གཏོར་མགྲོན་ཐམས་ཅད་སྐད་ཅིག་ལ་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་པར་གྱུར། ཞེས་བསྒོམ་ལ་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་བྱེ་བ་དུང་ཕྱུར་ཕྱག་ན་ཀ་པཱ་ལའི་སྐྱོགས་བསྣམས་པ་བདུད་རྩིའི་རྒྱ་མཚོ་ནས་བཅུས་ཏེ་ཐམས་ཅད་སོ་སོར་ཕྱག་ཏུ་བཏང་བས་གསོལ་བར་བསམ་པ་འདི་ལེགས། འོད་ཀྱི་སྤུ་གུ་བསྒོམ་པ་གཏོར་མ་རྒྱུན་དུ་བཞག་རྒྱུ་ལ་མི་རུང་སྟེ་འཇིག་རྟེན་པའི་ཁ་ལྷག་ཕྱིར་དུ་ཡེ་ཤེས་པ་ལ་བསྔོ་བར་འགྱུར། །ན་མོ་རཏྣ་གུ་རུ་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི། མཁས་གྲུབ་ཨོ་རྒྱན་པ། སེམས་དཔའ་


CMR025_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་ཞིག་པོ། འཛམ་གླིང་རོལ་པའི་རྡོ་རྗེ། དཔལ་ལྡན་མཁའ་སྤྱོད་དབང་པོ། ཐུབ་ཆེན་དེ་བཞིན་གཤེགས་པ། རྗེ་བཙུན་རཏྣ་བྷ་དྲ། སྤྲུལ་སྐུ་མཐོང་བ་དོན་ལྡན། ཀུན་མཁྱེན་འཛོམ་དཔལ་བཟང་པོ། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། ཀུན་མཁྱེན་མི་བསྐྱོད་རྡོ་རྗེ། རྗེ་བཙུན་དབང་ཕྱུག་རྡོ་རྗེ། དྲིན་ཆེན་ཆོས་ཀྱི་དབང་ཕྱུག༔ རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། དཔལ་ལྡན་ཡེ་ཤེས་སྙིང་པོ་ལ་སོགས་པ་ཟུང་འཇུག་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །འདི་རྟོགས་པ་དོན་བརྒྱུད་དང་ཆོས་དྲུག་བརྒྱུད་པ་ཡིན་ལ་སོགས་ཞེས་པ་རང་ལ་ཕྱག་ཆེན་གྱི་རྟོགས་པ་གང་ལ་སྐྱེས་པའི་བླ་མ་ཐམས་ཅད་ཚང་ངོ་། །ཁྱབ་བདག་རྡོ་རྗེ་འཆང་། བྱང་སེམས་བློ་གྲོས་རིན་ཆེན། བྲམ་ཟེ་ས་ར་ཧ། དྭཔལ་མགོན་འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཤ་བ་རི་པ། རྒྱལ་སྲས་མེ་ཏྲི་པ། མར་པ་ཆོས་ཀྱི་བློ་གྲོས་ལ་སོགས་པ་ཕྱག་ཆེན་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་


CMR025_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དགའ་རབ་རྡོ་རྗེ། གུ་རུ་ཤྲཱི་སིངྷ། འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་ཀརྨ་གླིང་པ། ཐུགས་སྲས་ཉི་ཟླ་ཆོས་རྗེ། འགྲོ་མགོན་སཱུརྱ་ཙནྡ། བཀའ་བབ་ཆོས་ཀྱི་རྒྱལ་མཚན། སྤྲུལ་སྐུ་ཐུགས་རྗེ་འོད་ཟེར། འཁྲུལ་ཞིག་བུདྡྷཱ་མངྒ་ལ་སོགས་པ་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་རཏྣ་གླིང་པ། རྒྱལ་སྲས་ཚེ་དབང་གྲགས་པ། སྲས་མཆོག་ངག་དབང་གྲགས་པ། རིག་འཛིན་ཀུན་དགའ་གྲགས་པ། གར་དབང་ཀུན་དགའ་བསྟན་འཛིན། རྣལ་འབྱོར་ཀརྨ་དོན་ཡོད་ལ་སོགས་པ་གཏེར་མ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །མ་གཅིག་གྲུབ་པའི་རྒྱལ་མོ། ཏི་པུ་པ་དྲི་མེད་བཤེས་གཉེན། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ་ལ་སོགས་པ། རྒྱས་པར་སྤྲོ་ན་གྲངས་ཚོལ། ལྷ་ལྔ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །འཇིག་རྟེན་དབང་ཕྱུག །པདྨ་བཛྲ། ཛ་ལེན་ར། མེ་ཏྲི་པ། བཛྲ་པཱ་ཎི། བ་


CMR025_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དན་སུ་མ་ཏི་ཀཱིརྟི་ལ་སོགས་པ་ལྷ་དགུ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཆོས་སྐུ་ཡུམ་ཆེན་མོ། སྟོན་པ་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེངྒེ། རྗེ་བཙུན་འཕགས་མ་སྒྲོལ་མ། བྲམ་ཟེ་ཨཱརྱ་དེ་ཝ། ཕ་གཅིག་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། མ་གཅིག་ལབ་ཀྱི་སྒྲོན་མ། བཀའ་བབ་བུ་ཆེན་བཅུ་དྲུག་ལ་སོགས་པ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །དྲུག་པ་རྡོ་རྗེ་འཆང་ཆེན་པོ། གསང་བདག་ཕྱག་ན་རྡོ་རྗེ། ཀླུ་སྒྲུབ་ཨཱརྱ་དེ་ཝ། ཨ་བྱཱ་ཡ་ཀ་ཡར། ཙ་མི་ལོ་ཙཱ། དཔལ་ཆེན་ཧྥ་ལོ། མཁའ་སྤྱོད་ནམ་མཁའ་རྒྱལ་མཚན། སྒམ་པོ་པ་ཆོས་ཀྱི་རྒྱལ་མཚན། བྱ་བྲལ་བ་ཀུན་དགའ་བཀྲ་ཤིས་ལ་སོགས་པ་བཀའ་བབ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །གཞན་ཡང་རྒྱ་གར་རིག་འཛིན་བརྒྱད། མཆོག་གི་གྲུབ་ཆེན་བརྒྱད། རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་རྩ་ལྔ་ལ་སོགས་པ་རྒྱ་གར་གྱི་རིག་འཛིན་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཆོས་རྒྱལ་མེས་དབོན་རྣམ་གསུམ། རིག་འཛིན་གྲུབ་ཐོབ་མི་དགུ། རྗེ་འབངས་ཉི་ཤུ་རྩ་ལྔ། ཁུ་རྔོག་འབྲོམ་གསུམ།


CMR025_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་སྐུ་མཆེད། ཤ་ར་ཝ། གླང་རི་ཐང་པ། གཡུ་ཐོག་པ། ཟུར་མཁར་གོང་འོག །བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། ས་སྐྱ་འཇམ་དབྱངས་བདུན་རྒྱུད། འབྲུག་པ་སེངྒེ་དགུ་བརྩེགས། འབྲི་སྟག་ཚལ་གསུམ། ཤང་པ་རིན་ཆེན་རྣམ་བདུན། ཀརྨ་པ་རབས་བཅུ་གསུམ། ཞྭ་དམར་ཉི་ཤུ་རྩ་གཅིག །སི་ཏུ་གདན་རབས་ཉེར་གཅིག །དྲུང་པ་རབས་བདུན་ལ་སོགས་པ་བོད་ཀྱི་གྲུབ་ཆེན་རྣམས་ཀྱི་ཞལ་དུ་འབུལ་ལོ། །མངའ་བདག་ཉང་། གུ་རུ་ཆོས་ཀྱི་དབང་ཕྱུག །གྲྭ་པ་མངོན་ཤེས་ཅན། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ། སྤྲུལ་སྐུ་སངས་རྒྱས་གླིང་པ། པདྨ་ལས་འབྲེལ་རྩལ། མཁས་པ་ཀློང་ཆེན་རབ་འབྱམས། པདྨ་གླིང་པ། ཞིག་པོ་གླིང་པ། རིན་ཆེན་དབང་པོའི་སྡེ། ཧཱུྃ་ནག་མེ་འབར། ནམ་མཁའ་འཇིགས་མེད། དྲི་མེད་སྡེ་ལྔ། གླིང་པ་བརྒྱད་ལ་སོགས་པ་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཀྱི་ཞལ་དུ་འབུལ་ལོ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཉམས་དང་རྟོགས་པའི་ཡོན་ཏན་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པ་དང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ།


CMR025_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལུང་སོ་སོའི་བརྒྱུད་པ་བགྲང་ན་རྡོར་གཅོད་ལས་མང་བ་གཅིག་འོང་བས། སྤོམ་སྡུད་འདི་ཙམ་ལ་ཐམས་ཅད་འཐུས་སོ། །དེ་ལ་གལ་མི་ཆེ་བ་ནི་གཅིག་ཀྱང་མེད་དོ། །ༀ་གུ་རུ་ཨཱ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཨ་མཱ་ར་ཎི་ཛཱི་ཝན་ཏི་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་གསང་བ་འདུས་པ། རྡོ་རྗེ་ཕྲེང་བ། ཉི་ཟླ་ཁ་སྦྱོར། གནམ་ལྕགས་རྡོ་རྗེ། རིག་འཛིན་སྲོག་སྒྲུབ། ཚ་བ་དམར་ཐག །མདའ་འཕེལ་མ། འཆི་མེད་འོད་ཟེར་ལྔ་མར། རྔ་སྒྲའི་རྒྱལ་པོ་ལ་སོགས་པ་འཆི་མེད་ཚེའི་ལྷ་ཚོགས་རྣམས་ལ་འབུལ་ལོ། །འཆི་མེད་ཚེའི་དངོས་གྲུབ་བསྩལ་དུ་གསོལ། ཨོཾ་ཨཱཿཧཱུྃ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ། དྷ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧིཡ་ཧཱུྃ་ཛ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ། རྡོ་རྗེ་ཕག་མོ། རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས། པདྨ་རིགས་ཀྱི་སྤྱན་རས་གཟིགས། ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། སངས་རྒྱས་སྤྱན་མ། མཱ་མ་ཀི། གོས་དཀར་མོ། དམ་ཚིག་སྒྲོལ་མ། རྡོ་རྗེ་


CMR025_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། ཐུགས་རྗེ་ཆེན་པོ་གསང་བ་འདུས་པ། འགྲོ་འདུལ་བཅུ་གཅིག་ཞལ། ཕྱག་སྟོང་སྤྱན་སྟོང་། མི་ཏྲ་ལྷ་ལྔ། གསང་སྒྲུབ་ལྷ་བཅུ་གསུམ། འཁོར་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་བྱེ་བ་བརྒྱ་ལ་སོགས་པ། རྒྱལ་བ་རྒྱ་མཚོ། དཔའ་བོ་རྒྱ་མཚོ། དཔའ་མོ་རྒྱ་མཚོ། གྲུབ་ཐོབ་རྒྱ་མཚོ། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ་འབུལ་ལོ། །ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བླ་མ་སྐུ་གསུམ་ཐོད་ཕྲེང་སྡེ་ལྔ། རིགས་དྲུག་འདུལ་བའི་གུ་རུ་དྲུག །སྤྲུལ་པའི་མཚན་བརྒྱད། འཕྲུལ་མཚན་བཞི་བཅུ། ཨོ་རྒྱན་བྱེ་བ་ཕྲག་བརྒྱ། རྟ་ཕག་ཡབ་ཡུམ། གིང་ཆེན་བཅུ་དྲུག །སྒོ་མ་བཞི་ལ་སོགས་པ་པད་འབྱུང་ཞི་བའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཿཧཱུྃ་ཨ་ཅིག་ནེར་ཅིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གུ་རུ་དྲག་པོ་དམར་ནག་མེ་ཕྲེང་ཅན། ཕྱི་ནང་གསང་བ་ཡང་གསང་ཟིལ་གནོན། ཧཱུྃ་སྒྲུབ་ཀྱི་ལྷ་ཚོགས། གོ་ཆ་ལྷ་ལྔ། ཁྱུང་


CMR025_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག་ལྕགས་སྡིག་འབར་བ། དྲག་པོ་ལྷ་བཞི། དཔའ་བོ་གིང་བཞི། མཁའ་འགྲོ་སྡེ་བཞི། ཕྲིན་ལས་སྒྲུབ་པའི་ལྷ་བཞི། ཁྲོ་བོ་བཅུ་སྒོ་བ་བཞི་ལ་སོགས་པ། རིག་འཛིན་ཁྲོས་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། པདྨ་བཛྲ་ལྷ་ཚོགས། མི་བསྐྱོད་རྡོ་རྗེའི་ལྷ་ཚོགས། བུདྡྷ་ཐོད་ཕྲེང་ལྷ་ཚོགས། པདྨ་དབང་ཆེན་ལྷ་ཚོགས། སངས་རྒྱས་ཐོད་པའི་ལྷ་ཚོགས། ཐོད་པ་རྩལ་ཆེན་ལྷ་ཚོགས། ཕྱག་ན་རྡོ་རྗེའི་ལྷ་ཚོགས། དབང་ཆེན་རྟ་མགྲིན་ལྷ་ཚོགས། དྲག་པོ་མེ་ཕྲེང་ལྷ་ཚོགས། དཔའ་བོ་ཉི་ཤུ་རྩ་བཞི། དཔའ་མོ་ཉི་ཤུ་རྩ་བཞི། སྒོ་མཚམས་ལྷ་མོ་བརྒྱད་ལ་སོགས་པ་བླ་མ་དགོངས་འདུས་ཀྱི་ལྷ་ཚོགས་རྣམས་ལ་འབུལ་ལོ། །དེ་ཡན་བླ་མ་གཏོར་མ་ལ་བསྔོ་བའོ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསང་སྔགས་རིག་སྔགས་ཐམས་ཅད་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ། ཡུམ་ཡེ་ཤེས་ཀྱི་དབང་ཕྱུག་མ། སྲས་རྡོ་རྗེ་ལག་མྱུར། སྤྲུལ་པ་ཁྱུང་ཆེན་སྡེ་ལྔ། ཁྱུང་ཉི་


CMR025_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་གཅིག །རྣམ་པར་འཇོམས་པ། རྡོ་རྗེའི་མཆུ། ཨུ་ཙཱརྱ། འཁོར་གོས་སྔོན་ཅན་ལྔ་བརྒྱ་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ཨཱབཛྲ་དྷིཀ་ཧཱུྃ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕ་རྒྱུད་གསང་བ་འདུས་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཧཱིཧཱུྃ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་རྒྱུད་མ་ཧཱ་མཱ་ཡཱའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཧ་ཀྵ་མ་ལ་ཝ་ར་ཡཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྤྱི་རྒྱུད་དུས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྙིང་པོ་ཀྱེའི་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ༔ ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་རཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཡང་སྙིང་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཧཱུྃ་ཧ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྡོ་རྗེ་གདན་བཞིའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་བུདྡྷཱ་ཀ་པཱ་ལ་ཨ་ཧེ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སངས་རྒྱས་ཐོད་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་


CMR025_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཨོཾ་ཧྲཱིཿལླིཝི་ཊི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཤིན་རྗེ་དམར་ནག་གདོང་དྲུག་དགྲ་ནག་གི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཧཱིབཛྲ་ཀྲོ་དྷ་བྱ་ཤྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དབང་ཆེན་གསང་བ་འདུས་པ། ཕྱི་ནང་གསང་བ་ཡང་གསང་གི་ལྷ་ཚོགས། གསང་སྒྲུབ་དམར་པོ་ཤྭ་ན་བཞི་སྐོར། རྟ་ཕག་ཡིད་བཞིན་ནོར་བུ། བདེ་མཆོག་དམར་པོ་རྟ་མགྲིན་ནག་པོ་ལྕགས་རལ་ཅན། ཀཱ་ལ་མེ་དཔུང་། མོས་པ་ལྷ་བཞི། ནཱ་ག་ཀླུ་འདུལ། ལྷ་ལྔ་ལ་སོགས་པ་རྟ་མཆོག་རོལ་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་མ་ཧཱ་ཀྲོ་ཏ། པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲཿ ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྵ༔ ཀཱ་ལ་རཱུ་པ༔ ཀརྨ་རཾ་རཾ༔ ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཇམ་དཔལ་སྐུའི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། ཆེ་མཆོག་ཡོན་ཏན་ལྷ་ཚོགས། ཕྲིན་ལས་ཕུར་པའི་ལྷ་ཚོགས། མ་མོ་རྦོད་གཏོང་ལྷ་ཚོགས། བླ་མ་རིག་འཛིན་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ལྷ་ཚོགས། དམོད་པ་དྲག་


CMR025_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞི་བ་བཞི་བཅུ་རྩ་གཉིས་འབར་བ་ཁྲག་འཐུང་ལྔ་བཅུ། དག་པ་རིག་འཛིན་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིག་ནཱན་ཁཾ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྷ་མཆོག་རྡོ་རྗེ་གཞོན་ནུ་ཡུམ་འཁོར་ལོ་རྒྱས་འདེབས་མ། སྲས་མཆོག་རིགས་བཞི། ཡེ་ཤེས་ཀྱི་ཁྲོ་བོ་བཅུ། ཁྲོ་མོ་བཅུ། ཁྲ་ཐབས་ཉི་ཤུ་སྒོ་བ་བཞི་ལ་སོགས་པ་བདུད་འདུལ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་མ་ལྔ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཇམ་དཔལ་ཕ་རོལ་རྒོལ་འཇོམས་དམར་ནག །ཡུམ་བེ་ཏ་ཙ་ལི། སྲས་མཆོག་རིགས་བཞི་ཡབ་ཡུམ། བདུད་རྩི་འཁྱིལ་བ་བཅུ། སྟོབས་ཆེན་མ་ཧཱ་བཱ་ལ། ཕྱོགས་བཅུའི་གཤིན་རྗེ་ཡབ་ཡུམ། དྲེགས་པའི་ཚོགས་དང་བཅས་པའི་ཞལ་དུ་འབུལ་ལོ། །དུ་ཏྲི་ཡ་མ་རཱ་ཙ། ཡ་མ་རཀཱ་ཀྲོ་ཏ་པ་ཙ་ལ་ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཙ༔ ཡ་མ་རཱ་ཙ་ས་མ་ཡ་ཛ༔ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་


CMR025_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། འཇམ་དཔལ་ཁྲོ་ཆུ་དུག་གདོང་། ཡུམ་གསང་བ་དུག་ཏི་ནག་མོ། ལས་གཤིན་དྲུག །མོན་པ་སྡེ་བཞི། བདུད་པོ་བཞི། རུ་ཏྲ་སྡེ་བཞི། དྲེགས་པ་སྡེ་བཞི། འཆི་བདག་བཅུ་གཉིས། མོན་ཕོ་དྲུག །མོན་མོ་དྲུག །ཕོ་གཤེད་སུམ་བརྒྱ་དྲུག་ཅུ། མོ་གཤེད་སུམ་བརྒྱ་དྲུག་ཅུ། གཤེད་ཆེན་བདུན་བརྒྱ་ཉི་ཤུ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཧཱིཊཱི་ཝི་ཊི་ཏཱ་ན་ན་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཇམ་དཔལ་ཚེ་བདག་ནག་པོ། འཇིགས་བྱེད་མེའི་སྤུ་གྲིའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧཱ་ཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གུ་རུ་རྡོ་རྗེ་གྲོ་ལོད། རིགས་བདག་པདྨ་རྒྱལ་པོ། ཡུམ་རྡོ་རྗེ་ཕག་མོ། མཁའ་འགྲོ་སྡེ་བཞི། གིང་ཆེན་སྡེ་བཞི། རྒྱལ་ཆེན་སྡེ་བཞི་ལ་སོགས་པ། བདུད་འདུལ་རྡོ་རྗེ་གྲོ་ལོད་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཏན་ཏྲ་པ་ཏི་ཤཱནི་ཀུ་རུ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་རྒྱུད་བདག་རིགས་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཿཧཱུྃ་ལོ་ཀི་ཤྭ་ར་ཀྲོ་དྷ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་


CMR025_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁ་ཁཱ་ཧི་ཁཱ་ཧི། ཁྲོ་བོ་རོ་ཟ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་ཨུ་པ་རྭ་ཙ་མ་མ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨུ་པ་རྭ་ཙའི་ཞལ་དུ་འབུལ་ལོ། ཕཊཿཧཱུྃ་ཛྙཱ་ན་ཀྲོ་དྷ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཡེ་ཤེས་འཇིགས་བྱེད་ཡབ་ཡུམ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །མཆོག་ཐུན་མོང་གི་དངོས་གྲུབ་དུ་བསྩལ་དུ་གསོལ། དེ་ཡན་ཆད་ཡི་དམ་གཏོར་མ་ལ་བསྔོ་བ་ཡིན་ནོ། །ཨོཾ་བཛྲ་བེ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊཿསྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅོམ་ལྡན་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔ། རྩ་ལྷ་བརྒྱ་དང་བཅུ་དྲུག །འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་ཝ་ར་ཧི་ཀྲོ་ཏི་ཀ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཐུགས་རྗེ་ཁྲོས་མ་ནག་མོ་ལྷ་ལྔ་ལྷ་བཅུ་གསུམ་གྱི་ཞལ་དུ་འབུལ་ལོ། །ཨོཾ་ཤྲཱི་བཛྲ་ཌཱཀི་ནཱི་སིདྷ་མུ་ཁ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན། གསུང་སྤྲུལ་སྟག་གི་གདོང་ཅན། ཐུགས་སྤྲུལ་དོམ་གྱི་གདོང་ཅན། རིགས་བཞི་ཌཱ་ཀི་སེང་གདོང་ཅན། ཕྲ་མེན་སེང་


CMR025_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་མ་བཅུ་བཞི། འཁོར་རི་རབ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཕགས་མ་སྒྲོལ་མ་དཀར་སྔོན་གྱི་ཞལ་དུ་འབུལ་ལོ། །ཨོཾ་མཱ་རི་ཙྩཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྷ་མོ་འོད་ཟེར་ཅན་གྱི་ལྷ་ཚོགས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་པི་ཤ་ཙི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལོ་མ་གྱོན་མའི་ལྷ་ཚོགས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཀུ་རུ་ཀུལླེ་ཧཱུྃསྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དབང་གི་དབང་མོ་རིག་བྱེད་མའི་ཞལ་དུ་འབུལ་ལོ། །དེ་དག་རྙིང་མ་བླ་མེད་ལུགས་སོ། །བྷོཕཊ༔ཧཱུྃ་ཏྲ་ཏྲ་ན་དུ་ར་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལས་ཧུར་དྲག་མོ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཡུམ་རྡོ་རྗེ་ཕག་མོ། ཡབ་དཔའ་བོ་རྟ་མགྲིན། འཁོར་དཔའ་མོ་འབུམ་ཚོ་ཉི་ཤུའི་ཞལ་དུ་འབུལ་ལོ། །ཨོཾ་བུདྡྷ་ཌཱ་ཀི་ནཱི། བཛྲ་ཌཱ་ཀི་ནཱི། རཏྣ་ཊཱ་ཀི་ནཱི། པདྨ་ཊཱ་ཀི་ནཱི། བི་ཤྭ་ཌཱ་ཀི་ནཱི། ལོ་ཀ་ཌཱ་ཀི་ནཱི། སརྦ་


CMR025_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀི་ནཱི། ས་མཱ་ཡ་ཌཱ་ཀི་ནཱི། པི་ཤ་ཙི་ཌཱ་ཀི་ནཱི། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ་་ལས་ཀྱི་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། ཐམས་ཅད་མཁའ་འགྲོ། དམ་ཚིག་མཁའ་འགྲོ། ཤ་ཟ་མཁའ་འགྲོ། གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། ཞིང་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པ་ལྷན་ཅིག་སྐྱེས་པའི་ལྷ་རྣམས་ཀྱི་ཞལ་དུ་འབུལ་ལོ། །གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚན་བློ་དང་ཉེ་བའི་ཚན་དྷོ། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད། གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཕྱོགས་སྐྱོང་བཅུ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཞལ་དུ་འབུལ་ལོ། །རྒྱ་གར་རྡོ་རྗེ་གདན། རྒྱ་ནག་རི་བོ་རྩེ་ལྔ། ནུབ་ཕྱོགས་ཨོ་རྒྱན་ཡུལ། བྱང་ཤམ་བྷ་ལ། དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན། ལྷོ་ཕྱོགས་དཔལ་གྱི་རི་བོ། ཤྲི་ནཱ་ལེནྡྲ། བི་ཀྲ་མ་ལ་ཤཱི་ལའི་


CMR025_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་ལ་སོགས་པ། གྲུབ་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ལྷོ་གྲོ་བོ་ལུང་། འབྲོག་ལ་ཕྱི་ཆུ་བར། ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ། ཤར་དྭགས་ལྷ་དཔལ་གྱི་སྒམ་པོ། སྟོད་ལུང་མཚུར་ཕུ། ཀམ་པོ་གནས་ནང་། ཀརྨ་རི་གླིང་། ཤར་ཕྱོགས་སྤུང་རི། ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲ། གངས་དཀར་གྱི་རྒྱལ་པོ་ཏི་སེ། མཚོ་མ་ཕམ། བལ་ཡུལ་འཕགས་པ་ཤིང་ཀུན། ཤིང་ཀི་རིའི་མཆོད་རྟེན། རོང་བཙན་ཁ་བ་དཀར་པོ། ཆོས་འཁོར་ལྷ་ས་དཔལ་གྱི་བསམ་ཡས། ཀུན་ཏུ་བཟང་པོའི་ནགས་ཁྲོད་ལ་སོགས་པ་གངས་རིའི་ཁྲོད་ཀྱི་སྒྲུབ་གནས་བྱིན་རླབས་ཅན་རྣམས་སུ་གནས་པའི། དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། །གཞན་ཡང་ལུང་ལྔ་གླིང་གཅིག་སྒྲུབ་གནས་བརྒྱུད། གངས་ཉི་ཤུ་རྩ་གཅིག །གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་ལ་སོགས་པ། ཨོ་རྒྱན་ཆེན་པོའི་བྱིན་གྱིས་རླབས་པའི་གནས་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་འབུལ་


CMR025_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། བདག་ཅག་སྒྲུབ་པ་པོ་རྣམས་ཀྱི་མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་འགྲུབ་པ་དང་། འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་བབས་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། མི་ནད་དང་ཕྱུགས་ནད་དང་ཡམས་ནད་དང་། མུ་གེ་དང་འཁྲུག་རྩོད་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། དེ་ཡན་མཁའ་འགྲོའི་གཏོར་མ་ལ་བསྔོ་རུང་། མཁའ་འགྲོ་སྤྱི་གཏོར་ལོགས་ན་ཡོད་ན། འཇིག་རྟེན་པའི་དཔའ་བོ་མཁའ་འགྲོ་དེ་མི་དམིགས་སོ། །མེད་ཀྱང་གཙོ་མོའི་འཁོར་ཁོ་ན་ཡིན་པས་གཅིག་གིས་ཆོག་གོ །སྐབས་འདིར་ཤ་ཆང་མ་འདྲེས་པའི་ཡི་དམ་གཏོར་མ་ཟུར་དུ་ཡོད་ན་ལོགས་སུ་བསྔོ་སྟེ་བྱིན་རླབས་མི་འདྲ་བ་ཡོད། ཆོས་སྐྱོང་ནི་རབ་སོ་སོའི་གཏོར་ཆོག་ལྟར་འབྲིང་ཕྱག་བཞི་པའི་གཏོར་བསྔོས་སྐབས་སུ་བཙུད། བསྡུ་ན་འདིས་ཆོག་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏྲག་རཀྵ་མ་ཧི་དུན་མ་ཧཱ་ཡཀྵ་ཏིཀ་ཎ་ཀཱ་ལི་དུན་བྷྱོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་བདུད་འདུལ་རྡོ་རྗེའི་དེད་དཔོན་འཇིགས་བྱེད་ཆེན་པོ་བེར་ནག་ཅན། དྲེགས་པ་ཕོ་དགུ་མོ་


CMR025_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དགུ། ཕྱོགས་སྐྱོང་བའི་མགོན་པོ་བཅུ། དྲེགས་པའི་གཙོ་བོ་བདུན་ཅུ་རྩ་གཉིས། ཡེ་ཤེས་ཀྱི་མགོན་པོའི་ཚོགས། ལས་ཀྱི་མགོན་པོའི་ཚོགས། འཇིག་རྟེན་གྱི་མགོན་པོའི་ཚོགས་རྣམས་དང་། དཔལ་ལྷ་མོ་རང་བྱུང་གི་རྒྱལ་མོ། སྲུང་མ་དཔལ་ལྡན་མ། མ་མོ་བདུན། སྲིང་མོ་བཞི། འབར་མ་དགུ། དུས་བཞིའི་ལྷ་མོ། །དམག་གི་རྒྱལ་མོ་བཞི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། འཁོར་དང་བཅས་པ་རྣམས་དང་གཞན་ཡང་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ་འབུལ་ལོ། །བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། བདག་གི་ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། བར་ཆད་མི་མཐུན་པའི་ཕྱོགས་རྣམས་བསལ་དུ་གསོལ། ཨོཾ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། སྐུ་ལྔ་མགོན་པོ་ཡབ་ཡུམ། ལས་མགོན་བྱ་རོག་གདོང་མཆེད་དགུ། ཐུགས་སྤྲུལ་ཙནྡན་བེང་ཆེན་དམག་དཔོན་བརྒྱད།། ཞིང་སྐྱོང་སེང་གེའི་གདོང་ཅན། དྲག་པོ་ཞིང་སྐྱོང་ཉེར་བཞི། ཡུམ་ཙན་


CMR025_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རྩ་འཇིབ་རེ་མ་ཏི་མཆེད་བཞི། མཁའ་འགྲོ་བརྒྱད་དྲུག །སྐུ་འཁོར་ནག་པོ་སྟོང་། གསུང་འཁོར་ཤ་ཟ་འབུམ། ཐུགས་འཁོར་མ་མོ་བྱེ་བ། ཡོན་ཏན་གྱི་འཁོར་གནོད་སྦྱིན་ཁྲི། ཕྲིན་ལས་ཀྱི་འཁོར་མཁའ་འགྲོ་བྱེ་བ་ཕྲག་བཅུ་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་ཧཱུྃ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། སྙིང་འཕྲོག་མ་གསུམ། རིགས་བཞིའི་ལྷ་མོ། དུར་ཁྲོད་ཀྱི་མ་མོ་བརྒྱད། ཕྲ་མེན་མ་བརྒྱད། སྒོ་མ་བཞི་འཁོར་མ་མོ་བྱེ་བ་འབུམ་སྡེའི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀཻ་ཀྵེ་ཏྲ་བིག་ནཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མགོན་པོ་བར་ཆད་ཀུན་སེལ། རེ་མ་ཏི་གནོད་སྦྱིན་བཞི། དཔལ་མགོན་བདུན་ཅུའི་ཚོགས་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གླུ་ཡ་རཾ་སིདྡྷི་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་མགོན་མ་ནིང་སྡེ་ལྔ་༔ སྲོག་བདུད་དཔལ་འབར་མ། ཡང་འཁོར་སྡེ་བརྒྱད། ལྷ་བརྒྱད་ཀླུ་བརྒྱད་གཤིན་རྗེ་བརྒྱད། གནོད་སྦྱིན་བརྒྱད། བདུད་དམག་བྱེ་བ་འབུམ་དང་བཅས་པའི་ཞལ་དུ་


CMR025_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལོ། །ཨོཾ་མ་ཧཱ་ཀཱ་ལ་སིང་ཧ་མུ་ཁ་ཧཱུྃ་ཕཊ། ཏྲི་ཧྲིང་ཛ༔ ཌཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲིང་ཛ༔ ཡ་མ་རཱ་ཙ་དུ་ཏྲི་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞིང་སྐྱོང་ཡབ་ཡུམ། མི་སྲུན་བམ་རོ་ཕོ་མོ། ལས་མཁན་ཤན་པ་སྡེ་བརྒྱད་བདུད་དམག་སྟོང་སྡེའི་ཚོགས་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རྒྱ་གྲི་ཝ༔ ཨེ་ཀ་ཙ་ཏི་ཡཀྵ་ཏྲི་ཧཱུྃ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་ཀཱ་ལ་རྟ་ནག་དྲེགས་པ་ཆེན་པོ། ཡུམ་ཨེ་ཀ་ཙ་ཏི། སྲས་ཤན་པ་དམར་ནག །འཁོར་སྡེ་བརྒྱད་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་གྷི་རཱ་ཛ་གྱི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མགོན་དཀར་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་ཞལ་་དུ་འབུལ་ལོ། བྷ་ག་ཝ་ཏི་ཏིཥྛ་རཀྵ་རཀྵ་ས་མ་ཡ་ཧཱུྃ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྲིན་མགོན་ཐོད་ཕྲེང་ཡབ་ཡུམ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་མ་ཧཱ་ཀཱ་ལ་བི་ཀ་ལ་ར་ཏྲི་ཏ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཉེན་མགོན་གདོང་བཞི་པ་ཡུམ་བཞི་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་མ་ཧཱ་ཀཱ་ལ་དུ་རུ་ཧཱུྃ་


CMR025_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟན་སྲུང་བྲག་ལྷ་མགོན་པོ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་མ་ཧཱ་ཀཱ་ལ་མ་ཎི་འབིར་ཝ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མགོན་པོ་མདུང་འཛིན་གློག་ཞོན་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་མ་ཧཱ་ཀཱ་ལ་ཏྲཀཱད་མ་ཧཱ་ཀཱ་ལ་སིདྡྷི་ཡ་མ་དུ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུད་མགོན་སྤུ་གྲི་གཅིག་ཤུར་གྱི་ཞལ་དུ་འབུལ་ལོ། །ཏྲག་རཀྵ་ཁ་མུན་ཏྲ་མུན་ཏྲ་ཨེ་ཀ་ཛཊི་སྙིང་ཁ་རཀྵ་བྷྱོཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་སྲུང་རལ་གཅིག་མ་འཁོར་སྲིད་པའི་མ་མོ་བདུན་འབུམ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། བྷྱོཿ ཤ་ཟ་ཌཱཀི་ནཱི་མ་མོ་ཙིཏྟ་ཧྲིང་ཧྲིང་ཛ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཤ་ཟ་ཁ་མོ་ཆེ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ཨ་ཀ་ནི་ཙ་ལི་མི་ཐུམ་ཕྲི་ལི་རེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔའི་ཞལ་དུ་འབུལ་ལོ། །ཨོཾ་ཡ་མ་ར་ཙ་ར་ཏི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨ་ཕྱི་ཆོས་སྒྲོན་མཆེད་ལྔའི་ཞལ་དུ་འབུལ་ལོ། །ཨེ་ཧེ་རྨ་རུ་རྩེ་གུ་ན་ཧྲཱིཿ་ཏྲི། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གནོད་


CMR025_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ཤན་པ་དམར་ནག་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཟའ་བདུད་དུག་གི་སྤུ་གྲི་གཟའ་བརྒྱད་སྡོང་མོ་བཞི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་བཅས་པའི་ཞལ་དུ་འབུལ་ལོ། །ནཱ་ག་རཱ་ཙ་ཀྲོ་ཏ་པཱ་ཙ་ལ་པ་ཏི། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀླུ་བདུད་དགེ་བསྙེན་སྨྱོ་ཁ་གནས་བརྒྱད་ཀྱི་ཞལ་དུ་འབུལ་ལོ། །དུ་བཻ་ཏྲི་ཤུ་ལ་ནཱ་ག་རཱ་ཙ་ཧཱུྃ་ཧཱུྃ་ཛ༔ཧཱུྃ་བཾ་ཧོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱི་ཞལ་དུ་འབུལ་ལོ། །ཨོཾ་ནཱ་ག་ཙན་ཏྲི་རཱ་ཙ་ར་ཏྲི། གིང་ཀ་ར། ཡཀཱ་ཡཀྵ་ས་མ་ཡ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཙན་རྒོད་འབར་བ་སྤུན་བདུན། དགེ་བསྙེན་སྤུན་བདུན་གནོད་སྦྱིན་སྤྱན་བདུན་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཨོཾ་བཛྲ་རེ་མ་ཏི་མ་བློ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཀའ་སྲུང་མ་མགོན་སྡེ་བརྒྱད་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་པྲ་ཎི་ཨ་ཏ་མ་ཁྱི་རུ་པུ་རུ་ཥ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྒྲོལ་གིང་བེག་རྩེ་


CMR025_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པའི་ཞོལ་དུ་འབུལ་ལོ། །ཨོཾ་བཛྲ་སུམ་ཏྲི་རི་ཏྲི་ན་ན་ཁ་རེག་བྷཾ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཙན་རྒོད་ཇག་པ་མེ་ལེན་གྱི་ཞལ་དུ་འབུལ་ལོ། །ཙནྡྲ་མ་ནི་དྷ་ར་དྷ་ར་ས་མ་ཡ་ཛཿཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། འབྲོ་སྲས་ཐང་སྲས་འབར་བ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ཀཱ་ལ་རཱ་པ་ཧཱུྃ་ཕཊ༔ ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལས་གཤིན་ཆོས་རྒྱལ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །བཛྲ་ར་ཏྲི་ཛ༔ བཛྲ་རུ་ཏྲི་ཛ༔ བཛྲ་ཙ་མུན་ཏྲི་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཀའ་སྲུང་དྲེགས་པ་གསུམ་བསྒྲིལ་གྱི་ཞལ་དུ་འབུལ་ལོ། །ཨོཾ་རཱ་ལི་པྲ་མ་ཡ་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྡོ་རྗེ་ངེ་ནེ་མའི་ཞལ་དུ་འབུལ་ལོ། །ཨོཾ་སརྦ་དྷརྨ་པཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕྱི་ནང་གསང་བ་ཡང་གསང་གི་སྡེ་བརྒྱད་སྔགས་བདག་དྲེགས་པ་བཅོ་བརྒྱད་མྱུར་མགྱོགས་དྲེགས་པ་ཉི་ཤུ། དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་པ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱི་ཞལ་དུ་འབུལ་ལོ། །དེ་ཡན་ཆོས་སྐྱོང་སྤྱི་གཏོར་གཅིག་ལ་བསྔོ་བའོ། །དེ་ནས་ནོར་ལྷ་སྤྱི་ལ་རེ་རེ་གུད་དུ་ཡོད་དམ། མེད་ན་རྣམ་སྲས་སམ་ཛམ་ལྷའི་གཏོར་མ་ལ་


CMR025_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མཐེབ་སྒྱུ་གཉིས་གསུམ་གསོས། ནོར་ལྷ་ཐམས་ཅད་ལ་བསྔོའོ། །ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས། ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ཧྲཱིཿ་དཱ་ཡ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། འཕགས་པ་ཛཾ་དཀར་ལྷ་ལྔའི་ཞལ་དུ་འབུལ་ལོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་གྷིསྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཛམྦྷ་ལ་དམར་པོ་ཡབ་ཡུམ་གདན་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ཛ་ལཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཛམྦྷ་ལ་ནག་པོའི་ཞལ་དུ་འབུལ་ལོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཛམྦྷ་ལ་སེར་པོ་འཁོར་ནོར་ལྷ་མཆེད་བརྒྱད་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། །ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ནོར་རྒྱུན་མ་མཆེད་ལྔ་ནོར་གྱི་ལྷ་མོ་བརྒྱད་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཛམྦྷ་ལ་རིགས་དགུའི་ཞལ་དུ་འབུལ་ལོ། །ཨོཾ་ཧྲཱིཿས་པར་ཙིཏྟ་ཛཿཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏེར་


CMR025_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གནོད་སྦྱིན་གཞན་གྱིས་མི་ཐུབ་པའི་ཞལ་དུ་འབུལ་ལོ། །ཨོཾ་གྷ་ན་པ་ཏི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཇོ་བོ་ཚོགས་ཀྱི་བདག་པོ་རིགས་ལྔའི་ཞལ་དུ་འབུལ་ལོ། །ཨོཾ་ཨཱརྱ་རེ་མནྟ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྟ་ལྷ་རེ་མནྟ་འཁོར་ལྔ་བརྒྱ་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཀུ་བེ་ར་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྟ་བདག་ཀུ་བེ་ར་འཁོར་སྟོང་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ཏིཥྛ་རཡ། བེ་རུ་ཌྷ་ཀ་ཡ། བི་རུ་པཀ་ཡ། བཻ་ཤྲ་མ་ཎ་ཡེ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་དྷ་རི་ནི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གནོད་སྦྱིན་ཕག་གདོང་མ་མཆེད་ལྔའི་ཞལ་དུ་འབུལ་ལོ། །གཞན་ཡང་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས། ལྗོངས་ཆེན་གནས་པ་བཅུ་དྲུག །ཡུལ་འཁོར་སྐྱོང་བ་ལྔ་བརྒྱ། གནོད་སྦྱིན་བྱེ་བ་བདུན་འབུམ། འབྲོག་གནས་མཆེད་ལྔ་འཁོར་དང་བཅས་པ་ལ་སོགས་པ་ནོར་ལྷ་གཏེར་བདག་ཐམས་ཅད་ཀྱི་ཞལ་དུ་འབུལ་ལོ། །ཚེ་དང་བསོད་ནམས་མངའ་ཐང་ལོངས་སྤྱོད་ཐམས་ཅད་དར་ཞིང་རྒྱས་


CMR025_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྲིན་ལས་མཛོད་ཅིག །དེའི་བར་ནོར་ལྷ་སྤྱི་གཏོར་ལའོ། །དེ་ནས་ཕྱི་རྒྱུད་གཏོར་མ་ཤ་མ་འདྲེས་པ་ལ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་དཀར་གསུམ་མངར་གསུམ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་སིདྡྷི་སྤོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཇོ་བོ་སྔགས་བདག་སོག་མ་མེད། བཙུན་མོ་སྲས་དང་བཅས་པ་འཁོར་དྲུག་ཁྲིའི་ཚོགས་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ནཱ་ག་རཱ་ཙ་ཨ་ཏི་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀླུ་རྒྱལ་མི་མགོན་དཀར་པོ་ཀླུ་ཆེན་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི། ལྷ་ཆེན་ཐང་ལྷ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ནཱ་ག་རཱ་ཛ་བཛྲ་རཱ་ཛ་ས་མ་ཡ་ཛཿཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཁར་ནག་རྒྱལ་པོ། ཀླུ་ཆེན་མིང་སྲིང་བར་བློན་ཆེན་པོ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་ཀྲིག་ན་ཏྲིག་ཛ༔ ཏྲིག་སྨན་རུམ་ཙམ་ཙམ་ཛ༔ ཨི་


CMR025_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགེ་བསྙེན་མཁའ་རི་ལྕམ་དྲལ་དགེ་བསྙེན་ཉི་ཤུ་རྩ་གཅིག་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཏྲིའུ་ཏྲིའུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགེ་བསྙེན་ཡེ་ཤེས་གྲགས་དཀར་པོ་ལྷ་རྒྱལ་སྲིད་པ་གསལ་བྱེད་ཀྱི་ཞལ་དུ་འབུལ་ལོ། །ཨོཾ་བཛྲ་ཀུ་ལི་མུ་མེན་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏེར་སྲུང་རྨ་རྒྱལ་སྤོམ་ར་རྨ་རིགས་སུམ་བརྒྱ་དྲུག་ཅུའི་ཞལ་དུ་འབུལ་ལོ། །ཨོཾ་ཨ་རུ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཀའ་སྲུང་རྡོ་རྗེའི་མཚན་ཅན་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །ཨོཾ་ནཱ་ག་ན་ཤི་ལི་ཧི་ལི་མི་ལུ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཀའ་སྲུང་རྡོ་རྗེ་བདུད་འཇོམས་ཀྱི་ཞལ་དུ་འབུལ་ལོ། །གཞན་ཡང་དཔལ་མགོན་བདུན་ཅུ། དཀར་པོ་བརྒྱ་ལ་སོགས་པ་སྟོང་གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ། དམའ་བ་ས་གཞི། རི་རབ་ཆེན་པོའི་ས་བདག །གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་ལ་གནས་པའི་གཞི་བདག །འཛམ་བུ་གླིང་གི་ཟོ་དོར། རྒྱལ་པོ་ཆེན་པོ་སྡེ་བཞི། བོད་ཀྱི་མགུར་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་


CMR025_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དགུ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སྒང་ལྔར་གནས་པའི་གཞིའི་བདག་པོ། གནས་ཀྱི་བདག་པོ། ཡུལ་གྱི་བདག་པོ་གྲོང་གི་བདག་པོ། གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །གཞན་ཡང་ས་བདག་ས་ཡི་ལྷ་མོ་བརྟན་མ། ས་འཛིན་ལག་པ་ཆེན་པོ། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པ། ད་ལོའི་ལོ་ད་ཞག་གི་ཟླ་བ། དེ་རིང་ཉི་མ། ད་ལྟའི་དུས་ཚོད། གཟའ་རྒྱུ་སྐར། དུས་ཚོད་ཚེས་གྲངས་ལ་དབང་བ་རྣམས་ཀྱི་ཞལ་དུ་འབུལ་ལོ། །རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་། ཕྱིན་ཆད་གང་དུ་འགྲོ་བ། ད་ལྟ་གང་དུ་འདུག་པའི་གཞི་བདག་རྣམས་ཀྱི་ཞལ་དུ་འབུལ་ལོ། །ཕ་རི་གཡས་ཚུ་རི་གཡོན། འགྲོ་བ་ལམ། སྐྱེ་བ་ཤིང་། འབབ་པ་ཆུ། སྲ་བ་བྲག་གཡོ་བ་རླུང་། བརྟན་པ་མཁར་ལ་སོགས་པ། ས་ཕྱོགས་ཡུལ་ཕྱོགས་དབེན་གནས་སྒྲུབ་གནས་འདི་ཉིད་དུ་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་


CMR025_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །སྐུ་རྒྱལ་ཤེ་ནེ། སྨོན་སྐྱེས་གང་ཞུར། ཛོ་རྒྱལ་རི་ཏི། གོ་རྒྱལ་རྡོ་རྗེ་བདུད་འཇོམས། གཏམ་རྒྱལ་མདོ་ཟོ། དབྱི་འབྲོ་གཉེན་པོ། རྒྱལ་མོ་བུ་སྤང་། རྡོ་རྗེ་མོན་པ། དགེ་བསྙེན་དབྱི་དོ། ཀླུ་རྒྱལ་སྤོ་ཏོ། གཡོ་རྫོང་མཚོ་སྨན། གནས་པོ་དཔལ་རི་རྩེ། མ་ཎི་ཤར་ལ་སོགས་པའི་གཞི་བདག་གནས་བདག་རྣམས་ཀྱི་ཞལ་དུ་འབུལ་ལོ། །གཞན་ཡང་སྐྱོབ་པའི་ལྷ་ལྔ། བརྟན་པའི་ལྷ་དགུ། ལ་སོགས་པ་འཇིག་རྟེན་སྲིད་པའི་ཕ་མཚུན་དགྲ་བླ་རྣམས་ཀྱི་ཞལ་དུ་འབུལ་ལོ། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་དང་བཅས་པ། འགྲོ་ན་མ་བཟུང་། སྡོད་ན་མ་བསྐྲད། བསམ་པ་མ་ངན། སྦྱོར་བ་མ་རྩུབ། འཚོ་བ་སྦྱོར། ཡོན་བདག་གྱིས། མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། རྐྱེན་ཕྱི་ནང་གི་བར་ཆད་ཉེ་བར་ཞི་བར་མཛོད་ཅིག །དེ་ནས་སྤྱི་ཐམས་ཅད་ལ་བསྔོ་བའི་ཚིགས་བཅད་དང་འདོད་གསོལ་ནི། བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །ཆོས་སྐྱོང་སྲུང་མ་མ་ལུས་ལ། །མཆོག་གི་གཏོར་མ་འདི་འབུལ་ལོ། །ཞིང་སྐྱོང་ཆེན་པོ་


CMR025_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་རྣམས་དང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །འབྱུང་པོ་ཡི་དྭགས་ཤ་ཟའི་ཚོགས། །སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོ་མ། །མ་མོའི་ཚོགས་རྣམས་མ་ལུས་དང་། །སྡེ་བརྒྱད་ཡུལ་ལྷ་གཞི་བདག་དང་། །སྨན་མོ་གནས་བདག་ལ་སོགས་པའི། །གཏོར་མགྲོན་ཚོགས་རྣམས་མ་ལུས་ཀུན། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཤོག །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཅན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་


CMR025_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོང་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱིར་དྲག་པོའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོ་དགའ་བ་ལ། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་པས་རོ་འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང་། །ཟག་མེད་བདེ་བས་ནམ་ཡང་འབྱོར་བར་མཛོད། །ཁྱོད་གསོལ་ཁྱོད་མཆོད་ཁྱོད་བསྟེན་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །མདོར་ན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེར་འཛིན་བྱེད་པའི་སྐྱེས་བུ་དམ་


CMR025_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་མཛོད། །བདག་ཅག་སློབ་དཔོན་ཡོན་མཆོད་འཁོར་བཅས་རྣམས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་འཕྲིན་བཅོལ་ནས། སྤྱི་ལ་མཆོད་ཅིང་བསྟོད་པ་ནི། ཆུ་བཞི་ཉེར་སྤྱོད་ལྔ་དང་རོལ་མཚོ་དང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །ནང་གི་མཆོད་པ་རིག་མ་བཅུ་དྲུག་སོགས། །ཕྱི་ནང་གསང་བའི་མཆོད་པ་དུ་མས་མཆོད། །སྐྱེད་ཚལ་གཞལ་མེད་ཁང་དང་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་ཁྲུས་རྫིང་པདྨར་བཅས། །གོས་དར་ཁྲི་སྟན་བཞོན་པ་བྲན་འཁོར་འབུལ། །གུ་རུ་དྷེ་ཝ་ཌཱཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་པྲ་ཏིཙྪ་སྭཱ་ཧཱ། དེ་ནས་ཡེ་ཤེས་པ་སྤྱི་ལ་བསྟོད་པ། ཨོཾ་སྐུ་ལ་མཚན་མེད་བགྲང་དུ་མེད། །ནམ་མཁའ་དང་ནི་མཉམ་འབྱུང་ཞིང་། །སྣ་ཚོགས་དབང་ཕྱུག་མི་ཤིགས་པ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །ཨཱབརྗོད་དུ་མེད་པའི་ངང་ཉིད་ལས། །ཚངས་པ་ལ་སོགས་སྙན་པའི་དབྱངས། །ཕྱོགས་བཅུ་ཀུན་ཏུ་གྲོགས་མཛད་པ། །རྣམ་


CMR025_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དག་གསུང་ལ་ཕྱག་འཚལ་ལོ། །ཧཱུྃ་ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་ལ་སོགས་པ། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་པ་སྤྱི་ལ། ཧཱུྃ། པདྨའི་བཀའ་ཉན་ཕྱོགས་ཀུན་ཁྱབ་པར་རྒྱུག །ལ་ལ་ལྷ་རིགས་སངས་རྒྱས་བསྟན་པ་སྲུངས། །ལ་ལ་གཤིན་རྗེ་ལ་སོགས་གནོད་བྱེད་པ། །སྡེ་བརྒྱད་རྣལ་འབྱོར་སྐྱོང་ལ་ཕྱག་འཚལ་བསྟོད། །དེས་གཏོར་བསྔོས་ཚང་ལ། གསོལ་ཁ་བསྡུས་པ་ནི། བསྟན་སྲུང་མཐར་ཐུག་མ་དང་རྡོ་རྗེ་འཆང་དངོས་མ། བསྐང་བ་བསྡུས་པ་བཀའ་བརྒྱུད་བསྐང་ཐུང་མ་དང་གནམ་ཆོས་བསྐང་བ་ཡན། བསྐང་ངོ་བཀའ་བརྒྱུད་སོགས་ནས། ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཞེས་པའི་བར་རོ། །ཞེས་པ་འདི་དོན་གྲུབ་ཀྱིས་བསྐུལ་ཞིང་གཞན་ལ་ཡང་ཕན་ཕྱིར་བཀའ་རྒྱ་གནད་ཀྱི་བཀའ་སྲུང་ཡོ་འགའ་མ་གཏོགས་ཧྲག་བསྡུས་ཚང་བར། སྔགས་འཆང་རཱ་ག་ཨ་སྱས་ཉིན་གཅིག་ལ་ཚར་བ་བྲིས་པ་རྟེན་འབྲེལ་ལེགས་སྙམ། རབ་གནས་ཚར་ནུབ་ཚར་གཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་འབྲིང་དུ་བྱས་པ།next