Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
རྒྱལ་བ་རྒྱ་མཚོའི་གཏོར་མ་འབུམ་ཐེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་བ་རྒྱ་མཚོའི་གཏོར་མ་འབུམ་ཐེར།next

རྒྱལ་བ་རྒྱ་མཚོའི་གཏོར་མ་འབུམ་ཐེར།


CMR025_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོའི་གཏོར་མ་འབུམ་ཐེར་བཞུགས་སོ།། རང་ཉིད་ཐུགས་རྗེ་ཆེན་པོར་གསལ། །མདུན་བསྐྱེད་རྒྱལ་བ་རྒྱ་མཚོ་ནི། །སྐུ་ཚད་བསམ་ལས་འདས་པ་ཡི། །ཕྱག་གཡོན་པདྨ་རྒྱ་ཆེ་བ། །ཡལ་ག་མེ་ཏོག་འབྲས་བུ་དམར། །ཟེའུ་འབྲུ་ཤཱཀ་ཐུབ་དཀོན་མཆོག་མགྲོན། །གཡས་སུ་འཇམ་དཔལ་ཡོན་ཏན་མགྲོན། །གཡོན་དུ་ཐུགས་ཆེན་རིགས་དྲུག་མགྲོན། །རྒྱབ་ཏུ་ཕྱག་རྡོར་ལན་ཆགས་མགྲོན། །མདུན་དུ་པད་འབྱུང་ཀླུ་གཞི་བདག །སྟེང་དུ་རྩ་བརྒྱུད་བླ་མར་བཅས། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །འཁོར་བཅས་སྤྱན་དྲངས་གཉིས་མེད་ཐིམ། །དེ་ཡན་ཡིད་ལ་བསྒོམས་ཀྱང་ཆོག །བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། ཧཱུྃ་ལས་རིན་པོ་ཆེ་ཡི་སྣོད། །སྟོང་གསུམ་མཉམ་པ་བདུད་རྩིས་གང་། །ཨོཾ་ཨཱཿཧཱུྃ། གསུམ། རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་རོ་ལི་སྭཱ་ཧཱ། བཅུ་བརྗོད་ནས། མགྲོན་རྣམས་ལྗགས་ལས་འོད་ཟེར་གྱི། །སྦུ་གུས་བདུད་རྩི་དྲངས་ཏེ་གསོལ། །ཐམས་


CMR025_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཉེས་ཤིང་ཚིམས་པར་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། བདུན། ཨོཾ་མ་ཎི་པདྨེ་ཧཱུྃ། ཨགྷཾ་སོགས། བླ་མའི་དགོངས་པ་རྫོགས་གྱུར་ཅིག །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམས་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཀླུ་དང་གཞི་བདག་དགའ་གྱུར་ཅིག །རྣམ་བཞིའི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། །བདག་དང་སེམས་ཅན་ཐམས་ཅད་ཀུན། །།ལོངས་སྤྱོད་ཊྛེལྡན་ཞིང་ཚོགས་རྫོ་གས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །མགྲོན་རྣམས་རང་གནས་བཛྲ་མུཿ ཀཿཐོག་དམ་པ་བདེ་གཤེགས་ལུགས་ཀྱི་གྲུབ་ཆེན་པཀིའི་དགོངས་པ་དང་། སི་ཏུ་ཆོས་ཀྱི་གོ་ཆས་མཛད་པ་གཉིས་ཀྱི་དོན་བསྡུས་པ་ ༧ ཀརྨ་ཨ་རཱ་གས་མཛད་པའོ།། །།


previousརྒྱལ་བ་རྒྱ་མཚོའི་གཏོར་མ་འབུམ་ཐེར།next