Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
རྒྱལ་བ་རྒྱ་མཚོ་ལྷ་ལྔ་རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི་བཟློག་དཔུང་དགྲ་བགེགས་རླག་བྱེད་ཐོད་རྒོད་འབར་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་བ་རྒྱ་མཚོ་ལྷ་ལྔ་རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི་བཟློག་དཔུང་དགྲ་བགེགས་རླག་བྱེད་ཐོད་རྒོད་འབར་བ།next

རྒྱལ་བ་རྒྱ་མཚོ་ལྷ་ལྔ་རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི་བཟློག་དཔུང་དགྲ་བགེགས་རླག་བྱེད་ཐོད་རྒོད་འབར་བ།


CMR025_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོ་ལྷ་ལྔ་རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི་བཟློག་དཔུང་དགྲ་བགེགས་རླག་བྱེད་ཐོད་རྒོད་འབར་བ་ཞེས་བྱ་བ་བཞུགས་པའི་དབུའོ།།


CMR025_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་བདག་མདུན་རྣམས་གནས་འགྱུར་ཏེ། གཙོ་བོ་རྟ་མགྲིན་ལ་དཔའ་བོ་ཁྲོ་རྒྱལ་རྒྱ་མཚོས་བསྐོར་བ། སྟེང་དུ་སློབ་དཔོན་པདྨ་ལ་གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས་ཁྲོ་ཞིང་གཏུམ་པའི་ཆ་བྱད་ཅན་ཁམས་གསུམ་ཟིལ་གྱིས་གནོན་ནུས་པའི་ཧཱུྃ་སྒྲ་སྒྲོག་པ་དང་། གཡས་ཕྱོགས་སུ་ཐུགས་རྗེ་ཆེན་པོ་ལ་འཕགས་མ་སྒྲོལ་མའི་ཚོགས་ཀྱིས་བསྐོར་ནས་བར་ཆད་སེལ་བ། གཡོན་དུ་གསང་བ་ཡེ་ཤེས་ཀྱི་ཌཱཀི་ལ་ཕོག་ཁྲོས་སེང་གསུམ་སོགས་ཌཱཀི་རྒྱ་མཚོས་བསྐོར་ནས་གདུག་པ་ཅན་དབང་དུ་སྡུད་པ། འོག་ཏུ་དམ་ཅན་རྒྱ་མཚོ་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་ཀུན་ཀྱང་


CMR025_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་ཆ་བྱད་ཅན། ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་དང་མཁའ་འགྲོའི་ཚོགས་རྣམས་དང་། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་དང་ཆོས་སྐྱོང་ཐམས་ཅད་རང་བཞིན་གྱི་གནས་ནས་ཚར་བབས་པ་ལྟར་བྱོན་ནས། བདག་མདུན་སོ་སོ་ལ་ཐིམ་པས་གཟི་བརྗིད་རབ་ཏུ་འབར་བ། པདྨ་དབང་གི་དཀྱིལ་འཁོར་དུ་གདུག་པ་ཅན་ཟིལ་གྱིས་གནོན་ཞིང་ཚར་གཅོད་པའི་རང་བཞིན་ཅན་དུ་གྱུར། ཕཊ༔ སྐད་ཅིག་གིས་གཏོར་སྣོད་བྷནྡྷ་ལྕང་ལོ་ཅན་དབྱིབས་གྲུ་གསུམ་སྟོང་གསུམ་དང་མཉམ་པའི་ནང་གཏོར་མ་དང་ལིངྒ་དང་ཚྭ་དང་ཁྲི་ལས་དགྲ་བགེགས་དངོས་སུ་གསལ་


CMR025_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར། ན་མོ་གུ་རུ་པདྨ་འབྱུང་གནས་ཞི་བ་དང་དྲག་པོ་བླ་མ་དགོངས་འདུས་ལ་སོགས་རིག་འཛིན་གྲུབ་ཐོབ་རྒྱུ་མཚོའི་བདེན་པ་དང་། ཐུགས་རྗེ་ཆེན་པོ་རིགས་ལྔའི་སངས་རྒྱས་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་འཕགས་མ་སྒྲོལ་མ་བརྒྱ་རྩ་བརྒྱད་ལ་སོགས་པ་དཀོན་མཆོག་གསུམ་གྱི་བདེན་པ་དང་། དཔལ་ཆེན་རྟ་མགྲིན་དྲྭ་བ་སྡོམ་པ་ཆེ་མཆོག་དཔལ་དགུ་ལ་སོགས་པ་དཔའ་བོ་ཁྲོ་རྒྱལ་རྒྱ་མཚོའི་བདེན་པ་དང་། རྡོ་རྗེ་འཇིགས་བྱེད་ཚེ་བདག་ཀིང་ཀཾ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། ནག་པོ་ལྕགས་རལ་རྟ་ནག་དྲེགས་པ་ལ་སོགས་པ་པདྨ་དབང་གི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། རྡོ་རྗེ་གཏུམ་པོ་ཡེ་ཤེས་འཇིགས་བྱེད་རྡོ་རྗེ་གཞོན་ནུ་ལ་སོགས་པ་རྡོ་རྗེ་ཐུགས་ཀྱི་ཁྲོ་བོ་རྣམས་ཀྱི་བདེན་པ་དང་། གསང་བ་ཡེ་ཤེས་མཁའ་འགྲོ་ཕག་ཁྲོས་སེང་གསུམ་འཇིགས་བྱེད་ཆེན་མོ་ལ་སོགས་པ་དཔའ་མོ་རྒྱ་མཚོའི་བདེན་པ་དང་། ལས་གཤིན་ཁྲོ་ཆུ་འཆར་ཀ་ནག་པོ་མ་མགོན་ལྕམ་དྲལ་ལ་སོགས་པ་དམ་ཅན་རྒྱ་མཚོའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ། ཁྱད་པར་དུ་བདག་ཅག་དཔོན་སློབ་


CMR025_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བྱ་མི་ནོར་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས། ལུས་ལ་ན་ཚ་བཏང་བ། སེམས་ལ་སྡུག་བསྔལ་བཏང་བ། ཚེ་བསོད་ནམས་ལ་བར་དུ་གཅོད་པ། བྱང་ཆུབ་སྒྲུབ་པའི་གེགས་བྱེད་པའི། གདོན་བགེགས་བྱད་མ། ནད་འདྲེ་གཅོང་སྲི། ཟ་འདྲེ་ཤི་སྲི། གོད་འདྲེ་གཅན་སྲི། སྒབ་འདྲེ་དམ་སྲི། བྱད་མ་ལྷ་སྲུང་དང་བཅས་པ། གདོན་རྒྱབ་བརྟེན་དང་བཅས་པ། ནད་སྣ་འདྲེན་དང་བཅས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་དྲག་པོ་དམར་གྱི་གཏོར་མ་གཟུགས་ལིངྒ་འདི་ལ་ཁུག་ཅིག །ཨོཾ་བཛྲ་ཨཾ་ཀུ་ཤ་ཛ་ཛ༔ ཆིངས་ཤིག་བཛྲ་པ་ཤ་ཧཱུྃ་ཧཱུྃ། སྡོམས་ཤིག་བཛྲ་ཕོ་ཊ་བཾ་བཾ། མྱོས་ཤིག་བཛྲ་གྷནྡྷེ་ཧོ་ཧོཿ ལྷ་དང་ཕྲོལ་ཅིག་བཛྲ་པྲ་ཝེ་ཤ་ཡ་ཕཊ་ཕཊ༔ དབྱེར་མེད་སྙིམས་ཤིག་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ དེ་ནས་ཕུར་པའམ་མཚོན་ཆ་གདེངས་བའམ་ཡུངས་དཀར་ནག་གིས་གཏོར་མའི་ལིངྒ་བྲབ་ཅིང་། ཀིང་ཀང་གི་སྒོ་ནས་བསྒྲལ་ལས་བསྡུས་པ་ནི། ཧཱུྃ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །གཏུམ་དྲག་བདུད་འདུལ་རབ་ཁྲོས་མཐུ་སྟོབས་བདག །ཁྲོ་བོའི་ལྷ་ཚོགས་མ་ལུས་སྐུ་བཞེངས་འཚལ། །གཤེད་མའི་དམག་དཔུང་སྐར་མདའ་


CMR025_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ལྟར་བསྐྱོད། །གནད་ནས་བསྐུལ་ལོ་དགྲ་བགེགས་ད་ལྟ་ཁུག །འདས་དང་མ་འདས་སྲུང་སྐྱོབ་ལྷ་དང་ཕྲོལ། །མཚོན་ཆའི་ཆར་ཕོབ་ལུས་སེམས་ཕྲོལ་ལ་སོད། །གཤིན་རྗེ་ཀིང་ཀང་དམར་ནག་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་ཞལ་དུ་བསྟབ། །མིང་ཙམ་མེད་པར་རྡུལ་དུ་བརླག་པར་མཛོད། །ཨོཾ་བཛྲ་ཀྲོ་དྷ་བྱ་ཤྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཧཱུྃ་ཨོཾ་མ་ཎི་པདྨེ་ཧཱུྃ། ར་ཙ་ཧིཡ་ཧ་རི་ནི་ས་གནོད་བྱེད་སརྦ་ཤ་ཏུ་ནི་ཏྲི་ཧུར་ཐུ་ཛ་མཱ་ར་ཡ་ཕཊ༔ ཅེས་བསྒྲལ་ནས་ཚེ་བདག་དང་རྡོ་རྗེ་འཇིགས་བྱེད་གཉིས་ཀའི་སྒོ་ནས་བསྟབ་པ་བྱ་སྟེ། ཧཱུྃ། འཇིགས་བྱེད་ཡ་མཱནྟ་ཀ་ནི། །སྲིད་པ་གསུམ་ལ་འཁོར་ལོ་བསྐོར། །འགྲོ་བ་ཀུན་གྱི་སྲོག་དབུགས་ལེན། །ཉམས་པར་གྱུར་པའི་དགྲ་དང་བགེགས། །འདི་ཡི་ལས་ཀྱིས་མཐའ་བསྡུས་ཏེ། །རྡུལ་ཕྲན་བཞིན་དུ་བརླགས་བྱས་ནས། །ཚེ་བདག་ནག་པོའི་ཞལ་དུ་བསྟབ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །གུ་རུ་དྷེ་ཝཱ་ཌཱཀི་ནཱི་སརྦ་དྷརྨ་པཱ་ལ་གནོད་བྱེད་དགྲ་བགེགས་ཀྱི་གཏི་མུག་ཤའི་བ་ལི་ཏ་ལ་ཁཱ་ཧི། འདོད་ཆགས་ཁྲག་གི་བ་ལི་ཏ་ལ་ཁཱ་ཧི། ཞེ་སྡང་རུས་པའི་བ་ལིཾ་ཏ་ལ་ཁཱ་ཧི། ལན་གསུམ། ཧཱིཿ མ་


CMR025_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ལྷུན་གྲུབ་བདེ་ཆེན་ཞིང་ཁམས་ནས། །རང་བྱུང་ཡེ་ཤེས་ཐུགས་རྗེའི་ལྷ་ཚོགས་རྣམས། །མ་འགགས་འགྲོ་བ་འདུལ་བར་ཐུགས་དམ་བསྐུལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་ནས། །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་མཆོག །དུག་ལྔ་རྩད་ནས་གཅོད་པར་ཐུགས་དམ་བསྐུལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕྱོགས་བཅུའི་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ནས། །རྣམ་ཐར་བརྒྱད་ལྡན་བྱང་ཆུབ་སེམས་དཔའི་ཚོགས། །རྣམ་ཤེས་ཚོགས་བརྒྱུད་དག་པར་ཐུགས་དམ་བསྐུལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འགྲོ་འདུལ་སྤྲུལ་པ་སྐུ་ཡི་ཞིང་ཁམས་ནས། །བཅོམ་ལྡན་ཐུབ་པ་དྲུག་གི་ཐུགས་དམ་བསྐུལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མཛད་པ་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས། །འགྲོ་འདུལ་སངས་རྒྱས་སྟོང་གི་ཐུགས་དམ་བསྐུལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཚད་མེད་རྣམ་པར་ཐར་པའི་སྒོ་བཞི་ནས། །ཁྲོ་རྒྱལ་སྒོ་སྐྱོང་བཞི་ཡི་ཐུགས་དམ་


CMR025_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དཀྱིལ་འཁོར་ཆེན་པོའི་བར་ཁྱམས་འཁོར་ཡུག་ནས། །རིག་འཛིན་བཀའ་སྡོད་ཚོགས་ཀྱི་ཐུགས་དམ་བསྐུལ། རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧྲཱིཿ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །གདུག་པའི་ཀླུ་རྣམས་བརྩེགས་པའི་ཁྲི་སྟེང་དུ། །ཐུགས་རྗེ་ཆེན་པོ་ཁྲོས་པའི་ཚུལ་བསྟན་པ། །དབང་ཆེན་རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །བསྙེལ་བ་མི་མངའ་སྟོབས་བཅུའི་ཤུགས་འཆང་ཞིང་། །མཐུ་རྩལ་རླབས་ཀྱིས་ས་རྣམས་གཅིག་ཆར་བསྒྲོད། །རྟ་སྐད་ཐང་གསུམ་གསང་བའི་ཐུགས་དམ་བསྐུལ། །སྟབས་དགུའི་འགྲོས་ཀྱིས་ཐེག་དགུའི་ལམ་ལ་སྦྱོར། །དྷཱི༔ཡིས་ང་རོས་ལོག་འདྲེན་ཟིལ་གྱིས་གནོན། །རོལ་པའི་རྟ་བྲོས་བདུད་བཞི་ཐལ་བར་རློགས། །ཀུན་ལ་དབང་བྱེད་དབང་མཆོག་རྒྱལ་པོའི་སྐུ། །སྔོན་གྱི་ཞལ་བཞེས་ཐུགས་དམ་རྒྱལ་པོ་ནི། །སྲིད་གསུམ་གདུག་པ་འདུལ་བར་དམ་བཅས་པ། །མ་རུངས་གདུག་པའི་ས་བདག་ཀླུ་གཉན་དང་། །སྒྲུབ་ལ་བར་དུ་གཅོད་པའི་དགྲ་དང་བགེགས། །གནོད་བྱེད་འབྱུང་པོའི་ཚོགས་རྣམས་རྡུལ་དུ་རློགས། །དམ་


CMR025_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་མ་གཡེལ་ཕྲིན་ལས་མྱུར་དུ་མཛོད། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ། །ཧྲཱིཿ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཀླུ་དང་ས་བདག་བསྣོལ་བའི་ཁྲི་སྟེང་དུ། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་དབང་གི་ལྷ། །སྐུ་མདོག་དམར་ནག་ཆེན་པོ་རྔམ་པའི་སྐུ། །ཁྲོ་གཉེར་བསྡུས་ཤིང་སྨིན་མ་གློག་ལྟར་འཁྱུགས། །སྤྱན་གསུམ་སྡང་མིག་ཉི་ཟླའི་འོད་ཟེར་འཁྲུགས། །རྔམ་པའི་ཞལ་གདངས་ལྗགས་འདྲིལ་རྐན་སྒྲ་རྡེབ། །མཆེ་བ་ཟངས་ཡག་ལོག་འདྲེན་དགྲ་བགེགས་སྒྲོལ། །སྨ་ར་ཨག་ཚོམ་དམར་སེར་བདུད་དཔུང་བསྲེགས། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ། །སྤྱི་བོའི་གཙུག་ཏུ་རྟ་མགོ་ལྗང་ཞུར་འཚེར། །ལྷང་ལྷང་ཙེར་ཙེར་སྣང་སྲིད་འདར་ཞིང་གཡོ། །ཕྱག་མཚན་ཅིར་ཡང་བསྒྱུར་ཞིང་མཚོན་ཆ་བསྣམས། །རིན་ཆེན་རྒྱུན་བཟང་རྣམ་པ་སྣ་ཚོགས་དང་། །གདུག་པ་སྦྲུལ་ཆེན་རིགས་ལྔས་སྐུ་ལ་བརྒྱན། །ན་བཟའ་སྟོད་གཡོགས་དར་གྱི་ཆོས་གོས་གསོལ། །སྐུ་སྨད་དཔའ་བོ་སྟག་གི་ཤམ་ཐབས་དཀྲིས། །ཞབས་གཉིས་བརྐྱང་བསྐུམ་ཆུ་བདག་ཕོ་མོ་བརྫིས། །སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་སྐར་ལྟར་འཁྲུགས། །


CMR025_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་འབར་བའི་ཆས་རྣམས་སྐུ་ལ་རྫོགས། །འོད་ཟེར་དྲག་པོ་མེ་དང་ཉི་མ་དང་། །གནམ་ལྕགས་བྱེ་ཚན་ཆར་འབེབས་ཁྲག་དང་དུག༔ ༈ །བྱུ་རུའི་མདོག་འདྲ་ལྗགས་ཀྱི་ཚྭ་ཚྭ་ཡིས། །གདུག་པའི་འཇིག་རྟེན་ཁམས་རྣམས་སྟོངས་པར་མཛད། །ཡེ་ཤེས་མེ་རི་འབར་བའི་ཀློང་དཀྱིལ་ན། །རིག་སྔགས་རྒྱལ་པོ་ཁྲོ་བོ་མང་པོས་བསྐོར། །ཀུན་ཀྱང་རབ་ཏུ་མི་བཟད་འབར་བ་སྟེ། །རྣམ་འགྱུར་ཁྲོས་པའི་སྟངས་སྟབས་ལམས་སེ་ལམ། །དྲག་སྔགས་དབང་གིས་རྟ་སྐད་ཅེ་རེ་རེ། །དཔལ་ཆེན་ཁྲོས་པའི་རྟ་བྲོ་ཁྲིགས་སེ་ཁྲིག །འགྲོ་ལ་ཐུགས་རྗེའི་སྤྲིན་ཚོགས་ཐིབས་སེ་ཐིབ། །གདངས་གསལ་ཡེ་ཤེས་འོད་འབར་ཁྱུགས་སེ་ཁྱུག །ཁྲོ་རྒྱལ་རྔམ་པའི་འབྲུག་སྒྲ་དི་རི་རི། །དྲག་པོའི་གནམ་ལྕགས་ཐོག་འབེབས་ཆེམས་སེ་ཆེམ། །སྲེག་བྱེད་རྡོ་རྗེའི་མེ་འབར་ལྷབས་སེ་ལྷབ། །རྣོ་དབལ་མཚོན་ཆའི་ཆར་པ་སི་ལི་ལི། །ས་བདག་ཀླུ་གཉན་རྒྱལ་བསེན་ཕོ་མོ་དང་། །སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས། །སྒྲུབ་ལ་བར་དུ་གཅོད་པ་གང་ཡིན་རྣམས། །རྡུལ་ཕྲན་བཞིན་དུ་ཐལ་བ་རྡུལ་དུ་རློགས། །སྔོན་གྱི་ཐུགས་དམ་ཆེན་པོའི་དུས་ལ་བབ། །ཞལ་


CMR025_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་བཞིན་དུ་དྲག་པོའི་ཕྲིན་ལས་མཛོད། །ཧཱུྃ། གསང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་ནས། །དགུ་ཀློང་འཁྲུགས་པ་ཨེ་ཡི་གཞལ་ཡས་ཁང་། །འབྱུང་བ་རང་འོད་འཁྲུགས་པའི་དཀྱིལ་འཁོར་ནས། །ཡི་དམ་ཞི་ཁྲོའི་ཚོགས་རྣམས་སྐུ་བཞེངས་འཚལ། །བཞེངས་ཤིག་བཞེངས་ཤིག་རང་རང་གནས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །མཛོད་ཅིག་མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད། །པདྨ་བཛྲ་འཁོར་བཅས་སྐུ་བཞེངས་འཚལ། །བུདྡྷཱ་ཐོད་ཕྲེང་འཁོར་བཅས་སྐུ་བཞེངས་འཚལ། །མི་བསྐྱོད་རྡོ་རྗེ་འཁོར་བཅས་སྐུ་བཞེངས་འཚལ། །པདྨ་དབང་ཆེན་འཁོར་བཅས་སྐུ་བཞེངས་འཚལ། །ཐོད་པ་རྩལ་ཆེན་འཁོར་བཅས་སྐུ་བཞེངས་འཚལ། །དྲག་པོ་མེ་ཕྲེང་འཁོར་བཅས་སྐུ་བཞེངས་འཚལ། །སངས་རྒྱས་དཔའ་བོ་འཁོར་བཅས་སྐུ་བཞེངས་འཚལ། །དབང་ཆེན་རྟ་མགྲིན་འཁོར་བཅས་སྐུ་བཞེངས་འཚལ། །ལག་ན་རྡོ་རྗེ་འཁོར་བཅས་སྐུ་བཞེངས་འཚལ། །རང་རང་གནས་ནས་སྐུ་བཞེངས་འདིར་གཤེགས་ལ། །ཕྲིན་ལས་མྱུར་མགྱོགས་དྲག་པོའི་ལས་མཛོད་ཅིག །ངང་ཉིད་དོན་གྱི་དབྱིངས་


CMR025_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་གཡོས་ཀྱང་། །གནས་སྐབས་གཟུགས་སྐུས་འགྲོ་བའི་དོན་མཛད་ཅིང་། །གནོད་བྱེད་གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར། །རྣམ་འགྱུར་ཁྲོ་ཚུལ་འཇིགས་པའི་ཆ་ལུགས་ལ། །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་རྐན་སྒྲ་རྡེབ། །།སྤྱན་རྩ་དམར་པོ་གྲུ་གསུམ་སྡང་མིག་བསྒྲད། །སྨིན་མ་ཨག་ཚོམ་མེ་འབར་གྱེན་དུ་འཕྱོ། །དབུ་སྐྲ་རལ་པ་ཁམ་ནག་གཙུག་ཏུ་འཁྱིལ། །ཐོད་སྐམ་རིན་ཆེན་རྩེ་བྲན་སྦྲུལ་གྱིས་དཀྲིས། །གཞན་ཡང་དུར་ཁྲོད་ཆས་དང་རུས་པས་བརྒྱན། །སྣ་ཚོགས་རིན་ཆེན་དར་གྱིས་ལྷབ་ལྷུབ་དཀྲིས། །རྣམ་འགྱུར་འདོར་སྟབས་བད་ཅིང་འགྱིང་བག་ཚུལ། །མི་སྲུན་དྲག་ཤུལ་འབར་བའི་གར་སྟབས་འཁྱུགས། །ཞལ་ནས་དྲག་པོའི་སྔགས་ཀྱི་འབྲུག་སྒྲ་སྒྲོག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །གནོད་བྱེད་དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ཁྱེད་ནི་འགྲོ་བའི་མགོན་གྱུར་སྐྱབས་ཀྱི་མཆོག །བདག་གིས་སྒོ་གསུམ་གུས་པས་ཁྱོད་སྒྲུབ་ཅིང་། །དཀའ་བ་དང་བླངས་ལྗི་བ་ཁུར་དུ་ཁུར། །ལུས་སྲོག་འབེན་བཙུགས་ཤ་ཁྲག་གཟན་དུ་བོར། །མོས་གུས་གཏིང་


CMR025_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁྱེད་ལ་སྐྱབས་གསོལ་ན། །ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས། །དུས་ངན་སྙིགས་མའི་དུས་འདིར་བདག་སྐྱེས་ནས། །ཁྱེད་ཀྱི་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །བདག་སོགས་བླ་མེད་བྱང་ཆུབ་སྒྲུབ་པ་ལ། །ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། ཐུགས་རྗེ་དྲག་པོའི་སྟོབས་ཀྱིས་བསྒྲལ་ནས་ཀྱང་། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་སྦྱོངས། །གསུང་དབྱངས་དྲུག་ཅུ་ལྡན་པའི་མགུལ་དུ་བསྒྲིམ། །དོན་དམ་སྐྱེ་མེད་ཐུགས་ཀྱི་དབྱིངས་སུ་བསྟིམ། །རྣལ་འབྱོར་བདག་གི་འདོད་པའི་དོན་རྣམས་ཀུན། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །འགྲུབ་པར་མཛོད་ཅིག་བཛྲ་ས་མཱ་ཡ། །གུ་རུ་དྲག་པོའི་ལས་བྱེད་སྡིག་པའི་གཟུགས། །རྟགས་ཀྱི་རྣོ་དབལ་འཇིགས་བྱེད་འབར་བའི་སྐུ། །མགོ་དགུའི་ཁ་ལ་ཁམས་གསུམ་ཟས་སུ་ཟ། །རྭ་ནི་བཅོ་བརྒྱད་སྲིད་གསུམ་ཟིལ་གྱིས་གནོན། །རྐང་ལག་བརྒྱད་ཀྱིས་སྟོང་གསུམ་དབང་དུ་སྡུད། །མེ་ཡི་ཚྭ་ཚྭ་དྲག་པོ་སྐར་ལྟར་འཁྲུགས། །དྲི་མ་མི་ཞིམ་ཤིན་ཏུ་དཔག་ཚད་ཁྱབ། །ཁ་གདངས་མཆེ་གཙིགས་


CMR025_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྐན་སྒྲ་བརྡབས་པ་ཡིས། །གནོད་བྱེད་རྒྱལ་འགོང་སྲོག་བདག་ཟས་སུ་ཟ། །ཁ་དགུ་མིག་དགུ་དྲག་པོས་གདུག་པ་འདུལ། །བདུད་འདུལ་ལྕགས་སྡིག་སྐུ་ལ་ཕྱག་འཚལ་བསྟོད། །ལྟཕོ་རིགས་ཀླུ་ལ་ལྕགས་སྡིག་ནག་པོ་བྷྱོ༔ །མོ་རིགས་ཀླུ་ལ་ལྕགས་སྡིག་ནག་པོ་བྷྱོ༔ །དྲག་པོ་གཟའ་ལ་ལྕགས་སྡིག་ནག་པོ་བྷྱོ༔ །གནོད་བྱེད་གདོན་ལ་ལྕགས་སྡིག་ནག་པོ་བྷྱོ༔ སྲོག་བདག་ཐེའུ་རང་ཀུན་ལ་ལྕགས་སྡིག་ནག་པོ་བྷྱོ༔ །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །མི་མཐུན་ཕྱོགས་རྣམས་ཐལ་བ་རྡུལ་དུ་རློགས། །ཧཱུྃ། མི་ཟླུམངོན་དབྱིངས་ནས་སྐུ་བཞེངས་ཤིག །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །མཛོད་ཅིག་མཛོད་ཅིག་དྲག་པོའི་ལས་མཛོད་ཅིག །བླ་མ་བདེ་མཆོག་དཀྱིལ་འཁོར་ལྷ། །དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞི་རྒྱས་དབང་དྲག་ཕྱིན་ལས་ཀྱི། །ལས་རྣམས་མ་ལུས་འགྲུབ་པར་མཛོད། །ཧཱུྃ། ཁྲོ་རྒྱལ་ཆེན་པོའི་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐུགས་མཆོག་འགྱུར་མེད་གསང་བདག་རྡོ་རྗེ་འཛིན། །སྐུ་


CMR025_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་མཐིང་ནག་དཔའ་གཏུམ་འཇིགས་པའི་གཟུགས། །ཕྱག་གཡས་རྡོ་རྗེས་དགྲ་དཔུང་ཐལ་བར་བརླགས། །གཡོན་པས་སྡིགས་མཛུབ་མེ་འབར་ཁམས་གསུམ་བསྲེགས། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་མཐུ་སྟོབས་བསྡུས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་བགེགས་རྩད་ནས་བརླག་པར་མཛོད། །ཧཱུྃ། ཆོས་དབྱིངས་མཉམ་ཉིད་རིག་པའི་ཡེ་ཤེས་ལྷ། །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས། །མ་བཅོས་ལྷུན་འགྲུབ་ཛཿཧཱུྃ་བཾ་ཧོ༔ཨཱཿ །ས་མཱ་ཡཿཨཱ་ཝེ་ཤ་ཡ་ཏིཥྛ་ལྷན༔ རང་རིག་ཡེ་ཤེས་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུྃ། རང་བྱུང་ཐབས་ཤེས་དབྱེར་མེད་སྨན་གྱིས་མཆོད། །རྒྱུ་རྐྱེན་རྣམ་དག་བདུད་རྩི་གཏོར་མས་མཆོད། །ཆགས་བྲལ་རཀྟ་དམར་ཆེན་རྫས་ཀྱིས་མཆོད། །ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད། །གཉིས་མེད་བླང་དོར་མེད་པའི་ངང་དུ་མཆོད། །སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། མ་ཧཱ་པཱུ་ཛ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི། མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ལཱ་


CMR025_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཚོམ་བུ་དགུ་ཡི་ལྷ་ཚོགས་འཁོར་བཅས་ཀྱིས། །དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། །བྱད་མ་དགྲ་བགེགས་གནོད་པའི་སྦྱོར་བ་ཟློག །དགྲ་བགེགས་གཤེད་མ་བྱ་ཁྱུང་རྒྱལ་པོ་ཡིས། །ལྟས་ངན་བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཆོས་དབྱིངས་རྣམ་དག་འཁོར་ལོ་རྒྱས་འདེབས་ཡུམ༔ ཐབས་ཤེས་སྐུ་ལས་སྤྲུལ་པའི་ཁྲོ་བོ་བཅུ༔ རང་བཞིན་དབྱིངས་ལས་ཤར་བའི་ཁྲོ་མོ་བར༔ སྤྲུལ་པ་ལས་ལ་མངག་པའི་ཁྲ་ཐབས་ཚོགས༔ ཟ་གསོད་མཆེ་བ་སྟག་གི་གཤོག་པ་ཅན༔ དཀྱིལ་འཁོར་ཕྱོགས་བཞི་སྐྱོང་བའི་སྒོ་མ་བཞི༔ གསོད་པའི་ལས་མཛད་ཕུར་སྲུང་བཅུ་གཉིས་དང་༔ བསེ་ལྕགས་དུང་གི་སྐྱེས་བུ་ལ་སོགས་ཏེ༔ ཕུར་པའི་སྲུང་མར་ཞལ་བཞེས་དམ་བཅས་ཚོགས༔ འདིར་གཤེགས་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ཁྱེད་ཀྱི་ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ དགྲ་བགེགས་བསྣོལ་བའི་གདན་


CMR025_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནས༔ རྟ་མགྲིན་ནག་པོ་སྐུ་བཞེངས་ཤིག༔ གནོད་སྦྱིན་ནག་པོ་སྐུ་བཞེངས་ཤིག༔་ལས་མཁན་ནག་པོ་སྐུ་བཞེངས་ཤིག༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཧཱུྃ༔ བསྐུལ་ལོ་ཡཀྵ་མཐུ་བོ་ཆེ༔ ཟད་དོ་དྲེགས་པ་སྡེ་བརྒྱད་ཚོགས༔ མ་གཡེལ་སྲུང་མ་ཐུགས་དམ་ཅན༔ དམ་རྫ་ས་གཏོར་མ་འདི་བཞེས་ལ་སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་ཚེ་ཁྱོད་ཀྱིས་སྲིངས༔ བསྲུང་བྱའི་བར་ཆད་ཁྱོད་ཀྱིས་སོལ༔ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ དུས་ལ་བབ་བོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨེཿ དྲག་པོ་ཆོས་དབྱིངས་གཤིན་རྗེའི་གཞལ་ཡས་ནས༔ ཚ་གྲང་མཚོན་ཆ་དུག་ཕུར་བསྐལ་པའི་མེ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཁྲི་སྟེང་ནས༔ བདེ་གཤེགས་རྒྱལ་བའི་སྐུ་གསུང་ཐུགས་སྤྲུལ་པ༔ འཇམ་དཔལ་གཤིན་རྗེ་རིགས་གསུམ་འདུས་པའི་སྐུ༔ གཤེད་ཆེན་ཤན་པ་སྲོག་བདག་གསུམ་གྱིས་མཚན༔ གཤིན་རྗེ་ཁྲོ་ཆུ་དུག་གདོང་གཤེགས་སུ་གསོལ༔ ཚེ་བདག་འཆི་བདག་


CMR025_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་བདག་གཤེགས་སུ་གསོལ༔ བྷེ་ཝ་ས་ཏ་ཟ་བ་ལྗང་དམར་དང་༔ ཡ་མཱ་རཱ་ཙ་འཁོར་བཅས་གཤེགས་སུ་གསོལ༔ དམ་རྫས་སྨན་རཀ་གཏོར་མའི་མཆོད་པ་འབུལ༔ གསུམ་སྨན་རཀ་གཏོར་མས་ཐུགས་དམ་བསྐང་༔ དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ༔ མ་གཡེལ་མ་གཡེལ་དམ་ཅན་གཤིན་རྗེའི་ཚོགས༔ དགྲ་བགེགས་གནོད་བྱེད་བསྒྲལ་བའི་ཕྲིན་ལས་མཛོད༔ རྐྱེན་ངན་བར་ཆད་བཟློག་པའི་དུས་ལ་བབ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཆོས་དབྱིངས་ལས་གྲུབ་པ་ཡི་རང་བཞིན་ལྷ༔ ཡེ་ཤེས་འཇིགས་བྱེད་ལས་ཧུར་ཡུམ་དང་བཅས༔ ཕོ་བརྒྱད་མོ་བརྒྱད་འཁོར་དང་བཅས་པ་ཀུན༔ འདིར་གཤེགས་གནོད་བྱེད་དགྲ་བགེགས་གདན་ལ་བཞུགས༔ སྨན་གཏོར་རཀྟའི་མཆོད་པས་ཐུགས་དམ་བསྐང་༔ གནོད་བྱེད་དགྲ་བགེགས་མཐུ་སྟོབས་ཤ་ཁྲག་དབུགས༔ ཞལ་དུ་བསྟབ་བོ་བཞེས་ཤིག་ཁཱ་རཾ་ཁཱ་ཧྲཱིཿ ཧཱུྃ་ཧཱུྃ་ཕོ་པེ༔ མ་གཡེལ་མ་སྤངས་མཁའ་འགྲོ་རྣལ་འབྱོར་མ༔ ཆོས་དབྱིངས་ཨེ་ཡི་གཞལ་ཡས་ནས༔ རང་བཞིན་དབྱིངས་ཀྱི་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོ་སྐུ་བཞེངས་ཤིག༔


CMR025_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ཡེ་ཤེས་སྐུ་བཞེངས་ཤིག༔ འཇིགས་བྱེད་ཆེན་མོ་སྐུ་བཞེངས་ཤིག༔ སེང་གདོང་ཌཀི་སྐུ་བཞེངས་ཤིག༔ ཁྲོས་མ་ནག་མོ་སྐུ་བཞེངས་ཤིག༔ ཀུ་རུ་ཀུལླེ་སྐུ་བཞེངས་ཤིག༔ ལས་ཧུར་དྲག་མོ་སྐུ་བཞེངས་ཤིག༔ ལབ་ཀྱི་སྒྲོན་མ་སྐུ་བཞེངས་ཤིག༔ བདེ་ཆེན་རྒྱལ་མོ་སྐུ་བཞེངས་ཤིག༔ འོད་ཟེར་ཅན་མ་སྐུ་བཞེངས་ཤིག༔ དབྱངས་ཅན་ལྷ་མོ་སྐུ་བཞེངས་ཤིག༔ ལོ་མ་གྱོན་མ་སྐུ་བཞེངས་ཤིག༔ སྒྲོལ་མའི་ལྷ་ཚོགས་སྐུ་བཞེངས་ཤིག༔ ཨ་ཕྱི་ཆོས་སྒྲོན་སྐུ་བཞེངས་ཤིག༔ ཕག་གདོང་མཆེད་ལྔ་སྐུ་བཞེངས་ཤིག༔ ཀུན་འཁྱིལ་མཆེད་གསུམ་སྐུ་བཞེངས་ཤིག༔ བསེ་ཡི་ལྷ་མོ་སྐུ་བཞེངས་ཤིག༔་རི་རབ་ཆེན་པོའི་གླིང་བཞི་དང་༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས་རིགས་བཞི་མཁའ་འགྲོ་ཤུགས་འགྲོ་དང་༔ ཡེ་ཤེས་ལས་གྲུབ་མ་མོའི་ཚོགས༔ ཁྲི་འབུམ་བྱེ་བ་ས་ཡ་རྣམས༔ དར་གྱི་ཅོད་པན་པུ་རུ་རུ༔ སིལ་སྙན་མང་པོ་སི་ལི་ལི༔ རོལ་མོ་མང་པོ་ཏི་རི་རི༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ ཌཱ་རུ་གར་སྟབས་ཤིགས་སེ་ཤིག༔ ཞལ་ནས་སྔགས་སྒྲ་དི་རི་རི༔ ཕཊ་དང་ཕེ་སྒྲ་འུ་རུ་རུ༔ རི་རབ་གླིང་བཞི་ལྡེམས་སེ་ལྡེམ།


CMR025_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ཀུན་ཀྱང་ཁྱོམས་སེ་ཁྱོམ༔ སྣང་སྲིད་དབང་སྡུད་ཧྲཱིཿ་ལི་ལི༔ སྡེ་བརྒྱད་བྲན་དུ་ཁྱུགས་སེ་ཁྱུག༔ རྐང་པ་རྡོ་རྗེ་འགྲོས་སྟབས་ཀྱིས༔ མཁའ་ལ་ཐོགས་མེད་བུན་ནེ་བུན༔ བྷལག་པ་གསེར་གྱི་གདུ་བུ་ཅན༔ སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག༔ ཆ་ལུགས་རྣམ་པ་སྣ་ཚོགས་ཅན༔ ཕྲིན་ལས་རྣམ་བཞི་ཐོགས་མེད་བསྒྲུབ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མཁའ་འགྲོ་དངོས་གྲུབ་མ་གཡེལ་ཞིག༔ ཤུགས་འགྲོ་ལས་ལ་མ་བུལ་ཞིག༔ བསེ་ལམ་མཐུ་སྟོབས་མ་ཆུང་ཞིག༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ འདོད་པའི་དོན་ལ་གསོལ་འདེབས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཚེ་དབང་ལོངས་སྤྱོད་རྒྱས་པ་དང་༔ རྐྱེན་ངན་བར་ཆད་ཐམས་ཅད་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་བྱེད་པའི༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཡི༔ ཆོས་སྐྱོང་སྲུང་མ་མཐུ་རྩལ་ཅན༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ མ་གཡེལ་མ་གཡེལ་ཆོས་སྐྱོང་ཚོགས༔ བསྟན་པ་བསྲུང་བའི་དུས་ལ་བབ༔ ཕྲིན་ལས་སྒྲུབ་པའི་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་དུས་ལ་བབ༔ མཐུ་རྩལ་ཕྱུངས་བའི་


CMR025_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ༔ འབར་མ་ཕོ་ཉ་རྫུ་འཕྲུལ་ཅན༔ གར་གྱི་དབང་ཕྱུག་ཁྲོ་རྒྱལ་དཔལ༔ རྟ་མཆོག་རྒྱལ་པོ་ཧེ་རུ་ཀ༔ དོན་གྱི་སངས་རྒྱས་ཡིན་མོད་ཀྱང་མཛད་པའི་ཆོ་འཕྲུལ་དུ་མ་ལས༔ རྣམ་པ་སྣ་ཚོགས་ཆ་ལུགས་ཅན༔ བྲན་གྱི་ཚུལ་དུ་བཀའ་སྲུང་མཛད༔ འཁོར་དུ་སྡེ་བརྒྱད་ཚོགས་ཀྱིས་བསྐོར༔ ཡབ་ཡུམ་སྲས་འཁོར་ཡང་སྤྲུལ་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ བཅོལ་བའི་ཕྲིན་ལས་མ་ལུས་སྒྲུབས༔ ཡཱཿ ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས༔ རིམ་པ་དགུ་ཡི་ས་འོག་ནས༔ ལྕགས་མཁར་སྒོ་མེད་ནང་ཤེད་ནས༔ ལས་ཀྱི་གཤིན་རྗེ་གཤེགས་སུ་གསོལ༔ ཤ་ཁྲག་བརྒྱན་པའི་གཏོར་མ་བཞེས༔ བྲ་སྲན་ཤ་རམ་ཁྱི་རྟ་ནག༔ བཙས་སུ་མཐུན་རྫས་ཟས་སུ་བཞེས༔ སྨིན་ཕྲག་སྨག་སྨིན་གློག་འགྱུ་བ༔ ལྷ་གདོན་རྡུལ་དུ་བརླག་པར་མཛོད༔ རིགས་གསུམ་མགོན་པོའི་དབུ་རྒྱན་ཅན༔ རྒྱ་བོད་གཉིས་ཀྱི་བྱད་མ་ཟློག༔ ཞལ་གདངས་ཧ་ལའི་སྒྲ་སྒྲོག་པ༔ གནོད་བྱེད་མ་ལུས་ཟས་སུ་ཟོ༔ མོན་ནག་མགུལ་ན་ལྔ་བ་ཅན༔ ཟ་འདྲེ་ཤི་གཤེད་རྡུལ་དུ་རློགས༔ གཅེར་བུ་སྦྲུལ་ལྡག་བཟློག་གྱོན་ཅན༔ བན་


CMR025_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བོན་མ་ལུས་རྡུལ་དུ་རློགས༔ དགྲ་སྡུས་དགྲ་བོའི་ཙིཏྟ་ཡི༔ ལྟས་ངན་ཐལ་བ་རྡུལ་དུ་རློགས༔ འཆར་ཀ་སྲིད་པའི་འཁོར་ལོ་ཡིས༔ སྲིད་གསུམ་བྱད་མ་རྡུལ་དུ་རློགས༔ ཁྲོ་ཆུ་ཕ་ཝང་འཁོར་ལོ་ཡིས༔ བསྟན་ལ་གནོད་བྱེད་རྡུལ་དུ་རློགས༔ སིར་སིར་གནམ་ལྕགས་ཟེགས་མ་ཅན༔ བསྟན་བཤིག་སྡིག་ཅན་རྡུལ་དུ་རློགས༔ དབལ་གསུམ་མི་མཐུན་རྐྱེན་ངན་ཟློག༔ རྩེ་ཕུར་བྱེད་སྙིང་བརྡོལ་ཏེ་བརྡེག༔ བྱད་མ་ལྷ་སྲུང་རྡུལ་དུ་རློགས༔་དབལ་གསུམ་མེ་ཡིས་འཁོར་ལོ་བསྐོར༔ འགོང་པོ་ཐུལ་ཐུན་ཐལ་བར་རློགས༔ རླུང་ནག་འཚུབ་མ་དཀྱལ་དང་དཀྱིལ༔ མི་ནད་ནོར་ནད་རྡུལ་དུ་རློགས༔ མེ་འབར་ཉམ་ང་ཚ་ཧི་ག༔ སྐྱེ་འགྲོ་དྲུག་གི་གནོད་པ་ཟློག༔ མོན་ནག་ཧ་ལའི་འཁོར་ཚོགས་ཅན༔ ལས་མཁན་ཕོ་ཉ་རྡུལ་དུ་རློགས༔ སྡེ་བརྒྱད་སྣང་སྲིད་ལྷ་འདྲེས་བསྐོར༔ འཇིག་རྟེན་དྲེགས་པ་རྡུལ་དུ་རློགས༔ ཁྱོད་ཀྱི་དུས་ལ་བབ་ལགས་སོ༔ སྲིད་པ་ནག་པོ་ཚ་བོ་ཚ། བདག་ལ་གནོད་བྱེད་འགའ་མཆིས་པས༔ སྤྱི་དགོས་བསྟན་དང་བདག་ཅག་ལ༔ གནོད་བྱེད་ཐལ་བ་རྡུལ་དུ་རློགས༔ ཇི་ལྟར་བྱེད་ཀྱང་ཁྱེད་ཡིན་གྱིས༔ ཁས་བླངས་བཞིན་དུ་


CMR025_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལ་འདུས༔ པདྨ་འབྱུང་གནས་བྷ་ཝི་ལྷ༔ ཨཱརྱ་མཉྫའི་བཀའ་མ་བཅག༔ ད་ལྟ་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ མ་གཡེལ་མ་འདའ་བྱ་རོག་མཚན༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་ཅག་སློབ་དཔོན་འཁོར་བཅས་ལ༔ དགྲ་བགེགས་བྱད་ཁ་བྱུང་བ་འདི༔ དམ་ཅན་ཁྱོད་ཀྱིས་མ་ཚོར་རམ༔ ཡེ་ཤེས་སྤྱན་དང་མི་ལྡན་ནམ༔ སྔོན་གྱི་དམ་བཅའ་མི་གཉེར་རམ་རིག་འཛིན་རྣལ་འབྱོར་མི་སྐྱོངས་སམ༔ སངས་རྒྱས་བསྟན་པ་མི་སྲུངས་སམ༔ དམ་ཉམས་ལོག་འདྲེན་མི་འདུལ་ལམ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔ བར་ཆད་བཟློག་པའི་དུས་ལ་བབ༔ ཧཱུྃ༔ དམ་ཉམས་བསྟན་པའི་དགྲ་བགེགས་འདི། རྡོ་རྗེ་བེར་ཆེན་ལྕམ་དྲལ་དང་༔ མྱུར་མཛད་མགོན་པོ་དུད་སོལ་མ༔ སྲིན་མགོན་གདོང་བཞི་ལ་སོགས་པ༔ བསྟན་སྐྱོང་བཀའ་སྲུང་འཁོར་བཅས་ཀྱི༔ ལྗགས་དམར་བསྐྱོད་པའི་ཞལ་དུ་འབུལ༔ དགེ་དེས་བསྟན་པ་དར་རྒྱས་ཤོག༔ ཧཱུྃ༔ མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ གཤིན་རྗེ་འཆར་ཀ་ནག་པོ་ནི༔ སྐུ་མདོག་ཆར་སྤྲིན་འཐིབས་པ་


CMR025_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ༔ ཞལ་གདངས་སྟག་གཟིག་རྔམ་པ་འདྲ༔ མཆེ་བ་ཚེར་ཕུང་གདེངས་པ་འདྲ༔ ཤངས་ནས་བསྐལ་པའི་རླུང་ནག་འཚུབ༔ སྙན་ནས་སྟོང་གསུམ་འབྲུག་སྒྲ་སྒྲོག༔ ཞལ་ནས་དྲག་པོའི་སྔགས་བཟླས་ཤིང་༔ འོད་ཟེར་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཚྭ་ཚྭ་སྤྲུལ་པའི་ཕོ་ཉ་འགྱེད༔ གནོད་བྱེད་ཤ་ཁྲག་གཏོར་མ་བཞེས༔ དགྲ་བགེགས་ཟློག་པའི་ལས་མཛོད་ཅིག༔ ནད་ཁ་རིམས་ཁ་དགྲ་ལ་སྡིག༔ བྱད་ཁ་ཆོད་གཏོང་ཐམས་ཅད་ཟློག༔ བཀའ་བརྒྱད་ཕོ་ཉ་ཡོངས་རྫོགས་ཐུགས་དམ་ཅན༔ འདོད་ཡོན་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་ཐམས་ཅད་སྒྲོལ་དུས་མིན་འཆི་དང་རྗོད་ཟོར་ལྟས་ངན་ཟློག༔ ཧཱུྃ༔ ནམ་མཁའ་ས་གཞི་བར་སྣང་གང་༔ ཧབ་ཤ་མ་ལུས་འཁོར་དང་བཅས༔ གཞན་ཡང་སྤྲུལ་པའི་ཕོ་ཉ་སོགས༔ ཐམས་ཅད་མ་ལུས་གནས་འདིར་བྱོན༔ བརྒྱན་གྱི་གཏོར་མ་འདི་བཞེས་ལ༔ བར་ཆད་ཐམས་ཅད་ཞལ་དུ་གསོལ༔ སྨྱོ་ནད་ཐམས་ཅད་བསྲུང་དུ་གསོལ༔ རིམས་གྲིབ་ཐམས་ཅད་བསྒྱུར་དུ་གསོལ༔ བདུད་ཀྱི་གནོད་པ་བཟློག་ཏུ་གསོལ༔ ཁ་སྤྱད་སྣ་རིས་བྱེད་རྣམས་ཟློག༔ བཅོལ་


CMR025_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཧཱུྃ༔ རི་རབ་བྱང་ཤར་དྲག་པོའི་དཀྱིལ་འཁོར་ནས༔ ད་ལ་ལྗང་ནག་གྲུ་གསུམ་གཞལ་ཡས་ནས༔ ཨུ་ཙ་ལ་ཡི་དུར་ཁྲོད་ཆེན་པོ་ནས༔ བདུད་ཕོ་བདུད་མོའི་གྲོང་ཁྱེར་ཆེན་པོ་ནས༔ དཔལ་ཆེན་ཐུགས་སྤྲུལ་སྲོག་བདུད་ཏྲཀྐད་ནི༔ སྐུ་མདོག་མཐིང་ནག་ཤིན་ཏུ་གཏུམ་ལ་རྔམ༔ ཤ་ཁྲག་ཕུད་ཀྱི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་སྒྲུབ་མཆོག་དཔོན་སློབ་མི་ནོར་ལ༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ལ་སོགས༔ ཚར་གཅོད་དྲག་པོའི་ཕྲིན་ལས་མཛད་དུ་གསོལ༔ བྱད་ཁ་ཕུར་ཁ་ཟོར་ཁ་དམོད་མོ་རྣམས༔ བཟློག་པའི་ཕྲིན་ལས་དྲག་པོ་མཛད་དུ་གསོལ༔ ༈ ཞིང་སྐྱོང་མགོན་པོའི་དམག་ཚོགས་རྣམས༔ འཇིག་རྟེན་སྲུང་མ་གཉེན་པོ་རྣམས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ད་ལྟ་དགྲ་བོའི་ཟས་ནོར་འཕྲོག༔ ཟིན་ལ་དབང་ལྡན་གནང་དུ་བྱིན༔ ད་ལྟ་དགྲ་ཡི་ར་སྒོ་ཕྱེས༔ ཚང་གསུམ་ནོར་ལ་ནང་བྱོན་གྱིས༔ དགྲ་ཡི་ནོར་རྣམས་ཟིན་ལ་བྱིན༔ རང་གི་མི་ནོར་ཁ་འཛིན་གྱིས༔ དགྲ་དང་བགེགས་ལ་དམག་འདྲེན་པ༔ དམག་མི་རྣམས་ཀྱིས་དམག་དཔུང་བསྐྱེད༔


CMR025_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ རྒྱུ་རྐྱེན་འབྲས་བུ་ཆུད་མ་གསན༔ དགྲ་དང་གདོན་ལ་དམག་སྣ་དྲོངས༔ གནོད་བྱེད་མི་རྟ་གྲུམ་ཆིང་གྱིས༔ བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག༔ རང་གི་མི་རྟ་ཁ་འཛིན་གྱིས༔ དགྲ་བགེགས་བར་ཆད་གློ་བུར་ནད་རྣམས་བཟློག་ཏུ་གསོལ༔ ཀྱེ༔ གླིང་བཞི་རི་རབ་རྩེ་མོ་ནས༔ གནོད་སྦྱིན་ཆེན་པོ་དྲག་རྩལ་ཅན༔ ཆིབས་སུ་ཁྱུང་དམར་རླུང་གཤོག་ཆིབས༔ སྐུ་ལ་དར་དམར་འཇོལ་བེར་གསོལ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ རྒྱབ་ན་བསེ་ཡི་ཕུར་དམར་གྱོན་ཕྱག་གཡས་མདུང་དར་དགྲ་ལ་འདེབས༔ གཡོན་པས་དགྲ་སྙིང་རྒྱུ་ཞགས་འཛིན༔ བསེ་ཞུ་བསེ་ཁྲབ་སི་ལི་ལི༔ བཀའ་ཉན་འཁོར་བརྒྱད་དང་བཅས་པ༔ དམ་རྫས་གཏོར་མས་ཐུགས་དམ་བསྐང་༔ ཆག་ཆེན་ཉམ་ང་བཟློག་ཏུ་གསོལ༔ བྱད་ཁ་བཟློག་ལ་ཕུར་ཁ་སྒྱུར༔ དགྲ་སྣ་ཇགི་སྣ་དམག་སྣ་ཟློག༔ དམ་ཉམས་དགྲ་ལ་ཟོར་ཁ་སྒྱུར༔ འཁོར་སྲུང་རྐྱེན་ཟློག་བསམ་པ་སྒྲུབས༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ ཧཱུྃ༔ གཤིན་རྗེ་མ་མོ་བདུད་བཙན་དབང་ཕྱུག་གཟའ༔ སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་


CMR025_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སོགས༔ འཇིག་རྟེན་འདས་དང་མ་འདས་དྲེགས་པའི་ཚོགས༔ སྐུ་མདོག་ཆ་ལུགས་རྫུ་འཕྲུལ་ཅིར་ཡང་སྟོན༔ རང་རང་ཆུང་མ་བུ་དང་འཁོར་དཔུང་བཅས༔ གྲངས་མེད་ནམ་མཁའ་ཁྱབ་པར་རྒྱུག་པ་རྣམས༔ མགྱོགས་པའི་ཆིབས་ལྡན་སྲ་བའི་གོ་ཆ་གྱོན༔ རྣོ་བའི་མཚོན་ཐོགས་གདུག་པའི་ང་རོ་སྒྲོག༔ གནག་པའི་སེམས་འཆང་དགྲ་འཇོམས་དམག་ཚོགས་བསྟོད༔ སྨན་རཀ་གཏོར་སོགས་ཕྱི་ནང་གསང་མཆོད་འབུལ༔ ཐུགས་དམ་བསྐང་བའི་དམ་རྫས་རྒྱས་པར་བཞེས༔ བསྟན་པ་གཉན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ མི་མཐུན་བར་ཆད་ཀུན་སོལ་ཅི་འདོད་སྒྲུབས༔ སྡང་བའི་སེམས་འཆང་གནོད་བྱེད་དགྲ་དང་བགེགས༔ གང་ན་འདུག་ཀྱང་ཐལ་བ་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ དཀྱིལ་འཁོར་མུ་རན་སྐྱོང་མཛད་པའི༔ མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱི༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ དགྲ་བགེགས་བསྒྲལ་བར་དམ་བཅས་པ༔ ཁས་བླངས་དམ་བཅས་མ་གཡེལ་བར༔ བཅོལ་བའི་ལས་


CMR025_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཐུ་མོ་ཆུང་༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ གནག་པའི་དགྲ་བགེགས་ཐམས་ཅད་སྒྲོལ༔ ཕ་རོལ་རྦོད་གཏོང་རྦད་འདྲེ་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ བཟློག་ཅིང་བསྒྱུར་བའི་ལས་མཛོད་ཅིག༔ བྷྱོ༔ མཁའ་འགྲོ་ཆེན་མོ་བཀྲ་ཤིས་ཚེ་རིང་མ༔ དཔོན་གཡོག་ལྔར་བཅས་ཞིང་སྐྱོང་མཁའ་འགྲོ་དང་༔ སྡེ་བརྒྱད་ལ་སོགས་བྲན་གཡོག་ཕོ་ཉའི་ཚོགས༔ ཁྱེད་རྣམས་དོ་ནུབ་མཐུ་དང་དཔུང་བསྐྱེད་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བ་དང་༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་གནོད་པ་ཟློག༔ གཏད་ཁྲམ་ངན་སྔགས་དམོད་མོ་རྦོད་གཏོང་དང་༔ འཇིགས་པ་བརྒྱད་དང་འཐབ་རྩོད་མེད་པར་མཛོད༔ བླ་མའི་སྐུ་དགྲ་བསྟན་པ་བཤིགས་པ་དང་༔ སེམས་ཅན་འཚེ་དང་རྣལ་འབྱོར་བདག་ཅག་ལ༔ སྡང་བའི་དགྲ་དང་གནོད་པའི་བགེགས་ཀྱི་ཚོགས༔ སོད་ཅིག་སྐྱོད་ཅིག་རྨུག་ཅིང་རེངས་པར་མཛོད༔ ཟུངས་ཤིག་གཏུབ་ཅིག་མྱོས་དང་རྨོངས་པར་མཛོད༔ ཤིག་ཅིག་ཆོམས་ཤིག་རྡུལ་ཙམ་མེད་པར་མཛོད༔ ཟོ་ཞིག་འཐུང་ཞིག་ཤ་ཁྲག་ཚོགས་ལ་རོལ༔ བྷྱོ༔ བོད་ཁམས་བརྟན་མ་སྐྱོང་མ་


CMR025_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་རྣམས༔ བལ་ཡུལ་ཡང་ལེ་ཤོད་ཀྱི་སྟེང་ཤོད་དུ༔ སྒྲུབ་གནས་ཨ་སུ་ར་ཡི་བྲག་ཕུག་ཏུ༔ པདྨ་འབྱུང་གནས་གླང་ཆེན་དཔལ་སེང་གིས་རུ་ཏྲ་བསྒྲལ་བའི་ཞིང་ཆེན་གདན་ལ་བཞག༔ དམ་ཚིག་བདུད་རྩི་ལྕེ་ལ་བཞག་ནས་ཀྱང་༔ མ་འོངས་ཐར་པ་ཐོབ་པར་ལུང་ཡང་བསྟན༔ རྡོ་རྗེ་འཆང་གི་གྲལ་དུ་བཞག་ནས་ཀྱང་༔ བདག་ཅག་སྒྲུབ་པོ་འཁོར་དང་བཅས་པ་ཡི༔ ནད་དང་གནོད་པ་ཐམས་ཅད་ཞི་བ་དང་༔ དགྲ་བགེགས་ལོག་འདྲེན་ཐམས་ཅད་བསྒྲལ་བ་དང་༔ རྣལ་འབྱོར་རེ་བ་ཐམས་ཅད་བཀང་བ་དང་༔ སྔགས་འཆང་བསམ་པ་ཐམས་ཅད་བསྒྲུབ་བོ་ཞེས༔ ཅི་ལས་གྱུར་པའི་རྐྱེན་རྣམས་ཟློག་པར་མཛོད༔ དམ་ཚིག་རྣམས་ལ་ཁྱེད་རྣམས་མ་འདའ་ཅིག་གལ་ཏེ་བཀའ་དང་དམ་ལས་འདས་ན་ནི༔ དཔལ་ཆེན་བཛྲ་ཡཀ་ཁྲོ་བོ་ཡིས༔ ཁྱེད་རྣམས་སྙིང་གི་དཀྱིལ་ནས་ཁྲག་དྲངས་ནས༔ མྱ་ངན་འོ་དོད་འབོད་པར་གདོན་མི་ཟ༔ དེ་བས་བཀའ་དང་དམ་ལས་མ་འདའ་བར༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ནད་ཁ་རིམས་ཁ་རྐྱེན་ཁ་བྱད་ཁ་ཟློག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་


CMR025_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ རྒྱ་མཚོ་ལྔ་ཡི་ལྷ་ཚོགས་འཁོར་བཅས་ཀྱིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི༔ སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་སྒྱུར༔ ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས༔ ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ༔ བྱད་ཁ་ཕུར་ཁ་རྦོད་གཏོང་དྲག་པོ་དང་༔ མཆེ་ཟོར་ཕུང་འདྲེ་ཡུངས་ཟོར་འཕེན་པ་ཟློག༔ ས་བདག་ཀླུ་ཡིས་བྱེད་དུ་བཅུག་པ་དང་༔ ཐེའུ་རང་འགོང་པོའི་སྲིས་རྐུན་ཐམས་ཅད་ཟློག༔ གཤིན་རྗེའི་འཁོར་ལོ་བདུད་ཀྱི་ཁྲམ་འདེབས་དང་༔ མུ་སྟེགས་ངན་པས་བར་ཆད་བྱེད་པ་ཟློག༔ རྒྱལ་བསེན་རྣམས་ཀྱིས་སྨྱོ་འབོག་གཏོང་བ་ཟློག༔ དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་ཟློག༔ ཞང་ཞུང་ཛོ་ཟོར་སུམ་པའི་གླང་ཟོར་དང་༔ བོན་པོ་རྣམས་ཀྱིས་སྟ་ཟོར་འཕེན་པ་ཟློག༔ བན་དེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང་༔ བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་ཟློག༔ བདུད་ཀྱི་གཤེད་བཞི་རོ་ལངས་འབྱུང་པོ་དང་༔ མ་མོ་རྣམས་ཀྱིས་ཁྲག་ཟོར་འཕེན་པ་ཟློག༔ མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན༔ ལྟས་ངན་མི་རུང་བརྒྱད་ཅུ་རྩ་


CMR025_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང་༔ གདོན་རིགས་ཉི་ཁྲི་གཅིག་སྟོང་ཚོགས་རྣམས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་མ་ལུས་པ༔ ཡེ་འདྲོག་ཆེན་པོ་སུམ་བརྒྱ་དྲུག་ཅུ་ཟློག༔ གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐག༔ མི་མཐུན་ཕྱོགས་རྣམས་དགྲ་བགེགས་སྟེང་དུ་ཟློག༔ དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་༔ ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག༔ དཔའ་བོ་ཌཱཀི་ཆོས་སྐྱོང་མཐུ་རྩལ་ཅན༔ ཡབ་ཡུམ་མི་སྲུན་སྡེ་བརྒྱད་དམག་ཚོགས་བཅས༔ ཕྲིན་ལས་དྲག་པོ་ཤིན་ཏུ་མི་བཟད་པ༔ སོད་ཅིག་ཐུལ་ཅིག་དགྲ་དང་བགེགས་ཀྱི་ཚོགས༔ གཏད་དོ་གཉེར་རོ་སྲུང་མ་མཐུ་རྩལ་ཅན༔ ལེ་ལོ་བཏང་སྙོམས་གཡེལ་བ་མ་མཛད་པར༔ རྟགས་དང་མཚན་མ་མྱུར་དུ་སྟོན་མཛོད་ཅིག༔ རྣལ་འབྱོར་བདག་གིས་བཅོལ་བའི་ཕྲིན་ལས་རྣམས༔ ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ༔ ༈ རྡོ་རྗེ་གར་གྱི་བཀའ་ཟློག་མ༔ ཤར་ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ རིན་ཆེན་གར་གྱི་བཀའ་ཟློག་མ༔ ལྷོ་


CMR025_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ པདྨ་གར་གྱི་བཀའ་ཟློག་མ༔ ནུབ་ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ལས་ཀྱི་གར་གྱི་བཀའ་ཟློག་མ༔ བྱང་ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ གཞན་གྱིས་ཕུར་ཆེན་འདེབས་པ་ཟློག༔་མཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག༔ གཤིན་རྗེའི་འཁོར་ལོ་བསྐོར་བ་ཟློག༔ བདུད་ཀྱི་ཁྲམ་ལ་བཏབ་པ་ཟློག༔ མ་མོས་ཐུན་ཟོར་འཕེན་པ་ཟློག༔ ཀླུ་ཡིས་བྱེད་དུ་བཅུག་པ་ཟློག༔ ཕོ་ཉས་བླ་སྲོག་འཕྲོག་པ་ཟློག༔ ཐེའུ་རང་ཚེ་ལ་རྐུ་བ་ཟློག༔ མུ་སྟེགས་བར་ཆད་བྱེད་པ་ཟློག༔ ཞང་ཞུང་ཙོ་དམར་འཕེན་པ་ཟློག༔ བོན་པོས་སྔགས་ལོག་བསྒྲུབས་པ་ཟློག༔ སུམ་པས་གླང་ཟོར་འཕེན་པ་ཟློག༔ སྐྱེས་པས་མདའ་ཟོར་འཕེན་པ་ཟློག༔ བུད་མེད་དམོད་ཟོར་འཕེན་པ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་


CMR025_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ བྱིསྦའི་གདོན་ཆེན་བཅོ་ལྔ་ཟློག༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཧཱུྃ༔ ཁྲོ་རྒྱལ་ཁམས་གསུམ་ཧཱུྃ་སྒྲ་ཅན༔ ཟངས་ཁྲབ་གསོལ་ནས་མདུང་དམར་ཐོགས༔ བ་དན་རྩེ་གསུམ་གཡབ་པའི་ཚེ༔ ལྷ་སྲིན་དབང་སྡུད་དགྲ་བགེགས་གསོད༔ བདུད་དཔུང་འཇོམས་ཤིང་སྲོག་དབུགས་དབང་༔ མདུང་དམར་དབལ་གྱིས་ལོག་འདྲེན་སྒྲོལ༔ དགྲ་བགེགས་ཐམས་ཅད་བཟློག་ཏུ་གསོལ༔ བྷྱོཿབྷྱོཿསྡང་བའི་དགྲ་ལ་བྷྱོཿ བཟློག་བཟློག་གནོད་པའི་བགེགས་ལ་ཟློག༔ ༈ བྷྱོ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ རིམ་པ་བདུན་གྱི་ས་འོག་ན༔ མཐའ་མེད་རྒྱ་མཚོའི་གཏིང་རུམ་ནས༔ ཀླུ་བདུད་ནག་པོ་ཏི་པ་ཙ༔ ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས༔ ཁྲི་དང་དྲུག་སྟོང་འཁོར་དང་བཅས༔ རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད༔ ལྷ་འདྲེ་སྟོང་སྡེ་ལས་ལ་འཛུད༔ ཀུན་ཀྱང་འུར་སྒྲ་ཆེམས་སེ་ཆེམ༔ ཕྱག་ན་ཟློག་པའི་ཀོང་ཟོར་དང་༔ རང་རྟགས་མཚོན་ཆ་མེ་ལྟར་འབར་སྔོན་ནས་བྱད་ཟོར་ཟློག་པའི་ལྷ༔ དམར་ཆེན་གཏོར་མ་འདི་བཞེས་ལ༔ དོ་ནུབ་ཟློག་པའི་


CMR025_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ལ་ཆོས༔ དགྲ་དཔུང་གཡུལ་ངོ་ཟློག་པར་མཛོད༔་གནོད་བྱེད་དགྲ་བགེགས་དམ་སྲི་རྣམས༔ ས་འོག་གཤིན་རྗེའི་ཡུལ་དུ་ཁྱེར༔ རྣམ་པར་སྨིན་པའི་ཆོས་ཤོད་ལ༔ བྱམས་མགོན་བསྟན་པ་མ་བྱུང་བར༔ ནམ་ཡང་སྟེང་དུ་མ་བཏང་ཞིག༔ ཨོཾ་ཀིང་ཀང་ཀ་ལ་དགྲ་བགེགས་ནན༔ རྩ་སྔགས་ལ། སརྦ་ཨ་པ་ན་ཡ་ཟློག་ཟློག༔ ཨོཾ་ལོཀྟི་པཱ་ལ་ནན༔ ས་ག་པཱ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མཾ་མ་མཾ༔ ཙི་ཙ་ར་ཙི་ཙ་ར༔ རྦད་རུ་ལུ་རྦད་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ ཙི་དུ་སོད་ཙི་དུ་སོད༔ ཤིག་ལྷ་རུ་གཏུབ༔ ཧ་ལ་པ་ཏི་ནན༔ འཁོར་བ་དུལ༔ བདག་གི་གནོད་བྱེད་ཀ་བ་ཙི་བརླག་བརླག༔ ཅེས་བརྗོད་མཐར་གསེར་སྐྱེམས་ཡོད་ན་དཀར་གཏོར་གྱིས་སྣ་དྲངས་ལ་ཕྱོགས་གཙང་སར་འབུལ་བཅུག་གོ༔ ཞེས་ཨ་རཱ་གས་འགྲུབ་སྦྱོར་ཉིན་ཡོངས་སུ་རྫོགས་པར་བསྒྲིགས་པའོ།། །།མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །།


previousརྒྱལ་བ་རྒྱ་མཚོ་ལྷ་ལྔ་རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་གྱི་བཟློག་དཔུང་དགྲ་བགེགས་རླག་བྱེད་ཐོད་རྒོད་འབར་བ།next