Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒོ་ནས་བྱིན་རླབས་བཀའ་བསྒོ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒོ་ནས་བྱིན་རླབས་བཀའ་བསྒོ།next

ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒོ་ནས་བྱིན་རླབས་བཀའ་བསྒོ།


CMR025_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒོ་ནས་བྱིན་རླབས་བཀའ་བསྒོ་བཞུགས་སོ།།


CMR025_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ཆོ་ག་བློ་ལ་ཡོད་པ་རྣམས་ཀྱིས་བྱིན་རླབས་བྱེད་དུས་ཡར་མར་བསྒྲིགས་ལུགས་ཡིན་པས་ལེགས་པར་དཔྱད་དང་བཟུང་རྒྱུ་ཆེར་མེད་པས་སླའོ། །རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། གཡས་པདྨ་དང་། གཡོན་བགྲང་ཕྲེང་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར། ཞེས་བརྗོད་ནད་པ་དང་གདོན་ལ་སྙིང་རྗེ་ཆེན་པོ་བསྒོམ་ཞིང་། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།


CMR025_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པའི་མཐུས་གདོན་བགེགས་འབྱུང་པོའི་ཚོགས་རྣམས་སྐད་ཅིག་ཉིད་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །སོ་སོ་རང་རང་གི་གནས་སུ་སོང་ཞིག །གང་དག་མི་འགྲོ་བ་དེ་དག་ལ་རབ་ཏུ་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོས་མགོ་བོ་ཚལ་པ་བརྒྱར་འགས་


CMR025_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །རང་གི་ཐུགས་ཀར་ཧཱིདམར་པོ་ཚེག་དྲག་དང་བཅས་པ་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་འཕྲོས་པས། དེའི་འོད་ཟེར་ལས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པའི་ཚོགས་དང་། མེ་རི་དང་མཚོན་ཆའི་ཚོགས་འཕྲོས་ཏེ་བགེགས་ཀྱི་ཚོགས་ཐམས་ཅད་ཚར་བཅད། ཨོཾ་ཏིཿཔདྨནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ༀ་གྲི༔་གྲིཏྟ་ཧཱུྃ་ཧཱུྃ་ཕཊ། ༀ་གྲཧྨཱ་པ་ཡ་གྲཉྫཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཱིདྨ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཅེས་ཨ་ཙིག་རྣམ་འཇོམས་ཉེ་སྙིང་སོགས་དྲག་སྔགས་ཤེས་ཚད་བརྗོད་ཅིང་ཕྲེང་ལྕག་རྒྱབ། དེ་ནི་བགེགས་བསྐྲད་དོ། །སླར་འོད་ཟེར་ལས་འོག་རྡོ་རྗེའི་ས་གཞི། བར་རྡོ་རྗེའི་རྭ་བ། སྟེང་རྡོ་རྗེའི་གུར་ཁང་དུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། དེ་ནི་སྲུང་འཁོར་རོ། །དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྟ་མགྲིན་ཐུགས་རྗེ་ཆེན་པོ་གསང་བ་ཡེ་ཤེས་རྡོ་རྗེ་ཕག་མོ་ཨོ་རྒྱན་ལ་སོགས་པ་བུ་ཡུག་འཚུབ་པ་བཞིན་བྱོན། ཐམས་ཅད་ཀྱིས་བྲོ་བརྡུངས་པས་གནོད་བྱེད་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་ལྟར་བྲོས། དཔག་ཚད་ཙམ་དུ་ཡང་མ་ཆགས། ནད་པ་གང་དུ་ན་བ་གཟེར་ཆེ་བའི་སྟེང་དཀྱིལ་དེར་མཁའ་འགྲོ་གསང་བ་ཡེ་ཤེས་སྐུ་ཆུང་ལ་ཡན་ལག་དོད་པ་གཅིག་གིས་གར་ཁྱུག་ཁྱུག་མཛད་པས་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་ནད་ཐམས་ཅད་


CMR025_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གཞོབ་ཐུལ་གྱིས་ཚིག །ལྷ་ཚོགས་ཐམས་ཅད་གསང་བ་ཡེ་ཤེས་དེ་ལ་ཐིམ་པར་བསྒོམ་ཞིང་། ཧཱུྃ། ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །གྲུབ་ཐོབ་བྱེ་བ་འབུམ་གྱི་དབུས། །སློབ་དཔོན་པདྨ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་དབང་གི་དཀྱིལ་འཁོར་ནས། །མགོན་པོ་ཚེ་དབང་འོད་དཔག་མེད། །སྤྱན་རས་གཟིགས་དབང་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་སྤྱོད་དག་པའི་གཞལ་ཡས་ནས། །མཁའ་འགྲོ་བྱེ་བ་འབུམ་གྱི་དབུས། །ཡུམ་གཅིག་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །དཔའ་བོའི་ཚོགས་བཅས་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དག་པ་སྐུ་ཡི་གཞལ་ཡས་ནས། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མི་འགྱུར་ཐུགས་ཀྱི་གཞལ་ཡས་ནས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །དབང་


CMR025_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་གསུང་གི་གཞལ་ཡས་ནས། །སོར་རྟོག་ཡེ་ཤེས་ངོ་བོ་ཉིད། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཡོན་ཏན་རྒྱས་པའི་གཞལ་ཡས་ནས། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཕྲིན་ལས་གྲུབ་པའི་གཞལ་ཡས་ནས། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་དུར་ཁྲོད་གཞལ་ཡས་ནས། །བསམ་གྱིས་མི་ཁྱབ་སྤྲུལ་པའི་ཚོགས། །འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དམ་ཚིག་ཆེན་པོའི་གནས་མཆོག་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཚོགས། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །ཕོ་ཉ་ལས་མཁན་མཛད་དུ་གསོལ། །ཅེས་པའི་བར་དབྱངས་དང་བཅས་ཏེ། བྱིན་གྱིས་བརླབ་ཏུ་གསོལ་ཟེར་དུས་ཕྲེང་ལྕག་རེ་བརྒྱབ་བོ། །དེ་ནས་རང་ཐུགས་རྗེ་ཆེན་པོ་ཕྱག་གཡས་སོར་མོ་ལྔ་རྒྱལ་བ་རིགས་ལྔར་བསྒོམ། ཕྲེང་བ་བསྐྱིལ་ནས་ཆངས་བར་བཟུང་བ་ཐུགས་རྗེ་ཆེན་པོར་བསྒོམ། དེ་ལས་འོད་ཟེར་ཕྱོགས་


CMR025_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་འཕྲོས་པས་སངས་རྒྱས་སྨན་ལྷ་ལ་སོགས་སངས་རྒྱས་ཐམས་ཅད། ཨོ་རྒྱན་ལ་སོགས་རྩ་བརྒྱུད་བླ་མ། ཡི་དམ་མཁའ་འགྲོ་ཐམས་ཅད་བུ་ཡུག་འཚུབ་པ་ལྟར་བྱོན་ནས་གར་ན་བའི་མཁའ་འགྲོ་གསང་བ་ཡེ་ཤེས་ལ་ཐིམ་པར་བསྒོམ་ཞིང་། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་པུ་པ་དྲི་མེད་བཤེས་གཉེན། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀཱི། གཉེན་རས་དགེ་འདུན་འབུམ། ཆོས་རྗེ་རང་བྱུང་རྡོ་རྗེ། མཁས་བཙུན་རིན་ཆེན་རྒྱལ་མཚན། མངྒ་ལ་ཀེ་ཏུ་རིན་ཆེན་བཟང་པོ། ཀུན་མཁྱེན་མཐོང་བ་དོན་ལྡན། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། །གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་དབང་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། མཁས་གྲུབ་ལུང་རིགས་ཉི་མ། དྲིན་ཆེན་ཀརྨ་ཆགས་མེད་ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་


CMR025_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །འཇིག་རྟེན་དབང་ཕྱུག །པདྨ་བཛྲ། ཛ་ལེན་དྷ་ར། མེ་ཏྲི་པ། བཛྲ་པཱ་ཎི། བྷ་དན་ཏ་སུ་མ་ཏི་ཀཱིརྟི། རས་ཆུང་རྡོ་རྗེ་གྲགས་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ། རྡོ་རྗེ་ཕག་མོ། རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། །རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས། པདྨ་རིགས་ཀྱི་སྤྱན་རས་གཟིགས། ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། ཡུམ་སངས་རྒྱས་སྤྱན་མ། མཱ་མ་ཀི། གོས་དཀར་མོ། དམ་ཚིག་སྒྲོལ་མ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཕོ་གདོན་རྒྱལ་པོ། མོ་གདོན་ས། བསེན་མོ། ཀླུ་གདོན་ཐེའུ་རང་། སྟེང་གདོན་གཟའ་རྒྱུ་སྐར། འོག་གདོན་ཀླུ་ས་བདག །བར་གདོན་གཉན་ཐེའུ་རང་གི་གནོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག །རླུང་ལས་གྱུར་པ། མཁྲིས་པ་ལས་གྱུར་པ། བད་ཀན་ལས་གྱུར་པ། འདུས་པ་ལས་གྱུར་པའི་ནད་རིགས་བཞི་བརྒྱ་རྩ་བཞི་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་བྱིན་


CMR025_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས་ཤིག །ཚེ་དང་བསོད་ནམས། དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་རྒྱས་པར་བྱིན་གྱིས་རློབས་ཤིག །ཚེ་དབང་དུ་བྱིན་གྱིས་རློབས་ཤིག །དབང་དངོས་གྲུབ་ཏུ་བྱིན་གྱིས་རློབས་ཤིག །ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་བྱིན་གྱིས་རློབས་ཤིག །ཚེ་མི་འགྱུར་པ་གཡུང་དྲུང་ལྟ་བུར་བྱིན་གྱིས་རློབས་ཤིག །འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས་ཤིག །ཚེ་གཟུངས་ཚར་གཅིག་དང་རྒྱལ་བ་རྒྱ་མཚོའི་སྙིང་པོ་སོགས་ཡི་དམ་སྙིང་པོ་གང་ཤེས་ཐམས་ཅད་ལ། བཛྲ་རཀྵ་རཀྵ༔ ཞེས་སྦྱར་ཞིང་བརྗོད་ནས། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ཡི་དམ་ཐུགས་རྗེ་ཆེན་པོའི་བདེན་པའི་མཐུས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། དེ་ནས་མཁའ་འགྲོ་གསང་བ་ཡེ་ཤེས་དེ་གཟེར་ས་དེར་ཐིམ་པར་བསྒོམ། མེད་པ་དང་། ནད་གདོན་རང་དང་བཅས་པ་མི་དམིགས་པར་སྟོང་ཉིད་ཉམས་ལེན་གྱི་ངང་ལ་བཞག་ལ། ཕཊ་ཕཊ་ཕཊ༔ ཅེས་དྲག་པོ་བརྗོད་དོ། །འདི་ནི་རྒྱལ་བ་རྒྱ་མཚོའི་ཆོ་ག་བློ་ལ་ཡོད་པ་རྣམས་ཀྱིས་བཟུང་མི་དགོས་པར་གཞུང་ནས་བསྒྲིགས་ཆོག་པའི་དབང་དུ་བྱས་པ་ཡིན་ལ་རྒྱལ་བ་རྒྱ་མཚོའི་གཞུང་གི་ལས་ཚོགས་ནས་ནད་པ


CMR025_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱིན་བརླབ་བྱ་ཚུལ་གསུངས་པའི་དོན་གསལ་བར་བཀོད་པ་སྟེ། འདིའི་སྔོན་ལ་ཆ་གསུམ་མམ། གླུད་གཏོར་བཏང་ཐོན་ན་དགོས་པར་བཤད་དེ། མ་ཐོན་ཡང་སྐྱོན་ནི་མེད། ཡི་དམ་རྒྱལ་བ་རྒྱ་མཚོ་བྱེད་པའི་མིས་ཤིན་ཏུ་ཕན་ཐོགས་ཆེ་བ་ཡིན་ཏེ། རང་ག་མ་ཡིན་ལས་ཚོགས་ཡིན་ནོ། །གལ་ཆུང་བའམ་ལོང་ཁོམ་མ་བྱུང་ན། ཧཱུྃ། ལྷོ་ནུབ་སྲིན་པོའི་སོགས། སྤྱན་འདྲེན་མ་བྱས་ཀྱང་ཆོག །སྤྱན་འདྲེན་བྱེད་པ་དེ་ཤིན་ཏུ་བྱིན་རླབས་ཆེ་བ་ཡིན་ཏེ། དེའི་དམིགས་པ་ན་སར་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་སྒོམ་པ་དེ་ཡང་གཞུང་གི་ལས་ཚོགས་ཉང་གི་གཏེར་མ་དང་། རས་ཆུང་ནས་བརྒྱུད་པའི་གྲུབ་པའི་རྒྱལ་མོའི་གསུང་ཀརྨ་པཀཱིས་མཛད་པ་དང་། ཨོ་རྒྱན་གྱིས་མཛད་པ་དང་། སངས་རྒྱས་གླིང་པའི་གཏེར་མའི་ལུགས་སོགས་མང་པོ་ནས་བཀའ་བསྒོའི་དམིགས་པ་དེ་ཡོད་པ་ཡིན་པས་ཟབ་ལ་བྱིན་རླབས་ཆེ། བདག་ནི་གག་ཐུག་ན་མ་གཏོགས་སུ་ལ་མི་བྱེད་པ་ཡིན་ནོ། །ཞེས་རྟོགས་ལྡན་དོན་དམ་གྱི་དོན་དུ། རཱ་ག་ཨ་སྱས་བསྒྲིགས་པ་འགྲོ་བ་ཀུན་ལ་ཕན་པར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒོ་ནས་བྱིན་རླབས་བཀའ་བསྒོ།next