Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་བ་རྒྱ་མཚོ་ལྷ་དགུའི་བཀོད་ཡིག
   
   


 
previousརྒྱལ་བ་རྒྱ་མཚོ་ལྷ་དགུའི་བཀོད་ཡིགnext

རྒྱལ་བ་རྒྱ་མཚོ་ལྷ་དགུའི་བཀོད་ཡིག


CMR025_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོ་ལྷ་དགུའི་བཀོད་ཡིག་དབུའོ། །རྒྱལ་བ་རྒྱ་མཚོ་ལྷ་དགུའི་བཀོད་ཡིག་ནི། དབུས་གཙོ་བོའི་དབུ་ཕྱག་གཉིས། ཞལ་སྟེང་ཕག་ཞལ་ཅན། དེའི་ཟུར་བཞི་ལ་རིགས་བཞི་ཡབ་ཡུམ། ཡུམ་རྣམས་ཕྱག་བཞི་མ། དང་པོས་ཡབ་ལ་འཁྱུད་པ་འོག་གཉིས་ཕྱག་མཚན་ནོ། །འོག་མ་ཐད་དུ། མཁའ་འགྲོ་བཞི་ཕྲེང་དུ་བསྒྲིགས་ཏེ། སྤྱན་གསུམ་ཞལ་ནི་ཞི་མ་ཁྲོ། ཞབས་ཕྱེད་དཀྱིལ་དུ་བཞུགས་པའོ། །གཙོ་བོའི་དབུ་ཐོག་ཐད་དུ། སངས་རྒྱས་པདྨའི་སྣང་བ་རབ་ཏུ་རྒྱས་པ། དམར་པོ་ཡུམ་མེད་པ། རྒྱ་མཚོ་དང་འདྲ་བ་ལ་ཕྱག་གཡས་རྡོ་རྗེ་དང་། གཡོན་པདྨ། འོག་མ་གཉིས་ཐལ་སྦྱར། དེའི་གཡས་སུ་རྒྱུད་གསུངས་བའི་དབང་པོ་ཤཱཀྱ་ཐུབ་པ། གཡོན་དུ་ཞུ་བ་པོ་སྤྱན་རས་གཟིགས། འཇིག་རྟེན་དབང་ཕྱུག་དཀར་པོ་སྒྲོན་དཀར་འདྲ་བ། དེ་གསུམ་ཐད་ཞལ། དེའི་གཡས་སུ་པདྨ་བཛྲ་ཨོ་རྒྱན་པཎྜི་ཏའི་ཚུལ། སྐུ་སྟོད་གཅེར་བུ་པཎ་ཞྭ་ཅན་ཟུར་ཞལ། གཡོན་དུ་ཛ་ལེན་དྷ་ར་ཏཻ་ལོ་པ་འདྲ་བ། དེའི་འོག་གཙོ་བོའི་དབུ་འོད་ཀྱིས་གཡས་སུ་མེ་ཏྲི་པ། པཎྜི་ཏ་གྲུ་སྐྱོག་ཡོད་པ། གཡོན་གྲུབ་ཆེན་བཛྲ་པ་ཎི་ནཱ་རོ་པ་ལའོ། །དེ་དག་གི་བར་བར་གར་བདེ་རུ།


CMR025_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་སྐུ་ཆུང་བ་མཛེས་ཞལ་གར་ཐབས་ཅན། གཟུགས་རྡོ་རྗེ་དཀར་མོ། སྒྲ་རྡོ་རྗེ་སེར་མོ། དྲི་རྡོ་རྗེ་སྔོན་མོ། རོ་རྡོ་རྗེ་དམར་མོ། རེག་བྱ་རྡོ་རྗེ་ལྗང་གུ་དར་དང་རིན་པོ་ཆེས་རྒྱན་ཅན་ནོ། །བཀོད་ལུགས་དེ་ལྟར་བྱས་པའི། །ལྷ་དགུའི་ཆོ་ག་དང་། ལུས་དཀྱིལ་དང་པདྨ་ཟབ་པའི་རྒྱུད་ཀྱི་དགོངས་པ་དང་བརྒྱུད་རིམ་རྣམས་འཐུས་སོ། །རྗེས་ནས་ཐོར་ཙུགས་ཀྱི་ནང་དུ་དབུ་བརྒྱན་པའི་ལྷ་སོ་སོའི་མངོན་རྟོགས་ལྟར་གསེར་རིས་བྱས་ན་ལེགས་ཞེས། །ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱལ་བ་རྒྱ་མཚོ་ལྷ་དགུའི་བཀོད་ཡིགnext