Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནས་ལུགས་གོང་གཏོར་ཆ་བདུན་གྱི་དཔེའུ་རིས་མཐོང་བརྒྱུད་ཀྱི་ཕྱག་བཞེས་མ་འཆུགས་པ།
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousགནས་ལུགས་གོང་གཏོར་ཆ་བདུན་གྱི་དཔེའུ་རིས་མཐོང་བརྒྱུད་ཀྱི་ཕྱག་བཞེས་མ་འཆུགས་པ།next

གནས་ལུགས་གོང་གཏོར་ཆ་བདུན་གྱི་དཔེའུ་རིས་མཐོང་བརྒྱུད་ཀྱི་ཕྱག་བཞེས་མ་འཆུགས་པ།


CMR026_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་གོང་གཏོར་ཆ་བདུན་གྱི་དཔེའུ་རིས་མཐོང་བརྒྱུད་ཀྱི་ཕྱག་བཞེས་མ་འཆུགས་པ་བཞུགས་སོ། །


CMR026_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ཆེན་པོ་ཀརྨ་ཆགས་མེད་ཀྱིས་མཛད་པའི་གསང་སྔགས་ནང་གཏོར་བཅའ་ཐབས་ཟིན་བྲིས་ཀྱི་དགོངས་དོན་ལྟར། འབང་བཟོ་རིག་གནས་མདོའི་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞལ་ཤེས་མཐོང་བརྒྱུད་ཕྱག་ལེན་བལྟས་ཆོག་ཏུ་བཀོད་པ་འདི་ཉིད་རྒྱས་པར་ཤེས་འདོད་ན། རྗེ་མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཉིད་ཀྱི་ཟིན་བྲིས་ནང་གསལ་བ་ལྟར་དང་། འདིར་གནས་ལུགས་གོང་གཏོར་ཆ་བདུན་འབྲིང་པོའི་ལུགས་དང་མཐུན་པར་དཔེའུ་རིས་སུ་བཀོད་ཅིང་གསལ་བཤད་ཉུང་ངུ་སོ་སོའི་སྐབས་སུ་བཀོད་ཡོད་པས་དེར་གསལ།


CMR026_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ཆེན་པོ་ཀརྨ་ཆགས་མེད་ཀྱིས་མཛད་པའི་གསང་སྔགས་ནང་གཏོར་བཙའ་ཐེབས་ཟིན་བྲིས་ཀྱི་དགོངས་དོན་ལྟར། འབང་བཟོ་རིག་གནས་མདོའི་སྔོན་བྱོན་དམ་པའི་ཞལ་ཤེས་མཐོང་བརྒྱུད་ཕྱག་ལེན་བལྟས་ཆོག་ཏུ་བཀོད་པ་འདི་ཉིད་རྒྱས་པར་ཤེས་འདོད་ན་རྗེ་ཆགས་མེད་ཉིད་ཀྱི་ཟིན་བྲིས་ནང་གསལ་བ་ལྟར་དང་། འདིར་གནས་ལུགས་གོང་གཏོར་ཆ་བདུན་འབྲིང་པོའི་ལུགས་དང་མཐུན་པར་དཔེའུ་རིས་སུ་བཀོད་ཅིང་གསལ་བཤད་ཉུང་ངུ་སོ་སོའི་སྐབས་སུ་བཀོད་ཡོད་པས་དེར་གསལ། ༈ ཐོག་མར་དབུས་སུ་བླ་མའི་གཏོར་ནི། །སྟོད་ནི་ལྡིར་ཞིང་ཟླུམ་པོ་བུམ་པའི་དབྱིབས། །གཏོར་འདབ་པདྨ་འདབ་མ་བརྒྱད་པ་ལ། །མདུན་དུ་མར་རྒྱན་པདྨ་ཆེན་པོ་དང་། །དེ་ནང་པདྨ་གཅིག་དང་གཉིས་བརྩེགས་ཀྱི། །ཕྱི་ཡི་པད་འདབ་སྤུ་ཤེད་བརྒྱད་ཅུ་དང་། །ནང་གི་པད་འདབ་སུམ་ཅུ་སོ་གཉིས་བྱ། །གཏོར་མ་ཐམས་ཅད་དམར་པོ་དབང་གི་མདོག །དེ་ལ་དཀར་ཐིག་གྲངས་མེད་བརྒྱན་པ་དང་། །ཕྱོགས་བཞིར་ཞི་བའི་པད་འདབ་ཆེན་པོ་བཞི། །པད་འདབ་བཞི་འམ་ཁྱུ་གུ་བཞིས་བསྐོར་བ། །ཀྱུ་གུ་རིལ་བུ་གཉིས་གཉིས་བརྒྱད་ཡོད་ཅིང་། །གཏོར་མའི་རྩེ་ལ་མུ་ཏིག་ཕྲེང་བས་བསྐོར། །དེ་སྟེང་ཚེ་ཡི་བུམ་པ་བཞག་པ་ལ། །བུམ་པའི་ཁ་རྒྱན་མེ་ཏོག་པདྨ་དང་། །དེ་སྟེང་རྡོ་རྗེ་ཕྱེད་པ་སྐྱེས་པའི་ཚུལ། །གཡས་གཡོན་


CMR026_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་དུ་སྐར་མ་ཤོར་ལྟར་བཀོད། །དེ་སྟེང་ཡར་ངོའི་ཟླ་བ་ཚེས་པའི་གཟུགས། །དེ་སྟེང་ཉི་མའི་དཀྱིལ་འཁོར་རྒྱས་པ་ཡི། །སྟེང་དུ་ནོར་བུ་སུམ་ཚོམ་བཞག་པ་འོ། །བར་མཚམས་ཐམས་ཅད་སྟོང་པར་བཞག་པ་དང་། །མཐའ་ལ་པ་ཏྲའི་ཕྲེང་བས་བསྐོར་བར་བྱ། །བྱིན་རླབས་རྩ་བ་བླ་མའི་གཏོར་མ་ཡི་ན། ༈ བླ་གཏོར་གཡས་སུ་ཡི་དམ་གཏོར་མ་ནི། །རྩ་བ་ཟླུམ་པོ་ཅུང་ཞིག་ཕྲ་བ་དང་། །སྟོད་ནི་འདིར་ཞིང་ཆེ་བ་ཡོད་པ་དེ། །ལོགས་གསུམ་གཡས་གཡོན་རྒྱབ་ཀྱི་ཟུར་གསུམ་ལ། །ཕྱོགས་བཞིར་པདྨ་འདབ་བཞི་པད་ཚབ་བཞི། །མདུན་དུ་པད་ཀར་ཟླུམ་པོ་ཆེན་པོ་དང་། །ཡིད་སེར་གྲུ་བཞི་པད་དམར་ཟླ་གམ་དབྱིབས།
རི་མོ་ཡོད།


CMR026_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

པད་ལྗོང་གྲུ་གསུམ་སུམ་བརྩེགས་ལས་བཞིའི་དབྱིབས། །མར་སྐུད་འཐེན་པས་གཏོར་མ་གཉིས་བརྩེགས་འདྲ། །ཕྱི་རིམ་མར་རྒྱན་མེ་རི་ཞིབ་པོས་བསྐོར། །དཀར་ཐིག་ངེས་མེད་གར་ཡང་ག་དབ་པར་བྱ། །གཏོར་མའི་རྩེ་ལ་མུ་ཏིག་ཕྲེང་བས་བསྐོར། །དེ་སྟེང་རྡོ་རྗེ་བསླང་སྟེ་བཞག་པ་ཡི། །སྟེང་དུ་ཟླ་བ་ཚེས་པས་བརྒྱན་པའི་ཁར། །ཉི་མའི་དཀྱིལ་འཁོར་ཤིན་ཏུ་རྒྱས་པ་ཡི། །དེ་སྟེང་|ནོར་བུ་སུམ་བརྩེགས་བཞག་པ་འོ། །བར་མཚམས་ཐམས་ཅད་སྟོང་པར་བཞག་པ་དང་། །ཕྱི་རོལ་མེ་དཔུང་རབ་ཏུ་འཁྲུགས་པར་བྱ། །དངོས་གྲུབ་རྩ་བ་ཡི་དམ་གཏོར་མའོ། །
རི་མོ་ཡོད།


CMR026_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཁའ་འགྲོའི་གཏོར་མ་བླ་གཏོར་གཡོན་དུ་བཤམས། །དེ་ཡང་མཁའ་འགྲོའི་གཏོར་མ་སྟོད་འདིར་བ། །ཟུར་གཉིས་བྱས་པས་ཟླ་གམ་དབྱིབས་སུ་གྲུབ། །མཁའ་འགྲོའི་གཙོ་བོ་ཕྲིན་ལས་དབང་གི་ལས། །ཡིན་ཕྱིར་གཏོར་མར་འབྲི་མོག་དམར་པོ་བྱུགས། །ལོགས་གཉིས་ཞི་བ་ཁྲོ་བོའི་གཏོར་མ་ག་ཉིས། །པད་འདབ་རྩེ་རྣོ་ཟུར་གསུམ་དབྱིབས་ཅན་བཞི། གཏོར་མའི་སྨད་ནི་ཟླུམ་པོ་དཀར་ཐིག་ཅན། །མདུན་དུ་མར་རྒྱན་པདྨ་ཆེན་པོའི་དབུས། ཆོས་འབྱུང་ཟུར་དྲུག་ཕག་ཁྲོས་དཀྱིལ་འཁོར་ཚང་། །མར་སྐུད་འཐེན་པས་གཏོར་མ་ཕྱི་
རི་མོ་ཡོད།


CMR026_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གཉིས། །གཏོར་མའི་རྩེ་མོ་མུ་ཏིག་ཕྲེང་བས་བསྐོར། །དེ་སྟེང་གྲི་ཐོད་མཁའ་འགྲོའི་ཕྱག་མཚན་བཀོད། །དེ་སྟེང་ཟླ་བ་ཕྱེད་པས་བརྒྱན་པ་དང་། །དེ་སྟེང་ཉི་མའི་དཀྱིལ་འཁོར་རྒྱུས་ཤིང་གསོལ། །དེ་སྟེང་ནོར་བུ་སུམ་ཚོམ་བརྒྱན་པ་ལོ། །དེ་རྒྱབ་མེ་དཔུང་འབར་བས་བསྐོར་བ་ཡི། །ཟུར་གཉིས་མར་རྒྱན་སྤུ་ཤེད་ཅན་གྱིས་བསྐོར། །ཕྲིན་ལས་རྩེ་བ་མཁའ་འགྲོའི་གཏོར་མ་འོ།། ༈ གཡས་གཡོན་ཚོས་སྐྱོང་ཕོ་མོའི་གཏོར་མ་ནི། །ཟུར་གསུམ་འདིར་ཡོད་སྙིང་ལ་ཟུར་བཏོད་འདྲ། །ལོགས་གསུམ་རིམ་པར་བྱ་སྟེ་ཕོ་མོའི་ཚད། །ཕོ་རྒྱུད་རྣམས་ལ་ཆེ་ཞིང་
རི་མོ་ཡོད།


CMR026_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་པ་དང་། །མོ་རྒྱུད་རྣམས་ལ་ཕྲ་ཞིང་རིང་བ་དགོས། །སྟོད་ཟུར་གསུམ་པ་འདིར་ཆེ་ཕྲུག་པ་ཅན། །ཟུར་དང་ལོགས་ཀྱི་བར་དུ་མར་སྐུད་དམ། །རི་མོ་བྱས་པས་བར་མཚམས་བཅད་པ་དང་། གཏོར་མ་དབང་གི་ཁ་དོག་དམར་པོར་བྱ། །མདུན་དུ་མར་རྒྱུན་གྲུ་གསུམ་མཐིང་ནག་གི་།དབུས་སུ་མར་གྱི་པདྨ་འདབ་བརྒྱད་བཀོད། །རྩེ་ཡི་མར་རྒྱན་ནང་དུ་ཕྱག་མཚན་ནི། །ཡབ་ལ་གྲི་ཐོད་དང་ནི་ཁཊ་སོགས། །ཡུམ་ལ་གྲི་ཐོད་རལ་གྱི་ཕུར་པ་སོགས། །དེ་རྒྱབ་མར་རྒྱན་མེ་རི་འབར་ཞིང་འཚུབ། དབུས་དང་གཡས་གཡོན་ཤ་དར་གསུམ་གྱིས་བརྒྱན། །ག་ཏོར་གདུགས་རྒྱུས་སྤྲོས་ལ་སོགས་སྤྱི་
རི་མོ་ཡོད།


CMR026_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཡིན། །སྒྲུབ་པའི་རྟེན་ཡང་འདི་ཡིས་ཆོག་པ་ཡོད། །བར་ཆད་ཀུན་སེལ་ཚོས་སྐྱོང་སྤྱི་གཏོར་རོ། ༈ གཡས་སུ་ནོར་ལྷ་སྤྱི་ཡི་གཏོར་མ་ནི། །བཤོས་བུ་རི་རབ་དབྱིབས་སུ་བྱ་བར་གསུངས། །རི་རབ་དེ་ཡང་བང་རིམ་བཞི་ལྡན་པ། །དེ་ལ་ནོར་ཕྲེང་བྱས་པ་མཛེས་པའི་རྒྱན། །དེ་སྟེང་ཟླུམ་པོ་མིག་མང་རིས་བྲིས་པ། །དེ་སྟེང་ནོར་བུ་བཞི་སྒྲོམ་རྩེར་དུང་ཕྲེང་། །ནོར་བུ་གསུམ་ལ་འདབ་བརྒྱུད་གསུམ་བཀོད་པ། །རྩེ་ལ་མར་རྒྱུང་གསུམ་ནི་བཙུགས་པ་ཡི། དགོས་འདོད་མཆོག་སྩོལ་ནོར་ལྷའི་གཏོར་མ་འོ།། ༈ གཡོན་དུ་འཇིག་རྟེན་སྤྱི་ཡི་གཏོར་མ་ནི། །ཕྱི་རྒྱུད་པ་ལ་དཀར་
རི་མོ་ཡོད།


CMR026_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཟླུམ་པོ་གཅིག །པད་འདབ་བརྒྱད་སྦྱོར་ཕྱི་ཡི་སྡེ་བརྒྱད་ཡིན། མར་རྒྱན་གསུམ་བཙུགས་ཉི་ཟླ་ནོར་བུ་རྒྱན། །སྟོད་ཆ་ས་ཡི་ལྷ་མོ་རྒྱལ་ཆེན་བཞི། །སྨད་ཆ་སྟོང་གསུམ་གཞི་བདག་ཐམས་ཅད་ཡིན། །དེ་ནི་གཡོན་གྲལ་གཏོར་མ་དྲུག་པ་ཡིན། །བསྡོམས་པོས་བདུན་ལ་རྟག་གཏོར་ཕུག་གཏོར་ཚང་།། ༈ ལྷོ་བསྐང་གཏོར་རི་རབ་བང་རིམ་བཞི་པའི་སྟེང་། །ཞི་རྒྱས་དབང་དྲག་ཕྲིན་ལས་གང་བསྒྲུབ་པའི། ༈ །གཏོར་མ་བཅའ་བར་ཡོངས་སུ་གྲགས་ན་ཡང་། །རི་རབ་བང་རིམ་བཞི་ཁར་རྩ་གསུམ་སྤྱིའི། རིན་ཆེན་འབར་བ་བཞག་པ་ལ། །གཏོར་མའི་རྩེ་ལ་མུ་ཏིག་སྐར་ལྟར་བཀྲ། །དེ་སྟེང་ཚེས་པའི་ཟླ་བ་གསཱལ་བ་
རི་མོ་ཡོད།


CMR026_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་སྟེང་ཤིན་ཏུ་རྒྱས་པའི་ཉི་མ་ཡོད། །དགོས་འདོད་ལྷུན་གྲུབ་ནོར་བུ་འབར་བས་རྒྱན། །རླུང་སེམས་དབང་དུ་འདུ་ཕྱིར་གཏོར་མདོག་དམར། །རི་རབ་ཕྱོགས་མདོག་གྲུབ་ན་ལེགས་པ་སྟེ་། །སྣང་བ་དབང་དུ་འདུ་ཕྱིར་དམར་པོ་རུང་། །རྩེ་རུ་བཀྲ་ཤིས་རྟགས་བརྒྱུད་རྒྱལ་སྲིད་བདུན། །དེ་འོག་བྱ་རིགས་དེ་འོག་གཅན་གཟན་དང་། །དེ་འོག་རི་དྭགས་དེ་འོག་གཡུང་དྭགས་དང་། །དེ་འོག་ཏུ་གནས་བར་མཚམས་ངེས་མེད་དུ། །མཆོད་པའི་ལྷ་མོའི་ཕྱག་མཚན་སྣ་ཚོགས་བཙུགས། །བྱི་ནག་རྟི་ནག་གི་ཡིག་ནུག་ལུག་ནག་དང་། །ཁྱི་ནག་རྣམས་ནི་ཟན་ནིག་པར་བཏབ་སྟེ། །བཅུ་གསུམ་དགུའམ་བདུན་སོགས་ཅི་འབྱོར་བཙུགས། །ཕྱོགས་གསུམ་མམ་ནི་ཟུར་བཞི་གང་རུང་དུ། །ཤ་དར་ཕྱུར་བས་ལྷ་སྲིན་ཤ་ལ་མཉེས། །བསྐང་འབྲིས་ཐམས་ཅད་ནང་དུ་ཁ་སྟོན་པ། །བསྐང་ཐབས་ཡིན་ཕྱིར་ཕྱོགས་མཚམས་ཕྱིར་བསྟན་པ། །བཟློག་ཐབས་དམག་ཐབས་ཞེས་ནི་བྱ་བ་དང་། །གནོད་བྱེད་ཕྱོགས་སུ་ཕྱོགས་གཅིག་ཁ་སྟོན་པ། །ཇག་ཐབས་ཡིན་ཞིང་ཀུན་གྱིས་སྨྲ་ན་ཡང་། །བསྐང་བ་ཡིན་ཕྱིར་བསྐང་ཐབས་གཙོ་བོ་ཆེ་ཞིང་། །བསྐང་ཐབས་ནང་དུ་ཁ་བསྟན་ཟེར་བའི་དོན། །དབུས་ཀྱི་མར་རྒྱན་ཉིད་ལ་ཁ་བསྟན་པར། །བྱེད་མཁན་མང་ཡང་དེ་ནི་མ་ཡིན་ནོ། །བདག་དང་ཕུག་གཏོར་རྩེ་གཉིས་ལྟར་བསྐྱེད་པས། །དེ་ལ་བསྐང་བ་ཀུན་གྱིས་ཁ་སྟོན་


CMR026_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཕུག་གཏོར་གཡས་ཟུར་ངོས་ནས་ཚུར་བཤམས་ལེགས། །བསྐང་འབྲས་ཞལ་ཐང་བཤམས་རྒྱུ་ཡོད་ན་ནི། །བསྐང་འབྲས་མ་བཙུགས་ན་ཡང་ཆོག་པ་ཡིན། །ལ་ལས་བསྐང་འབྲས་ཙཀ་ལི་བཙུགས་སྲོལ་ཡོད། །ལྷ་མོ་རྫས་ལ་དགའ་བས་རྫས་དགའ་མ། །དམིགས་པ་བསྒོམ་པ་ཁོ་ནས་མི་ཆོག་སྟེ། །དངོས་སུ་རབ་ཡིན་མེད་ཀྱང་གཟུགས་བརྙན་ཙམ། །མེད་ཐབས་མེད་པ་ལྷ་མོའི་རྒྱུད་ནས་གསུངས། དེ་སྐད་གསང་སྔགས་ནང་གཏོར་བཅའ་བའི་ཐབས། ཞལ་ཤེས་མཐོང་བ་བརྒྱུད་པའི་ཕྱག་སྲོལ་ལས། རྒྱས་པར་རྟག་གཏོར་བཅོ་བརྒྱད་ཟིན་བྲིས་ལྟར། སྒྲུབ་ཆེན་སྐབས་སུ་ལྷག་ལུས་མེད་པ་དགོས། འབྲིང་པོར་ཆ་བདུན་གོང་དུ་སོང་བ་བཞིན། དེ་ལས་བསྡུ་ན་རྒྱུན་གཏོར་གནམ་ཆོས་ལུགས། །རིན་ཆེན་འབར་བ་གཅིག་ལ་བརྟེན་ཀྱང་རུང་། །ཚུལ་འདི་དོན་གཉེར་འགའ་ཡིས་བསྐུལ་བ་དང་། །མཐོང་བ་བརྒྱུད་པའི་ཕྱག་ལེན་ཉམས་དོག་ནས། །དཔེ་རིས་གསལ་བཤད་བསྟབས་གཅིག་བཀོད་པའི་དགེས། །ཀུན་ཀྱང་ཐེག་པ་མཆོག་དེར་ཞུགས་གྱུར་ཅིག། །མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནས་ལུགས་གོང་གཏོར་ཆ་བདུན་གྱི་དཔེའུ་རིས་མཐོང་བརྒྱུད་ཀྱི་ཕྱག་བཞེས་མ་འཆུགས་པ།next