Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལྷ་དགུའི་ནང་སྒྲུབ་གྱི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལྷ་དགུའི་ནང་སྒྲུབ་གྱི་ཟིན་བྲིས།next

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལྷ་དགུའི་ནང་སྒྲུབ་གྱི་ཟིན་བྲིས།


CMR026_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལྷ་དགུའི་ནང་སྒྲུབ་གྱི་ཟིན་བྲིས་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR026_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱཿརྱ་ལོ་ཀེ་ཤྭ་རཱཡ། འཕགས་པ་འཇིག་རྟེན་དབང་ཕྱུག་ལྷ་དགུ་ལ། །ཕྱག་འཚལ་སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །འདི་ནི་ནང་སྒྲུབ་སྟ་གོན་ཚར་བའི་རྗེས། །ཐུན་བཞི་བདག་མདུན་གཉིས་ཀ་ཚར་རེ་འདོན། །བསྙེན་པ་ཅི་ནུས་བྱས་རྗེས་གཏོར་བསྔོས་དང་། །ཐུན་བསྡུ་བསྔོ་སྨོན་ཐུན་རྣམས་ཀུན་ལ་འགྲེས། །དགོང་མོའི་ཐུན་ལ་ཚོགས་མཆོད་རེ་རེ་བྱ། །དངོས་གཞི་ཐུན་སྐབས་སྒོམ་པའི་དམིགས་རིམ་ནི། །བདག་དང་མདུན་བསྐྱེད་གཉིས་ཀའི་ཐུགས་ཀ་རུ། །པདྨ་ཉི་མ་ཟླ་བ་བརྩེགས་པའི་སྟེང་། །རང་འདྲའི་ཡེ་ཤེས་སེམས་དཔའ་ཡུམ་དང་བཅས། །


CMR026_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་འོད་དང་ལྡན་པའི་ཐུགས་ཀ་རུ། །སྣ་ཚོགས་པདྨ་ཟླ་བའི་གདན་གྱི་སྟེང་། །ཏིང་འཛིན་སེམས་དཔའ་པདྨ་དམར་པོ་ནི། །ཅུང་ཟད་ཁ་ནི་བྱེ་བའི་ཟེའུ་འབྲུའི་སྟེང་། །བྷིཡིག་བྱུ་རུའི་མདོག་ཅན་འགྲེངས་ཐབས་གནས། །ཕྱག་མཚན་པདྨས་མཐའ་བསྐོར་ཟླ་བའི་སྟེང་། །ཡིག་བཅུ་སྔགས་ཕྲེང་གཡས་སུ་འཁོར་བར་བསྒོམ། །བདག་མདུན་རིགས་ཀྱི་ཡབ་བཞིའི་ཐུགས་ཀ་རུ། །པད་ཟླའི་སྟེང་དུ་ཧྲིམཐར་ཡིག་བཅུས་བསྐོར། །བདག་མདུན་ཕྱི་ནང་ཡུམ་དྲུག་ཐུགས་ཀ་རུ། །ཆོས་འབྱུང་རྐྱང་པ་རྩེ་མོ་ཐུར་བསྟན་ལ། །ཁ་ནི་གྱེན་བསྟན་ཕྱི་དཀར་ནང་དམར་བ། །


CMR026_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནི་སྟོང་པ་ཕྱེད་མན་འོད་ཀྱིས་གང་། །དེ་སྟེང་ཧྲིམཐར་སྔགས་ཕྲེང་གཡོན་དུ་འཁོར། །བདག་མདུན་རིགས་བཞིའི་མཁའ་འགྲོའི་ཐུགས་ཀ་རུ། །ཧ་རི་ནི་སའི་ཡིག་འབྲུ་རེ་རེ་ལ། །རང་རང་མཚན་སྔགས་གཡོན་དུ་འཁོར་བའོ། །རང་བྱུང་རྡོ་རྗེའི་ལྷ་དགུ་ཚིག་ལྷུག་མར། །མདུན་དུའང་བདག་བསྐྱེད་ལྟར་བསྒོམ་ཞིང་། །ལས་དང་མཐུན་པའི་འོད་ཀྱིས་སྤྲོ་བསྡུ་དང་། །སྔགས་ཀྱི་ཤམ་བུ་བཏགས་ལ་བསྒྲུབ་པར་བྱ། །གསུངས་པའི་དོན་དེ་རང་གི་ཐུགས་ཀ་ནས། །འོད་ཟེར་དམར་པོ་འོད་ལྔའི་མདངས་ལྡན་པ། །རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འཕྲོས་ཏེ། །ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན་ནས་ཀྱང་། །རང་གི་ཞལ་ནས་ཐོན་ཅིང་ཕར་འཕྲོས་ནས། །མདུན་བསྐྱེད་ཞལ་ཞུགས་དེ་ཡང་ཐུགས་ཀ་ཡི། །ཡེ་ཤེས་སེམས་དཔའི་ཞལ་ཞུགས་ཐུགས་ཀར་ཐིམ། །ཐུགས་དམ་རྒྱུད་བསྐུལ་སྔགས་ཕྲེང་དྲག་ཏུ་འཁོར། །སྔགས་ཕྲེང་དེ་ལས་འོད་ཟེར་འཕྲོས་པ་ཡིས། །ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྦྱོར་མཚམས་ནས། །མར་སོང་སྦྱོར་མཚམས་རྡོ་རྗེའི་སྦུབས་ནས་ཐོན། །ཚུར་བྱོན་རང་གི་སྦྱོར་མཚམས་ནས་ཞུགས་ཏེ། །ཡར་སོང་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཡི། སྦྱོར་


CMR026_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་རྡོ་རྗེའི་སྦུབས་ནས་ཐུགས་ཀར་ཐིམ། །རང་གི་སྔགས་ཕྲེང་ཡང་ནི་དྲག་ཏུ་འཁོར། །ཕར་ལ་མཆོད་པ་ཚུར་ལ་དངོས་གྲུབ་ཚུལ། །མགལ་མེའི་འཁོར་ལོ་བཞིན་དུ་རྒྱུན་དུ་འཁོར། །འདི་ནི་འདི་ཡི་ལུགས་ཀྱི་བསྙེན་པ་ཡིན། །དེ་ལྟར་འཁོར་ནས་མདུན་བསྐྱེད་སྔགས་ཕྲེང་ལས། །འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད། །དེ་ཀུན་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི། །སྐུར་གྱུར་ཆར་ལྟར་བབས་ནས་མདུན་བསྐྱེད་ཐིམ། །དེ་དག་ཀུན་གྱི་བྱིན་རླབས་དངོས་གྲུབ་ནི། །འོད་ཟེར་ཚུལ་དུ་གོང་ལྟར་ཚུར་བྱུང་ནས། །ཐུགས་ཀར་ཞུགས་ཤིང་ཐིམ་པས་དངོས་གྲུབ་ཐོབ། །དེ་ནི་ཉེ་བར་བསྙེན་པའི་དམིགས་པ་ཡིན། །དེ་ནས་འོད་ཟེར་དེ་ཉིད་སྔགས་ཕྲེང་གྱུར། །སྔགས་ཕྲེང་བདག་མདུན་བར་དུ་སྔོན་ལྟར་འཁོར། །སྔགས་ཕྲེང་འཁོར་བས་མདུན་གྱི་ཐུགས་རྒྱུད་བསྐུལ། །མདུན་གྱི་སྔགས་ལས་འོད་ཟེར་དཔག་མེད་པ། །སྟེང་འོག་ཕྱོགས་མཚམས་ནམ་མཁའ་ཁྱབ་པར་འཕྲོས། །ཁམས་གསུམ་སེམས་ཅན་ཀུན་ལ་འོད་དེས་ཕོག །ལུས་ངག་ཡིད་གསུམ་


CMR026_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་ཀུན་དག་ནས། །ཀུན་ཀྱང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི། །སྐུར་གྱུར་སྔགས་སྒྲ་དིར་དིར་སྒྲོག་པར་བསམ། །དེ་བཞིན་སྒྲ་སྐད་ཐམས་ཅད་ཡིག་བཅུའི་སྒྲ། །གཟུགས་སུ་སྣང་བ་ཐམས་ཅད་སྤྱན་རས་གཟིགས། །དེ་ལྟར་བསྒོམ་སོགས་ཡིད་ཀྱི་དྲན་རྟོག་ཀུན། །གདོད་ནས་འགྱུར་མེད་ཆོས་སྐུ་ཡིན་པར་བསམ། །དེ་ནི་ཁྱེར་སོ་གསུམ་གྱི་དོན་བསྡུས་དང་། །བུང་བ་ཚང་ཞིག་ལྟ་བུའི་བཟླས་པ་སྟེ། །འདི་ཡི་ལུགས་ཀྱི་སྒྲུབ་པའི་དམིགས་པ་ཡིན། །ལས་སྦྱོར་ཕྱོགས་གཏོགས་སྒྲུབ་པ་ཆེན་པོ་ནི། །སྔ་དྲོའི་ཐུན་མཇུག་སྔགས་ཕྲེང་དཀར་པོར་བསྒོམ། །བདག་དང་འགྲོ་བའི་སྡིག་སྒྲིབ་ཞི་བར་བསམ། །ཉིན་གུང་ཐུན་མཇུག་སྔགས་ཕྲེང་སེར་པོར་བསྒོམ། །བདག་དང་འགྲོ་བའི་བསོད་ནམས་ཡེ་ཤེས་རྒྱས། །དགོང་མོའི་ཐུན་མཇུག་སྔགས་ཕྲེང་དམར་པོར་བསྒོམ། །རླུང་སེམས་སྣང་བ་དབང་དུ་འདུས་པར་བསམ། །སྲོད་ཀྱི་དུས་ལ་སྔགས་ཕྲེང་ལྗང་ནག་འཕྲོས། །ཉོན་མོངས་བདུད་བཞི་ལོག་འདྲེན་ཚར་ཆོད་བསྒོམ། །དེ་དག་ཀུན་ལ་སྔགས་རིང་ཧཱུྃ་ཕཊཿཅན། །རྒྱ་གཞུང་དགོངས་པ་ཡིན་པས་བཟླས་པ་ཟབ། །ཞག་བདུན་སྒྲུབ་ན་ཞག་དྲུག་དེ་ལྟར་སྟེ། །ཞག་བདུན་ཉིན་པར་སྔ་དྲོའི་


CMR026_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་ལ་ནི། །རང་གི་ཐུགས་ཀའི་སྔགས་ཕྲེང་སྔར་ལྟར་དུ། །དཀར་པོ་འཕྲོས་པས་མདུན་དུ་བསྐྱེད་པ་ཡི། །རྡོ་རྗེ་སྤྱན་རས་གཟིགས་དེ་ཚུར་ཞལ་གཟིགས། །ཡབ་ཡུམ་གཉིས་ཀའི་ཞལ་དུ་སྔགས་ཕྲེང་ཞུགས། །ཐུགས་ཀར་ཐིམ་པས་ཡབ་ཡུམ་གཉིས་ཀ་ཡི། །སྔགས་ཕྲེང་གཡས་གཡོན་དྲག་འཁོར་ཐུགས་རྒྱུད་བསྐུལ། །གཉིས་ཀའི་སྔགས་ལས་རང་སྔགས་དངོས་གྲུབ་ཚུལ། །སྦྱོར་མཚམས་ནས་ཐོན་སྔགས་ཕྲེང་གཅིག་ཏུ་གྱུར། །ཚུར་བྱོན་རང་གི་སྦྱོར་མཚམས་ནས་ཞུགས་ཏེ། །རྡོ་རྗེའི་སྦུབས་ནས་རང་གི་ཐུགས་ཀ་ཡི། །ཡེ་ཤེས་སེམས་དཔའི་སྦྱོར་མཚམས་གསང་སྦུབས་ནས། །ཞུགས་ནས་ཐུགས་སྲོག་ཧཱིར་ཐིམ་དངོས་གྲུབ་ཐོབ། །དེ་ལྟར་བདག་མདུན་བར་དུ་སྔགས་ཕྲེང་ནི། །ཤེལ་དཀར་ཕྲེང་བ་བསྐོར་འདྲ་ཀྱི་ལི་ལི། །དེ་ལྟར་འཁོར་བས་རྡོ་རྗེ་སྤྱན་རས་གཟིགས། །ཡབ་ཡུམ་སྐུ་ལས་འོད་ཟེར་དཀར་པོ་ནི། །བདེ་བའི་རེག་བྱ་ལྡན་པ་ཕྱོགས་བཅུར་འཕྲོས། །ཞིང་ཁམས་ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ལ། །དཀར་གསུམ་མངར་གསུམ་མེ་ཏོག་བདུག་སྤོས་སོགས། །ཞི་བའི་མཆོད་པ་རྒྱ་མཚོར་གྱུར་པས་མཉེས། །སངས་རྒྱས་ཀུན་གྱི་ཞི་བའི་དངོས་


CMR026_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ནི། །འོད་ཟེར་དཀར་པོར་བསྡུས་ནས་མདུན་ལ་ཐིམ། །དེ་ཉིད་སྔགས་ཕྲེང་དཀར་པོའི་རྣམ་པར་འཕྲོས། །སྔར་ལྟར་རང་གི་ལུས་ཁྱབ་ཐུགས་ཀར་ཐིམ། །ཞི་བ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར། །དེ་བཞིན་མདུན་གྱི་ཐུགས་ཀའི་འོད་ཟེར་ནི། །སྟོན་ཟླའི་མདོག་འདྲ་ཕྱོགས་བཅུར་ཁྱབ་པར་འཕྲོས། །འབྲེལ་ཐོགས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་རྣམས་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་དག་པར་བསྒོམ། །དེ་ནི་སྔ་དྲོའི་ཐུན་གྱི་ཕྱེད་ཡན་ཡིན། །དེ་ནས་སྔར་ལྟར་རང་གི་ཐུགས་ཀ་ནས། །སྔགས་ཕྲེང་དཀར་པོ་ནར་གྱིས་ཐོན་པ་སྟེ། །མདུན་བསྐྱེད་རྡོ་རྗེ་མཁའ་འགྲོའི་ཚུར་གཟིགས་པའི། །ཞལ་ཞུགས་ཐུགས་ཀར་ཐིམ་པས་སྔགས་མྱུར་འཁོར། །ཐུགས་རྒྱུད་བསྐུལ་བས་སྔགས་ལས་སྔགས་ཕྲེང་འཕྲོས། །བྷ་ག་ནས་ཐོན་རང་གི་སྦྱོར་མཚམས་ནས། །རྡོ་རྗེའི་སྦུབས་ཞུགས་ཐུགས་སྲོག་ཧིལ་ཐིམ། །ཕར་ལ་མཆོད་པ་ཚུར་ལ་དངོས་གྲུབ་ཚུལ། །སྔགས་ཕྲེང་མུ་ཏིག་ཕྲེང་བ་འཁོར་བ་བཞིན། །རྒྱུན་དུ་འཁོར་བས་མཁའ་འགྲོའི་ཐུགས་རྒྱུད་བསྐུལ། །སྐུ་ལས་འོད་ཟེར་སྟོན་ཀའི་ཟླ་བའི་མདོག །བསིལ་ཞིང་བདེ་བའི་


CMR026_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རེག་བྱ་ཅན་འཕྲོས་པས། །བདག་དང་བསྲུང་བྱའི་ནད་གདོན་སྡིག་སྒྲིབ་རྣམས། །མུན་པར་ཟླ་བ་ཤར་ལྟར་གསལ་བར་བསམ། །དེ་ལྟར་ཐུན་ནི་གོང་འོག་གཉིས་ཀ་ལ། །སྔགས་རིང་ཧ་རི་ནི་སའི་མཇུག་ཏུ་ནི། །ནད་གདོན་སརྦ་པཱ་པཾ་ཤཱནཾ་ཀུ་རུ་སྭཱ་ཧཱ། ཞེས་པ་བཏགས་ལ་ཅི་ལྕོགས་བཟླས་པ་བྱ། །དེ་ནས་ཐུན་མཚམས་གཏོར་མ་བསྔོ་བའི་ཚེ། །ཤར་གྱི་ཞི་བའི་གཏོར་མ་བྲན་བྱས་ལ། །གཏོར་མ་བྱིན་རླབས་འདོན་ཆ་གཞུང་ལྟར་ལ། །གཏོར་སྣོད་ཤེལ་དཀར་བྷན་རྒྱ་ཆེ་བར། །ངོ་བོ་གཞུང་ལྟར་ཤ་ལྔ་བདུད་རྩི་སོགས། །རྣམ་པ་སྐུ་ཡི་བདུད་རྩི་འོ་མའི་མཚོ། །ཀ་ར་སྦྲང་རྩིའི་རོ་ལྡན་བསམ་ལ་འབུལ། །ཐུན་བསྡུ་རྫོགས་རིམ་དགོངས་པ་གཞུང་ལྟར་བྱ། །དེ་ནས་ཉིན་གུང་བདག་མདུན་ཚར་གཅིག་རྗེས། །གི་ཐུགས་ལས་སྔགས་ཕྲེང་གསེར་གྱི་མདོག །ནར་གྱིས་ཐོན་ནས་མདུན་གྱི་དཀྱིལ་འཁོར་གྱི། །རིན་ཆེན་སྤྱན་གཟིགས་ཡབ་ཡུམ་ཞལ་དུ་ཞུགས། །ཐུགས་རྒྱུད་བསྐུལ་བས་སྔགས་ཕྲེང་གཡས་གཡོན་འཁོར། །སྔགས་ལས་སྔགས་ཕྲེང་འཕྲོས་པ་སྦྱོར་མཚམས་ནས། །སྔགས་ཕྲེང་གཅིག་གྱུར་ཚུར་བྱུང་རང་ཉིད་ཀྱི། །སྦྱོར་མཚམས་གསང་སྦུབས་ནས་ཞུགས་


CMR026_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཐིམ། །དེ་ལྟར་བདག་མདུན་བར་དུ་སྔགས་ཕྲེང་ནི། །སྤོས་ཤེལ་ཞགས་པ་བསྐོར་འདྲ་ཀྱི་ལི་ལི། །དེ་ལྟར་འཁོར་བས་རིན་ཆེན་སྤྱན་རས་གཟིགས། །ཡབ་ཡུམ་གཉིས་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །ཐུགས་ལས་འོད་ཟེར་ཛམ་བུ་ཆུ་གསེར་མདོག །ཕྱོགས་བཅུ་ནམ་མཁའ་ཁྱབ་པར་འཕྲོས་པ་ཡིས། །རབ་འབྱམས་ཞིང་དུ་བཞུགས་པའི་རྒྱལ་བ་ལ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །ལྷ་མིའི་ལོངས་སྤྱོད་དཔག་མེད་མཆོད་པར་གྱུར། །བསོད་ནམས་ཚོགས་རྫོགས་རྒྱས་པའི་དངོས་གྲུབ་ཀུན། །འོད་ཟེར་སེར་པོའི་རྣམ་པར་མདུན་བསྐྱེད་ཐིམ། །དེ་ཉིད་སྔགས་ཕྲེང་དུ་གྱུར་རང་ལ་བསྟིམ། །བསོད་ནམས་ཡེ་ཤེས་རྒྱས་པའི་དངོས་གྲུབ་ཐོབ། །སླར་ཡང་མདུན་བསྐྱེད་སྐུ་ལས་འོད་སེར་པོ། །ཉི་མ་ཤར་འདྲ་ནམ་མཁའ་ཁྱབ་པར་འཕྲོས། །འོད་དེས་རེག་པ་ཙམ་གྱིས་འགྲོ་ཀུན་གྱི། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་བསྒོམ། །དེ་ནི་གུང་ཐུན་ཕྱེད་ཡན་དམིགས་པ་སྟེ། །དེ་ནས་རང་གི་ཞལ་གྱི་སྔགས་ཕྲེང་དེ། །རིན་ཆེན་མཁའ་འགྲོའི་ཞལ་ཞུགས་ཐུགས་རྒྱུད་བསྐུལ། །བྷ་ག་ནས་ཐོན་རང་གི་སྦྱོར་མཚམས་ནས། །ཐུགས་ཀར་ཐིམ་


CMR026_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འཁོར་བ་སྔར་དང་འདྲ། །རིན་ཆེན་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་བས། །སྐུ་ལས་འོད་ཟེར་བཙོ་མ་གསེར་གྱི་མདོག །བདེ་བའི་རེག་བྱ་ལྡན་པ་ཕྱོགས། བཅུར་འཕྲོས། །བདག་དང་བསྲུང་བྱ་ཀུན་ལ་འོད་དེ་ཕོག །དཔེར་ན་པདྨ་ཆུ་ཡིས་བྲན་པ་བཞིན། །ཚེ་བསོད་ཉམས་རྟོགས་ཡོན་ཏན་རྒྱས་པར་བསྒོམ། །སྔགས་རིང་བེ་རོ་ཙ་ནི་ཡེ་ཡི་མཇུག །རི་ནི་ཧ་ས་མ་མ་ཨཱཿཡུ་པུཎྱེ་ཛྙཱ་ན་པུཏྟིཾ་ཀུ་རུ་སྭཱ་ཧཱ། ཅི་ལྕོགས་བཟླས་རྗེས་གཏོར་བསྔོས་གཞུང་ལྟར་ལས། །དམིགས་པ་གསེར་གྱི་བྷན་སྟོང་གསུམ་མཉམ། །གཏོར་མ་བདུད་རྩི་གསེར་མདོག་རྒྱ་མཚོ་ནི། །རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་ལ། །རླངས་པ་འདོད་ཡོན་སྣ་ཚོགས་སྤྲིན་སྤུང་འཁྲིགས། །དེ་ལྟར་བསྒོམ་ཞིང་རྒྱས་པའི་གཏོར་མ་བསྔོ། །ཐུན་བསྡུ་རྫོགས་རིམ་བསྒོམ་སོགས་གཞུང་ལྟར་བྱ། །དེ་ནས་དགོང་མོ་བདག་མདུན་ཚར་གཅིག་རྗེས། །བདག་གི་ཐུགས་ལས་སྔགས་ཕྲེང་དམར་པོ་ནི། །བྱུ་རུའི་ཕྲེང་བ་ལྟ་བུ་ནར་གྱིས་འཕྲོས། །མདུན་བསྐྱེད་པདྨ་སྤྱན་གཟིགས་ཡབ་ཡུམ་གྱིས། །ཞལ་ཞུགས་ཐུགས་ཀའི་སྔགས་ཕྲེང་གཡས་གཡོན་འཁོར། །སྔགས་ཕྲེང་གཉིས་ལས་སྔགས་ཕྲེང་སོ་སོར་འཕྲོས། །


CMR026_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་མཚམས་ནས་ཐོན་གཅིག་གྱུར་ཚུར་བྱོན་ཏེ། །རང་གི་སྦྱོར་མཚམས་རྡོ་རྗེའི་སྦུབས་ནས་ཞུགས། །ཐུགས་ཀའི་ཧཱིར་ཐིམ་དབང་གི་དངོས་གྲུབ་ཐོབ། །སྔགས་ཕྲེང་མགལ་མེའི་བྱུ་རུའི་ཕྲེང་བ་ལྟར། །རྒྱུན་དུ་འཁོར་བས་མདུན་གྱི་ཐུགས་རྒྱུད་བསྐུལ། །སྐུ་ལས་འོད་ཟེར་པདྨ་རཱ་གའི་མདོག །ཉི་མ་འཆར་ཀའི་འོད་བཞིན་ཕྱོགས་བཅུར་ཁྱབ། །རབ་འབྱམས་ཞིང་གི་རྒྱལ་བ་སྲས་བཅས་ལ། །མཆོད་པའི་ལྷ་མོ་བཅུ་དྲུག་འདོད་ཡོན་ལྔ། །མཆོད་པར་གྱུར་པས་ཟག་མེད་བདེ་བས་དགྱེས། །སྣང་སྲིད་དབང་གི་དངོས་གྲུབ་འོད་དམར་པོ། །ཚུར་བསྡུས་བདག་བསྐྱེད་ལ་ཐིམ་སྔགས་ཕྲེང་གི་།རྣམ་པར་གྱུར་ནས་ཚུར་བྱོན་རང་ཐིམ་པས། །རླུང་སེམས་སྣང་བ་དབང་འདུས་དངོས་གྲུབ་ཐོབ། །སླར་ཡང་མདུན་ལས་འོད་ཟེར་དམར་པོ་འཕྲོས།། །འོད་དེས་རེག་པས་སེམས་ཅན་ཐམས་ཅད་ཀྱང་། །རང་རང་རླུང་སེམས་རང་དབང་འདུས་པར་བསམ། །དེ་ནི་དགོང་ཐུན་ཕྱེད་ཡན་དམིགས་པ་སྟེ། །དེ་ནས་རང་གི་ཞལ་གྱི་སྔགས་ཕྲེང་དེ། །པདྨ་མཁའ་འགྲོའི་ཞལ་ཞུགས་ཐུགས་རྒྱུད་བསྐུལ། །སྔགས་ཕྲེང་དྲག་འཁོར་དེ་ལས་སྔགས་ཕྲེང་འཕྲོས། །བྷ་ག་ནས་ཐོན་རང་གི་སྦྱོར་མཚམས་ཞུགས། །


CMR026_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཧཱིར་ཐིམ་དབང་གི་དངོས་གྲུབ་ཐོབ། །དེ་ལྟར་སྔགས་ཕྲེང་མགལ་མེ་ལྟར་འཁོར་བས། །པདྨ་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནས། །སྐུ་ལས་འོད་ཟེར་དམར་པོ་གློག་ལྟ་བུ། །ཕྱོགས་བཅུ་འཇིག་རྟེན་ཁྱབ་པར་འཕྲོས་པ་ཡི། །ཆོས་དང་ལོངས་སྤྱོད་མཆོག་དང་ཐུན་མོང་གི །དངོས་གྲུབ་ཐམས་ཅད་འོད་ཟེར་དེས་བསྡུས་ཏེ། །པདྨ་མཁའ་འགྲོ་ལ་ཐིམ་གཟི་བརྗིད་འབར། །དངོས་གྲུབ་སྔགས་ཕྲེང་རྣམ་པར་ཚུར་བྱུང་སྟེ། །རང་གི་སྦྱོར་མཚམས་ནས་ཞུགས་ཐུགས་ཀར་ཐིམ། །སྣང་སྲིད་འཁོར་འདས་དབང་དུ་འདུས་པར་བསྒོམ། །སྔགས་རིང་བེ་རོ་ཙ་ནི་ཡེ་ཡི་མཇུག །ནི་རི་ཧ་ས་བ་སུ་ན་ན་ཁེ་དྷ་སརྦ་སིདྡྷི་པ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་པ་བཏགས་ལ་ཅི་འགྲུབ་བཟླས་པ་བྱ། །དེ་ནས་སྐབས་འདིར་ཚོགས་འཁོར་གཞུང་ལྟར་བྱ། །ཚོགས་ཕུད་ཕུལ་ལ་ནུབ་ཀྱི་གཏོར་མ་བྲན། །གཏོར་བསྔོས་གཞུང་ལྟར་འདོན་ཅིང་དམིགས་པ་ནི། །པདྨ་རཱ་གའི་བྷན་རྒྱ་ཆེའི་ནང་། །གཏོར་མ་གསུང་གི་བདུད་རྩི་དམར་ལྟེམ་མེ། །རོ་བཅུད་ཞིམ་མངར་ཕུན་ཚོགས་དམིགས་ལ་འབུལ། །ཚོགས་ལ་ལོངས་སྤྱོད་ལྷག་མ་གཞུང་ལྟར་འབུལ། །ཐུན་བསྡུ་རྫོགས་རིམ་བསྔོ་སྨོན་


CMR026_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལྟར་རོ། །ཐུན་མཚམས་དགེ་སྦྱོར་ཆག་མེད་གང་དགོས་བྱ། །ཐུན་གྱི་དཀྱིལ་དུ་འདོན་པ་གཞན་མི་བསྲེ། །དེ་ནས་མུན་རུབ་བདག་མདུན་ཚར་གཅིག་འདོན། །བདག་གི་ཐུགས་ཀའི་སྔགས་ཕྲེང་དེ་ཉིད་ལས། །སྔགས་ཕྲེང་གཡུའམ་མར་གད་མདོག་ཅན་འཕྲོས། །མདུན་བསྐྱེད་ལས་ཀྱི་སྤྱན་གཟིགས་ཡབ་ཡུམ་གྱི། །ཞལ་ཞུགས་སྔགས་ཕྲེང་གཡས་གཡོན་དྲག་ཏུ་འཁོར། །ཐུགས་རྒྱུད་བསྐུལ་ནས་སྔགས་ལས་སྔགས་ཕྲེང་འཕྲོས། །སྦྱོར་མཚམས་ནས་ཐོན་སྔགས་ཕྲེང་གཅིག་གྱུར་ཏེ། །ཚུར་བྱོན་རང་གི་སྦྱོར་མཚམས་གསང་སྦུབས་ཞུགས། །ཐུགས་ཀའི་ཧཱིར་ཐིམ་དྲག་པོའི་དངོས་གྲུབ་ཐོབ། །དེ་ལྟར་བདག་མདུན་བར་དུ་སྔགས་ཕྲེང་ནི། །གཡུ་ཕྲེང་འཁོར་འདྲ་ཀྱི་ལི་ལི་འཁོར་བས། །ལས་ཀྱི་སྤྱན་གཟིགས་ཡབ་ཡུམ་ཐུགས་རྒྱུད་བསྐུལ། །སྐུ་ལས་འོད་ཟེར་ལྗང་གུ་སྤང་རྗེན་མདོག །ཕྱོགས་བཅུར་འཕྲོས་པས་ཁྲོ་བོ་ཁྲོ་མོ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ། །ཤ་ལྔ་བདུད་རྩི་ལྔ་དང་ཤ་ཁྲག་རུས། །ཤ་ཆེན་བདུག་སྤོས་ཞུན་ཆེན་མར་མེ་སོགས། །དྲག་པོའི་མཆོད་པ་སྣ་ཚོགས་མཆོད་པས་མཉེས། །དེ་དག་ཀུན་གྱི་མཐུ་སྟོབས་ནུས་པ་རྣམས། །


CMR026_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ལྗང་གུར་བསྡུས་ནས་མདུན་བསྐྱེད་ཐིམ། །དེ་ཉིད་སྔགས་ཕྲེང་ཚུལ་དུ་ཚུར་བྱོན་ནས། །བདག་ཐིམ་མཐུ་སྟོབས་ནུས་མཐུའི་དངོས་གྲུབ་ཐོབ། །སླར་ཡང་མདུན་བསྐྱེད་སྐུ་ལས་འོད་ལྗང་གུ། །རྩུབ་ཅིང་ཚ་ངད་ལྡན་པ་འཕྲོས་པ་ཡིས། །བདག་དང་བསྲུང་བྱ་ལ་གནོད་བདུད་བགེགས་རྣམས། །གཞོབ་ཐུལ་བསྲེགས་པས་བདུད་བཞི་ལས་རྒྱལ་བསམ། །དེ་ནི་སྲོད་ཐུན་ཕྱེད་ཡན་དམིགས་པ་སྟེ། །དེ་ནས་རང་གི་ཞལ་གྱི་སྔགས་ཕྲེང་དེ། །ཅུང་ཟད་ལྗང་ནག་ཐག་འཁྱུག་ལྟར་འཕྲོས་པས། །ལས་ཀྱི་མཁའ་འགྲོའི་ཞལ་ཞུགས་ཐུགས་རྒྱུད་བསྐུལ། །བྷ་ག་ནས་ཐོན་རང་གི་སྦྱོར་མཚམས་ནས། །ཐུགས་ཀར་ཐིམ་པས་དྲག་པོའི་དངོས་གྲུབ་ཐོབ། །སྔགས་ཕྲེང་ལྗང་ནག་དྲག་ཏུ་འཁོར་བ་དེས། །ལས་ཀྱི་མཁའ་འགྲོ་རང་དབང་མེད་པར་བསྐུལ། །ལས་ཀྱི་མཁའ་འགྲོའི་སྐུ་ལས་འོད་ལྗང་ནག །རྣམ་པ་མེ་ཡི་རེག་བྱ་ཅན་འཕྲོས་པས། །བདག་དང་བསྲུང་བྱ་ལ་གནོད་ནད་གདོན་དགྲ། །ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་ལྟར་བཅོམ། །དེ་ལྟར་སྔགས་རིང་བེ་རོ་ཙ་ནཱིའི་མཇུག །ཧ་རི་ནི་ས་གནོད་བྱེད་སརྦ་ཤ་ཏུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅི་ལྕོགས་བཟླས་རྗེས་བྱང་གི་གཏོར་མ་


CMR026_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བྲན། །གཏོར་བསྔོས་བྱེད་ཚེ་དམིགས་པའི་བསྒྱུར་ཁ་ནི། །བྷན་རློན་པ་ལྕང་ལོ་དང་བཅས་པ། །ཡངས་ཤིང་རྒྱ་ཆེའི་ནང་དུ་གཏོར་མ་དེ། །ངོ་བོ་དགྲ་བགེགས་གནོད་བྱེད་ཤ་ཁྲག་ལ། །རྣམ་པ་ཐུགས་ཀྱི་བདུད་རྩི་སྔོ་ལྟེམ་མེ། །བསྒྲེ་སྣུམ་ཤ་ཁྲོག་རོ་ལྡན་དམིགས་ལ་འབུལ། །འདི་དག་རྣམས་ཀྱི་རྩ་བ་གང་ཞེ་ན། །ཛ་ལནྡྷ་རའི་ལྷ་དགུའི་རྒྱ་གཞུང་ལས། །དེ་ནས་རང་དང་གཞན་གྱི་དོན་བྱ་ཕྱིར། །ཕྲིན་ལས་རྣམ་པ་བཞི་པོ་སྒྲུབ་པའི་ཕྱིར། །ཕྲིན་ལས་གང་སྒྲུབ་དམིགས་པ་སྤོ་བ་སྟེ། །སྔགས་ཀྱི་ཤམ་བུ་བསྒྱུར་ལ་བཟླ་བར་བྱ། །ཞེས་གསུངས་ཐེ་ཚོམ་སྤོང་ལ་བསྒྲུབ་པར་བྱ། །གལ་ཏེ་ཟླ་གཅིག་ནང་སྒྲུབ་འདི་བྱེད་ན། །བདུན་གསུམ་ཙམ་ལ་གོང་གི་བསྙེན་བསྒྲུབ་བྱ། །ཞག་བདུན་ལས་བཞི་གོང་ལྟར་དུས་བཞིར་བྱ། །དེ་ནས་ཞག་གཅིག་སྔ་དྲོ་དགོང་ཞོགས་སོགས། །དུས་བཞི་ལས་བཞིའི་སྦྱིན་སྲེག་བྱ་བ་ཡིན། །དེ་ནས་ཞག་གཅིག་དངོས་གྲུབ་ལེན་ཆོག་ཚུལ། །བུམ་བསྐྱེད་བཏོན་ལ་བདག་འཇུག་ལེན་པ་དང་། །དགའ་སྟོན་ཚོགས་འཁོར་རྗེས་ཆོག་རྫོགས་པར་བྱ། །གལ་ཏེ་ཞག་བདུན་སྒྲུབ་རྗེས་གསང་སྒྲུབ་དང་། །སྦྲེལ་ནས་སྒྲུབ་ན་བདག་འཇུག་འདིར་མི་བྱ། །མཆོད་


CMR026_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁ་གསོ་གསང་སྒྲུབ་ཉིད་ལ་འཇུག །ཞག་བདུན་ཁོ་ན་ལས་ནི་མི་སྒྲུབ་ན། །སྒྲུབ་རྫས་རྣམས་ཀྱིས་བདག་འཇུག་ལེན་པ་དང་། །ཚོགས་འཁོར་རྗེས་ཆོག་རྣམས་ནི་གཞུང་ལྟར་ཏེ། །ཞི་བའི་སྦྱིན་སྲེག་གཅིག་ཙམ་འགྲུབ་ན་ལེགས། །མ་འགྲུབ་ན་ཡང་ཆད་པའི་སྐྱོན་ནི་མེད། །དེ་ལྟར་ལྷ་དགུའི་ནང་སྒྲུབ་ཟིན་བྲིས་འདི། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བ་དང་། །རིག་འཛིན་སྤྲུལ་སྐུའི་དགོངས་རྫོགས་ལ་དམིགས་ནས། །ལུག་ལོ་ས་ག་ཟླ་བའི་ཚེ་བདུན་གྱི། །སྔ་དྲོའི་ཆ་ལ་རཱ་ག་ཨ་སྱ་ཡིས། །རྒྱུད་དང་རྒྱ་གཞུང་བོད་གཞུང་ཞལ་གདམས་ཚོགས། །རང་གི་མྱོང་བ་དང་བསྟུན་གསལ་བར་བཀོད། །འདི་ལ་འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །ལྷ་དགུའི་ལྷ་དང་སྲུང་མའི་ཚོགས་ལ་བཤགས། །འདི་བྲིས་དགེ་བའི་རྩ་བ་གང་མཆིས་དེས། །གཏེར་སྟོན་སྤྲུལ་སྐུའི་དགོངས་པ་རྫོགས་པ་དང་། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །ནམ་ཞིག་འདི་ནས་ཚེ་འཕོས་གྱུར་མ་ཐག །སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །བདེ་བ་ཅན་གྱི་ཞིང་དུ་རྫུས་སྐྱེས་ནས། །སྤྱན་རས་གཟིགས་དང་ནམ་ཡང་འབྲལ་མེད་ཤོག །ཡི་གེ་པ་ནི་བྷ་ཏ་ཧོར་གྱི་རིགས། །


CMR026_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བཤེགས་པདྨ་མཐར་ཕྱིན་ཞེས་བྱས་བྲིས། །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལྷ་དགུའི་ནང་སྒྲུབ་གྱི་ཟིན་བྲིས།next