Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལྷ་དགུའི་གསང་སྒྲུབ་ཀྱི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལྷ་དགུའི་གསང་སྒྲུབ་ཀྱི་ཟིན་བྲིས།next

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལྷ་དགུའི་གསང་སྒྲུབ་ཀྱི་ཟིན་བྲིས།


CMR026_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལྷ་དགུའི་གསང་སྒྲུབ་ཀྱི་ཟིན་བྲིས་བཞུགས་སོ།།


CMR026_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་པཉྩ་ཡེ། རིགས་ལྔའི་སྤྱན་རས་གཟིགས་དབང་ཡབ་ཡུམ་ལ། །གུས་པས་ཕྱག་འཚལ་བཀའ་གནང་བྱིན་གྱིས་རློབས། །འདི་ཡི་གསང་སྒྲུབ་སྟ་གོན་ཚར་བའི་རྗེས། །བདག་མདུན་མངོན་རྟོགས་རེག་བྱ་རྡོ་རྗེའི་མཚམས། །བདག་མདུན་ལུས་ལྷའམ་མོས་པ་ཙམ་ཞིག་བསྒོམ། །བདག་མདུན་ཚར་རྗེས་བསྙེན་པའི་སྐབས་དེ་རུ། །བསྙེན་པ་བྱ་ཞིང་དམིགས་པ་གསལ་བཏབ་སྟེ། །བདག་དང་མདུན་བསྐྱེད་གཙོ་བོ་ཡབ་ཀྱི་སྐུ། །སྤྱི་ནི་དར་དམར་གུར་ཕུབ་ལྟ་བུ་ལ། །ནང་ནི་སྟོང་པ་ཕྲུ་མ་ཕུས་བཏབ་བཞིན། །དེ་དབུས་དབུ་མ་ཁང་སྟོང་ཀ་བ་ལྟར། །


CMR026_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་སྣེ་སྤྱི་བོ་མར་སྣེ་གསང་གནས་ཟུག །ཡར་སྣེ་ཧཾ་དཀར་མགོ་བོ་ཐུར་བསྟན་དང་། །མར་སྣེ་ཨ་དམར་ལྕགས་སྲེག་མདོག་གིས་མཚན། །དབུ་མ་མཐིང་གསལ་དྲང་ཞིང་སྟོང་སང་ངེ་། །གཡོན་གཡས་རྐྱང་མ་དཀར་དང་རོ་མ་དམར། །ཡར་སྣེ་ཚངས་བུག་མར་སྣེ་ལྟེ་འོག་ཟུག་།འཁོར་ལོ་ལྔ་ཡི་རྩ་འདབ་གདུགས་རྩིབས་ལྟར། །སྤྱི་བོའི་རྩ་འདབ་སུམ་ཅུ་སོ་གཉིས་དཀར། །མགྲིན་པའི་རྩ་འདབ་བཅུ་དྲུག་དམར་པོ་སྟེ། །སྙིང་ཁའི་རྩ་འདབ་བརྒྱད་པོ་མཐིང་ཀའོ། །ལྟེ་བའི་དྲུག་ཅུ་རྩ་བཞི་སེར་པོ་སྟེ། །གསང་གནས་སོ་གཉིས་སམ་ནི་ཉེར་བརྒྱད་ལྗང་། །


CMR026_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་དབུ་མའི་ནང་གི་རྩ་འཁོར་དབུས། །སྤྱི་བོར་གཏི་མུག་ངོ་བོ་ཨོཾ་དཀར་པོ། །མགྲིན་པར་འདོད་ཆགས་ངོ་བོ་ཧྲིདམར་པོ། །སྙིང་ཁར་ཞེ་སྡང་ངོ་བོ་ཧཱུྃ་མཐིང་ཁ། །ལྟེ་བར་ང་རྒྱལ་ངོ་བོ་ཧཱུྃ་སེར་པོ། །གསང་བར་ཕྲག་དོག་ངོ་བོ་ཨཱཿལྗང་གུ། །དེ་དག་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་། །ལམ་རྒྱུད་ལྔ་རུ་སྐྱེ་བའི་ས་བོན་རྣམས། །འོད་ཀྱིས་བསྡུས་ནས་ཡིག་འབྲུ་བཅུ་ལ་བསྟིམ། །བར་རླུང་གསུས་པ་ཐེར་ཙམ་བྱས་པ་ཡིས། །དབུ་མའི་མར་སྣེ་ཨཱཿཡིག་དམར་པོ་ལས། །གཏུམ་མོ་ཡེ་ཤེས་མེ་ལྕེ་ནར་གྱིས་འབར། །ཡིག་འབྲུ་བཅུ་བསྲེག་དུག་ལྔ་སྦྱངས་བའི་འབྲས། །རིགས་ལྔ་སྤྱན་རས་གཟིགས་ཀྱི་སྐུར་གྱུར་ཏེ། །སྤྱི་བོར་རྣམ་སྣང་སྤྱན་གཟིགས་ཡབ་ཡུམ་དཀར། །མགྲིན་པར་པདྨ་སྤྱན་གཟིགས་ཡབ་ཡུམ་དམར། །ཐུགས་ཀར་རྡོ་རྗེ་སྤྱན་གཟིགས་ཡབ་ཡུམ་མཐིང་། །ལྟེ་བར་རིན་ཆེན་སྤྱན་གཟིགས་ཡབ་ཡུམ་སེར། །གསང་བར་ཀརྨ་སྤྱན་གཟིགས་ཡབ་ཡུམ་ལྗང་། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་གཞུང་ལྟར་ལས། །པདྨ་ཟླ་བའི་གདན་ལ་སྐྱིལ་ཀྲུང་


CMR026_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །ཡབ་ཡུམ་རིགས་ལྔ་སོ་སོའི་དབུ་བརྒྱན་བསམ། །རྩ་འདབ་གྲོངས་མཉམ་ཌཀི་ཐམས་ཅད་ནི། །རུས་པའི་རྒྱན་ལྡན་གར་སྟབས་ཟླ་སྟེང་བཞུགས། སྤྱི་བོར་སོ་གཉིས་འཁོར་ལོ་གྲི་ཐོད་དཀར། །མགྲིན་པར་བཅུ་དྲུག་པདྨ་གྲི་ཐོད་དམར། །སྙིང་གར་རྡོ་རྗེ་གྲི་ཐོད་འཛིན་བརྒྱད་མཐིང་། །ལྟེ་བར་རེ་བཞི་རིན་ཆེན་གྲི་ཐོད་སེར། །གསང་བར་སོ་གཉིས་རྒྱ་གྲམ་གྲི་ཐོད་ལྗང་། །འཁོར་རྣམས་ཐུགས་ཀར་ཟླ་སྟེང་ས་བོན་ཧྲཱིཿ །སྤྱི་བོའི་ཐུགས་ཀར་ཧཱུྃཡིག་དཀར་པོ་རེ། །གཞན་རྣམས་ཧ་རི་ནི་སའི་ཡིག་འབྲུ་རེ། །གཙོ་བོ་ལྔ་ཡི་ཐུགས་ཀར་པད་ཉིའི་སྟེང་། །ཏིཿཡིག་རང་མདོག་ཡིག་བཅུ་གཡས་སུ་འཁོར། །ཡུམ་ལྔའི་ཐུགས་ཀར་ཆོས་འབྱུང་རྐྱང་པའི་སྟེང་། །ཧཱུྃཡིག་མཐའ་མར་ཡུམ་སྔགས་གཡོན་དུ་འཁོར། །དེ་རྣམས་གསལ་བཏབ་བཟླས་པ་བསྙེན་པའོ། །དེ་ནས་ཐུགས་ཀའི་ཡབ་ཡུམ་སྔགས་འཁོར་ལས། །འོད་ཟེར་བྱུང་བ་ཡབ་ཡུམ་ཞལ་ནས་ཐོན། །མགྲིན་པའི་ཡབ་ཡུམ་སྦྱོར་མཚམས་ནས་ཞུགས་ཏེ། །ཐུགས་ཀའི་སྔགས་ཕྲེང་བརྒྱུད་ཅིང་ཞལ་ནས་ཐོན། །སྤྱི་བོའི་ཡབ་ཡུམ་སྦྱོར་མཚམས་ནས་ཞུགས་ཏེ། །ཐུགས་ཀའི་སྔགས་ཕྲེང་བརྒྱུད་དེ་ཞལ་ནས་


CMR026_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན། །མར་བྱུང་རང་གི་ཞལ་ནས་ཕྱིར་ཐོན་པས། །ཁ་དོག་ལྔ་ལྡན་སྟོང་སྐུད་ཆུན་པོ་བཞིན། མདུན་བསྐྱེད་ཞལ་ཞུགས་ཡར་སོང་སྤྱི་བོ་ཡི། །ཡབ་ཡུམ་ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས། །སྦྱོར་མཚམས་ནས་ཐོན་མགྲིན་པའི་ཞལ་དུ་ཞུགས། །སྐུ་བརྒྱུད་སྦྱོར་མཚམས་ནས་ཐོན་ཐུགས་ཀ་ཡི། །ཡབ་ཡུམ་ཞལ་ཞུགས་སྔགས་ཕྲེང་དྲག་ཏུ་འཁོར། །སྦྱོར་མཚམས་ནས་ཐོན་ལྟེ་བའི་ཡབ་ཡུམ་གྱི། །ཞལ་ཞུགས་སྐུ་ལུས་བརྒྱུད་ཅིང་སྦྱོར་མཚམས་ཐོན། །གསང་གནས་ཡབ་ཡུམ་ཞལ་ཞུགས་སྐུ་ལུས་བརྒྱུད། །སྦྱོར་མཚམས་ནས་ཐོན་མདུན་ཚུབསྐྱེད་སྦྱོར་མཚམས་ནས། །ཚུར་བྱོན་རང་གི་སྦྱོར་མཚམས་ནས་ཞུགས་ཏེ། །བདག་བསྐྱེད་གསང་གནས་ཡབ་ཡུམ་སྦྱོར་མཚམས་ཞུགས། །སྐུ་ཡི་དབྱིབས་བརྒྱུད་ཡབ་ཡུམ་ཞལ་ནས་ཐོན། །ལྟེ་བའི་ཡབ་ཡུམ་སྦྱོར་མཚམས་ནས་ཞུགས་ཏེ། །སྐུ་ལུས་བརྒྱུད་དེ་ཡབ་ཡུམ་ཞལ་ནས་ཐོན། །ཐུགས་ཀའི་ཡབ་ཡུམ་སྦྱོར་མཚམས་ནས་ཞུགས་ཏེ། །སྐུ་ལུས་བརྒྱུད་དེ་ཡབ་ཡུམ་ཞལ་ནས་ཐོན། །ཐུགས་ཀའི་ཡབ་ཡུམ་སྦྱོར་མཚམས་ནས་ཞུགས་ཏེ། །ཐུགས་ཀའི་སྔགས་འཁོར་ས་བོན་ལ་ཐིམ་པས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་ཐོབ། །དེ་ལྟར་འོད་


CMR026_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཁ་དོག་ལྔ་ལྡན་པ། །དཔེར་ན་སྟོང་སྐུད་ཆུན་པོའི་བསྐོར་བ་བཞིན། །བདག་མདུན་བར་དུ་ཀྱི་ལི་ལི་འཁོར་བས། །བདག་མདུན་ཡབ་ཡུམ་སྔགས་ཕྲེང་ཉི་ཤུ་པོ། །ཡབ་བཅུ་གཡས་འཁོར་ཡུམ་བཅུ་གཡོན་དུ་འཁོར། །དེ་ཡང་ཇེ་མགྱོགས་དྲག་ཏུ་འཁོར་བ་ཡིས། །མདུན་བསྐྱེད་ཡབ་ཡུམ་བཅུ་ཡི་སྔགས་ཕྲེང་ལས། །འོད་ཟེར་སྣ་ཚོགས་ནམ་མཁའ་ཁྱབ་པར་འཕྲོས། །མཁའ་ཁྱབ་འགྲོ་བ་མ་ལུས་ཐམས་ཅད་ཀྱིས། །དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །མཆོག་གི་ཡོན་ཏན་མ་ལུས་ཐོབ་པར་གྱུར། །སླར་ཡང་འོད་ཟེར་ཕྱོགས་བཅུའི་ཞིང་ཁྱབ་པས། །རིགས་ལྔའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། །སྐུ་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་བཅུད། །འོད་ལྔའི་རྣམ་པར་བསྡུས་ཏེ་མདུན་བསྐྱེད་ཐིམ། །དེ་ཉིད་སྔགས་ཕྲེང་དེ་དང་དབྱེར་མེད་དུ། །ཚུར་བྱོན་རང་ལ་ཐིམ་པས་དངོས་གྲུབ་ཐོབ། །དེ་ལྟར་བསྒོམ་ཞིང་བཟླས་པ་ཉེ་བསྙེན་ཡིན། །དེ་དག་ཆེ་ནི་གཞུང་གི་སྔགས་རིང་བཟླ། །དེ་ནས་འོད་ཟེར་དེ་ཉིད་སྔགས་ཕྲེང་གྱུར། །བདག་མདུན་བར་དུ་སྔར་ལྟར་འཁོར་བ་ལས། །བདག་མདུན་བར་གྱི་སྔགས་ཕྲེང་དེ་ཉིད་ལས། །འོད་ཟེར་སྣ་ཚོགས་ནམ་


CMR026_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ་པར་འཕྲོས། །ཕྱོགས་བཅུ་དུས་གསུམ་བཞུགས་པའི་བླ་མ་དང་། །སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོའི་ཚོགས། །ཐམས་ཅད་འོད་དེས་མཆོད་པས་ཐུགས་མཉེས་ནས། །དེ་དག་རྣམས་ཀྱི་སྐུ་གསུང་ཐུགས་རྣམས་ལས། །ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྐུ་ཆེ་ཕྲ། །ཆེ་བ་རི་རབ་ཙམ་དང་ཆུང་བ་ནི། །ཡུངས་འབྲུའི་ཚད་ཙམ་གསུང་ལས་སྔགས་ཀྱི་ཕྲེང་། །ཨཱཿ་ལི་དམར་པོ་ཀཱ་ལི་དཀར་པོའི་ཕྲེང་། །ཐུགས་ནི་ཕྱག་མཚན་རྡོ་རྗེ་འཁོར་ལོ་དང་། །རིན་ཆེན་པདྨ་རྒྱ་གྲམ་ཧཱིས་མཚན་པ། །ཆེ་ཕྲ་སྣ་ཚོགས་ཁ་བ་བུ་ཡུག་བཞིན། །སིལ་སིལ་ཆིལ་ཆིལ་ལྷུག་ལྷུག་བབས་གྱུར་ཏེ། །མཚོ་ལ་ཆར་བཞིན་བདག་མདུན་རྣམས་ལ་ཐིམ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་དངོས་གྲུབ་ཐོབ་པར་བསྒོམ། །དེ་ནི་སྒྲུབ་པའི་དམིགས་པ་གཙོ་བོ་ཡིན། །དེ་ནས་སྔགས་ཕྲེང་སྔར་ལྟར་འཁོར་བཞིན་ལས། །མདུན་བསྐྱེད་སྤྱི་བོའི་སྔགས་ཕྲེང་དམིགས་པ་གཏད། །དེ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། །སེམས་ཅན་ཀུན་གྱི་གཏི་མུག་སྒྲིབ་པ་སྦྱངས། །ཀུན་ཀྱང་བདེ་གཤེགས་རིགས་ཀྱི་སྤྱན་རིས་གཟིགས། །ཡབ་ཡུམ་སྐུ་མདོག་དཀར་པོ་ཤ་སྟག་


CMR026_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །དེ་བཞིན་མདུན་བསྐྱེད་མགྲིན་པའི་ཡབ་ཡུམ་གྱི། །སྔགས་ཕྲེང་དྲག་འཁོར་འོད་ཟེར་དམར་པོ་འཕྲོས། །འགྲོ་བ་ཀུན་གྱི་འདོད་ཆགས་སྒྲིབ་པ་སྦྱངས། །ཀུན་ཀྱང་པདྨ་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་སྐུ་མདོག་དམར་པོ་ཤ་སྟག་གྱུར། །དེ་བཞིན་མདུན་བསྐྱེད་ཐུགས་ཀའི་ཡབ་ཡུམ་གྱི། །སྔགས་ཕྲེང་དྲག་འཁོར་འོད་ཟེར་མཐིང་ཀ་འཕྲོས། །འགྲོ་བ་ཀུན་གྱི་ཞེ་སྡང་སྒྲིབ་པ་སྦྱངས། །ཐམས་ཅད་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་སྐུ་མདོག་མཐིང་ཀ་ཤ་སྟག་གྱུར། །དེ་ནས་མདུན་བསྐྱེད་ལྟེ་བའི་ཡབ་ཡུམ་གྱི། །སྔགས་ཕྲེང་དྲག་འཁོར་འོད་ཟེར་གསེར་མདོག་འཕྲོས། །འགྲོ་བ་ཀུན་གྱི་ང་རྒྱལ་སྒྲིབ་པ་སྦྱངས། །ཐམས་ཅད་རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་གསེར་མདོག་ཤ་སྟག་སྐུ་རུ་གྱུར། །ཡང་ནི་མདུན་བསྐྱེད་གསང་གནས་ཡབ་ཡུམ་གྱི། །སྔགས་ཕྲེང་དྲག་འཁོར་འོད་ཟེར་ལྗང་གུ་འཕྲོས། །འགྲོ་བ་ཀུན་གྱི་ཕྲག་དོག་སྒྲིབ་པ་སྦྱངས། །ཐམས་ཅད་ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། །ཀུན་ཀྱང་ཡབ་ཡུམ་ལྗང་གུའི་སྐུ་རུ་གྱུར། །དེ་ལྟར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱང་། །སོ་སོའི་དུག་ལྔ་གང་ཆེ་དེ་སྦྱངས་པས། །


CMR026_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་འབྲས་རིགས་ལྔ་སོ་སོའི་སྤྱན་རས་གཟིགས། །དམྱལ་བ་རྡོ་རྗེ་ཡི་དྭགས་པདྨའི་རིགས། །དུད་འགྲོ་བདེ་གཤེགས་ལྷ་མིན་ལས་ཀྱི་རིགས། །ལྷ་མི་རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས། །དེ་ལྟར་རིགས་དྲུག་འཁོར་བ་དོང་སྤྲུགས་ནས། །ཀུན་ཀྱང་རང་གི་རམ་བུ་བཀྱག་པའི་ཚུལ། །སྔགས་སྒྲ་འུར་ཆོམ་འབྲུག་སྟོང་དུས་གཅིག་བཞིན། །ནམ་མཁའི་མཐར་ཐུག་སྔགས་ཀྱི་སྒྲས་ཁྱབ་པས། །འགྲོ་བ་རིགས་དྲུག་ལུས་ཀྱང་མ་བླངས་པའི། །ནམ་མཁའ་གང་བའི་རྣམ་ཤེས་འཁྱམ་པོའི་ཚོགས། །དེ་དག་ཀུན་གྱི་སྒྲིབ་གཉིས་བག་ཆགས་དག །ཀུན་ཀྱང་འཕགས་པའི་གོ་འཕང་ཐོབ་པར་བསྒོམ། །དེ་ནི་སྒྲུབ་པ་ཆེན་པོའི་དམིགས་པ་ཡིན། །སྔགས་རིང་ཧ་རི་ནི་སའི་མཇུག་དེ་རུ། །རི་ནི་ཧ་ས། ནི་རི་ཧ་ས། ས་ནི་རི་ཧ། །ཧཱུྃ་ཕཊ་སྭཱ་ཧཱ། སྦྱར་བཟླས་རྟགས་མྱུར་ཟབ། དམིགས་པ་དེ་རྣམས་ཐུན་རེ་རྫོགས་པར་བྱ། །ཐུན་མགོར་བདག་མདུན་ཚོར་རེ་འདོན་པ་དང་། །ཐུན་མཇུག་གཏོར་བསྔོས་ཐུན་བསྡུ་བསྔོ་སྨོན་བྱ། །དེ་ལྟར་ཞག་པོ་དྲུག་ལས་མི་ཉུང་བསྒྲུབ། །ཞག་བདུན་ཉིན་པར་སྔ་དྲོའི་ཐུན་ལ་ནི། །གོང་ལྟར་བདག་མདུན་སྔགས་ཕྲེང་འཁོར་བ་ཡི། །མདུན་བསྐྱེད་སྤྱི་བོའི་སྔགས་


CMR026_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དྲག་འཁོར་བས། །ཐུགས་རྒྱུད་བསྐུལ་ནས་སྤྱི་བོའི་གཙོ་འཁོར་ནི། །ཀུན་ལས་འོད་ཟེར་དཀར་པོ་ཟླ་བའི་མདོག །ཤི་སོས་བདུད་རྩི་ལྟ་བུ་ཕྱོགས་བཅུར་འཕྲོས། །འགྲོ་བའི་སྒྲིབ་གཉིས་མུན་ལ་ཟླ་ལྟར་གསལ། །འོད་ཟེར་བདག་དང་བསྲུང་བྱ་ལ་ཐིམ་པས། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསྒོམ། །སྔགས་རིང་ཧ་རི་ནི་སའི་མཇུག་དེ་རུ། །ནད་གདོན་སརྦ་པཱ་པཾ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། །རང་ལ་གདོན་དང་ནད་ཀྱིས་གནོད་གྱུར་ན། །སརྦ་ཛཱ་ར་ནི་ཏྲ་ཧཱུྃ་ཕཊ་སྭ་ཧཱ་སྦྱར། ཅི་ནུས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །སླར་ཡང་བདག་མདུན་བཏང་རྗེས་དམིགས་པ་ནི། །བདག་མདུན་བར་དུ་སྔགས་ཕྲེང་འཁོར་བ་དེས། །མདུན་བསྐྱེད་ལྟེ་བའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །འོད་ཟེར་གསེར་མདོག་ནམ་མཁའ་ཁྱབ་པར་འཕྲོས། །འགྲོ་བའི་བསོད་ནམས་ཡེ་ཤེས་ཡོན་ཏན་ཚོགས། །པདྨར་ཉི་ཟེར་ཕོག་ལྟར་རྒྱས་པར་བྱས། །འོད་ཟེར་ཚུར་འདུས་བདག་དང་བསྲུང་བྱར་ཐིམ། །ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཚོགས། །པདྨ་ཆུ་ཡིས་བྲན་ལྟར་བཀྲག་མདངས་རྒྱས། །སྔགས་རིང་བེ་རོ་ཙ་ནི་ཡེ་ཡི་མཇུག །རི་ནི་ཧ་ས་མ་མ་ཨཱཿ་ཡུ༔པུཎེ་


CMR026_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཛྙཱ་ན་པུཎྚི་ཀུ་རུ་སྭཱ་ཧཱ། ཅི་ནུས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །ཕྱེད་ཡོལ་ནས་བཟུང་བདག་མདུན་ཚར་གཅིག་རྗེས། །བདག་མདུན་བར་དུ་སྔགས་ཕྲེང་སྔར་ལྟར་འཁོར། །མདུན་བསྐྱེད་ཐུགས་ཀའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །སྔགས་ཕྲེང་དྲག་འཁོར་འོད་ཟེར་བེཟླུའི་མདོག །ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་འཕྲོས་པ་ཡིས། །རྒྱལ་བ་སྲས་བཅས་དཔའ་བོ་མཁའ་འགྲོ་ཡི། །མཆོག་གི་དངོས་གྲུབ་ཉམས་རྟོགས་ཡོན་ཏན་ཀུན། །འོད་ཟེར་མཐིང་གར་བསྡུས་ཏེ་བདག་ཉིད་ཀྱི། །སྙིང་གར་ཐིམ་པས་ཉམས་རྟོགས་མཆོག་ཐོབ་བསྒོམ། །སྔགས་རིང་ཧ་རི་ནི་སའི་མཇུག་དེ་རུ། །ཨཱཿ་ཝེ་ཤ་ཡ་ཨཱཿ་ཝེ་ཤ་ཡ་ཨཱཿཨཱཿ །ཞེས་པ་བཏགས་ལ་ཅི་ལྕོགས་བཟླས་པ་བྱ། །གཏོར་བསྔོས་ཐུན་བསྡུ་བྱས་རྗེས་བདག་མདུན་འདོན། །བདག་མདུན་བར་གྱི་སྔགས་ཕྲེང་སྔར་ལྟར་འཁོར། །དགོང་ཀ་ནས་བཟུང་མུན་རུབ་བར་དུ་སྟེ། །མདུན་བསྐྱེད་མགྲིན་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །སྐུ་ལས་འོད་ཟེར་ཉི་མ་འཆར་ཁའི་མདོག །ཕྱོགས་བཅུར་འཕྲོས་པས་འོད་དེས་རེག་ཙམ་གྱིས། །འགྲོ་ཀུན་སོ་སོའི་རླུང་སེམས་རང་དབང་ཐོབ། །འོད་ཟེར་ཚུར་འདུས་པདྨ་རཱ་གའི་མདོག །རང་


CMR026_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་པས་སྣང་སྲིད་འཁོར་འདས་ཀུན། །དབང་སྡུད་ཟིལ་གནོན་དངོས་གྲུབ་ཐོབ་པར་བསྒོམ། །སྔགས་རིང་བེ་རོ་ཙ་ནི་ཡེ་ཡི་མཇུག །ནི་རི་ས་ཧ་བ་སུ་ན་ན་ཁ་དྷེ་སརྦ་སིདྡྷི་པ་ཤོ་ཀུ་རུ་ཡེ་སྭཱ་ཧཱ། ཅི་ནུས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །ཐུན་མཚམས་རྣམས་སུ་ཆག་མེད་རིགས་རྣམས་བྱ། །མུན་རུབ་བདག་མདུན་ཚར་གཅིག་བཏང་བའི་རྗེས། །བདག་མདུན་བར་དུ་སྔགས་ཕྲེང་སྔར་ལྟར་འཁོར། །སྔགས་ཕྲེང་དྲག་འཁོར་གསང་གནས་ལྷ་ཚོགས་ཀྱི། །སྐུ་ལས་འོད་ཟེར་ལྗང་ནག་ཕྱོགས་བཅུར་འཕྲོས། །འོད་ཀྱི་ཟེར་མ་མཚོན་ཆའི་དབྱིབས་འདྲ་བས། །ཚ་ཞིང་རྩུབ་པའི་རེག་བྱ་དང་ལྡན་པ། །འགྲོ་བ་ཀུན་གྱི་བདུད་དང་ཐར་པའི་གེགས། །བ་མོར་ཉི་ཟེར་ཕོག་བཞིན་ཚར་བཅད་དེ། །འོད་ཟེར་ཚུར་འདུས་བདེ་བའི་རེག་བྱ་བཅས། །བདག་དང་བསྲུང་བྱ་རྣམས་ལ་ཐིམ་པ་ཡིས། །ནད་གདོན་བར་ཆད་ཐམས་ཅད་ཚར་བཅད་བསམ། །སྔགས་རིང་བེ་རོ་ཙ་ནི་ཡེ་ཡི་མཇུག །ས་ནི་རི་ཧ་གནོད་བྱེད་སརྦ་ཤ་ཏུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅི་ནུས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་ཉལ། །ཕྱིར་ནངས་བདག་མདུན་ཚར་གཅིག་བདག་འཇུག་བླངས། །དགའ་སྟོན་ཚོགས་


CMR026_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྗེས་ཆོག་གཞུང་ལྟར་རོ། །དེ་ལྟར་ཞག་བདུན་གསང་སྒྲུབ་ཚང་བ་ཡིན། །གལ་ཏེ་གསང་སྒྲུབ་ཟླ་གཅིག་བྱེད་འདོད་ན། །བདུན་གསུམ་སྒྲུབ་པ་བདུན་གཅིག་ལས་སྦྱོར་དང་། །ཞག་གཅིག་དུས་བཞིར་ལས་བཞིའི་སྦྱིན་བསྲེག་བྱ། །དེ་རྗེས་ཞག་གཅིག་བདག་འཇུག་རྗེས་ཆོག་ཡིན། །གལ་ཏེ་གསང་སྒྲུབ་དྲིལ་སྒྲུབ་སྦྲེལ་འདོད་ན། །བདག་འཇུག་མི་བྱ་མཆོད་པ་ཁ་གསོས་ལ། །དེ་ནས་དྲིལ་སྒྲུབ་གཞུང་ལྟར་བྱས་པས་འཐུས། །ལྷ་དགུའི་མན་ངག་པཀཱིའི་སྙན་བརྒྱུད་ནི། །གཉན་རས་སང་གྷ་ལཀྵས་གསུངས་པ་བཞིན། །རང་བྱུང་རྡོ་རྗེས་ཡི་གེར་བཀོད་པ་ལས། །འདི་ནི་ཤིན་ཏུ་གསང་ཞིང་སྦས་གསུངས་ལྟར། །གསང་སྒྲུབ་ཡང་གསང་སྒྲུབ་པའི་རྩ་བ་ཡིན། །བསྐྱེད་རྫོགས་གཉིས་ཀའི་དོན་ཡང་འདིར་འདུས་ཏེ། །འདི་བ་ནི་བསྐྱེད་རིམ་གཙོ་བོ་བྱས་པ་ཡིན། །གཞན་ཡང་རང་བྱུང་རྒྱལ་བས་མཛད་པ་ཡི། །ལྷ་དགུ་ཚིགས་བཅད་མ་ཡི་གཞུང་ལས་ཀྱང་། །མདུན་དུའང་དེ་ལྟར་ལེགས་བསྐྱེད་ནས། །ལྟར་རང་རང་ཐུགས་ཀར་ནི། །པདྨའི་སྟེང་དུ་ཡི་གེ་ཧཱུཾ། སྙིང་པོར་བཅས་པ་འགོད་པར་བྱ། །ཨོཾ་ཨཱཿཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་ཝཱ་རཱ་ཧི། སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་


CMR026_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། ཧ་རི་ནི་ས། གསང་སྔགས་འོད་ཟེར་སྤྲོ་བསྡུ་ཡིས། །ཡེ་ཤེས་སྤྱན་འདྲེན་ལེགས་པར་མཆོད། །དབང་བསྐུར་རྒྱས་གདབ་དབུ་ཡང་བརྒྱན། །མཁའ་ཁྱབ་འགྲོ་བ་མ་ལུས་ཀུན། །མཆོག་གི་ཡོན་ཏན་ཐོབ་པར་བསམ། །འདི་ལ་སྤྲོ་བསྡུས་བཟླས་པའམ། །རྡོ་རྗེའི་བཟླས་པ་གང་རུང་གིས། །མདུན་བསྐྱེད་དེ་ལ་ལེགས་བསྟིམས་ནས། །ཞེས་གསུངས། དེ་བཞིན་ཞལ་གདམས་ཡི་གེ་ལས། །རྩ་གསུམ་འཁོར་ལོ་ལྔ་གསལ་གདབ། །ཅེས་སོགས་རྒྱ་ཆེར་གསུངས་པའི་དོན་ཡིན་སྤྱི་ནོ། །འདི་ནི་ལུང་འདྲེན་སྤངས་ཏེ་གོ་བདེ་བར། །ཐབས་མཁས་མཐར་ཕྱིན་གཉིས་ཀྱིས་བསྐུལ་བའི་ཕྱིར། །སྤྲུལ་སྐུ་གཤེགས་པའི་དགོངས་རྫོགས་ལ་དམིགས་ཏེ། །ལུག་ལོ་ས་ག་ཟླ་བའི་ཚེས་དགུ་ཡི། །སྔ་དྲོའི་ཆ་ལ་རཱ་ག་ཨ་སྱ་ཡིས། །ཇི་ལྟར་སྨྲས་བཞིན་མཐར་ཕྱིན་ཞེས་བྱས་བྲིས། །འདི་ལ་འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །ལྷ་དགུའི་ལྷ་ཚོགས་སྲུང་མར་བཅས་ལ་བཤགས། །འདི་བྲིས་རབ་དཀར་དགེ་བ་གང་མཆིས་དེས། །སྤྲུལ་སྐུ་ཆེན་པོའི་དགོངས་པ་རྫོགས་པ་དང་། །འདི་ཉིད་མཐོང་ཐོས་འབྲེལ་ཐོགས་འགྲོ་བ་ཀུན། །ཚེ་


CMR026_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཐུགས་རྗེ་ཆེན་པོའི་སྐུ་འགྲུབ་ཤོག །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་བའི་ལམ་ཆེན་ལས། ལྷ་དགུའི་གསང་སྒྲུབ་ཀྱི་ཟིན་བྲིས།next