Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་སྒྲུབ་པའི་རྗེས་ཆོག་གི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་སྒྲུབ་པའི་རྗེས་ཆོག་གི་ཟིན་བྲིས།next

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་སྒྲུབ་པའི་རྗེས་ཆོག་གི་ཟིན་བྲིས།


CMR026_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་སྒྲུབ་པའི་རྗེས་ཆོག་གི་ཟིན་བྲིས་བཞུགས་སོ།།


CMR026_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། ཐུགས་རྗེ་ཆེན་པོར་ཕྱག་འཚལ་བཀའ་གནང་སྩོལ། །ལྷ་དགུའི་ནང་སྒྲུབ་གསང་སྒྲུབ་དྲིལ་སྒྲུབ་ཚེ། །དཀྱིལ་འཁོར་བུམ་པ་བྷན་དབྱེར་མེད་པ། །མདུན་བསྐྱེད་གཞལ་ཡས་ཁང་གཅིག་བསྒོམ་པ་ཡིན། །བུམ་ཆུ་བདུད་རྩི་མདུན་བསྐྱེད་ལྷ་དབྱེར་མེད། །སྒྲུབ་པའི་ཞག་གྲངས་ཐེམ་པའི་ཕྱིར་ནངས་ལ། །བདག་མདུན་བུམ་གསུམ་ཚར་གཅིག་འདོན་པའི་ཚེ། །གཞུང་ལྟར་བུམ་བསྐྱེད་མདུན་བསྐྱེད་སོ་སོར་བསམ། །གཙོ་བོའི་མདུན་དུ་རྣམ་རྒྱལ་བུམ་པའི་ནང་། །ལྷ་དགུ་བསྒོམ་ཚུལ་བུམ་བསྐྱེད་གཞུང་ལྟར་ཡིན། །མདུན་བསྐྱེད་སྦྱོར་མཚམས་བྱང་


CMR026_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཀར་དམར་རྒྱུན། །འོད་ཟེར་ཚུལ་དུ་བྷནྡྷའི་བདུད་རྩིར་བསྟིམ། །བུམ་བསྐྱེད་ལ་དམིགས་བསྙེན་པ་ཅི་འགྲུབ་བྱ། །དེ་ནས་དངོས་གྲུབ་ལེན་ཆོག་ཚུལ་དུ་ནི། །བདག་འཇུག་རྒྱས་པར་རང་གིས་བླང་བར་བྱ། །སྐབས་འདིར་གལ་ཆེན་གཞན་ལ་བསྐུར་ན་ནི། །སྒྲུབ་དབང་ཡིན་ཕྱིར་བྱིན་རླབས་དཔག་ཏུ་མེད། །གལ་ཏེ་བདག་འཇུག་ལེན་པར་མི་ཤེས་སམ། །ཤེས་ཀྱང་ལེན་ལོང་མེད་པར་གྲོལ་དགོས་ན། །མདུན་བསྐྱེད་ལྷ་ཚོགས་ཀུན་གྱི་དཔྲལ་བ་དང་། །མགྲིན་པ་ཐུགས་ཀ་ལྟེ་བ་བཞི་པོ་ནས། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ཧྲིལྗང་གུ། །ཐིག་ལེ་འོད་


CMR026_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་དཔག་མེད་བྱོན། །རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དགའ་བ་བཞི་སྐྱེས་སྐུ་བཞིའི་ས་བོན་བཞག །དབང་བཞི་ཡོངས་སུ་རྫོགས་པ་ཐོབ་བསྒོམ་ཞིང་། །སྔགས་རིང་ཧ་རི་ནི་སའི་མཇུག་དེ་རུ། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧཱུྃ༔ ཞེས་བཏགས་བརྒྱ་ལས་མི་ཉུང་ཙམ་ཞིག་བཟླས། །བུམ་པ་རྡོ་རྗེ་དབུ་རྒྱན་གླེགས་བམ་དང་། །དྲིལ་བུ་རྣམས་ནི་རང་གི་གནས་བཞིར་གཏུགས། །བུམ་ཆུ་ཅུང་ཟད་བཏུང་ཞིང་སྤྱི་བོར་བླུག །ཐོད་པ་གནས་བཞིར་གཏུགས་ཤིང་བདུད་རྩི་བཏུང་། །མེ་ལོང་སྙིང་གར་གཏུགས་ཤིང་སིནྡྷུ་རས། །སྤྱི་མགྲིན་སྙིང་ག་གསུམ་དུ་ཐིག་ལེ་བྱ། །སྐབས་འདིར་སྦྱིན་སྲེག་གྲུབ་ན་ལེགས་པ་སྟེ། །འཇིག་རྟེན་མེ་ལྷ་འོད་ཞུ་མེ་དཔུང་གྱུར། །དེ་ནང་གཞལ་ཡས་ཁང་ཞིག་སྒོམ་པའི་ནང་། །དཀྱིལ་འཁོར་དབུས་ནས་ཚོམ་བུ་མེ་ནང་བཏབ། །བཛྲ་ས་མཱ་ཛཞེས་བརྗོད་བྱས་པས། །མདུན་བསྐྱེད་ལྷ་རྣམས་སྤྱན་དྲངས་བཞུགས་བསམ་ལ། །བསྲེག་རྫས་ཕུལ་བས་ཆོག་པར་བཤད་པ་ཡིན། །སྦྱིན་སྲེག་ཚར་ནས་ལྷ་རྣམས་དཀྱིལ་འཁོར་བཞུགས། །འཇིག་རྟེན་མེ་ལྷ་གཤེགས་གསོལ་སྤྱི་དང་མཚུངས། །དེ་ནས་


CMR026_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་ཚོགས་ཀྱི་འཁོར་ལོ་དང་། །རྗེས་ཆོག་རྣམས་ནི་གཞུང་དུ་གསལ་ལྟར་ལས། །མདུན་བསྐྱེད་རྟེན་ལ་བསྟིམ་མམ་གཤེགས་གསོལ་བྱ། །བདག་བསྐྱེད་ནམ་ཡང་མི་གཤེགས་ཐུན་བསྡུའོ། །དེ་ལྟརབསྒྲུབས་པ་བྱས་པའི་དགེ་རྩ་དང་། བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་སོགས། །མ་ཡེངས་རྩེ་གཅིག་སྨོན་ལམ་གང་བཏབ་པ། །ཐེ་ཚོམ་མེད་པར་འགྲུབ་པར་བཤད་པ་ཡིན། །སྦྱིན་སྲེག་རྗེས་ནས་བྱས་ཀྱང་ཆོག་པ་སྟེ། །དེ་ལྟར་བྱེད་ན་བྱེད་ཚུལ་སྤྱི་དང་མཚུངས། །རྡུལ་ཚོན་རྒྱས་པར་གཞུང་ལྟར་ཡོད་ན་ནི། །ཆུ་ལ་སྐྱེལ་སོགས་གཞུང་དུ་གསལ་ལྟར་བྱ། །རྡུལ་ཚོན་བསྡུས་པའམ་ཚོམ་བུ་ཡིན་ན་ནི། །མཐའ་ནས་དབུས་བསྡུས་ཅུང་ཟད་སྤྱི་བོར་བླུག །དེ་འཕྲོ་བྱིན་རླབས་རྟེན་དུ་སྦྱིན་པའང་རུང་། །བུམ་བ་ཆུ་བདུད་རྩི་ལྷག་མ་གང་འདུག་པ། །ནང་འཁོར་རྣམས་ལ་ཅུང་ཟད་སྦྱིན་པ་དང་། །དེ་འཕྲོ་རྟེན་འདུས་རིལ་བུའི་རུ་རྩི་བྱ། །རག་ཚད་སྐྱེ་བ་བདུན་གྱི་འོག་རོལ་དུ། །པདྨ་ཅན་གྱི་ཞིང་དུ་སྐྱེ་འགྱུར་ཞེས། །ཨོ་རྒྱན་གྱིས་མཛད་ལྷ་དགུའི་གཞུང་ནས་གསུངས། །ཐུགས་རྗེ་ཆེན་པོ་འགྲོ་དོན་ལྷ་ཡིན་ཕྱིར། །དངོས་གྲུབ་ཉམས་དོགས་སེར་སྣ་མི་བྱའོ། །དེ་ནས་གསང་


CMR026_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གསང་བའི་རྟེན་འབྲེལ་དུ། །དཀྱིལ་འཁོར་སོགས་བསྡུ་རྗེས་མི་མངོན་པར་བྱ། །སྒྲུབ་པ་ཡུན་རིང་བྱས་པ་ཡིན་ན་ནི། །ཞག་གསུམ་ཐག་རིང་མི་འགྲོ་གནས་བསྲུང་བྱ། །ཚེ་ཉམས་ལེན་སྟོང་ཉིད་གཙོ་ཆེར་བསྒོམ། །དེ་ལྟར་ལྷ་དགུ་སྒྲུབ་པའི་རྗེས་ཆོག་ཚུལ། །ཕྱི་སྒྲུབ་ཡང་གསང་སྒྲུབ་པ་ལུས་དཀྱིལ་ལ། །སྒྲུབ་པ་ཡུན་རིང་རྒྱུན་ཁྱེར་ཡིན་ཀྱང་རུང་། །སྤྲོ་ན་རྗེས་ཆོག་བྱས་ཚུལ་གོང་དང་མཚུངས། །རྗེས་ཆོག་མ་བྱས་ན་ཡང་ཉེས་སྐྱོན་མེད། །ལྷ་དགུའི་སྒྲུབ་སྐོར་ཟིན་བྲིས་ཆ་ཚང་ཕྱིར། །ཐབས་མཁས་མཐར་ཕྱིན་གཉིས་ཀྱིས་བསྐུལ་བ་དང་། །དྲིན་ཆེན་རིག་འཛིན་མཆོག་གི་དགོངས་རྫོགས་ཕྱིར། །མེ་ལུག་ས་ག་ཟླ་བའི་བཅུ་གཅིག་གི་།དགོང་མོའི་ཐུན་ལ་རཱ་ག་ཨ་སྱས་གདམས། །སློབ་བུ་མཐར་ཕྱིན་ཞེས་བྱ་ཡི་གེ་པ། །འདི་བྲིས་ཉེས་འགལ་ལྷ་དང་སྲུང་མར་བཤགས། །འདི་བྲིས་དགེ་བས་རིག་འཛིན་ཆེན་པོ་ཡི། །ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་རྫོགས་ཤིང་། །འདི་ལ་འབྲེལ་པ་ཐོགས་ཚད་འགྲོ་བ་ཀུན། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །མེ་ཏོག་པདྨའི་སྟེང་དུ་བརྫུས་སྐྱེས་ནས། །སྤྱན་རས་གཟིགས་དང་ནམ་ཡང་འབྲལ་མེད་ཤོག །སརྦ་མངྒ་ལཾ།། །།


previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་སྒྲུབ་པའི་རྗེས་ཆོག་གི་ཟིན་བྲིས།next