Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
རྒྱལ་བ་རྒྱ་མཚོའི་བསྐྱེད་རིམ་སྒྱུ་མ་ལྷ་སྐུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousརྒྱལ་བ་རྒྱ་མཚོའི་བསྐྱེད་རིམ་སྒྱུ་མ་ལྷ་སྐུ།next

རྒྱལ་བ་རྒྱ་མཚོའི་བསྐྱེད་རིམ་སྒྱུ་མ་ལྷ་སྐུ།


CMR026_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོའི་བསྐྱེད་རིམ་སྒྱུ་མ་ལྷ་སྐུ་བཞུགས་སོ། །


CMR026_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། ཐུགས་རྗེ་ཅན་ལ་ཕྱག་འཚལ་ནས། །དེ་ཉིད་རྒྱལ་བ་རྒྱ་མཚོ་ཡི། །བསྐྱེད་རིམ་སྒྱུ་མ་ལྷ་སྐུ་ཡི། །མན་ངག་ཅུང་ཟད་བཀོད་པ་ལ། །ལྷ་དང་ཌཱཀིས་བཀའ་གནང་སྩོལ། །དེ་ཡང་རྒྱུད་ཆེན་པོ་པདྨ་ཟབ་པ་ལས། སྤྱན་རས་གཟིགས་ཐམས་ཅད་ཐལ་མོ་སྦྱར་བའོ། །གཡས་ཕྲེང་བ་གཡོན་པདྨའོ། །ཞེས་དང་། པདྨ་རྒྱལ་པོའི་རྒྱུད་ལས། སྣང་བ་རང་བཞིན་མེད་པར་མཐོང་། །སྒྱུ་མ་ལྷ་རུ་བསྡུས་པ་ཡིན། །ཞེས་པའི་དོན་ནོ། །རྡོ་རྗེའི་གུར་ལས། སངས་རྒྱས་མཐོང་དང་རྣམ་བྲལ་བ། །མེ་ལོང་གཟུགས་བརྙན་ཇི་བཞིན་དུ། །དེ་ཡིས་


CMR026_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་སྣང་བར་བྱས། །ཞེས་དང་། རིམ་ལྔ་ལས། མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྒྱུ་མའི་ལུས་ནི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བ་ཡི། །ཞེས་དང་། བདག་བྱིན་གྱིས་བརླབ་པ་ལས། ཡན་ལག་ཀུན་དང་ལྡན་པ་ཡི། །མེ་ལོང་ནང་གི་གཟུགས་བརྙན་ནི། །ཇི་ལྟར་གསལ་བར་བཞུགས་པ་གཟུགས་ནི་རབ་ཏུ་སྣང་། །དཔེ་བྱད་བཟང་པོ་བརྒྱད་ཅུའི་མཚན་རྣམས་རབ་ཏུ་རྫོགས། །ཞེས་དང་། བདག་བྱིན་གྱིས་བརླབ་པ་ནི། སྒྱུ་མའི་དཔེ་ནི་བཅུ་གཉིས་སོ། །རྒྱས་པར་བཅུ་གཉིས་མཚན་ཉིད་གཅིག །དེ་ལ་ཁྱད་


CMR026_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ་ངོས་གང་། །ལྷ་དང་དམིགས་པའི་རྒྱུ་མཚན་གང་། །སྒྱུ་མ་གསུམ་ནི་ཡན་ལག་བསྟན། །འབད་པ་དེ་ནི་བསྒྲག་པར་བྱ། །མེ་ལོང་གི་བརྙན་ཟླ་བརྙན་དང་། །དེ་ལས་གཞན་ཡང་དབང་པོའི་གཞུ། །གསུམ་པ་ཆུ་ཡི་ཟླ་བ་སྟེ། །དེ་དག་ལྟར་ནི་སྐུ་རྡོ་རྗེ། །མདོ་རྒྱུད་དག་ཏུ་གང་བསྟན་པ། །སངས་རྒྱས་ལྔ་ཡི་རིགས་ཆེན་པོ། །དེ་བཞིན་རིགས་ལྔ་ལས་བྱུང་བས། །ལྷ་དང་ལྷ་མོ་སོ་སོར་མཉེས། །ཕོ་ཉ་ཕོ་མོ་དེ་བཞིན་ཁྲོ། །བྲན་ཕོ་བྲན་མོ་ཅི་བགྱིས་དག །དེ་མེད་ཡང་ཡོད་མ་ཡིན་ནོ། །སེམས་ཅན་དོན་དུ་རབ་ཏུ་བསྟན། །འདི་དག་རྣལ་འབྱོར་པས་སྤྲོ་ཞིང་། །བདག་ཉིད་ཀྱིས་ནི་བསྡུ་བར་བྱ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །དཀྱིལ་འཁོར་དག་ཀྱང་རྒྱས་པར་བྱ། །ཞེས་དང་། སྤྱོད་འཇུག་ལས་འཇའ་ཚོན་ལྟ་བུར་སྐུ་དག་ནི། །དེ་ཉིད་བསྒོམས་པས་མཐོང་བར་འགྱུར། །མཁའ་འགྲོ་རྒྱ་མཚོ་ལས། ལྷ་ཡི་རྣམ་པའི་རྣལ་འབྱོར་བདག །སྐད་ཅིག་མངོན་སུམ་བྱེད་པ་པོ། །ཞེས་གསུངས་ཤིང་། སྒྱུ་མ་ལམ་རིམ་ལས། བསྟན་དང་གཡོ་བ་ཇི་སྙེད་པ། །སྒོ་ལྔའི་ཡུལ་དུ་གང་སྣང་ཀུན། །ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ། །ལྷ་སྐུ་མཐའ་བྲལ་སྒྱུ་མ་


CMR026_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཞེས་གསུངས་པའི་དོན་ནི། མེ་ལོང་གསལ་པོ་གཅིག་ལ་རྒྱལ་བ་རྒྱ་མཚོའི་རས་བྲིས་བཀོད་པ་ལེགས་པོ་འཆར་བཅུག་ལ། དེ་ལ་དཔེ་བྱས་རང་ལུས་ལྷ་ཡི་སྐུ་དེ་ལྟར་བསྒོམ། ཕྱི་རོལ་གྱི་རི་རབ་ཁང་ཁྱིམ་རྣམས་གཞལ་མེད་ཁང་སེམས་ཅན་ཐམས་ཅད་རྒྱལ་བ་རྒྱ་མཚོའི་སྐུར་བསྒོམ། འབྱུང་བཞིའི་སྒྲ་དང་སྐྱེ་འགྲོའི་སྐད་ཐམས་ཅད་བྲག་ཆ་ལྟ་བུ་ཡི་གེ་བཅུའམ་དྲུག་པ་བསྒོམ། ཡིད་ཀྱི་བདེ་སྡུག་ཐམས་ཅད་རོ་སྙོམས་ནས་རང་གྲོལ་བློ་འདས་སུ་བཞག་གོ །དེ་ལྟར་ཉམས་སུ་བླངས་པ་ལ་ས་ལམ་གྱི་ཡོན་ཏན་ཐམས་ཅད་རིམ་པར་འཆར་ཏེ། སྒྱུ་མ་ལམ་རིམ་ལས། བྱང་ཆུབ་ཕྱོགས་ཆོས་ཐམས་ཅད་དང་། །ལྷ་སྐུ་སྒྱུ་མ་དབྱེར་མེད་པས། །མཁས་པས་ཉམས་སུ་བླང་བར་བྱ། །ཞེས་དང་། དེ་ཉིད་བྱང་ཆུབ་ཕྱོགས་ཆོས་དང་སྦྱར་བའི་བཤད་པ་རྒྱ་ཆེར་གསུངས་པ་དང་། རྒྱུད་ལས། ཚུལ་ཁྲིམས་ཐམས་ཅད་དམ་ཚིག་སྟེ། །ལམ་ལྔ་སྨིན་པའི་དབང་ལ་ཚང་། །ས་བཅུ་ལྷ་ཡི་སྐུ་བྷཻཾ་པས། །ཞེས་ས་བཅུ་དང་སྦྱར་བའི་བཤད་པ་རྒྱ་ཆེར་གསུངས་པ་ཡིན་ནོ། །དེས་སྒྱུ་མ་ལྷ་སྐུ་སོང་ནས། པདྨ་རྒྱལ་པོའི་རྒྱུད་ལས། སྣང་ལ་རང་བཞིན་མེད་པར་མཐོང་། །སྒྱུ་མ་ལྟ་བུར་


CMR026_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ཡིན། །ཞེས་པས་བསྐྱེད་རིམ་ལྷའི་སྣང་བ་ཉིད་བསྡུས་ནས། ཐུན་མཚམས་སྒྱུ་མའི་སྐྱེས་བུ་བྱ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། སྒྱུ་མ་མཁན་པོའི་སྐུ་སྤྲུལ་ནས། །སྒྱུ་མ་ལེགས་པར་འཚལ་བ་ན། །དེ་ལ་རྨོངས་པར་འགྱུར་མ་ལགས། །ཁྱེད་ཀྱིས་འགྲོ་ཀུན་དེ་ཉིད་གཟིགས། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཁམས་གསུམ་པ་ནི་མ་ལུས་པའི། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །ཞེས་དང་། མེ་ལོང་ནང་གི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མའི་དྲི་ཟའི་གྲོང་། །མིག་འཕྲུལ་མཚུངས་པར་གང་གིས་མཐོང་། །རྡོ་རྗེ་ཐེག་པ་འདི་ལས་ནི། །དེ་ནི་གཙོ་བོ་ཡིན་པར་བརྗོད། །ཅེས་དང་། སཾ་བྷུ་ཏྲི་ལས། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྒྱུ་མ་སྨིག་རྒྱུ་ལྟ་བུ་དང་། །འཕྲོག་མ་ཟླ་བའི་གྲངས་མཚུངས་པ། །རྨི་ལམ་བརྩེ་བ་ལྟ་བུར་བལྟ། །རིམ་ལྔ་ལས། དཀྱིལ་འཁོར་ལ་སོགས་རྣལ་ལྡོག་དང་། །སྦྱིན་སྲེག་གཏོར་མ་ལ་སོགས་ཀུན། །རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་མངོན་སྤྱོད་དང་། །དགུང་སོགས་གང་ཅི་ཡང་རུང་ཀུན། །དོང་པོ་གཞུང་དང་མཚུངས་པར་བྱ། །


CMR026_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞེས་སོགས་དང་། རྡོ་རྗེ་ཐེག་པ་འདི་ཉིད་དུ། །འདི་ནི་མང་དུ་བཤད་མི་དགོས། །རྣལ་འབྱོར་པ་ནི་གང་ཡང་དམིགས། །དེ་ནི་སྒྱུ་མ་བཞིན་དུ་རྟོགས། །ཞེས་དང་། བྱང་ཆུབ་སེམས་དཔའ་འདྲེས་པས། མ་རིག་ནས་བཙལ་རྒ་ཤིའི་བར། །མཐར་ཡང་ཡན་ལག་བཅུ་གཉིས་བགྱི། །བསྟན་གནས་འབྱུང་བར་བྱ་བ་ཡིན། །ཁོ་བོ་རྨི་ལམ་སྒྱུ་འདྲར་བརྗོད། །ཅེས་གསུངས་པའི་དོན། སྤྱི་བོར་བླ་མ་སྒྱུ་ལུས་ཀྱི་རང་བཞིན་ཅན་ལ་མཆོད་དོ་གསོལ་བ་བཏབ་ནས་རང་ལ་བསྟིམ། ཐུན་མཚམས་སུ་ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ་རྨི་ལམ་དང་སྒྱུ་མའི་སྤྲུལ་པ། འཚོགས་པ་ལས་བྱུང་བ་པེ་ཝཾ། རེ་རེ་བཞིན་མི་རྟག་པ་རྩྭ་རྩེའི་ཟིལ་པ། སྐད་ཅིག་ལ་སྐྱེ་ཞིང་འཇིགས་པ་ཆུའི་ལྦུ་བ། མེད་བཞིན་དུ་སྣང་བ་མེ་ལོང་ནང་གི་གཟུགས་བརྙན། འཁྲུལ་པའི་བློ་ལས་བདེན་པར་ཞེན་པ་རྨི་ལམ། འབྲེལ་པ་མེད་པ་ཆུ་ཟླ་ལྟར་བྷཻཾ། མདོར་ན་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་བྱུང་བ་སྒྱུ་མ། གཡོ་བ་དང་བཅས་པ་སྨིག་རྒྱུ། གནས་དང་ལོངས་སྤྱོད་མེད་བཞིན་སྣང་བ་དྲི་ཟའི་གྲོང་ཁྱེར། སྣང་ལ་རང་བཞིན་མེད་པ་འཇའ་ཚོན། གསལ་ལ་རྫོགས་པ་མེ་


CMR026_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་གི་གཟུགས་བརྙན། ཀུན་ལ་ཁྱབ་པ་ཆུ་ཟླ། རང་ཡིན་ཡང་གཞན་དུ་སྣང་བ་བྲག་ཆ། སེམས་དང་བཅས་པའི་རྨི་ལམ། མི་རྟག་འགྱུར་བས་གློག །མེད་བཞིན་སྣང་བས་མིག་ཡོར། གཅིག་ཀྱང་དུ་མར་འབྱུང་བ་སྤྲིན། གཟུགས་སྣ་ཚོགས་སུ་སྤྲུལ་པ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་པོ་ལྟར་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཡིན་སྙམ་དུ་བྷཻཾ་ཞིང་། སྒྱུ་མའི་སྐྱེས་བུས་སྒྱུ་མར་སྤྱོད་པ་ལྟར། ཐུན་མཚམས་སུ་ཆོས་སྤྱོད་སོགས། ཐམས་ཅད་རང་ཉིད་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པའི་ང་རྒྱལ་བྱ་ཞིང་། མི་དགེ་བ་མཐའ་དག་ཀྱང་སྤང་། རྒྱུད་ལས། རང་ཉིད་ལྷ་རུ་ངོ་ཤེས་ནུས། །ཐ་མལ་སྤྱོད་པ་དྲན་ཀྱང་སྤང་། སྒྱུ་མའི་ལམ་རིམ་ལས། སྡིག་པ་ཆུང་ཡང་སྤང་བྱེད་ཅིང་། །དགེ་བ་རྣམས་ནི་དང་དུ་ལེན། །ཆོས་ཉིད་སྒྱུ་མ་ཐོག་དོན་དུ། །ཚོགས་སོགས་པས་ནི་ཚོགས་ལམ་མོ། །ཞེས་གསུངས་སོ། །དེ་ལྟར་སྒྱུ་མ་ལྷ་སྐུ་དག་པའི་སྒྱུ་ལུས་བྷཻཾ་པ་དང་། ཐུན་མཚམས་སྒྱུ་མ་ལྟ་བུའི་སྤྱོད་པ་བྱས་པའི་ཡོན་ཏན་ནི། བདག་བྱིན་གྱིས་བརླབས་པའི་རིམ་པ་ལས། མྱ་ངན་འཇིགས་བྲལ་ཆགས་བྲལ་དང་། །འཇིགས་དང་དེ་བཞིན་ཉམས་པ་དང་། །སྡུག་བསྔལ་ཡིད་མི་བདེ་བ་དང་། །


CMR026_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་མཐོང་དང་དེ་བཞིན་ཐོས། །སྲི་ངན་དང་ནི་ནོར་ངན་དང་། །ངན་རིགས་པ་ནི་གང་བྱུང་བ།། །ངེས་པའི་རང་བཞིན་དེ་དང་དེར། །བདག་བྱིན་བརླབས་པས་སྦྱང་བར་བྱ། །གཤང་བ་ལྕི་བ་འབྱུང་བ་དང་། །རིམས་དང་ནད་ལ་སོགས་པ་དང་། །རང་བཞིན་རྒས་པ་ལ་སོགས་པ། །ཐམས་ཅད་སྒྱུ་མས་གསོ་བར་བྱ། །ཞེས་དང་། སྒྱུ་མ་ལྟ་བུའི་ཏིང་འཛིན་ནི། །རྟག་ཏུ་རྣལ་འབྱོར་པས་མྱོང་བྱ། །རྣལ་འབྱོར་རྒྱུད་དུ་བརྟེན་པ་ཡི། །བརྡ་ལ་སོགས་པ་རྒྱས་པ་གང་། །སྒྱུ་མ་ཉིད་དུ་དམིགས་བྱས་ནས། །དེ་དག་ལ་ནི་འཇུག་པར་བྱ། །མི་འཇུག་པ་དང་འབྱེད་པ་དང་། །རྒོད་དང་སྨྲ་དང་དེ་བཞིན་དུ། །འགྲོ་དང་འདུག་དང་ཉལ་དང་ཟ། །སྒྱུ་མའི་ལས་ནི་དྲན་པར་བྱ། །ཞེས་དང་། བསམ་གཏན་ཆོ་ག་དཔག་མེད་ཀྱི། །སྔགས་དང་སྐུ་ཡི་ཏིང་ངེ་འཛིན། །གལ་ཏེ་སྒྱུ་མ་མ་རྙེད་ན། །བྱས་པ་ཐམས་ཅད་འབྲས་བུ་བྲལ། །ཞེས་དང་། རིམ་ལྔ་ལས། སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང་། །ཞེས་དང་། ཉོན་མོངས་ལས་ནི་ལམ་གྱི་ལུས། །བྱེད་པ་པོ་དང་འབྲས་བུ་ནི། །སྨིག་རྒྱུ་རྨི་ལམ་ལྟ་བུ་དང་། །དྲི་ཟའི་


CMR026_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་ངེས་པར་མཚུངས། །ཏིང་འཛིན་འདི་ནི་མི་ཤེས་པས། །ཀུན་རྫོབ་ལ་ནི་ཉེར་དམིགས་ནས། །རྣམ་པ་སྣ་ཚོགས་ནད་རྣམས་སྐྱེ། །དེ་རྣམས་རྒྱུ་མིན་སྨན་གྱི་ཚོགས། །ཞེས་དང་། སྡོམ་འབྱུང་ལས། སྒྱུ་མ་ལྟ་བུའི་ཏིང་འཛིན་ནི། །རབ་ཏུ་མི་ཤེས་མི་རྣམས་ནི། །ཐོགས་མེད་དུག་ཅན་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་བྱས་ལ། །དེ་དག་སྔོན་བསགས་ལས་ཀྱིས་ནི། །རྐྱེན་དང་འཆི་བ་ཡང་དག་འབྱུང་། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །ཞི་ཞིང་སྒྱུ་མ་དང་མཚུངས་པ། །གཞི་མེད་སྡིག་པས་འཇིགས་བྱེད་པའི། །སྟོང་པ་ཉིད་ནི་རབ་ཏུ་བྷཻཾ། །ཞེས་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ལྷ་ཡི་རྣམ་པའི་རྣལ་འབྱོར་བདག །སྐད་ཅིག་མངོན་སུམ་བྱེད་པ་པོ། །ལུང་མ་ལ་སོགས་རྣལ་འབྱོར་གྱི། །རྣལ་འབྱོར་བྱས་པའི་དབྱིབས་སུ་འགྱུར། །སྟོང་ཉིད་རྣལ་འབྱོར་རང་ཉིད་གཟུགས། །བདག་བྱིན་བརླབས་པའི་མཚན་ཉིད་དོ། །བདག་བྱིན་བརླབས་འབྲས་རྣལ་འབྱོར་པས། །སྣུམ་སྐོག་དུམ་བུ་བཞིན་ཤེས་བྱ། །འདི་འདྲའི་མཚན་ཉིད་བཀོད་གྱུར་པ། །སྐྱེ་བོ་ཕྱུགས་རྣམས་ཀྱིས་མི་ཤེས། །དེ་ཕྱིར་སྒྱུ་


CMR026_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་འདི་བསྒོམས་ན། །བླ་ན་མེད་པའི་གོ་འཕང་ཐོབ། །རིམ་ལྔ་ལས། ལུས་དང་ལོངས་སྤྱོད་གནད་དག་དང་། །ས་དང་ཕ་རོལ་ཕྱིན་ལ་སོགས། །སངས་རྒྱས་སྒྱུ་འཕྲུལ་ཆོ་འཕྲུལ་སོགས། །ཐམས་ཅད་སྒྱུ་མའི་རྣམ་འཕྲུལ་ལོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐའ་ནི་རྣམ་པར་སྦྱངས། །ཞེས་དང་། སྒྱུ་མ་ལམ་རིམ་ལས། ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །དད་བརྩོན་གུས་པས་མཆོག་ལྡན་པས། །སྒྱུ་མ་ལྟ་བུར་བྷཻཾ་བྱས་ནས། །སྒྱུ་མ་ལྟ་བུ་མངོན་སངས་རྒྱས། །ཞེས་གསུངས་ཤིང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྒོམ་པ་ལ་བརྟེན་ནས། གནས་སྐབས་སུ་འཇིག་རྟེན་པའི་ཆོས་བརྒྱད་པོ་རོ་སྙོམས་པ་དང་། གྲུབ་པ་ཆེན་པོ་བརྒྱད་དང་། བསད་ཕྱིར་གསོ་བ་དང་ལུས་མི་སྣང་བར་སྦ་བ་སོགས་འཕྲལ་གྱི་ཡོན་ཏན་དང་མཐར་ཐུག་འབྲས་བུ་ནི་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་གསུངས་སོ། །འདི་ལྟར། བཅོམ་ལྡན་རྒྱལ་བ་རྒྱ་མཚོ་ཡི། །བསྐྱེད་རིམ་ལྷ་སྐུ་སྒྱུ་མ་དང་། །ཐུན་མཚམས་སྒྱུ་མའི་སྐྱེས་བུ་བྱ་བའི་ཚུལ། །རྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་གཞིར་བྱས་ཏེ། །ངེས་ཤེས་བསྐྱེད་ཕྱིར་མདོ་རྒྱུད་ལུང་དང་བཅས། །མན་ངག་བརྒྱུད་པས་གདམས་


CMR026_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལེགས་བརྒྱན་ཏེ། །ལེགས་པར་སྦྱར་བ་འདི་ལ་ཉེས་མཆིས་ན། །རྒྱལ་བ་རྒྱ་མཚོ་ལྷ་དང་ཌཱཀིར་བཤགས། །དགེ་བས་འགྲོ་ཀུན་ཏིང་འཛིན་མཆོག་ཐོབ་ནས། །མྱུར་དུ་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག །དེ་སྐད་སྨྲས་གང་ཐུགས་རྗེ་ཆེན་པོ་ཡི། །རྣལ་འབྱོར་ཚེ་གཅིག་བརྩོན་ལྡན་དགེ་སློང་ནི། །རཱ་ག་ཨ་སྱ་ཞེས་བྱས་སྦྱར་བའོ། །བཀྲ་ཤིས་དཔལ་འབར་ཆོས་འདི་དར་རྒྱས་ཤོག། །།སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱལ་བ་རྒྱ་མཚོའི་བསྐྱེད་རིམ་སྒྱུ་མ་ལྷ་སྐུ།next