Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
རྒྱལ་བ་རྒྱ་མཚོའི་འཆི་བ་ལམ་ཁྱེར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousརྒྱལ་བ་རྒྱ་མཚོའི་འཆི་བ་ལམ་ཁྱེར།next

རྒྱལ་བ་རྒྱ་མཚོའི་འཆི་བ་ལམ་ཁྱེར།


CMR026_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོའི་འཆི་བ་ལམ་ཁྱེར་བཞུགས་སོ། །


CMR026_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡ། འཇིག་རྟེན་དབང་ཕྱུག་ལ་བཏུད་ནས། །དེ་ཡི་མན་ངག་ཁྱད་པར་ཅན། །འཆི་བ་ལམ་ཁྱེར་བརྗོད་པ་ལ། །ཌཀི་སྲུང་མས་བཀའ་གནང་སྩོལ། །དེའང་རྒྱུད་ལས། གསང་སྔགས་ཀུན་གྱི་ཡང་སྙིང་འདི། །དཀའ་བ་ཆེན་མཛད་ནན་ཏན་དུ། །བརྗོད་པར་དཀའ་བ་ཅན་གྱི་རིགས། །སྒྲིབ་པ་ཐམས་ཅད་ཟད་ནས་ཀྱང་། །བདེ་བའི་གནས་སུ་ཁྲིད་པ་ཡི། །དོན་འདི་ཟབ་དང་རྒྱ་ཆེ་བའི། །ང་ཡིས་ཁྱོད་ལ་བརྗོད་པར་བྱ། །ཞེས་དང་། ལེགས་སོ་ལེགས་སོ་སྟོན་པ་ཁྱོད། །ལས་དང་ཉོན་མོངས་དགག་པར་བྱ། །སྡུག་བསྔལ་བདེ་བ་ཆེན་པོར་


CMR026_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས། །ཞེས་དང་། བདེ་བའི་གནས་ན་བདེ་བའི་ལམ། །བདེ་བའི་འབྲས་བུ་བླ་ན་མེད། །ཅེས་པས་འཕོ་བ་དང་བར་དོ་བསྟན་ཏེ། འཕོ་བ་ཐེབས་ན་སྡིག་པོ་ཆེ་ཡིན་ཡང་ལས་ཉོན་གྱི་སྡིག་སྒྲིབ་འགགས་ནས། ངན་སོང་གི་སྡུག་བསྔལ་མྱོང་རྒྱུ་ཡང་བདེ་བ་ཆེན་པོའི་ཞིང་དུ་འདྲེན་པ་དང་། འོད་གསལ་དང་སྒྱུ་ལུས་ཀྱི་ནུས་པས་ལས་སྒྲིབ་ཐམས་ཅད་དེར་ཟད་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་ཁྲིད་པ་བར་དོ་གསུམ་གྱི་གདམས་པ་ཟབ་པ་དང་། རྒྱ་ཆེ་བར་བསྟན་ཏོ། །བདེ་དྲོད་གཏུམ་མོའི་གནས་ལྟེ་བ་ནས། བདེ་སྟོང་ཕྱག་རྒྱ་ཆེན་པོ་ནི་ངོ་བོ་དབུ་མའི་ལམ་ནས་བདེ་


CMR026_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅན་དུ་འབྲས་བུ་བླ་མེད་ཀྱི་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བའོ། །དེ་ལ་རབ་འོད་གསལ་ངོས་བཟུང་བ་དང་ཆོས་སྐུའི་འཕོ་བ་དོན་གཅིག་སྟེ། འཇམ་དཔལ་ཞལ་ལུང་ལས་བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དགའ་མཁའ་འདྲ་རྟོགས། །ཞེས་དང་། བཀའ་ངེས་ལས། ཐིམ་པའི་རྗེས་ལ་གོམས་པ་ཡི། །རང་བཞིན་གྱིས་ནི་འོད་གསལ་འབར། །ཞེས་དང་། གདན་བཞི་ལས། གང་གི་སྐྱེ་ན་ཀུན་རྫོབ་བདེན་ཞེས་ཏེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་དེ་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་དེ་ནི་མ་འོངས་སངས་རྒྱས་ཡིན། །ཞེས་དང་། ཡེ་ཤེས་ཐིག་ལེའི་མདོ་ལས། ཡང་ན་ལུས་འདི་སྤང་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་གསུངས་སོ། །དེ་ལ་འཆི་ཁ་ཆགས་ཞེན་བྱེད་དང་སེམས་སྤངས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཆི་བ་ཆོས་སྐུར་སངས་རྒྱས་ནས་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་བྱ་བར་སེམས་བསྐྱེད་ལ། རང་ཉིད་རྒྱལ་བ་རྒྱ་མཚོའི་སྤྱི་བོར་བླ་མ་འོད་དཔག་མེད་ལ་གསོལ་བ་བཏབ་པས་གཞིའི་འོད་གསལ་ཟིན་པར་གསོལ་བ་བཏབ་ནུས་ན་ཊྛཀི་ཆོས་སྐྱོང་ལ་གཏོར་མ་གཏོང་


CMR026_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྲིན་ལས་བཅོལ། མ་ནུས་ན་གསོལ་བ་བཏབ། སྙིང་གར་པདྨ་འདབ་བཞིའི་དབུས་སུ། ཧཱུྃ་དང་ཨ་ནུ་ཏ་རའམ། ཧཱུྃ་ཁོ་ན་བྷཻཾ་ཀྱང་ཆོག་སྟེ། དེ་ལས་འོད་འཕྲོས་རྟེན་གཡོ་སྣོད་བཅུད་ཐམས་ཅད་རང་ལ་བསྡུ། རང་གི་ཡི་གེ་ཧཱུྃ་དེ་གྱེན་དུ་བསྡུས་ནས་ནཱ་ད་སྟོང་ཉིད་ལ་བཞག །དུས་གསུམ་གྱི་རྟོག་པ་སྣང་མཆེད་ཐོབ་པ་སོགས་ཅི་ཤར་ཡང་རིག་པ་སྐད་ཅིག་མའི་ཐོག་ཏུ་བསྒོམ་བྱ་སྒོམ་བྱེད་བྲལ་བའི་ངང་ལ་མཉམ་པར་བཞག་པས། རླུང་རྣམ་ཤེས་ལ་ཐིམ་རྗེས་གཞིའི་འོད་གསལ་ཟིན་ཏེ། ཕུང་པོ་བཀྲག་བཟང་བ་ནམ་མཁའ་གཡའ་དག་པ་ཨཱཿདང་ཧཱུྃ་དང་རིང་བསྲེལ་སོགས་འབྱུང་། དེ་ཚེ་གདེང་མེད་ན་ཆོས་སྐུར་འཕོ་སྟེ། རྒྱུད་ལས། སྤྱི་བོར་བླ་མ་རབ་ཏུ་བྷཻཾ། །རང་ལུས་ལྷ་ཡི་རྣལ་འབྱོར་གསལ། །ཞེས་པས་རང་ཉིད་རྒྱལ་བ་རྒྱ་མཚོ་རྩ་གསུམ་འཁོར་ལོ་གསལ་བཏབ། སྒོ་དགུ་ཧྲུས་བཀག །སྤྱི་བོར་འོད་དཔག་མེད་སྐྱབས་གནས་ཀུན་འདུས་སུ་བྷཻཾ། ལྟེ་འོག་ཏུ་རླུང་སེམས་འདུས་པའི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་འཕར་ལིང་ལིང་བྱེད་པ་ཧིག་ཅེས་པས་འཕར་ལ་བླ་མའི་ཞབས་ལ་རེག །ཀ་ཞེས་མར་ཕབ་པའོ། །འབྱོངས་རྟགས་བྱུང་ན་བླ་མར་བསྟིམ།


CMR026_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་ལྟས་ཚང་ན་སྒལ་ཚིགས་དབྱུག་པ་ལ་བཀན་ལ་ཀ་ཞེས་དྲག་པོས་བླ་མའི་ཐུགས་ཀར་འཕང་ངོ་། །ཡང་རྡོ་ཁབ་ལེན་མགྲོན་བུ་བསྲེག་ཐལ་སྦྱང་རྒོད་སྦྱར་བ་ཚངས་བུག་ལ་བྱུགས་པས་རྟེན་འབྲེལ་རྫས་འཕོའོ། །རྡོ་རྗེ་མཁའ་འགྲོ་མས། ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །རྐུན་འཕྲོག་འདོད་པ་སྤྱོད་པ་དང་། །ལམ་ལམ་དེ་ཡི་དག་གྱུར་ཅིང་། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་རིང་དུ་འགྲོ། །ཞེས་དང་། གདན་བཞི་ལས། དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །དེ་བས་ལུས་ལ་མཚན་མ་རྣམས། །མཐོང་ན་མཁས་པས་སྦྱར་བ་བརྩམ། །ཞེས་དང་། སཾ་བྷུ་ཊི་ལས། མཚན་ཉིད་ལྟེ་བར་འདོད་པ་ཅན། །མཐོ་རིས་ཐེག་ལེ་གཟུགས་ཅན་ལུས། །།སྟེང་ནས་སྟེང་དུ་གནས་པ་ཡིན། །འགྲོ་བ་དག་ཏུ་འོང་བ་དག །སྣང་བས་གནོད་སྦྱིན་དག་ཏུ་འགྱུར། །རྣ་བ་དག་ཏུ་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཤེས་འགྲོ་ན། །མི་རྣམས་ཀྱིས་ནི་རྒྱལ་པོར་འགྱུར། །སྲིད་པའི་སྒོ་ལས་ཡི་དྭགས་ཏེ། །ལྟེ་བ་དེ་བཞིན་བྱོལ་སོང་ངོ་། །དམྱལ་བ་བརྒྱད་དུ་ལྟུང་མིན་ལས། །ཞེས་གསུངས། ལུས་


CMR026_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལྟེ་བར་འདོད་ཁམས་བདེ་འགྲོ་སྟེ། །ཐིག་ལེ་ལས་ནི་གཟུགས་ཅན་ལུས། །སྟེང་ནས་ཟླ་མེད་རྣམ་གསུམ་སྟེ། །དེས་ནི་བདེ་འགྲོ་བྱེད་པའོ། །སྣ་ལ་གནོད་སྦྱིན་གནས་སུ་སྐྱེ། །རྣ་བ་ལས་ནི་མིའམ་ཅི། །ལྷ་མོ་གལ་ཏེ་མིག་ལས་ནི། །མི་རྣམས་ཀྱིས་ནི་རྒྱལ་པོར་འགྱུར། །ཁ་ཡི་སྒོ་ནས་ཡི་དྭགས་རྣམས། །གཅི་བས་དེ་བཞིན་དུད་འགྲོའོ། །བཤང་བ་ལས་ནི་དམྱལ་བར་འགྲོ། །གལ་ཏེ་འོད་གསལ་མ་ཟིན་པ་དང་། །འཕོ་བ་མ་ཐེབ་ན་བར་དོར་འཆར་ཏེ། འཇམ་དཔལ་ལུང་ལས། དེ་ནས་རྫུ་འཕྲུལ་ཤུགས་ལྡན་པས། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །འགྲུབ་ཚེ་དཔེ་མེད་བདེ་རྫོགས་ཤོག །ཅེས་དང་། རིམ་ལྔ་ལས། རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མ་ལུས་ཞེས་དེ་ལས་བཤད། །ཅེས་དང་། རིམ་ལྟར། ཀུན་རྫོབ་བདེན་པས་སྒྱུ་མ་ནི། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་འབྱུང་། །རྡོ་རྗེའི་སྐུ་ཡང་དེ་བཞིན་ཡིན། །ཞེས་དང་། སྡོམ་འབྱུང་ལས། འཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་སྲིད་པ་བར་དོར་གནས། །སྲིད་པ་བར་དོའི་སེམས་


CMR026_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནི། །ཐོག་མེད་བསྒྲོད་པ་ཇི་བཞིན་དུ། །འདི་ལྟར་ལས་ཀྱི་ཞགས་པ་ཡིས། །འགྲོ་བ་དྲུག་ཏུ་རབ་ཏུ་སྐྱེ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། །ཡིད་ནི་རྡོ་རྗེའི་སྐུ་གྱུར་པའི། །བར་དོ་ལས་ནི་གྲོལ་བར་འགྱུར། །ཞེས་གསུངས་པ་དང་། བར་དོ་ངོ་ཤེས་ནས། རང་ཉིད་རྒྱལ་བ་རྒྱ་མཚོའི་སྐུ་སྣང་ལ་རང་བཞིན་མེད་པར་བྷཻཾ་སྟེ། དེ་བསྟེན་ནས། ཕྱག་ཆེན་བསྐྱེད་རྫོགས་ཟུང་འཇུག་བསྒོམས་པས་སངས་རྒྱས་པར་འགྱུར་ལ། སྤྲུལ་སྐུ་འོད་དཔག་མེད་དུ་བྱས་ལ་བར་དོའི་སེམས་ཅན་ལ་མི་འཇིགས་པ་ཆོས་སྦྱིན་གྱི་ཐར་ལམ་ལ་བཀོད་པ་དང་། འོག་མིན་དུ་རྡོ་རྗེ་འཆང་དང་དགའ་ལྡན་དུ་བྱམས་པ་དང་བདེ་བ་ཅན་དུ་ཆོས་ཞུ་བ་དང་། འཇིག་རྟེན་ལས་འདས་ཡུལ་ཉེར་བཞིའི་བདེ་མཆོག་གི་དཀྱིལ་འཁོར་དུ་འཇུག་པ་དང་ཚོགས་ལ་རོལ། རང་ལུས་དེ་བཞིན་གཤེགས་པ་སངས་རྒྱས་སྟོང་དུ་སྤྲུལ་པ་དང་། བར་དོའི་སེམས་ཅན་ལ་རང་གི་ཡིད་ཀྱིས་སྤྲུལ་པའི་ཁང་བཟང་དང་འདོད་ཡོན་ལྔ་ཕུལ་ནས་བྱིན་པ་དང་། དམྱལ་བོར་རིན་པོ་ཆེའི་ཁང་བཟང་མེ་ཏོག་གི་ཆར་ལྷ་དང་ལྷ་མོའི་རང་བཞིན་གྱིས་དམྱལ་བའི་སེམས་ཅན་འདྲེན་པ་དང་། བཟའ་བཏུང་བགོ་བ་ལ་སོགས་ཡི་དྭགས་


CMR026_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་བ་དང་། དེ་བཞིན་དུ་དུད་འགྲོ་ལྷ་མིན་ལ་སོགས་གང་འདུལ་སྤྲུལ་ནས་འགྲོ་དོན་རྒྱ་ཆེན་བྱེད་པ་སྟེ། འདི་དག་ད་ལྟ་ནས་བར་དོ་ཡིན་པར་བྷཻཾ་ནས་དམིགས་པ་སྦྱངས་ཏེ་བར་དོར་རྩལ་རྫོགས་པར་བྱའོ། །གལ་ཏེ་མངལ་དུ་སྐྱེ་བར་ཆུད་ན་ཕ་མ་བླ་མ་ཡབ་ཡུམ་མམ་རྒྱལ་བ་རྒྱ་མཚོ་ཡབ་ཡུམ་དུ་བྷཻཾ་པས་ཆགས་སྡང་མི་སྐྱེ་མངལ་སྒོ་ཁེག་གོ །དེ་ནས་བདེ་བ་ཅན་དུ་ཐོགས་པ་མེད་པར་སོང་ནས་རིགས་བདག་ལས་ཆོས་ཉན། མེ་ཏོག་པདྨའི་སྡོང་པོ་གཅིག་བདག་གིས་བྱས་པས་བརྫུས་ཏེ་སྐྱེའོ། །འཆི་མེད་རྔ་སྒྲའི་གཟུངས་ལས། སུ་ཞིག་དེ་ཡི་མཚན་འཛིན་པ། །དེ་ནི་དེ་རུ་སྐྱེ་བར་འགྱུར། །ཞེས་སོགས་དང་། ཡི་གེ་དྲུག་པ་ཡི་དམ་དུ་བྱས་པས། དེར་སྐྱེ་བར་ཟ་མ་ཏོག་ནས་རྒྱ་ཆེར་གསུངས་པ་མདོ་རྒྱུད་དུ་མ་ནས་གསུངས་སོ། །དེ་ལྟར་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གདམས་པ། འཆི་བ་ལམ་དུ་ཁྱེར་བ་རྒྱུད་རྡོ་རྗེའི་གསུངས་ལས་རྒྱུད་སྡེ་གཞན་གྱི་ལུང་རྒྱབ་གསལ་བ་འགའ་ཟུང་དང་བཅས། བླ་མ་བརྒྱུད་པའི་མན་ངག་ཡི་གེ་དང་སྙན་དུ་བརྒྱུད་པ་ཐམས་ཅད་ཀྱི་གནད་འགག་ཚིག་ཉུང་དོན་ཆེ་བཟུང་བདེ་བར་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ། ༧ རཱ་ག་ཨ་


CMR026_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྱས་སྦྱར་བའོ།། །།འདི་བྲིས་ཉེས་འགལ་ཅི་མཆིས་ཡི་དམ་ཌཀིའི་ཚོགས་ལ་བཤགས་ཤིང་། དགེ་བས་འགྲོ་བ་ཐམས་ཅད་འཆི་མེད་རྡོ་རྗེའི་སྐུ་འགྲུབ་པར་གྱུར་ཅིག། །། ༧་ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །།


previousརྒྱལ་བ་རྒྱ་མཚོའི་འཆི་བ་ལམ་ཁྱེར།next