Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ནང་སྒྲུབ་གསང་སྒྲུབ་ཡང་གསང་སྒྲུབ་པའི་སྟ་གོན་གྱི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ནང་སྒྲུབ་གསང་སྒྲུབ་ཡང་གསང་སྒྲུབ་པའི་སྟ་གོན་གྱི་ཟིན་བྲིས།next

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ནང་སྒྲུབ་གསང་སྒྲུབ་ཡང་གསང་སྒྲུབ་པའི་སྟ་གོན་གྱི་ཟིན་བྲིས།


CMR026_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ནང་སྒྲུབ་གསང་སྒྲུབ་ཡང་གསང་སྒྲུབ་པའི་སྟ་གོན་གྱི་ཟིན་བྲིས་སོ།།


CMR026_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་དྷེ་ཝ་པཉྩ་ཡེ། རྒྱ་མཚོ་ལྔ་ཡི་ལྷ་ལ་ཕྱག་འཚལ་ལོ། །བཀའ་གནང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ནང་སྒྲུབ་དང་། །གསང་སྒྲུབ་ཡང་གསང་སྒྲུབ་པའི་སྟ་གོན་ནི། །བྱིན་རླབས་ལྡན་པའི་གནས་རི་ཡིན་ན་རབ། །གངས་རི་བྲག་རི་ས་གཙང་གནས་རི་འབྲིང་། །ཐ་མ་དབེན་ཞིང་མཐུན་རྐྱེན་འཛོམ་ས་རུ། །དཀྱིལ་འཁོར་རྒྱས་འབྲིང་བསྡུས་དང་རྣམ་པ་གསུམ། །རྒྱས་པར་ས་བསླང་སྟེགས་བུ་བརྩེགས་པའམ། །ཡང་ན་ཐིག་ཚོན་རྡུལ་ཚོན་བཀོད་པ་སྟེ། །ཐིག་རྩ་དང་བཅས་གཞུང་དུ་གསལ་ལྟར་ལས། །ལྟེ་བར་ཆོས་


CMR026_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བསྣོལ་མ་ཕྱི་དཀར་ལ། །ནང་དམར་ཉི་སྟེང་ཧཱུྃཡིག་དམར་པོ་བྲི། །ཆོས་འབྱུང་ཟུར་དྲུག་དགའ་འཁྱིལ་གཡོན་སྐོར་རེ། །མཚམས་དྲུག་གཡུང་དྲུང་དཀར་པོ་གཡོན་སྐོར་རེ། །ཆོས་འབྱུང་རྒྱབ་དེར་སྣ་ཚོགས་པདྨ་ནི། །ལྟེ་བ་དམར་པོ་མུ་ཁྱུད་སེར་པོ་ལ། །འདབ་བཞིར་ཤར་སྔོ་ལྷོ་སེར་ནུབ་དམར་བ། །བྱང་ལྗང་མཚམས་དང་མུ་ཁྱུད་མཛེས་ཚོན་ནོ། །དེ་རྒྱབ་རྒྱས་པར་གྲུ་བཞི་སྒོ་བཞི་སྟེ། །བསྡུ་ན་རྡོ་རྗེའི་རྭ་བ་སེར་པོ་དང་། །མེ་རི་སྣ་ཚོགས་མདོག་ཅན་གཡས་སྐོར་བྲི། །འབྲིང་དུ་ས་བསླང་སྟེགས་བུ་བརྩེགས་མི་དགོས། །མཆོད་སྟེགས་སྟེང་དུ་རས་བྲིས་དཀྱིལ་


CMR026_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཏིང་། །མ་འཛོམ་ཤོག་བྲིས་ཆུ་ཚོན་བྱས་པའང་རུང་། །བསྡུས་པར་འབྲུ་ལ་ཚོན་གྱིས་ཁ་དོག་བསྒྱུར། །ཆོས་འབྱུང་ཟུར་དྲུག་དབུས་སུ་ཚོམ་བུ་དམར། །ཟུར་དྲུག་ནང་དུ་ཚོམ་བུ་དཀར་པོ་རེ། །ཕྱོགས་བཞི་ཕྱོགས་མདོག་ཚོམ་བུ་རེ་དང་ནི། །མཚམས་བཞི་ནས་ཀྱིས་རང་མདོག་ཚོམ་བུ་བཞི། །དེ་རྒྱབ་མུ་ཁྱུད་དམར་པོ་ཟླུམ་པོར་སྐོར། །དེ་ནས་འབྲུ་ཡིས་རང་མདོག་ཟླུམ་པོར་སྐོར། །དེ་ནི་མེ་རི་རྡོ་རྭའི་མཚོན་བྱེད་ཡིན། །དེ་ནས་གཞུང་ནས་བཤད་པའི་སྒྲུབ་རྗེ་ས་ནི། །སྦ་ལྕག་རི་ལུ་འཁོར་ལོ་བ་མཁལ་སོགས། །དབང་སྡུད་ལས་སྦྱོར་སྒྲུབ་པའི་རྫས་ཡིན་ཕྱིར། །མཆོག་བསྒྲུབ་འདི་ལ་དེ་རྣམས་མི་དགོས་པས། །གཏེར་སྟོན་གར་གྱི་དབང་ཕྱུག་ཐུགས་དམ་རྒྱུད། །དཀོན་མཆོག་འབངས་ཀྱིས་མཛད་པའི་སྒྲུབ་ཐབས་ལས། །སྒྲུབ་རྫས་དེ་རྣམས་གང་ཡང་མ་གསུངས་སོ། །དཀྱིལ་འཁོར་དབུས་སུ་མཉྫི་ཡོད་ན་བཞག །དེ་སྟེང་བུམ་པ་ཆུ་ཆང་བསྲེས་པའི་ནང་། །བུམ་སྨན་དང་ནི་བདུད་རྩི་རིལ་བུ་བཏབ། །ཁ་རྒྱན་མགུལ་ཆིངས་ལ་སོགས་སྤྱི་ལྟར་བཤམས། །དེ་སྟེང་ཁྲིའུའམ་མཎྜིརྐང་རིང་སྟེང་། །ཐོད་པ་མར་གྱིས་བྱུག་ནང་ཆང་གིས་བཀང་། །བདུད་རྩི་རིལ་བུ་བཏབ་


CMR026_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དར་དམར་བཀབ། །དར་དམར་བཀབ་སྟེང་མེ་ལོང་སིནྡྲ་བྱུག །དབུས་སུ་ཧྲིམཐར་ཡིག་བཅུ་དྷ་མའི་སྔགས། །དེ་རྒྱབ་ཟུར་དྲུག་ཟུར་ལ་དགའ་འཁྱིལ་རེ། །དེ་རྒྱབ་ཟླུམ་སྐོར་ཕྱི་ལ་འདབ་མ་བཞི། །ཤར་དུ་ཧ་ར་ལྷོ་རུ་རི་ཙ་དང་། །ནུབ་ཏུ་ནི་ཧྲུབྱང་དུ་ས་ཡ་སྟེ། །ཡིག་མགོ་ཐམས་ཅད་ཕྱིར་བསྟན་བྲིས་ལ་བཞག །མེ་ལོང་ཆུང་ན་ཤོག་བུར་ཟླུམ་པོར་བྲིས། །དེ་ཡི་སྟེང་དུ་མེ་ལོང་སིན་བཞག །དར་རས་དམར་པོས་གུར་གྱི་ཚུལ་དུ་བཀབ། །འདི་ནི་རྙིང་མའི་ལུགས་ཉིད་གཙོ་ཆེ་ཕྱིར། །བུམ་པའི་གཡས་གཡོན་སྨན་དང་རཀྟ་དང་། །བུམ་པའི་སྟེང་ངམ་མདུན་གྱི་གང་འཐད་དུ། །སྒྲུབ་གཏོར་རིན་ཆེན་འབར་བ་ལྔ་ཚོམ་གཅིག །ཐོད་པ་རིན་ཆེན་སྣོད་དམ་སྡེར་གྱི་ནང་། །དབང་གཏོར་ཇི་བཞིན་ལེགས་ཤིང་རྒྱན་ལྡན་བཤམས། །དཀྱིལ་འཁོར་ནུབ་ནས་ཚུར་ལ་ཁ་གྱུ་བར། །ལྷ་ལྔའི་གཏོར་མ་ཤ་མར་རྒྱན་ལྡན་ལྔ། །ནོར་ལྷ་ཕྱི་རྒྱུད་གཉིས་དང་བདུན་ཚར་བཤམས། །དཀྱིལ་འཁོར་མཐའ་བསྐོར་གཙོ་བོའི་མཆོད་པ་ནི། །ཤར་ནས་གཡས་སྐོར་ཕྱོགས་མཚམས་བརྒྱད་དུ་བཤམས། །དེ་རྒྱབ་ཕྱོགས་བཞིར་འཁོར་བཞིའི་མཆོད་པ་ནི། །ཆ་བཞི་བཤམས་ཏེ་མེད་ཀྱང་


CMR026_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་མེད། །ནང་གི་ཕྱོགས་བཞིར་ཤར་དུ་རྡོ་རྗེ་དང་། །ལྷོ་རུ་དབུ་རྒྱུན་ནམ་ནི་བགྲང་ཕྲེང་སྟེ། །ནུབ་ཏུ་གླེགས་བམ་མམ་ནི་སྒྲུབ་ཡིག་དཔེ། །བྱང་དུ་དྲིལ་བུའམ་ནི་མར་མེ་བཤམས། །གཙོ་བོའི་ཙཀ་ལི་ཡོད་ན་སྒྲུབ་གཏོར་བཙུགས། །རིགས་ལྔའི་ཕྱག་མཚན་ཙཀ་ལི་ཡོད་ནའང་། །རིགས་ལྔ་རང་རང་གནས་སུ་བཀོད་པར་བྱ། །ཕུག་གཏོར་ལོགས་སུ་མེད་ན་རང་ཉིད་ཀྱིས། །ཆག་མེད་འདོན་པར་དགོས་པའི་ཆོས་སྐྱོང་དང་། །བཀའ་སྲུང་ནོར་ལྷ་རྣམས་ཀྱི་གཏོར་མ་ཡང་། །དཀྱིལ་འཁོར་ཕྱི་ཡི་བར་ཁྱམས་གང་བདེར་བཤམས། །ཚོན་སྐུད་བླ་བྲེ་སྒྲུབ་སྐོར་རྒྱལ་མཚན་སོགས། །རྙིང་མ་ཡིན་ཕྱིར་ཡོད་ན་ལེགས་མོད་ཀྱི། །མེད་ཀྱང་གཞུང་ནས་མ་གསུངས་ཕྱིར་མི་དགོས། །མཆོད་པ་རྣམས་ནི་ཁ་གསོ་ཙམ་མ་གཏོགས། །སྒྲུབ་རྫས་ཡིན་ཕྱིར་བརྗེ་བ་མི་དགོས་སོ། །ཕུག་གཏོར་གཞན་ཡོད་གསོ་བྲན་མི་དགོས་ན། །ཁྲ་བྱིལ་གནོད་དོགས་ཡོལ་བས་དཀྲིས་ཀྱང་རུང་། །དཀྱིལ་འཁོར་མདུན་དུ་མཆོད་སྟེགས་གཅིག་གི་སྟེང་། །རྒྱུན་དུ་བརྗེ་རྒྱུའི་མཆོད་པ་སྣ་བདུན་དང་། །ལག་མཆོད་བདུད་རྩི་ཚོགས་འཁོར་ཆོས་རྣམས་བཤམས། །ཞག་བདུན་བསྒྲུབ་ན་ཐུན་བཞིར་བརྗེ་རྒྱུ་


CMR026_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ལྷ་བཤོས་སུམ་ཅུ་སྔོན་འགྲོ་གཏོར་མ་བརྒྱད། །ཚོགས་བརྒྱད་དེ་ཡི་ཚོགས་ཤ་ཚོགས་ཆང་དང་། །མཐེབ་སྐྱུ་མང་པོ་སྤོས་རིང་འབུལ་རྒྱུ་སོགས། །ཅི་འབྱོར་མཆོད་གཏོར་མར་མེ་ལ་སོགས་གཟབ། །རོལ་མོ་གྱེར་དབྱངས་རྣམས་ཀྱང་གང་ཤེས་གཟབ། །སྒྲུབ་པ་འདི་གསུམ་སྤྲོས་བཅས་གཙོ་བོ་ཡིན། །སྒྲུབ་ཡུན་ཐུང་བ་ཞག་བདུན་རྫོགས་པ་སྟེ༔ །ཟླ་སྒྲུབ་ལོ་སྒྲུབ་ལ་སོགས་སྐབས་དང་བསྟུན། །སྒྲུབ་གྲོགས་མང་པོ་ཡོད་ན་སྔགས་རྒྱུན་བྱ། །དེ་ལ་ཚོམ་བུ་འབུམ་བསྒྲུབ་མིང་དུ་བཏགས། །གཅིག་གིས་བསྒྲུབ་ན་ཐུན་བཞིར་སྤྱི་ཅི་ནུས་འབད། །ཐུན་མཚམས་དགེ་སྦྱོར་ཆག་མེད་གང་དགོས་བྱ། །དེ་ནི་དཔའ་བོ་གཅིག་སྒྲུབ་ཅེས་བྱའོ། །ལར་ནི་སྤྲོས་བཅས་སྒྲུབ་པ་མང་པོ་འདི། །དར་དྲག་ཡུན་ཐུང་བསྒྲུབས་ན་ལམ་དུ་འགྲོ། །དེ་ལྟར་ལྷ་ལྔ་སྒྲུབ་པའི་སྟ་གོན་འདི། །སྒྲུབ་པ་ལག་ལེན་བདེ་བར་བྱ་བའི་ཕྱིར། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་རིང་ནས་བསྐུལ། དྲིན་ཆེན་གཏེར་སྟོན་བླ་མའི་དགོངས་རྫོགས་ཕྱིར། །ལུག་ལོ་ས་ག་ཟླ་བའི་བཅུ་གཉིས་ཀྱི། །ཉིན་གུང་ཐུན་ལ་རཱ་ག་ཨ་སྱས་གདམས། །ཡི་གེ་པ་ནི་སློབ་བུ་མཐར་ཕྱིན་ནོ། །འདི་བྲིས་ཉེས་འགལ་ལྷ་


CMR026_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ལྷ་ལ་བཤགས། །དགེ་བས་སྤྲུལ་སྐུའི་ཟག་མེད་ཐུགས་དགོངས་རྫོགས། །འགྲོ་ཀུན་བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོ།། །།མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ནང་སྒྲུབ་གསང་སྒྲུབ་ཡང་གསང་སྒྲུབ་པའི་སྟ་གོན་གྱི་ཟིན་བྲིས།next