Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ཕྱི་ནང་གསང་བ་ཡང་གསང་སྒྲུབ་པའི་ཁ་བཀང་གི་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ཕྱི་ནང་གསང་བ་ཡང་གསང་སྒྲུབ་པའི་ཁ་བཀང་གི་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།next

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ཕྱི་ནང་གསང་བ་ཡང་གསང་སྒྲུབ་པའི་ཁ་བཀང་གི་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།


CMR026_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ཕྱི་ནང་གསང་བ་ཡང་གསང་སྒྲུབ་པའི་ཁ་བཀང་གི་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ་བཞུགས།།


CMR026_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་ར་དྷེ་ཝ་པཉྩཡེ། རྒྱལ་བ་རྒྱ་མཚོ་ལྔ་ཡི་ལྷ་ཚོགས་ལ། ཕྱག་འཚལ་སྐྱབས་མཆི་བྱིན་རླབས་བཀའ་གནང་སྩོལ། །ཕྱི་ནང་གསང་བ་ཡོང་གསང་གང་བསྒྲུབ་ཀྱང་། །བསྡུས་པ་ཆོ་ག་གཞུང་གིས་འཐུས་མོད་ཀྱིས། །རྒྱས་པར་སྤྲོ་ན་ཁ་བཀང་འདི་རྣམས་སབ། །སྐྱབས་འགྲོའི་རྗེས་ལ་རྡོར་སེམས་སྒོམ་བཟླས་ནི། །མཁའ་སྤྱོད་དབང་པོ་དེ་བཞིན་གཤེགས་པ་དང་། །དཀོན་མཆོག་ཡན་ལག་རྣམས་ཀྱིས་དགོས་གསུངས་ཕྱིར། །རིམ་གཉིས་ཟབ་མོ་བསྒོམ་པར་བྱ་བའི་རྗེས། །རང་གི་སྤྱི་བོར་པད་ཟླའི་སྟེང་། །དཔལ་ལྡན་བླ་མ་རྡོ་རྗེ་སེམས། །སྐུ་མདོག་དཀར་པོ་ཞལ་གཅིག་པ། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །


CMR026_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེ་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས། །རང་འདྲའི་ཡུམ་གྱིས་རྣམ་པར་འཁྱུད། །ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར། །ཡི་གེ་བརྒྱ་པས་བསྐོར་བར་གྱུར། །ཡིག་ཕྲེང་དེ་ལས་འོད་འཕྲོས་པས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །སྤྱན་དྲངས་རྡོར་སེམས་ལ་ཐིམ་པས། །སངས་རྒྱས་ཀུན་འདུས་སྐུ་རུ་གྱུར། །མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལ་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་


CMR026_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྤྲོ་ན་ལུས་ཀྱི་ལས་ནི་རྣམ་པ་གསུམ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །མཚམས་མེད་ལྔ་པོ་བདག་གི་སྡིག་པ་སོགས། །བདག་སོགས་སེམས་ཅན་ཀུན་གྱི་ཐོག་མེད་ནས། །ད་ལྟ་ཡན་གྱི་སྡིག་སྒྲིབ་ཉེས་ལྟུང་ཀུན། །མཐོལ་ལོ་བཤགས་སོ་ཕྱིན་ཆད་སྡོམ་ལགས་པས། །འདི་ཕྱིའི་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །ཞེས་གསོལ་མོད་ལ་སྔགས་ལས་བདུད་རྩི་བབ། །སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས་བབ་སྟེ། །སྤྱི་བོ་ནས་ཞུགས་ལུས་ངག་སྡིག་སྒྲིབ་བསལ། །བདུད་རྩིས་ལུས་ཀྱི་ནང་གང་སྤྱི་བོར་རེག །ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། ཡིག་བརྒྱ་དང་ནི་ཡིག་དྲུག་བཟླས། །རྡོར་སེམས་ཡབ་ཡུམ་ཞལ་ནས་བུ་ཁྱོད་ཀྱི། །སྡིག་སྒྲིབ་དག་གོ་གསུངས་ནས་དགྱེས་བཞིན་དུ། །འོད་ཞུ་རང་ལ་ཐིམ་པས་རང་ཉིད་དང་། །རྡོ་རྗེ་སེམས་དཔའ་དབྱེར་མེད་རོ་གཅིག་གྱུར། །སྒོམ་བཟླས་དེ་ནི་དབང་ཕྱུག་རྡོ་རྗེའི་གསུངས། །དེ་ནས་རང་ཉིད་སྐད་ཅིག་གིས་ལ་སོགས། །བགེགས་ཀྱི་ཚོགས་རྣམས་ཚར་བཅད་ནས་ཀྱི་མཚམས། ༈ །ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བྱེ་བ་གྲངས་མེད་པ་སྤུ་གྲི་ལྟར་རྣོ་བ། སྟེང་འོག་གཡས་གཡོན་དུ་དྲག་ཏུ་འཁོར་


CMR026_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བས། གནོད་བྱེད་དམྱལ་དམྱལ་གཏུབས་པ། དེའི་ནང་དུ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་འཚུབ་ཅིང་འབར་བ། དུམ་བུ་གཅིག་ཏུ་གྱུར་པའི་གུར། དེའི་ནང་དུ་མཚོན་ཆ་སྣ་ཚོགས་རྩེ་ཕྱིར་བསྟན་པ་རྩ་བ་གཅིག་ཏུ་གྱུར་པ་རྣོ་ངར་དང་ལྡན་པའི་གུར། དེའི་ནང་དུ་ཕུར་བུ་སོ་ཕྱིར་བསྟན་པ་ཚྭ་ཚྭ་འཕྲོ་བའི་གུར། དེའི་ནང་དུ་རྡོ་རྗེ་རྒྱ་གྲམ་ལྗང་གུ་ཁ་གདེངས་བ་རྣོ་ངར་དང་ལྡན་པ་དྲག་ཏུ་འཁོར་བའི་གུར། དེའི་ནང་དུ་པདྨ་དམར་པོས་མཚན་པའི་ཐོད་དབྱུག་རྒྱ་གྲམ་ཐབས་སུ་དྲ་བ་དྲ་ཕྱེད་དུ་གྱུར་པའི་གུར། དེའི་ནང་དུ་རིན་པོ་ཆེ་སེར་པོས་ཡུ་བ་བྱས་པའི་རལ་གྲི་རྣོ་ངར་དང་ལྡན་པ་རྩེ་མོ་ཕྱིར་བསྟན་ཞིང་རྩ་བ་གཅིག་ཏུ་གྱུར་ནས་གཡོན་དུ་འཁོར་བའི་གུར། དེའི་ནང་དུ་གསེར་གྱི་འཁོར་ལོ་རྩིབས་བྱེ་བ་དུང་ཕྱུར་རྣོ་ངར་དང་ལྡན་པ་དྲག་ཏུ་འཁོར་བས་མི་མངོན་པ་ལྟ་བུའི་གུར། དེའི་ནང་དུ་ཁྲོ་བོ་ནག་པོ་མཚོན་ཆ་སྣ་ཚོགས་ཐོགས་པ་ཞལ་ཕྱིར་གྱུ་ནས་ཟློག་པའི་ལས་མཛད་པའི་གུར། །དེའི་ནང་དུ་ཁྲོ་བོ་རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་དྲུག་ཞལ་ནང་དུ་རྒྱུ་ནས་བསྲུང་བའི་ལས་མཛད་པའི་གུར། དེའི་ནང་དུ། སླར་འོད་ཟེར་ལས་འོག་རྡོ་རྗེའི་ས་གཞི་སོགས་ནས། སྨོན་ཐུང་


CMR026_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་གི་བྱང་ཆུབ་ཕྱིར་བསྔོའོ་ཡན་བར། ༈ སྤྲོ་ན་མཎྜལ་རྒྱས་པ་འབུལ་བའམ། དཀོན་མཆོག་འབངས་ཀྱིས་ཚིགས་བཅད་ཀྱིས་ཆོག་གསུངས། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱུང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་བཅས། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་ཨི་དཾ་མཎྜལ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། དཀོན་མཆོག་འབངས་ཀྱིས་མཛད་པའི་གསོལ་འདེབས་ནི། ༈ ། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སོ། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །མ་གཅིག་གྲུབ་པའི་རྒྱལ་མོ་ལ་གསོལ་བ་འདེབས་སོ། །ཏི་པུ་དྲི་མེད་བཤེས་གཉེན་ལ་གསོལ་བ་འདེབས་སོ། །རས་ཆུང་རྡོ་རྗེ་གྲགས་པ་ལ་གསོལ་བ་འདེབས་སོ། །བླ་མ་ཟངས་རི་རས་


CMR026_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསོལ་བ་འདེབས་སོ། །འགྲོ་མགོན་རས་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །རྒྱས་སྲས་པུདྡྷེ་བཛྲ་ལ་གསོལ་བ་འདེབས་སོ། །གྲུབ་ཆེན་ཀརྨ་པཀཱི་ལ་གསོལ་བ་འདེབས་སོ། །གཉན་རིས་སང་གྷ་ལཀྵ་ལ་གསོལ་བ་འདེབས་སོ། །ཆོས་རྗེ་རང་བྱུང་རྡོ་རྗེ་ལ་གསོལ་བ་འདེབས་སོ། །མཁས་བཙུན་གྲགས་པ་སེང་གེ་ལ་གསོལ་བ་འདེབས་སོ། །རྟོགས་ལྡན་མགོན་པོ་རྒྱལ་མཚན་ལ་གསོལ་བ་འདེབས་སོ། །རང་བྱུང་རོལ་པའི་རྡོ་རྗེ་ལ་གསོལ་བ་འདེབས་སོ། །དཔལ་ལྡན་མཁའ་སྤྱོད་དབང་པོ་ལ་གསོལ་བ་འདེབས་སོ། །ཆོས་རྗེ་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་སོ། །སོག་དབོན་རིག་པའི་རལ་གྲི་ལ་གསོལ་བ་འདེབས་སོ། །ཀུན་མཁྱེན་མཐོང་བ་དོན་ལྡན་ལ་གསོལ་བ་༈ འདེབས་སོ། །བྱང་སེམས་དཔལ་འབྱོར་དོན་གྲུབ་ལ་གསོལ་བ་འདེབས་སོ། །རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །གྲུབ་ཆེན་བཀྲ་ཤིས་དཔའ་འབྱོར་ལ་གསོལ་བ་འདེབས་སོ། །མཚུངས་མེད་མི་བསྐྱོད་རྡོ་རྗེ་ལ་གསོལ་བ་འདེབས་སོ། །སྤྲུལ་སྐུ་དཀོན་མཆོག་ཡན་ལག་ལ་གསོལ་བ་འདེབས་སོ། །རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ་


CMR026_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ། །གར་དབང་ཆོས་ཀྱི་དབང་ཕྱུག་ལ་གསོལ་བ་འདེབས་སོ། །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་ལ་གསོལ་བ་འདེབས་སོ། །རྗེ་བཙུན་ཀརྨ་ཆགས་མེད་ལ་གསོལ་བ་འདེབས་སོ། །དཔལ་ལྡན་ཡེ་ཤེས་སྙིང་པོ་ལ་གསོལ་བ་འདེབས་སོ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཡི་དམ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །རྟ་མགྲིན་དཔའ་བོ་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །གསང་ཡེ་མཁའ་འགྲོ་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །པད་འབྱུང་གྲུབ་ཐོབ་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །མ་མགོན་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །དེ་ལྟར་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་དམར་མཐིང་ཁྲ་བཞི་འཕྲོས་ནས། བདག་གི་གནས་བཞིར་ཐིམ་པས་སྒྲིབ་པ་བཞི་དག་ནས་དབང་བཞི་ཐོབ་སྟེ། སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་སོགས། དེ་རྣམས་བདག་བསྐྱེད་སྐབས་སུ་སབ་པ་ཡིན། མདུན་བསྐྱེད་ལྷ་ལྔའི་ཆོ་ག་གཞུང་ལྟར་ཏེ། །དཀྱིལ་འཁོར་བུམ་པ་བྷནྡྷ་དབྱེར་མེད་པ། །མདུན་བསྐྱེད་གཞལ་ཡས་ཁང་ཞིག་བསྐྱེད་པ་ཡིན། །ཚོམ་བུ་བུམ་ཆུ་བདུད་རྩི་སྒྲུབ་གཏོར་


CMR026_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །དབྱེར་མེད་མདུན་བསྐྱེད་ལྷ་རུ་བསྒོམ་པ་ཡིན། །བུམ་བསྐྱེད་གཏོར་བསྐྱེད་ཐ་དད་བྱ་བ་མིན། །བསྐྱེད་རིམ་ལྷ་ཡི་འཁོར་ལོ་བསྒོམ་པ་དང་། །བཟླས་པ་སྔགས་ཀྱི་འཁོར་ལོ་བསྒོམ་དང་བཟླ། །སེམས་ཉིད་སྟོང་པའི་འཁོར་ལོ་ལྟ་བའི་གདེང་། །ཀུན་གྱི་སྤྱི་འགྲོས་གདམས་པ་ཡིན་གསུངས་ཕྱིར། །བསྐྱེད་རྫོགས་ཟུང་དུ་འཇུག་ན་རབ་ཡིན་ཏེ། །བསྐྱེད་རིམ་དམིགས་པ་བསྒོམ་དང་ངོ་བོ་སྐྱོང་། །གང་བདེ་རེས་མོས་བྱེད་པ་འབྲིང་ཡིན་ནོ། །ཐུན་གྱི་དངོས་གཞི་བསྐྱེད་རིམ་གཙོ་བོར་བསྒོམ། །ཐུན་བསྡུ་མཇུག་ཏུ་ཡུད་ཙམ་ངོ་བོ་སྐྱོང་། །དེ་ནི་གསར་བུའི་ལུགས་ཏེ་ཐ་མ་ཡིན། །ཐུན་བཞིར་གཏོར་བསྔོས་རྒྱས་པའི་མཇུག་དེ་རུ། །བླ་མ་ཡི་དམ་མཁའ་འགྲོ་བདེ་གཤེགས་ལ། །གསོལ་བ་འདེབས་པའི་སྔགས་འདི་བརྒྱ་རྩའམ། །བདུན་ནམ་ཉེར་གཅིག་ཙམ་རེ་བརྗོད་བྱས་པས། །ཡིད་ལ་གང་འདོད་གསོལ་བ་གང་བཏབ་པ། །ངེས་པར་འགྲུབ་པའི་གནད་ཟབ་གདམས་པ་ཡིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་བྷ། པཱུ་ཛ་པེ་ས། ཏ་རེ་ཏ་ར་ཧཱུྃ། ཨོཾ་མ་ཎི་ཀ་ནི་སྭཱ་ཧཱ། ཨོཾ་བཛྲ་རཏྣ་གུ་རུ་ས་མ་ཡ་སིདྡྷི་མེ་པྲ་ཡཙྪ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན།། ཙི་ཏ་ས་རཀྟ་ན། བཛྲ་ན་ཧཱུྃ་ཧཱུྃ། ཨོཾ་བྷི་ནུ་ཡུན་མ་ཎི། ཧ་ན་ཧ་ར་ཧཱུྃ། །ར་བྷི་ར་ཛེ། ག་ག་ན་བྷ་ཧེ་ལ། ཧུ་ལུ་ཧུ་ལུ་ཧཱུྃ་ཧཱུྃ། གུ་ཧྱ་ཛྙཱ་ན་ཌཱཀྐི་ནཱི། མེ་ཙེ་ཏ་ཤྲི་ཡེ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ། དེ་ནས་དངོས་གཞི་སྒྲུབ་པ་ཆེན་པོའི་


CMR026_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས། །སྡིག་སྒྲིབ་ཀུན་འཇོམས་སྔགས་རིང་འདི་ཉིད་ནི། །གཞུང་ལས་ཡིག་དྲུག་ཉིད་ལ་བཏགས་གསུངས་ཀྱང་། །རང་བྱུང་རྡོ་རྗེས་ཡིག་བཅུར་བཏགས་འདུག་པས། །ཡིག་བཅུའི་མཇུག་ཏུ་སྔགས་རིང་འདི་བཏགས་བཟླས། །ལྟཨོཾ་པདྨ་ཚིནྡྷ་མ་ཎི་ཛཱ་ལ་ཧཱུྃ་ཧིཛཿ བི་པུ་ལ་གནྡྷེ་མ་ཎི་པྲ་བྷཻཾ། ཏ་ཐཱ་ག་ཏ་ནི། ཏི་རི་གི་ནི། མ་ཎི་མ་ཎི། སུ་པྲ་བྷི་མ་ལེ། ས་ག་ར། གཾ་བྷི་ར་ཧཱུྃ་ཧཱུྃ། ཛྭ་ལ་ཛྭ་ལ། བྷུ་ཏ་བྷི་ལོ་ཀི་ནི་དེ། གུ་ཧྱ་ཨ་དྷིཥྛ་ཏེ་གནྡྷེ་སྭཱ་ཧཱ། པདྨ་དྷ་ར། ཨ་མོ་གྷ། ཛ་ཡ་ཏེ། ཙུ་རུ་ཙུ་རུ་སྭཱ་ཧཱ། འདི་ནི་བསྒོམ་དང་བཟླས་པ་ཙམ་གྱིས་ཀྱང་། །སྒྲིབ་པ་ཀུན་བྱང་ཚོགས་གཉིས་རྫོགས་གསུངས་ཕྱིར། །རང་དོན་སྒྲུབ་པ་ཚོགས་བསགས་སྒྲིབ་སྦྱང་ལ། །འདི་ཉིད་ཅི་མང་བཟླས་པ་ཤིན་ཏུ་ཟབ། །ལྷ་ལྔ་ཕྱི་ནང་གསང་བ་ཡང་གསང་གི །སྒྲུབ་པའི་ཁ་བཀང་འདི་ཉིད་བྱ་བའི་ཚུལ། །པོད་གཞུང་རྣམས་སུ་ཡང་ཡང་གསལ་བར་གསུངས། །འོན་ཀྱང་ཕྱོགས་གཅིག་བསྒྲིགས་པ་མི་འདུག་ཕྱིར། །རྗེས་འཇུག་རྣམས་ཀྱིས་གབ་ཀྱང་འཕྲོད་དཀའ་བས། །ཧོར་གྱི་དགེ་བཤེས་པདྨ་མཐར་ཕྱིན་དང་། །འཕེན་ཤུལ་དགེ་བཤེས་ཐབས་མཁས་མཆེད་གྲོགས་ཀྱིས། །ཡང་ཡང་ནན་གྱིས་བསྐུལ་བ་དོན་ཡོད་ཅིང་། །གཏེར་སྟོན་རིག་འཛིན་སྤྲུལ་པའི་སྐུ་མཆོག་ཀྱང་། །སྤྲུལ་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཐོས་པས། །དེ་ཡི་དགོངས་རྫོགས་མཆོད་པར་དམིགས་བྱས་ཏེ། །ལུག་ལོ་ས་ག་ཟླ་བའི་བཅུ་གཉིས་


CMR026_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ཕྱི་དྲོའི་ཐུན་ལ་རཱ་ག་ཨ་སྱས་གདམས། །ཡི་གེ་པ་ཡང་ཞུ་བ་པོ་ཉིད་ཀྱིས། །ཕྱི་རབས་བསྟན་འགྲོའི་དོན་ལ་དམིགས་ནས་གཟབ། །འདི་ལ་འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །རྒྱ་མཚོ་ལྔ་ཡི་ལྷ་ཚོགས་རྣམས་ལ་བོཤགས། །དགེ་བས་སྤྲུལ་སྐུ་ཆེན་པོའི་དགོངས་པ་རྫོགས། །བར་དོའི་སྐབས་འདིར་སྐུ་གསུམ་མངོན་དུ་མཛད། །སྤྲུལ་སྐུ་ཉིད་དང་འདི་ཉིད་མཐོང་ཐོས་ཀུན། །སྤྱན་རས་གཟིགས་དང་དབྱེར་མེད་གཅིག་གྱུར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །།


previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ཕྱི་ནང་གསང་བ་ཡང་གསང་སྒྲུབ་པའི་ཁ་བཀང་གི་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།next