Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། བདུད་རྩི་ལག་མཆོད་ཀྱི་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། བདུད་རྩི་ལག་མཆོད་ཀྱི་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།next

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། བདུད་རྩི་ལག་མཆོད་ཀྱི་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།


CMR026_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། བདུད་རྩི་ལག་མཆོད་ཀྱི་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ།།


CMR026_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཌཱཀི་ཡེ། སྤྱན་རས་གཟིགས་དབང་མཁའ་འགྲོའི་ཚོགས་བཅས་ལ། ཕྱག་འཚལ་སྐྱབས་སུ་མཆིའོ་བཀའ་གནང་སྩོལ། །སྒྲུབ་པའི་དུས་སམ་དུས་བཟང་ཚོགས་མཆོད་དུས། །སྡེར་སོགས་འབྲུ་ཡིས་བཀང་སྟེ་ཐོད་པ་ནི། །སྐྱོན་མེད་མར་གྱིས་བྱུག་ནང་ཆང་ཕུད་བཀང་། །བདུད་རྩི་རིལ་བུ་མེད་ན་སིནྡྷར་བཏབ། །རང་གི་མདུན་བཞག་བདག་བསྐྱེད་གསལ་བཏབ་ནས། །པདྨནྟ་ཀྲྀཏ་སྔགས་ཀྱིས་མ་དག་སྦྱངས། །ཤུ་ནྱ་ཏཱ་ཡི་སྔགས་ཀྱིས་སྟོང་པར་བསམ། །སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཕྱི་དཀར་བ་ཟླ་བའི་རང་བཞིན། ནང་དམར་བ་ཉི་མའི་རང་བཞིན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་དྷ་ཧ་ན་ལས་


CMR026_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ལྔ་དབུགས་དང་བྲལ་མ་ཐག །བྷི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། །རླངས་པ་མ་ཡལ་བ། དེའི་སྟེང་དུ་ཡེ་ཤེས་ལྔའི་རང་བཞིན་ཨོཾ་བྷཾ་ཨོཾ་ཛི་ཁཾ་དེ་རྣམས་འོད་དུ་ཞུ་ནས། དམ་ཚིག་གི་བདུད་རྩི་མུ་ཏིག་མདོག་ལ་སྦྲང་རྩིའི་རོ་དང་ལྡན་པ་འོ་མའི་རྒྱ་མཚོ་ལྟ་བུར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧིཿ དེ་ནས་སྲིན་ལག་གཡོན་པས་ཐོད་པའི་ཁར་ཟླུམ་སྐོར་བྱ་ཞིང་། ཨོཾ་སྭ་བྷ་ཝ་སོགས། རང་བཞིན་སྟོང་པ་ཉིད་དུ་གྱུར། ཡང་སྲིན་ལག་གིས་དེའི་སྟེང་དུ་གྲུ་གསུམ་བྲི་ཚུལ་བྱ་ཞིང་། ཨོཾ་ཨཱཿཧཱུྃ་ངོ་བོ་བདེ་བ་ཆེན་པོར་གྱུར། དེའི་ནང་དུ་རོའི་ལྷ་མོ་ཀྲོ་དྷི་སེར་མོའི་ལྟེ་བ་ཡན་ཆད་ཆང་གི་སྟེང་དུ་ཐོན་པ། རྒྱན་


CMR026_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་བརྒྱན་ཅིང་ཕྱག་གཉིས་བདུད་རྩིའི་ཐོད་པ་ཐོགས་ནས་ལྷ་རྣམས་ལ་མཆོད་པའི་སྤྲིན་སྤྲོ་བའོ། །སྲིན་ལག་གཉིས་ཀྱིས་ལག་པ་གཉིས་ལ་ཆང་གཏོར་ཞིང་། ཨོཾ་ཧྲིཔདྨན་སོགས། བརྗོད་ཅིང་ལག་གཉིས་བསྣོལ་ཏེ་ནུ་མ་གཉིས་ཀྱི་ཐད་དུ་ཕྱིའོ། །སྲིན་ལག་གཡས་ཆང་ལ་བསྒྲེས་ནས་ལག་མཐིལ་གཡོན་དུ་ཟླུམ་སྐོར་བྲི་ཞིང་། ཨོཾ་སྭ་བྷ་ཝ་སོགས། གཡོན་སྐོར་དུ་ཆོས་འབྱུང་བྲི་ཞིང་། ཨོཾ་ཨཱཿཧཱུྃ། ལག་མཐིལ་གཡོན་དུ་ཐིག་ལེ་ལྔ་བྱ་ཞིང་། དབུས་སུ་ཐུགས་རྗེ་ཆེན་པོ་ཡབ་ཡུམ། ཤར་དུ་པད་འབྱུང་ཡབ་ཡུམ། ལྷོར་རྟ་མགྲིན་ཡབ་ཡུམ། ནུབ་ཏུ་གསང་ཡེ་ཡབ་ཡུམ། བྱང་དུ་ཆོས་སྐྱོང་ཡབ་ཡུམ་རྣམས་གསལ་བ་ལས། འོད་འཕྲོས་ཡེ་ཤེས་པ་ནམ་མཁར་སྤྱན་དྲངས། ༈ ཧཱུྃ། རང་བཞིན་རྣམ་དག་ཕོ་བྲང་ནས། །མགོན་པོ་ཚེ་དབང་འོད་དཔག་མེད། །སྤྱན་རས་གཟིགས་དབང་འཁོར་དང་བཅས། །འགྲོ་བའི་དོན་དུ་སྤྱན་འདྲེན་ན། །ཐུགས་རྗེས་དགོངས་ནས་གཤེགས་སུ་གསོལ། །ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧཱིཡ། ཨེ་ཨཱཿ་ར་ལླི་ཧྲཱི་ཧཱུྃ། ཨ་ཀརྨ་ཡ་ས་མ་ཡ་ཛ་ཛཿ ཕོ་ཕོ་ལཾ། ཛཧཱུྃ་བཾ་ཧོ༔ དམ་ཚིག་སེམས་


CMR026_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང་གཉིས་སུ་མེད་པར་གྱུར། ཨགྷཾ་སོགས། རཱུ་པ༴ ཤབྡ༴ གདྡྷེ༴ རྭ་ས༴ སྤརྴེ་པྲ་ཏིཙྪ་པུ་ཛ་ཧོ། མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། ༈ །ཧཱུྃ༔ ཆོས་སྐུ་སྐྱེ་འགག་མེད་པ་ལ། །འཇའ་ཚོན་ལྟ་བུའི་གཟུགས་ཀྱི་སྐུ། །ལོངས་སྐུ་མཚན་དང་དཔེ་བྱད་ལྡན། །གང་ལ་གང་འདུལ་སྐུར་སྤྲུལ་ནས། །འགྲོ་བ་མ་ལུས་འདྲེན་མཛད་པའི། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །སྐྱེ་བ་མེད་པའི་རང་བཞིན་ལས། །འགག་པ་མེད་པའི་སྐུར་སྟོན་པ། །གནས་པ་མེད་པའི་རྣལ་འབྱོར་ལས། །ཆགས་པ་མེད་པར་འགྲོ་དོན་མཛད། །འགྱུར་བ་མེད་པའི་དངོས་གྲུབ་སྩོལ། །ཌཱཀི་མ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །རིགས་བཞིའི་དཔའ་བོ་དཔའ་མོ་ལ། །གུས་པའི་ཚུལ་གྱིས་ཕྱག་འཚལ་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །མྱུར་བ་ཉིད་དུ་བསྩལ་དུ་གསོལ། །ལག་པ་གཉིས་ཆོས་འབྱུང་གི་ཕྱག་རྒྱ་བདུད་རྩིའི་སྟེང་དུ་སྒྲུབ་ལ་གཡོན་དུ་དལ་གྱིས་བསྐོར་ཞིང་། ཡབ་ཡུམ་སྙོམས་འཇུག་གི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་ནས་ཐོད་པར་ཐིམ་


CMR026_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧཱུྃ། ལག་པའི་ལྷ་ཚོགས་རང་ལ་ཐིམ་པར་གྱུར། ཅེས་ལག་པ་གཡོན་སྤྱི་བོར་བྱུག །སྲིན་ལག་གཡོན་གྱིས་བདུད་རྩི་ལན་གསུམ་དཀྲུག་ཚུལ་བྱ་ཞིང་། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། གཡོན་གྱི་སྲིན་ལག་གིས་བདུད་རྩི་བླངས་ལ། ནམ་མཁར་གཏོར་ཞིང་། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་མཆོད་པའི་སྤྲིན་དུ་གྱུར་པར་བསམ་ཞིང་། བར་སྣང་དུ་གཏོར་ལ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རང་གི་ཐད་དུ་གཏོར་ལ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཎཱཧཱུྃ། བདུད་རྩིའི་ཟེགས་མ་རྟ་མགྲིན་གྱི་ཚོགས་སུ་གྱུར་པས་བགེགས་ཐམས་ཅད་བསྐྲད་པར་གྱུར། དྭིཔདྨནྟ་ཀྲྀཏ་གནོད་བྱེད་ཨུ་ཙ་ཏ་ཡ་ཕཊ༔ གཡས་གཡོན་དུ་གཏོར་ཞིང་། འཁོར་དུ་འཚོགས་པ་ཐམས་ཅད་དཔའ་བོ་དཔའ་མོར་གྱུར། མཆོད་རྫས་ཐམས་ཅད་བདུད་རྩི་ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་དུ་གྱུར། གནས་ཁང་དང་རང་གི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་ཆུང་གིས་གཏམས་པར་གྱུར། སྤྱི་བོ་མགྲིན་པ་ཐུགས་ཀ་ལྟེ་བར་ཐིག་ལེ་བྱ་ཞིང་ལྕེ་ལ་ཡང་བཞག །ལུས་ཀྱི་ལྷ་རྣམས་མཆོད་པས་


CMR026_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་ནས་དངོས་གྲུབ་ཐོབ་པར་གྱུར། ཀཱ་ཡ་སིདྡྷི་ཨོཾ། ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱི༔ བདུད་རྩི་དེ་ཡིས་ཚོགས་བྲན་ཚོགས་བྱ་ཞིང་། །གཏོར་བསྔོས་དུས་སུ་བདུད་རྩི་དེ་ཡིས་བྲན། །དཀར་བགེགས་ལ་སོགས་དེ་ཡིས་བྲན་མི་རུང་། །བཀུག་གཞུག་མ་ཚར་བར་དུ་ཐུན་གཏོར་ཡང་། །དེ་ཡིས་བྲན་པར་བྱ་བ་མ་ཡིན་ནོ། །རྒྱུན་དུ་དཀྱིལ་འཁོར་མདུན་གྱི་མཆོད་སྟེགས་ཁར། །བཞག་སྟེ་ཁ་ཆོད་ལེགས་པར་བརྒྱབས་བྱས་ནས། །ཤིན་ཏུ་གཙང་བར་བྱ་བ་གལ་ཆེའོ། །དེ་ལྟར་རྒྱལ་བ་རྒྱ་མཚོའི་ལག་མཆོད་འདི། །རོལ་པའི་རྡོ་རྗེ་དེ་བཞིན་གཤེགས་པ་དང་། །དཀོན་མཆོག་འབངས་ཀྱིས་མཛད་དང་ཚན་པ་གསུམ། །ཉང་གི་གཏེར་དང་སངས་རྒྱས་གླིང་པའི་གཏེར། །ཀུན་གྱི་དོན་བསྡུས་ལག་ཏུ་བླངས་བདེར་བྱས། །རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་། །དངོས་གྲུབ་རྣམ་གཉིས་ཐོབ་པར་ཨོ་རྒྱན་གསུངས། །རྒྱུན་དུ་བདག་བསྐྱེད་གསལ་བར་བྱས་པའི་རྗེས། །འདི་ཉིད་དམིགས་པ་གསལ་བས་ཇི་བཞིན་བྱ། །ཆང་བཞིན་མ་འདྲེས་བྷནྡྷའི་ཆང་དེ་ཉིད། །ལུས་ལྷ་མཆོད་པར་དམིགས་ནས་བཏུང་བྱས་པ། །ཆང་འཐུང་བ་ཡིས་ཉེས་པ་མི་འབྱུང་ངོ་། །གསང་སྔགས་ཐབས་ནི་མང་པའི་ཁྱད་པར་ལགས། །ཚོགས་ཆེན་ལ་སོགས་རྒྱས་པའི་ཆང་ལ་ཡང་། །ལག་མཆོད་བདུད་རྩི་བསྲེས་པས་ཉེས་པ་ཁེགས། །དམ་རྫས་དངོས་གྲུབ་ཐོབ་པའི་རྒྱུ་རུ་འགྱུར། །དུག་ཉིད་བདུད་རྩིར་བསྒྱུར་བའི་གདམས་པ་ཟབ། །རྒྱལ་བ་རྒྱ་མཚོའི་


CMR026_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་བྲིས་ཆ་ཚང་ཕྱིར། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བ་དང་། །དྲིན་ཆེན་སྤྲུལ་སྐུའི་དགོངས་རྫོགས་ལ་དམིགས་ནས། །མེ་ལུག་ས་ག་ཟླ་བའི་བཅུ་དྲུག་གི་་།དགོང་མོའི་ཐུན་ལ་རཱ་ག་ཨ་སྱས་གདམས། །ཡི་གེ་པ་ནི་སློབ་བུ་མཐར་ཕྱིན་ནོ། །འདི་བྲིས་ཉེས་འགལ་ལྷ་དང་ཌཀིར་བཤགས། །དགེ་བས་མཆོད་པའི་སྤྲིན་ཕུང་དུ་གྱུར་ནས། །སྐུ་གསུམ་དག་པའི་ཞིང་ཁམས་གར་བཞུགས་ཀྱང་། །སྤྲུལ་པའི་སྐུ་ཡི་དགོངས་པ་རྫོགས་བྱེད་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། བདུད་རྩི་ལག་མཆོད་ཀྱི་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།next