Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡབ་ཡུམ་དྲིལ་སྒྲུབ་རྒྱུན་ཁྱེར་གྱི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡབ་ཡུམ་དྲིལ་སྒྲུབ་རྒྱུན་ཁྱེར་གྱི་ཟིན་བྲིས།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡབ་ཡུམ་དྲིལ་སྒྲུབ་རྒྱུན་ཁྱེར་གྱི་ཟིན་བྲིས།


CMR026_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡབ་ཡུམ་དྲིལ་སྒྲུབ་རྒྱུན་ཁྱེར་གྱི་ཟིན་བྲིས་ཐུན་མོང་མ་ཡིན་པ་མན་ངག་འདི་སྣོད་ལྡན་རེ་རེ་མ་གཏོགས་སྐལ་མེད་དང་ལོག་ལྟ་ཅན་མང་པོ་ལ་སྤེལ་ན་མཁའ་འགྲོ་མས་རང་གི་ཚེ་སྲོག་དང་ལོངས་སྤྱོད་ལ་འབྲིད་གསུངས་པས་སྙིང་འདྲ་མ་གཏོགས་ལ་གསང་བར་བྱའོ། །ཨྠྀི།


CMR026_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་ར་གུ་ཧྱ་ཛྙཱ་ན་ཌཱཀྐི་ཡེ། ཡེ་ཤེས་མཁའ་འགྲོ་རྣམས་ཀྱིས་བདག་ལ་སྲུངས། །བྱིན་རླབས་བཀའ་ཡི་གནང་བ་བསྩལ་དུ་གསོལ། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡི། །ཡབ་ཡུམ་གཉིས་ཀ་ཟུང་འཇུག་རྒྱུན་ཁྱེར་དུ། །མཆོག་ཐུན་དངོས་གྲུབ་དུས་གཅིག་ཐོབ་པའི་ཐབས། །སློབ་དཔོན་པདྨས་མཛད་པ་ཉང་གི་གཏེར། །པཀཱིས་ཐུགས་དམ་བཀའ་འབུམ་ནས་བྱུང་དོན། །བདག་བསྐྱེད་ཆས་ཙམ་མ་གཏོགས་རྫས་མི་དགོས། །ལྷ་ལྔའི་བདག་བསྐྱེད་གཞུང་ལྟར་ཚར་བའི་རྗེས། །རང་གི་ཐུགས་ཀར་པདྨའི་ཟེའུ་འབྲུ་ལ། །ཧཱིམཐར་ཡིག་བཅུ་གཡས་སུ་


CMR026_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ལས། །འོད་ཟེར་དམར་པོ་ཕྱོགས་བཅུ་ཀུན་ཏུ་འཕྲོས། །ཕྱོགས་བཅུའི་ཞིང་བཞུགས་བླ་མ་ཡི་དམ་དང་། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །དེ་དག་ཀུན་གྱི་སྐུ་གསུང་ཐུགས་རྒྱུད་བསྐུལ། །སོ་སོའི་དཔྲལ་བ་མགྲིན་པ་ཐུགས་ཀ་ནས། །ཐུགས་རྗེ་ཆེན་པོའི་སྐུ་དང་སྔགས་ཕྲེང་དང་། །པདྨ་དམར་པོ་གྷིཡིག་གིས་མཚན་པ། །ཆེ་བ་རི་ཙམ་ཆུང་བ་ཡུངས་འབྲུ་ཙམ། །ཁ་བ་བུ་ཡུག་འཚུབ་པ་ལྟ་བུར་བྱོན། །ལྷུག་ལྷུག་ཆིལ་ཆིལ་ཆར་དྲག་བབས་པ་བཞིན། །མཚོ་ལ་ཆར་ལྟར་བདག་ལ་སིབ་སིབ་


CMR026_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། །སྡིག་སྒྲིབ་ཀུན་དག་ཚོགས་རྫོགས་དབང་བཞི་ཐོབ། །ཉམས་རྟོགས་ཡོན་ཏན་ཇེ་ཆེར་འཕེལ་བར་བྷཻཾ། །སྔ་དྲོའི་ཆ་ལ་དེ་ཉིད་ཁོ་ན་བྷཻཾ། །སླར་ཡང་ཐུགས་ཀའི་སྔགས་ལས། འོད་ཟེར་འཕྲོས། །ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་དུ་གྱུར། །ནང་བཅུད་སེམས་ཅན་ཀུན་ལ་འོད་དེས་ཕོག །ཕོ་རྣམས་ཐམས་ཅད་སྤྱན་རས་གཟིགས་སུ་གྱུར། །མོ་རྣམས་ཐམས་ཅད་གསང་ཡེ་མཁའ་འགྲོ་མ། །བདུད་དང་ལོག་འདྲེན་ཀུན་ཀྱང་རྟ་མགྲིན་སྐུ། །ཐམས་ཅད་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཏེ། །གཟུགས་སུ་སྣང་བ་ལྷ་ཡི་རང་བཞིན་ལ། །འཇའ་འོད་མེ་དཔུང་ཐིག་ལེ་ཐིག་ཕྲན་འཁྲིགས། །སྒྲ་རུ་གྲག་ཚད་ཡིག་བཅུ་སྔགས་ཀྱི་སྒྲ། །སེམས་ཀྱི་དྲན་རྟོག་ཀུན་ཀྱང་ཆོས་སྐུའི་ངང་། །གདོད་ནས་རྒྱལ་བའི་དགོངས་པ་རྗེན་པ་ཉིད། །དམིགས་མེད་ལྟ་བའི་ངང་ནས་དམིགས་པར་བྷཻཾ། །དགོང་ཀའི་བར་དུ་ཡིག་བཅུ་ཁོ་ན་ལས། །དེ་ནས་བདག་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་དམར་པོ་མེ་ལྟར་ཚ་བ་ལས། །ལྕགས་ཀྱུའི་དབྱིབས་ཅན་གློག་འོད་ལྟ་བུའི་ཚོགས། །ཕྱོགས་བཅུར་འཕྲོས་པས་སེམས་ཅན་ཀུན་ལ་ཕོག །དེ་དག་ཀུན་གྱི་ལུས་ངག་ཡིད་དང་བཅས། །རང་དབང་


CMR026_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་དབང་དུ་འདུས་གྱུར་ཏེ། །འོད་ཞུ་བདག་གི་འོད་ཟེར་དེ་ལ་ཐིམ། །འོད་ཟེར་ཚུར་འདུས་བདག་ལ་ཐིམ་པ་ཡི། །སྣང་སྲིད་ཐམས་ཅད་དབང་དུ་འདུས་པར་བསམ། །སྐབས་སུ་བྱམས་དང་སྙིང་རྗེ་དྲག་ཏུ་བྷཻཾ། །སྤྱི་བོའི་གྲུབ་ཐོབ་རྒྱ་མཚོའི་གཙོ་བོ་ཡང་། །ཨོ་རྒྱན་སྣང་མཐའ་གང་འདོད་བསྒོམ་པ་དང་། །འོག་གི་དམ་ཅན་རྒྱ་མཚོ་གཙོ་བོ་ཟླཡང་། །རང་གི་ཆོས་སྐྱོང་གང་འདོད་བསྒོམ་ཆོག་པར། །རྒྱ་གཞུང་རྣམས་ནས་གསལ་བར་གསུངས་པ་ཡིན། །རང་ཉིད་ཕྱོགས་ནི་གང་དུ་འགྲོ་ན་ཡང་། །འོག་གི་དཔའ་བོ་མཁའ་འགྲོ་སྡེ་བཞི་དང་། །ཆོས་སྐྱོང་རྣམས་ཀྱིས་བཏེག་ནས་ཁྱེར་བ་དང་། །སྣང་སྲིད་དབང་སྡུད་ཟིལ་གྱིས་གནོན་པར་བྷཻཾ། །དམིགས་པ་དེ་དག་སྒོམ་པའི་ཚེ་ན་ཡང་། །གཞུང་གི་སྔགས་རིང་ཉེར་བརྒྱད་པ་ཉིད་བཟླ། །དེ་ཡིས་ཉིན་པར་ཡབ་ཀྱི་བསྙེན་སྒྲུབ་ཚང་། །ཏིང་འཛིན་བརྟན་ཞིང་སྔགས་བསྙེན་མཐར་ཕྱིན་ན། །བྱིན་རླབས་ཡོན་ཏན་སློབ་དཔོན་པདྨ་དང་། །མཉམ་པར་འགྱུར་ཞེས་གྲུབ་ཆེན་པཀཱིས་གསུངས། །དེ་ནས་མཚན་མོའི་ཐུན་ལ་བབ་པའི་ཚེ། །བདག་བསྐྱེད་གསང་བ་ཡེ་ཤེས་དབུས་སུ་བྷཻཾ། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་གཡོན་དུ་


CMR026_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །རང་ཉིད་གསང་བ་ཡེ་ཤེས་ང་རྒྱལ་བཟུང་། །གསང་ཡེ་ཐུགས་ཆེན་རྟ་མགྲིན་ཐུགས་ཀ་རུ། །ཧཱིམཐར་རང་རང་སྔགས་ཀྱི་ཕྲེང་བས་བསྐོར། །རང་ཉིད་ཐུགས་ཀའི་སྔགས་ཕྲེང་གཡོན་དུ་འཁོར། །དེ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་རྒྱུད་རང་དབང་མེད་པར་བསྐུལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཀུན། །འོད་ཟེར་དམར་པོར་བསྡུས་ནས་བདག་ལ་ཐིམ། །སླར་ཡང་སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས། །སྣོད་ཀྱི་འཇིག་རྟེན་ས་ཆུ་མེ་རླུང་བཅུད། །རིན་ཆེན་གཏེར་ཁ་ཉི་ཟླ་ནོར་བུ་ཡི། །བཅུད་དང་ཡོན་ཏན་དངོས་གྲུབ་བདག་ལ་བསྟིམ། །སླར་ཡང་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས། །མེ་ལྟར་ཚ་ཞིང་གདུང་བའི་ཚོགས་འཕྲོས་པས། །སྐྱེ་འགྲོ་ཀུན་གྱི་སྙིང་ནས་བཟུང་སྟེ་བཀུག །དེ་དག་ངོ་བོ་བྱང་སེམས་དཀར་དམར་ལ། །རྣམ་པ་འོད་ཕུང་དཀར་དམར་མདངས་ལྡན་པ། །རེག་ནས་བདེ་བའི་རང་བཞིན་ཅན་དུ་ཞུ། །རིག་པའི་ངོ་བོ་རང་གི་ཧྲིལ་ཐིམ། །ལུས་པོ་འོད་ཞུ་རང་གི་ལྟེ་བར་བསྟིམ། །སྐབས་སུ་བྱམས་དང་སྙིང་།


CMR026_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དྲག་ཏུ་བསྒོམ། །ཨོཾ་དྷུ་མ་གྷ་ཡེ་ན་མསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧིཡ་ཧཱུྃ་ཛཿ ཨོཾ་ཨཱཿཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ། བཱ་སུ་སི་ཏི་ན་ན་ཌ་དྷེ་སི་ཏི་སརྦ་སི་ཏི་ཕ་ལ་ཧཱུྃ། སི་ཏི་སི་ཏི་ས་མཱ་ཡ་སྡུས་སྡུས་ཧཱུྃ་ཧཱུྃ། སྔགས་དམིགས་དེ་དག་མཚན་མོ་རྒྱུན་དུ་བྱ། །དེ་བྱས་གསང་བ་ཡེ་ཤེས་མཁའ་འགྲོ་དང་། །བྱིན་རླབས་ཡོན་ཏན་མཉམ་པར་གུ་རུས་གསུངས། །ཉིན་མཚན་གཉིས་ལ་ཡབ་ཡུམ་སྒྲུབ་པ་རྫོགས། །སྔ་དྲོ་དགོང་མོ་མཚན་མོ་ནམ་འདོད་ལ། །གཏོར་བསྔོས་མ་ཆག་པ་ནི་གལ་ཆེ་ཞིང་། །ཚེས་བཅུ་ལ་སོགས་དུས་ནི་བཟང་དུས་སམ། །ཤུགས་འབྱུང་ཤ་ཆང་ལ་སོགས་ནམ་འཛོམ་དུས། །ཚོགས་གཏོར་མེ་མཆོད་བརྩོན་པ་དམ་ཚིག་ཡིན། །དེ་ལྟར་ཡབ་ཡུམ་དྲིལ་སྒྲུབ་རྒྱུན་ཁྱེར་འདི། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བའི་ཕྱིར། །མེ་ལུག་ས་གའི་དམར་པོའི་ཚེས་དྲུག་གི །སྔ་དྲོའི་ཐུན་ལ་རཱ་ག་ཨ་སྱས་གདམས། །སྦ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས། །དགེ་བས་བདག་དང་སློབ་མ་བརྒྱུད་པར་བཅས། །མཆོག་ཐུན་དངོས་གྲུབ་གཉིས་ལ་མངའ་བརྙེས་ཤོག །ཡི་གེ་པ་ནི་བླ་མ་མཐར་ཕྱིན་ནོ། །བཀྲ་ཤིས།།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡབ་ཡུམ་དྲིལ་སྒྲུབ་རྒྱུན་ཁྱེར་གྱི་ཟིན་བྲིས།next