Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡབ་ཡུམ་དྲིལ་སྒྲུབ་རྒྱུན་ཁྱེར་གྱི་བུ་ཡིག
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡབ་ཡུམ་དྲིལ་སྒྲུབ་རྒྱུན་ཁྱེར་གྱི་བུ་ཡིགnext

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡབ་ཡུམ་དྲིལ་སྒྲུབ་རྒྱུན་ཁྱེར་གྱི་བུ་ཡིག


CMR026_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡབ་ཡུམ་དྲིལ་སྒྲུབ་རྒྱུན་ཁྱེར་གྱི་བུ་ཡིག་བཞུགས་སོ།།


CMR026_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། རྒྱལ་བ་རྒྱ་མཚོ་རྒྱུན་ཁྱེར་བྱེད་པའི་དུས། །དུས་བཟང་ངམ་ནི་མཆོད་རྫས་འཛོམ་པའི་ཚེ། །ཚོགས་ཀྱི་འཁོར་ལོ་གཞུང་ལྟར་ཚར་བའི་རྗེས། །མདུན་གྱི་ནམ་མཁའི་ཚོགས་མགྲོན་ལྷ་རྣམས་ཀྱི། །དཔྲལ་མགྲིན་ཐུགས་ཀ་ལྟེ་བ་གསང་གནས་ནས། །འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་དང་། །སྐུ་དང་སྔགས་ཕྲེང་ཕྱག་མཚན་དཔག་མེད་འཕྲོས། །རང་གི་ལུས་ཀྱི་གནས་ལྔར་ཐིམ་པ་ཡིས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་རླབས་དང་། །དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམ། །རོལ་མོ་དབྱངས་བཅས་སྤྱན་འདྲེན་ཚར་


CMR026_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་རྗེས། །སྔགས་རིང་མཇུག་ཏུ་འདི་སྦྱར་གསུམ་བདུན་བརྗོད། །ཀཱ་ཡ་ཝཱཀ་ཙིཏྟ་གུརྦ་ཀརྨ་སིདྡྷི་ཧཱུྃ། དེས་ནི་རྒྱུན་སྒྲུབ་དངོས་གྲུབ་ལེན་ཆོག་དང་། །བདག་འཇུག་བསྡུས་པའི་དོན་ཡང་ཚང་བ་སྟེ། །སྔོན་གྱི་ཕྱག་ལེན་རྒྱུན་ལ་ཡོད་དོ་ཞེས། །མཚུར་ཕུ་འཇམ་དབྱངས་ཆེན་པོའི་ཞལ་གདམས་ཡིན། །འདི་ཡི་ལས་སྦྱོར་གཙོ་བོ་སྦྱིན་སྲེག་སྟེ། །དཀར་གསུམ་མངར་གསུམ་ཤ་ཕུད་བཟང་སྨན་དང་། །གང་འདོད་ཟས་སྣ་འབྲུ་སྣ་གང་རྙེད་དང་། །དར་ཟབ་ཕྲུག་གི་དུམ་བུ་རྙེད་ཚད་བསྲེ། །སྒྲུབ་རྫས་རིལ་བུ་རྙེད་ན་མཆོག་ཡིན་ཏེ། །མ་རྙེད་བདུད་རྩི་རིལ་བུའམ་སིནྡྷཱར་


CMR026_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། །གུར་གུམའམ་ཆང་ཕུད་གཙང་མ་བླུག་ལ་སྒྲོགས། །དེ་ནང་ཕྱུར་བ་ཕྱེ་མར་ཅི་མང་བསྲེ། །མང་དུ་བྱས་ལ་སྣོད་གཙང་ནང་དུ་འཚག །ཤུག་པའམ་ཙནྡན་རྙེད་ན་མཆོག་ཡིན་ཏེ། །འདི་ལ་ཐབ་སོགས་བྲིས་པ་མེད་ཀྱང་ཆོག །མདུན་མེའམ་ནི་ཐབ་ཀྱི་མེ་ལའང་རུང་། །མེ་དབུས་སྐད་ཅིག་མཁའ་འགྲོ་གཙོ་འཁོར་ནི། །ཐུགས་ཀའི་འཇིག་རྟེན་དབང་ཕྱུག་བཅས་པ་བསྐྱེད། །སྤྱན་འདྲེན་ནང་ནས་རྟ་མགྲིན་ཆོས་སྐྱོང་བསྒྱུར། །དབང་བསྐུར་མི་དགོས་བཞུགས་གསོལ་བྱས་པས་འཐུས། །ཨོཾ། མཆོད་ཡོན་བདུག་སྤོས་ལ་སོགས་ཚིགས་ཟློབཅད་དང་། །ཨརྒྱུ་ལ་སོགས་སྔགས་ཀྱིས་མཆོད་བྱས་ལ། །བསྲེག་རྫས་སྡེར་གང་ཙམ་ཞིག་བྲན་བྱས་ལ། །ཨ་ཀཱ་རོ་ཡི་སྔགས་ཀྱིས་བྱིན་གྱིས་བརླབས། །ལྷ་ལྔའི་སྔགས་རིང་ཉེར་བརྒྱད་ཧཱུྃ་ཛའི་མཐར། །བཱ་སུ་ན་ན་ཥ་དྷེ་པུཎྚི་ཀུ་རུ་ཡེ་སྭཱ་ཧཱ། རྫོ་ས་རེ་འདེབས་དང་སྔགས་རེ་སྤྲད་བྱ་སྟེ། །བརྒྱ་དང་རྩ་བརྒྱད་བར་དུ་ཕུལ་བ་ཡིས། །མཉེས་ནས་དགོས་འདོད་ཆར་ལྟར་འབེབས་པར་བསམ། །ཡུམ་གྱི་བསྟོད་པ་ཚང་བར་བྱེད་པ་ཡིན། །དེས་ནི་སྦྱིན་སྲེག་ཚར་གཅིག་ཚང་བ་སྟེ། །གཅིག་གསུམ་ལྔ་བདུན་ལ་སོགས་ཅི་ལྕོགས་བྱ། །རྗེས་ཆོག་ཨརྒྷཾ་


CMR026_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་མཆོད་བྱས་ཤིང་། །བསྟོད་པར་འོས་པ་ལ་སོགས་ཤོ་ལོས་བསྟོད། །དེ་ནས་ལྷ་རྣམས་འོད་ཞུ་བདག་ལ་བསྟིམ། །གནས་བཟང་དུས་བཟང་རྫས་སྣ་འཛོམ་ན་ཟབ། །སྔོན་དུ་ལྷ་ལྔའི་བསྙེན་པ་མང་ཐེམས་ནས། །དེས་ནི་རྣོ་མྱུར་དགོས་འདོད་འཕྲལ་དུ་འབྱུང་། །གོང་དུ་བསྙེན་སྒྲུབ་ཅི་ཡང་མ་ཐེམ་པར། །ལས་སྦྱོར་བྱས་པས་འབྲས་བུ་ག་ལ་འབྱུང་། །འདི་ཉིད་ཉམས་སུ་བླངས་པའི་ཕན་ཡོན་ནི། །ཡེ་ཤེས་མཁའ་འགྲོ་ཉིད་དང་མཉམ་པར་གསུངས། །དེ་ལྟར་ཡབ་ཡུམ་དྲིལ་སྒྲུབ་ཞལ་གདམས་འདི། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བའི་ཕྱིར། ༧ རཱ་ག་ཨ་སྱས་འཕྲལ་དུ་གདམས་པ་ལྟར། །མཐར་ཕྱིན་ཞེས་བྱས་འཕྲལ་དུ་ཡི་གེར་བཏབ། །ཉེས་པ་མཆིས་བཤགས་དགེ་བ་བྱང་པ་ཆུབ་བསྔོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡབ་ཡུམ་དྲིལ་སྒྲུབ་རྒྱུན་ཁྱེར་གྱི་བུ་ཡིགnext