Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལོས་ཡུམ་གསང་བ་ཡེ་ཤེས་མཁའ་འགྲོ་གཙོ་བོར་སྒྲུབ་པ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བའི་ཟིན་བྲིས།
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལོས་ཡུམ་གསང་བ་ཡེ་ཤེས་མཁའ་འགྲོ་གཙོ་བོར་སྒྲུབ་པ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བའི་ཟིན་བྲིས།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལོས་ཡུམ་གསང་བ་ཡེ་ཤེས་མཁའ་འགྲོ་གཙོ་བོར་སྒྲུབ་པ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བའི་ཟིན་བྲིས།


CMR026_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལོས་ཡུམ་གསང་བ་ཡེ་ཤེས་མཁའ་འགྲོ་གཙོ་བོར་སྒྲུབ་པ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བའི་ཟིན་བྲིས་བཞུགས་སོ། །འདི་སྣོད་ལྡན་རེ་རེ་མ་གཏོགས་སྐལ་མེད་དང་མང་པོ་ལ་སྤེལ་ན་མཁའ་འགྲོ་མས་རང་གི་ཚེ་སྲོག་དང་ལོངས་སྤྱོད་ལ་འབྲིང་གསུངས་པས་སྙིང་འདྲ་མ་གཏོགས་ལ་གསང་ངོ་། །


CMR026_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་ར་གུ་བྱེ་ཛྙཱ་ན་ཌཱཀི་ཡེ། དཔའ་བོ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །དགོངས་པ་གྲོལ་ཞིང་བྱིན་རླབས་དངོས་གྲུབ་སྩོལ། །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་ཐབས་ལས། །ཡུམ་ཉིད་གཙོ་བོར་སྒྲུབ་སྟེ་ལས་སྦྱོར་ཐབས། །སློབ་དཔོན་པདྨས་མཛད་པ་ཚན་གཉིས་དང་། །སྲོང་བཙན་སྒམ་པོས་མཛད་དང་པཀཱིས་གསུངས། །ཀུན་གྱི་དོན་བསྡུས་ཆོ་ག་འདི་ཉིད་ལ། །གཞུང་བཟུང་ཉམས་སུ་ལེན་ཐབས་ཁྱེར་བདེ་ནི། །སྒྲུབ་གནས་གནས་རི་བཟང་ངམ་དབེན་གནས་སུ། །རྒྱས་པར་མཎྜལ་སྟེགས་བུ་ལེགས་བྱ་སྟེ། །བུད་མེད་གཙང་མའི་པདྨ་རཀྟའམ། །


CMR026_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྙེད་ཚབ་ལ་བྲག་ཞུན་བཏང་བར་བྱ། །མཚལ་དང་སིནྡྷ་ར་རྣམས་ཆང་དང་སྦྱར། །ས་སྟེགས་ཡིན་ན་བཙག་གིས་དམར་པོར་བསྒྱུར། །དེ་སྟེང་རྫ་ས་སྣ་དེ་དག་བྱུག་པ་སྟེ། །ས་སྟེགས་མེད་ན་གཞི་ནི་དམར་པོ་བཏིང་། །དེ་སྟེང་རྫས་རྣམས་དེ་དག་ཅུང་ཟད་བཏབ། །དབུས་སུ་པདྨ་དམར་པོ་འདབ་བཞི་ལ། །དབུས་དང་ཕྱོགས་བཞིར་རང་མདོག་ཐིག་ལེ་བཀོད། །དེ་རྒྱབ་ཆོས་འབྱུང་བསྣོལ་མ་བྲི་བ་སྟེ། །ཟུར་དྲུག་དགའ་འཁྱིལ་མཚམས་དྲུག་གཡུང་དྲུང་རེ། །དེ་རྒྱབ་ཟླུམ་བསྐོར་དེ་རྒྱབ་པད་འདབ་བཞི། །ཚོམ་བུ་གཡས་གཡོན་དམར་དང་མདུན་རྒྱབ་ནག །དེ་རྒྱབ་རྡོ་


CMR026_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རྭ་མེ་རི་གཡོན་སྐོར་བྲི། །རྡུལ་ཚོན་མེད་ན་འབྲུ་ཡིས་བརྡ་ཙམ་བྲི། །དེ་དབུས་མཉྫིའམ་ཤིང་གི་ཨོཾ་བྱས་སྟེང་། །ཐོད་པ་དུམ་གཅིག་གམ་ནི་མཚན་བཟང་བཞག །པདྨ་རཀྟ་བྱང་སེམས་དཀར་པོ་གཉིས། །མ་རྙེད་ཚབ་ལ་ཅོང་ཞི་བྲག་ཞུན་ནོ། །བཟང་དྲུག་གི་ཝང་མཚལ་དང་སིནྡཱ་ར། །འབྲུ་སྣ་སྨན་སྣ་རིན་ཆེན་སྣ་ཚོགས་དང་། །ཟས་སྣ་བཟང་པོ་གང་འཛོམ་ཞིབ་པར་བཏུལ། །རྙེད་ན་བ་དམར་འོ་མ་མ་རྙེད་ཀྱང་། །ཆང་བསྲེས་བག་ཟན་ནམ་ནི་ཞིབ་ཙམ་གྱི། །རིལ་བུ་མང་བྱས་ཁ་དོག་དམར་པོ་བསྒྱུར། །ལེགས་པར་སྐམ་ལ་ཐོད་པ་དེ་ཉིད་བཀང་། །དར་དམར་བཀབ་སྟེ་མེ་ལོང་སིནྡྷ་ར། །འདབ་བཞི་ཆོས་འབྱུང་དགའ་འཁྱིལ་བཅས་པ་བྲི། །དབུས་ཧྲུའདབ་བཞི་ཧ་རི་ནི་ས་སྟེ། །ཆོས་འབྱུང་མཐའ་བསྐོར་བྷ་སུ་སིདྡྷི་སོགས། །བཟླ་བྱའི་སྔགས་ཤམ་ཡིག་མགོ་ཕྱིར་བསྟན་བྲི། །དེ་ཉིད་བྷནྡྷ་སྟེང་དེར་བཞུགས་པར་བྱ། །གཡས་གཡོན་གཉིས་སུ་སྨན་རཀ་གཉིས་པོ་བཤམས། །མདུན་དུ་རིན་ཆེན་སྣོད་དམ་ཡང་པའི་སྣོད། །མཁའ་འགྲོའི་གཏོར་མ་ཟུར་གཉིས་རྒྱན་ལེགས་པ། །འཁོར་བཞི་ཟུར་གསུམ་ཀུན་ཀྱང་ཤ་དམར་དང་། །ཟས་སྣ་རྙེད་ཚད་ཀུན་གྱིས་བརྒྱན་པ་


CMR026_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས། །མཐའ་བསྐོར་མཆོད་པ་སྣ་བདུན་སྐོར་བཤམས་དང་། །ཚོགས་དང་ལག་མཆོད་ཐུན་གཏོར་མང་པོ་བསགས། །དཀྱིལ་འཁོར་མདུན་དུ་སྣ་བདུན་བརྗེ་རྒྱུ་བཤམས། །དེ་ནས་ལྷ་ལྔའི་བདག་མདུན་གཞུང་ལྟར་རམ། འདི་ནི་རྙིང་མ་ཁོ་ན་ཡིན་པའི་ཕྱིར། །བདག་མདུན་དུས་གཅིག་བསྐྱེད་ཀྱང་མཆོད་པ་སྟེ། །མཆོད་བཞི་བསྟོད་བཞི་ཡན་ཆོད་ཚར་བའི་རྗེས། །བསྙེན་པའི་སྐབས་སུ་སྐད་ཅིག་གནས་འགྱུར་ཏེ། །བདག་མདུན་གསང་བ་ཡེ་ཤེས་དབུས་སུ་བཞུགས། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་གཡོན་ཕྱོགས་བཞུགས། །བདག་དང་རྟ་མགྲིན་ཐུགས་རྗེ་ཆེན་པོ་ཡི། །ཐུགས་ཀར་ཧཱིམཐར་རང་རང་སྔགས་ཕྲེང་ནི། །གཙོ་མོའི་འདབ་བཞིར་མཁའ་འགྲོ་དཔའ་བོ་བཞི། །རང་རང་ཐུགས་ཀར་རང་སྲོག་ཡིག་འབྲུ་རེ། །གཙོ་མོའི་སྔགས་ཕྲེང་གཡོན་འཁོར་གཡས་གཡོན་གྱི། །ལྷ་གཉིས་ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས་འདི་ཉིད། །ཆོས་འབྱུང་བདེ་ཞིང་གསལ་བའི་རང་བཞིན་ཅན། །རྒྱ་ཆེན་ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར། །སླར་ཡང་འོད་


CMR026_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ཕྱོགས་བཅུའི་ཞིང་རྣམས་ནས། །ལྷ་ལྔའི་ལྷ་ཚོགས་དཔག་མེད་སྤྱན་དྲངས་ཏེ། །བདག་མདུན་ལྷ་ཚོགས་རྣམས་ལ་ཡང་ཡང་བསྟིམ། །དེ་ནས་བདག་གི་སྐུ་ལས་འོད་ཟེར་ལྟའཕྲོས། །ས་ཕྱོགས་འདི་ཉིད་ནུབ་ཕྱོགས་ཨོ་རྒྱན་ཡུལ། །འཇའ་གུར་མེ་ཏོག་ཆར་འབེབས་སྤོས་དྲི་ལྡང་། །རི་བོ་ཐམས་ཅད་ཀེང་རུས་རུས་པའི་རི། །ཆུ་ཀླུང་ཐམས་ཅད་ཁྲག་འཆང་བདུད་རྩི་ལྔ། །རྩི་ཤིང་ཐམས་ཅད་མདའ་མདུང་མཚོན་ཆར་སྐྱེས། །སྒྲ་སྐད་ཐམས་ཅད་ཧཱུྃ་ཕཊ་སྔགས་ཀྱི་སྒྲ། །དུས་གསུམ་སངས་རྒྱས་རྣམས་ཀྱང་ཡ་ང་ཞིང་། །ཁྲོ་བོ་བཅུ་ཡང་རྒྱུ་བར་མི་ནུས་པའི། །རབ་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོར་གྱུར། །གནས་ཁང་ཐོད་པ་སྐམ་རློན་བརྩེགས་པའི་མཁར། །གྲུ་བཞི་སྒོ་བཞི་ཞིང་ཆེན་ཐོག་ཕུབ་ཅིང་། །ཁྲོ་མོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་དབུས། །ཆོས་འབྱུང་གྲུ་གསུམ་བསྣོལ་བའི་སྟེང་དུ་ནི། །ཨུ་མ་སྒྲ་གཅན་འདོད་ལྷ་བསྣོལ་བའི་སྟེང་། །རང་ཉིད་ལྷ་མོས་གར་མཛད་ཞབས་བརྫིས་པས། །སྟོང་གསུམ་འཇིག་རྟེན་ཤིག་ཤིག་ཡམ་ཡམ་འགུལ། །འུར་སྒྲ་ཐུག་ཆོམ་ཕྱོགས་བཅུར་བསྒྲགས་པ་ཡིས། །གནས་ཡུལ་རིགས་བཞིའི་དཔའ་བོ་ཌཱཀྐིའི་ཚོགས། །ཐམས་ཅད་


CMR026_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འཚོགས་ནས་གུས་འདུད་གདན་ནས་བཏེག །ཅི་བགྱིས་བཀའ་ཉན་གསུང་བསྒྲུབ་ཁས་བླངས་བསྒོམ། །ཕྱག་གཡས་གྲི་གུག་ལས་ནི་གྲི་གུག་ཆར། །བབས་པས་གནོད་བྱེད་ཐམས་ཅད་དུམ་བུར་གཏུབས། །སེམས་ཅན་ཀུན་གྱི་བདག་འཛིན་རྩད་ནས་བཅད། །ཕྱག་གཡོན་བདུད་རྩི་དེ་ལས་འོད་ཟེར་འཕྲོས། །འཁོར་འདས་ཀུན་གྱི་དངོས་གྲུབ་བཅུད་བསྡུས་ཏེ། །ཞལ་དུ་གསོལ་བས་བཀྲག་མདངས་གཟི་བརྗིད་རྒྱས། །ཁ་ཊཾ་རལ་གྲི་གཉིས་ལས་མཚོན་ཆའི་ཚོགས། །སྤྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཞལ་ནས་ཨ་ར་ལི་དང་ཕོ་སྒྲ་ཡིས། །བྱང་ཆུབ་སྒྲུབ་པའི་བགེགས་རྣམས་ཚར་བཅད་གྱུར། །དཔའ་བོ་མཁའ་འགྲོ་ཐམས་ཅད་དབང་མེད་བསྡུས། །སྤྱན་གསུམ་དམར་ཟླུམ་ཕྱོགས་བཅུར་གཟིགས་པ་ཡིས། །གང་གཟིགས་འགྲོ་བ་ཐམས་ཅད་དབང་དུ་བསྡུས། །སྐུ་དང་རྒྱན་ཆ་རྣམས་ལས་འོད་ཟེར་འཕྲོས། །འོག་མིན་མཁའ་སྤྱོད་གནས་དང་ཨོ་རྒྱན་ཡུལ། །ས་འོག་ས་སྟེང་ས་བླར་གནས་པ་ཡི། །དཔའ་བོ་མཁའ་འགྲོ་ཀུན་གྱི་ཞིང་ཁམས་དང་། །ཕོ་བྲང་གདན་ཁྲི་རྒྱན་ཆ་ཐམས་ཅད་ཀྱི། །བྱིན་རླབས་བསྡུས་ནས་རང་གི་དེ་རྣམས་ལ། །ཐིམ་པས་


CMR026_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲག་མདངས་གཟི་བརྗིད་འོད་དུ་འབར། །སླར་ཡང་སྐུ་ལས་འོད་ཟེར་འཕྲོས་པ་ཡིས། །བདག་དང་མདུན་གྱི་དཀྱིལ་འཁོར་བཅུ་པོ་རྣམས། །ཐམས་ཅད་གསང་ཡེའི་དཀྱིལ་འཁོར་བཅུ་རུ་གྱུར། །བདག་གི་འོད་ཟེར་མདུན་བསྐྱེད་ལ་ཕོག་པས། །མདུན་བསྐྱེད་སྐུ་ལས་གསང་ཡེ་གྲངས་མེད་འཕྲོས། །རྒྱལ་བ་ཀུན་གྱི་སྐུ་ཡི་བྱིན་རླབས་དང་། །སེམས་ཅན་ཀུན་གྱི་ལུས་ཀྱི་གཟི་བརྗིད་བསྡུས། །ཚུར་འདུས་འོད་ཞུ་བདག་གི་དཔྲལ་བར་ཐིམ། །མདུན་བསྐྱེད་ཐུགས་ལས་ཧྲི༔ཡིག་གཅིག་ཆད་པས། །སྔགས་རིང་སྒྲ་དང་བཅས་པས་འཇིག་རྟེན་གང་། །རྒྱལ་བ་ཀུན་གྱི་གསུང་གི་བྱིན་རླབས་དང་། །འགྲོ་བ་ཀུན་གྱི་ངག་གི་ནུས་མཐུ་བསྡུས། །ཚུར་འདུས་འོད་ཞུ་བདག་གི་མགྲིན་པར་ཐིམ། །མདུན་བསྐྱེད་ཐུགས་ལས་རྡོ་རྗེ་རྩེ་ལྔ་པས། །མཚན་པའི་ཟངས་གྲི་གཅིག་འཕྲོས་འཇིག་རྟེན་གང་། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་བྱིན་རླབས་དང་། །སེམས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་བསྡུས། །ཚུར་འདུས་འོད་ཞུ་བདག་གི་སྙིང་གར་ཐིམ། །བདག་མདུན་སྔགས་འཁོར་གཡོན་དུ་དྲག་ཏུ་འཁོར། །བདག་གི་ཐུགས་ལས་འོད་ཟེར་དམར་པོ་འཕྲོས། །མདུན་གྱི་གཙོ་མོའི་ཞལ་ཞུགས་སྐུ་ལུས་


CMR026_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད། །བྷ་ག་ནས་ཐོན་རང་གི་གསང་གནས་ནས། །ཐུགས་ཀར་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །འོད་ཟེར་མགལ་མེའི་འཁོར་ལོ་ལྟར་བསྐོར་ཞིང་། །ཕྱིས་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་གྱུར། །སྔགས་ཕྲེང་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་དང་། །སེམས་ཅན་ཀུན་གྱི་སེམས་རྒྱུད་བསོད་ནམས་ཀུན། །རང་དབང་མེད་པར་བསྡུས་ནས་སྔགས་ཕྲེང་ལ། །ཐིམ་ཞིང་སྔགས་ཕྲེང་བདག་ལ་ཐིམ་པ་ཡིས། །འཁོར་འདས་ཡོན་ཏན་ཐམས་ཅད་བདག་ལ་ཐིམ། །སྔགས་ཕྲེང་འཁོར་བའི་འོད་ཟེར་དེ་ཕོག་པས། །སེམས་ཅན་ཀུན་གྱི་ལུས་ངག་ཡིད་གསུམ་གྱི། །སྡིག་སྒྲིབ་དག་ནས་ཕོ་རྣམས་སྤྱན་རས་གཟིགས། །མོ་རྣམས་གསང་བ་ཡེ་ཤེས་མཁའ་འགྲོར་གྱུར། །ཀུན་ཀྱང་སྔགས་སྒྲ་འུར་འུར་སྒྲོག་པར་གྱུར། །ཨོཾ་དྷུ་མ་གྷ་ཡེ་ན་མསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧཱིཡ་ཧཱུྃ་ཛཿ ཨོཾ་ཨཱཿཧཱུྃ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ། བཱ་སུ་སི་ཏི་ན་ན་ཥ་དྷེ་སི་ཏི་སརྦ་སི་ཏི་ཕ་ལ་ཧཱུྃ། སི་ཏི་སི་ཏི་ས་མ་ཡ་སྡུས་སྡུས་ཧཱུྃ་ཧཱུྃ། དེ་ནས་ཐུན་གཏོར་ཟུར་གསུམ་བདུད་རྩིས་བྲན། །ཨོཾ་ཨཱཿཧཱུྃ། རླུང་


CMR026_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཐོད་སྐྱེད་ཡེ་ཤེས་ཀ་པཱ་ལ། །གཏོར་མ་ཤ་ལྔ་བདུད་རྩི་ལྔས་བརྒྱན་པ། །འོད་ཞུ་ཁ་དོག་དྲི་རོ་ཕུན་ཚོགས་གྱུར། །ཧ་ཧོ༔ཧྲཱིཿ ཨོཾ་ཨཱཿཧཱུྃ་སརྦ་བུདྡྷ་ཌཱཀྐི་ནཱི། མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་ཌཱཀྐི་ནཱི། རཏྣ་ཊཱཀྐི་ནཱི། པདྨ་ཌཀྐི་ནཱི། ཀརྨ་ཊཱཀྐི་ནཱི་ཡེ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། མཁའ་འགྲོ་གསང་བ་ཡེ་ཤེས་མ། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་མ། །པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་མ། །བྱིན་གྱིས་བརླབ་ཅིང་བར་ཆད་སེལ་མཛད་མ། །བྱིན་རླབས་བསམ་པ་བསྒྲུབ་ཏུ་གསོལ། །དམ་རྫས་གཏོར་མ་འདི་ལོངས་ལ། །བདག་གི་བར་ཆད་བསྲུང་བ་དང་། །དངོས་གྲུབ་དགོས་འདོད་སྩོལ་བ་དང་། །གདུག་པའི་དགྲ་བགེགས་བསྒྲལ་བ་དང་། །རྣལ་འབྱོར་བསམ་པ་བསྒྲུབ་ཏུ་གསོལ། །ཨོཾ་བུདྡྷཱ་ཌཱཀྐི་ནཱི་ཡེ། བཛྲ་ཌཀྐི་ནཱི། རཏྣ་ཊཱཀྐི་ནཱི། པདྨ་ཊཱཀྐི་ནཱི། ཀརྨ་ཊཱཀྐི་ནཱི། སརྦ་སིདྡྷི་ཧཱུྃ། ཞེས་བརྗོད་ཐུན་གཏོར་གཏོར་ཆེན་ནང་དུ་ཕུལ། །དེ་ནས་སྐད་ཅིག་བདག་མདུན་གནས་འགྱུར་པས། །ལྷ་ལྔ་དང་པོའི་སྐུ་རུ་གསལ་བྱས་ལ་་་་་དེ་དོན་གཙོ་བོ་དང་རྟ་མགྲིན་གསང་ཡེ་སོགས་ཀྱི་དཀྱིལ་འཁོར་བསྒྱུར་མཆན། །དེ་ནས་ཇ་མར་ཐུད་སོགས་ཟས་སྣའི་རིགས། །མཐེབ་སྐྱ་དང་བཅས་གཏོར་ཆེན་


CMR026_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་གཏོར་གསོས། །གཏོར་བསྔོས་བྱས་ཤིང་གང་འདོད་གསོལ་ཞེས་བརྗོད། །ལྷ་ལྔའི་སྔགས་རིང་ཡིག་འབྲུ་ཉེར་བརྒྱད་ལ། ན་ན་ཥ་དྷེ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་ཕྲེང་སྐོར་ཙམ་ཞིག་བཟླས་པ་བྱ། །དེ་ནས་ཐུན་བསྡུ་ལ་སོགས་གཞུང་ལྟར་རོ། །དེ་ནས་གུང་ཐུན་ལ་ཡང་དེ་ལྟར་མཚུངས། །ཐུན་དང་འདོན་ལུགས་དམིགས་པ་གོང་ལྟར་བྱ། །ཉིན་ཕྱེད་ཉིད་ལ་ཐུན་དཀྱིལ་རེད་ཀྱང་བཟོད། །སྦྱིན་སྲེག་བསྡུས་པ་འགྲུབ་ན་ཤིན་ཏུ་ལེགས། །མ་འགྲུབ་ན་ཡང་མ་ཚང་སྐྱོན་ནི་མེད། །དེ་ནས་དགོང་ཀའི་ཐུན་ལ་བབ་པའི་རྗེས། །ལྷ་ལྔ་བདག་མདུན་ཚར་གཅིག་གཞུང་ལྟར་འདོན། །དེ་ནས་བཟླས་པ་བྱེད་ཚེ་དམིགས་པ་ནི། །བདག་མདུན་གསང་བ་ཡེ་ཤེས་དབུས་སུ་བྷཻཾ། །ཐུགས་རྗེ་ཆེན་པོ་འཁོར་བཅས་གཡོན་དུ་བྷཻཾ། །བདག་མདུན་གཙོ་མོ་གཉིས་ཀྱི་ཐུགས་ཀ་རུ། །ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། །དམར་པོ་ཞལ་གཅིག་ཕྱག་གཉིས་འཛུམ་མདངས་ཅན། །ཕྱག་གཡས་མུ་ཏིག་དམར་པོའི་ཕྲེང་བ་འདྲེན། །གཡོན་པས་པདྨ་དམར་པོའི་སྡོང་བུ་འཛིན། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཞབས་གཉིས་པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས། །


CMR026_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་པདྨ་དམར་པོའི་ཟེའུ་འབྲུ་ལ། །ཧིམཐར་ཡིག་དྲུག་དྷུ་མའི་སྔགས་གཡས་འཁོར། །དེ་ལས་འོད་ཟེར་དམར་པོ་འཕྲོས་པ་ཡིས། །རང་ཉིད་གསང་ཡེ་བྷ་ག་ནས་ཐོན་ཏེ། །འཁོར་ནི་རིགས་བཞིའི་མཁའ་འགྲོ་རང་ཉིད་ཀྱི། །གདན་ནི་པདྨ་འདབ་བཞི་བཏེག་པ་ལ། །ཕོག་པས་འཁོར་དང་རང་འདྲའི་སྤྲུལ་པ་ནི། །བྱེ་བ་དུང་ཕྱུར་འཇིག་རྟེན་ཁྱབ་པར་འཕྲོས། །ལས་བྱེད་སྤྲུལ་པའི་མཁའ་འགྲོ་དེ་རྣམས་ཀྱིས། །རྡོ་རྗེ་མཁའ་འགྲོས་ལྷ་མིན་དབང་དུ་བསྡུས། །རིན་ཆེན་མཁའ་འགྲོས་མི་ནོར་ཟས་གསུམ་བསྡུས། །པདྨ་མཁའ་འགྲོས་ཀཀི་ཟས་ནོར་བསྡུས། །ལས་ཀྱི་མཁའ་འགྲོས་དགྲ་བགེགས་དབང་དུ་བསྡུས། །འཇིག་རྟེན་ཟས་ནོར་དངོས་གྲུབ་བཅུད་བསྡུས་ནས། །ཐོད་པའི་རིལ་བུ་ལ་ཐིམ་ལྷུད་ལྷུད་གང་། །དེ་ནས་བདག་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་ཡབ་ཡུམ་ཞལ་ནས་རིམ་པར་བརྒྱུད། །མདུན་གྱི་ཡུམ་ཡབ་ཞལ་ཞུགས་ཐུགས་ཀ་བརྒྱུད། །ཡུམ་ཡབ་གསང་བ་ནས་ཐོན་རང་ཉིད་ཀྱི། །ཡུམ་ཡབ་གསང་བ་ནས་ཞུགས་ཐུགས་ཀར་ཐིམ། །དེ་ལྟར་འོད་ཟེར་མགལ་མེ་བཞིན་དུ་འཁོར། །དེ་ནས་འོད་ཟེར་སྔགས་རིང་གྱུར་ནས་འཁོར། །དེ་ལས་འོད་ཟེར་


CMR026_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ལྕགས་ཀྱུའི་དབྱིབས། །མེ་ལྟར་ཚ་ཞིང་གདུང་བའི་ཚོགས་འཕྲོས་པས། །སྐྱེ་འགྲོ་ཀུན་གྱི་སྙིང་ནས་བཟུང་སྟེ་བཀུག །རིག་པའི་ངོ་བོ་ཐུགས་ཀའི་ཧྲིལ་་ཐིམ། །ལུས་པོ་འོད་དུ་ཞུ་ནས་ལྟེ་བར་ཐིམ། །སླར་ཡང་སྔགས་ཀྱི་འོད་ཟེར་གོང་ལྟར་འཕྲོས། །གང་དམིགས་ལ་སོགས་སྐྱེ་འགྲོ་ཐམས་ཅད་ཀྱི། །ཕོ་ཡི་སྙིང་དང་མོ་ཡི་གསང་གནས་ནས། །བཟུང་སྟེ་རང་དབང་མེད་པར་མདུན་དུ་བཀུག །འོད་ཀྱིས་ཕོག་པས་དེ་དག་བྱང་སེམས་ནི། །དཀར་དམར་ངོ་བོར་འོད་དུ་ཞུ་གྱུར་ནས། །བྱམས་དང་སྙིང་རྗེ་དྲག་ཏུ་བསྒོམས་བྱས་པས། །བྱང་སེམས་བདག་དང་མདུན་གྱི་རིལ་བུར་ཐིམ། །སླར་ཡང་སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདུད་རྩི་བྱང་ཆུབ་སེམས། །བསྡུས་ནས་སྔགས་ཕྲེང་ལ་བརྒྱུད་བདག་ལ་ཐིམ། །བདུད་རྩིས་ལུས་གང་བདེ་སྟོང་ཡེ་ཤེས་སྐྱེས། །སླར་ཡང་སྔགས་ཕྲེང་འཁོར་ལས་འོད་ཟེར་ནི། །དམར་པོ་ལྕགས་ཀྱུའི་དབྱིབས་ཅན་གྲངས་མེད་འཕྲོས། །ལྷ་འདྲེ་མི་གསུམ་ལུས་ངག་ཡིད་གསུམ་གྱི། །ཚེ་བསོད་དཔལ་


CMR026_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བཀྲག་མདངས་གཟི་བརྗིད་དང་། །ནོར་བུ་ལ་སོགས་སྟེང་འོག་བར་གསུམ་གྱི། །དངོས་གྲུབ་བཅུད་བསྡུས་བདག་དང་རིལ་བུར་ཐིམ། །སླར་ཡང་སྔགས་ཕྲེང་དྲག་ཏུ་འཁོར་བ་ཡིས། །མདུན་གྱི་ཐུགས་ཀའི་འཇིག་རྟེན་དབང་ཕྱུག་བསྐུལ། །དེ་ཡི་སྐུ་ལས་འོད་ཟེར་དམར་པོ་འཕྲོས། །བྷ་ག་ནས་ཐོན་རིགས་བཞིའི་མཁའ་འགྲོར་ཕོག །དེ་དག་བཞི་ལས་ལས་བྱེད་སྤྲུལ་པ་ཡི། །མཁའ་འགྲོ་དམར་མོ་གཅེར་བུ་རིན་ཆེན་བརྒྱན། །པདྨས་མཚན་པའི་ལྕགས་ཀྱུ་ཞགས་པ་ཐོགས། །གྲངས་མེད་འཕྲོས་ནས་ཁམས་གསུམ་དབང་དུ་བསྡུས། །རྡོ་རྗེ་ལས་བྱེད་མ་ཡིས་ལྷ་མི་བསྡུས། །རིན་ཆེན་ལས་བྱེད་མ་ཡིས་ཟས་ནོར་བསྡུས། །པདྨ་ལས་བྱེད་མ་ཡིས་ཌཱཀྐི་བསྡུས། །ཀརྨ་ལས་བྱེད་མ་ཡིས་དགྲ་བགེགས་བསྡུས། །མདོར་ན་འཇིག་རྟེན་མི་ནོར་ཟས་གསུམ་བཅུད། །བདག་དང་རིལ་བུ་རྣམས་ལ་འོད་དུ་བསྟིམ། །ལྷ་ལྔའི་སྔགས་རིང་ཉེར་བརྒྱད་པ་ཡི་མཇུག །བཱ་སུ་སིདྡྷི་ན་ན་ཌ་དྷེ་སརྦ་སིདྡྷི་ཕ་ལ་ཧཱུྃ། སིདྡྷི་སིདྡྷི་ས་མཱ་ཡ་སྡུས་སྡུས་ཧཱུྃ་ཧཱུྃ། པུཊྛིབ་ཤང་ཀུ་རུ་ཧཱུྃ། རཏྣ་སིདྡྷི་ས་མཱ་ཡ་ཧྲིང་ཧྲིང་ཛ་ཛཿ དེ་ནས་ཐུན་མཇུག་གོང་ལྟར་ཐུན་གཏོར་འབུལ། །ལག་མཆོད་འགྲུབ་ན་ལེགས་ཤིང་མ་


CMR026_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཀྱང་། །ཚོགས་བྱས་ཚོགས་ཕུད་ཕུལ་ལ་གཏོར་བསྔོས་བྱ། །གཏོར་བསྔོས་མཇུག་གི་སྔགས་དེ་གོང་ལྟར་འདོན། །དེ་ནས་ཚོགས་དེ་རང་གིས་བཟའ་བའི་ཚེ། །རང་ཉིད་སྐད་ཅིག་གནས་འགྱུར་ནས། །རང་ཉིད་གསང་ཡེ་དབུ་སྟོང་ལྡན་པ་ཡི། །གཡས་གཡོན་མདུན་རྒྱབ་སྟེང་ཞལ་གཉིས་བརྒྱ་རེ། །གཡས་ཕྱག་སྟོང་གིས་གྲི་གུག་རལ་གྲི་སྟེ། །གཡོན་ཕྱག་སྟོང་གིས་ཁ་ཊཾ་ཐོད་པ་བསྣམས། །གཉིས་སྟོང་ཞབས་ཀྱིས་ལྟ་སྟངས་སྣ་ཚོགས་མཛད། །སྐུ་ཚད་བསམ་ལས་འདས་ཤིང་གཟི་བརྗིད་འབར། །ཞལ་ནས་ཨོཾ་ཨཱཿཧཱུྃ་ཞེས་གསུངས་པ་ཡིས། །འཇིག་རྟེན་ས་རྡོ་རི་བྲག་ནགས་ཚལ་དང་། །ཁམས་གསུམ་སེམས་ཅན་འཆི་མེད་བདུད་རྩིར་ཞུ། །ཡང་ནི་ཨོཾ་ཨཱཿཏྟཱཧཱུྃ་ཞེས་གསུངས་ཙམ་གྱིས། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀུན། །ཟག་པ་མེད་པ་ཡེ་ཤེས་བདུད་རྩིར་གྱུར། །འཁོར་འདས་ཐམས་ཅད་བདུད་རྩིར་གྱུར་པ་དེ། །བདག་ཉིད་ཞལ་སྟོང་ལྡན་པས་དུས་གཅིག་རྔུབ། །འཆི་མེད་ཚེ་དང་མཆོག་ཐུན་དངོས་གྲུབ་ཐོབ། །བདག་དང་ཐུགས་ཀའི་འཇིག་རྟེན་དབང་ཕྱུག་གཉིས། །བདུད་རྩིས་ཚིམས་པས་གཟི་བརྗིད་འབར་བར་བྷཻཾ། །སྣང་སྲིད་


CMR026_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སུ་ཟ་བའི་གདམས་ངག་འདི། །ནམ་ཡིན་བཟའ་བཏུང་དུས་སུ་བྷཻཾ་ན་ཡང་། །མཁའ་འགྲོ་སྤྲིན་ལྟར་འདུ་ཞིང་དངོས་གྲུབ་ཐོབ། །ལྷག་མ་འབུལ་ཞིང་ཐུན་བསྡུ་གཞུང་ལྟར་རོ། །དེ་ལྟར་ཞག་བདུན་ཐུན་བཞིར་ཉམས་བླངས་པས། །རྟགས་ནི་རབ་ལ་རིལ་བུ་མང་དུ་འཕེལ། །འོད་དམར་འཕྲོ་དང་དུ་བ་རླངས་པ་འཐུལ། །འབྲིང་དུ་རིལ་བུ་དྲོད་འབར་དྲི་བཟང་འཐུལ། །ཟོས་པས་སྔར་མེད་རོ་བཅུད་སྣ་ཚོགས་ལྡན། །ཐ་མ་དངོས་སུ་བུད་མེད་མང་པོ་ཡིས། །ཟས་ནོར་དངོས་སུ་འབུལ་ཞིང་དད་གུས་བྱེད། །རྨི་ལམ་བུད་མེད་མང་པོས་བཀུར་སྟི་བྱེད། །རང་ཉིད་རླུང་གིས་ཁྱེར་རམ་ནམ་མཁར་འགྲོ། །རི་མཐོན་མཆོད་རྟེན་རྩེ་ལ་འཛེགས་པ་དང་། །ཉི་ཟླ་ཤར་དང་ཆོས་ནོར་གཏེར་ཁ་རྙེད། །རང་གིས་ཁྲོམ་ལ་ཆོས་བཤད་དབང་བསྐུར་སོགས། །ཡ་མཚན་རྨི་ལམ་བཟང་པོ་འབྱུང་བར་བཤད། །ཕྱིར་ནངས་བདག་མདུན་ཚར་གཅིག་ཚར་བའི་རྗེས། །རིལ་བུ་ཅུང་ཞིག་ཆང་ལ་བཏབ་ནས་བཏུང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་བསམ། །རིལ་བུ་གཅིག་ནི་ལུས་ལ་འཆང་བར་བྱ། །རིལ་བུ་འགའ་ཞིག་མེ་མཆོད་རྫས་ལ་བསྲེ། །དེ་འཕྲོས་རིལ་བུ་དར་རས་དམར་པོར་


CMR026_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཏུམ། །ཐོད་པར་བཅུག་ལ་མཆོད་ཁང་ངམ་རྟེན་སྒམ་དུ། །བླ་རྡོའི་ཚུལ་དུ་རྟག་ཏུ་འཆང་བར་བྱ། །ཕན་ཡོན་པད་འབྱུང་སྲོང་བཙན་གོསུང་མཐུན་པར། །མི་ནོར་ཟས་གསུམ་དབང་དུ་འདུ་བ་དང་། །མཁའ་འགྲོ་དབང་སྡུད་སྣང་བ་དབང་འདུས་གསུངས། །འདི་ཡི་ལས་སྦྱོར་མེ་མཆོད་ཡིན་པ་སྟེ། །བསྒྲུབས་པའི་རྗེས་སམ་ཡར་མར་ཚེས་བཅུའམ། །ཡང་ན་རང་ལ་དགོས་དུས་ནམ་ཡང་རུང་། །རྒྱས་པོའམ་དབང་གི་སྦྱིན་སྲེག་སྤྱི་ལྟར་རམ། །ཡང་ན་མེ་མཆོད་བསྡུས་པ་ཚར་མང་གསོགས། །འདི་ཡིས་རྗེས་ཆོག་མཆོད་ལ་བསྟོད་ཚར་བའི་རྗེས། །མདུན་བསྐྱེད་ལྷ་ཚོགས་རིལ་བུ་བཅས་པ་རྣམས། །འོད་ཟེར་དམར་པོར་གྱུར་ནས་བདག་ལ་ཐིམ། །བདག་ཀྱང་འོད་ཕུང་དམར་པོར་ལམ་ལམ་གྱུར། །དེ་ཡང་འོད་ཟེར་ཁ་དོག་རྣམ་ལྔར་གྱུར། །དེ་ཡང་ནམ་མཁར་འཇའ་ཚོན་ཡལ་བ་བཞིན།། །ཅི་ཡང་མི་དམིགས་ཉམས་ལེན་ངང་ལ་བཞག །དེ་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད། །རྒྱལ་བ་རྒྱ་མཚོའི་དབང་སྡུད་ནོར་བསྒྲུབ་སྐོར། །སྦ་ལྕག་སྒྲུབ་པ་བ་མཁལ་སྒྲུབ་པ་དང་། །རིལ་བུའི་སྒྲུབ་པ་ཙིཏྟ་གའུ་མ། །དམར་མོ་གསུང་སྒྲུབ་ལ་སོགས་གྲངས་མང་


CMR026_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཟབ་ཅིང་ཕྱག་ལེན་བདེ་བ་འདི་ཉིད་དེ། །གཞན་ཚོ་འདི་ལས་ཟབ་པ་ཡོད་རེ་ཤི། །སྙིང་ནས་ཐུགས་རྗེ་ཆེན་པོ་སྒྲུབ་པ་ལ། །མཐུན་རྐྱེན་འཚོ་བ་སྒྲུབ་པ་མི་ཤོལ་ཕྱིར། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བའི་ངོར། །དབང་གིས་ལས་ཀུན་འགྲུབ་པའི་ཟླ་བ་ཡིས། །བཅོ་བརྒྱད་དགོང་མོ་དབང་གི་དུས་ཚོད་ལ། །རཱ་ག་ཨ་སྱས་ཇི་ལྟར་གདམས་པ་བཞིན། །མཐར་ཕྱིན་མིང་ཅན་ནུབ་ཏུ་ཁ་ཕྱོགས་བྲིས། །སྦ་འོས་གསལ་བཀོད་གསང་སྔགས་དམར་འདོན་གྱིས། །ཉེས་པར་གྱུར་པ་ཌཱཀྐིའི་ཚོགས་ལ་བཤགས། །དགེ་བས་རིག་འཛིན་སྤྲུལ་སྐུ་ཆེན་པོ་ཉིད། །སྐུ་གསུམ་ལྷུན་གྱིས་གྲུབ་ཅིང་རང་དབང་ཐོབ། །སྤྲུལ་པས་འགྲོ་བ་ཐམས་ཅད་དབང་དུ་བསྡུས། །ནུབ་ཕྱོགས་བདེ་བ་ཅན་དུ་འདྲེན་པར་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལོས་ཡུམ་གསང་བ་ཡེ་ཤེས་མཁའ་འགྲོ་གཙོ་བོར་སྒྲུབ་པ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བའི་ཟིན་བྲིས།next