Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་གྱི་མངོན་པ་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་གསང་སྒྲུབ་འཁོར་ལོ་ལྔ་མའི་ཟིན་བྲིས།
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་གྱི་མངོན་པ་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་གསང་སྒྲུབ་འཁོར་ལོ་ལྔ་མའི་ཟིན་བྲིས།next

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་གྱི་མངོན་པ་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་གསང་སྒྲུབ་འཁོར་ལོ་ལྔ་མའི་ཟིན་བྲིས།


CMR026_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་གྱི་མངོན་པ་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་གསང་སྒྲུབ་འཁོར་ལོ་ལྔ་མའི་ཟིན་བྲིས་བཞུགས་སོ། །


CMR026_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་ར་དྷེ་ཝ་པཉྩ་ཡེ། རྒྱ་མཚོ་ལྔ་ཡི་ལྷ་ལ་ཕྱག་འཚལ་ལོ། །དགོངས་པ་གྲོལ་ཞིང་བྱིན་རླབས་དངོས་གྲུབ་སྩོལ། །ལྷ་ལྔའི་གསང་སྒྲུབ་འཁོར་ལོ་ལྔ་མ་ཡི། །སྒྲུབ་ཐབས་གྲུབ་པའི་རྒྱལ་མོས་མཛད་པ་དེ། །ཆོ་ག་འདི་དང་སྦྲེལ་ནས་ཉམས་ལེན་ཐབས། །སྟ་གོན་ཚར་རྗེས་བདག་བསྐྱེད་གཞུང་ལྟར་ལས། །དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་རོ་ཡི་མཚམས། །དྲན་རྫོགས་ལུས་ལྷ་ལ་སོགས་གསལ་གདབ་སྟེ། །གཙོ་བོར་མཁའ་འགྲོ་དམར་མོ་ཞལ་གཅིག་མ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན་པས་འཁྱུད། །གཟིག་ཤམ་རྒྱན་དྲུག་གཡེར་ཁ་དྲྭ་བས་སྤྲས། །


CMR026_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ཞལ་སྦྱོར་མེ་དཔུང་ཀློང་ན་བཞུགས། །དབུ་གཙུག་པད་འབྱུང་རྡོ་རྗེའི་སྐྱིལ་ཀྲུང་ལ། །མཚོ་རྒྱལ་དཀར་དམར་གྲི་ཐོད་འཛིན་པས་འཁྱུད། །གཡས་ཀྱི་རྟ་མགྲིན་ཕག་མོ་ཡུམ་དང་སྦྱོར། །གཡོན་གྱི་གསང་ཡེའི་ཡབ་སྦས་རྡོ་རྗེ་ཁ་ཊཾ་འཁྱུད། །གཙོ་བོའི་སྐུ་ནང་སྟོང་ཞིང་གསལ་བ་ལ། །རྩ་གསུམ་འཁོར་ལོ་བཞི་པོ་གསལ་གདབ་སྟེ། །སྤྱི་བོར་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། །དཀར་པོ་རྡོ་རྗེ་དྲིལ་བུ་འཛིན་པ་སྟེ་།ཡུམ་ནི་དཀར་མོ་འཁོར་ལོ་གྲི་ཐོད་འཁྱུད། །རྩ་འདབ་སོ་གཉིས་ཡབ་ཡུམ་སུམ་ཅུ་གཉིས། །མགྲིན་པར་རིན་ཆེན་སྤྱན་གཟིགས་སྐུ་མདོག་


CMR026_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སེར། །རིན་ཆེན་དྲིལ་འཛིན་ཡུམ་སེར་གྲི་ཐོད་འཁྱུད། །ཐུགས་ཀར་པདྨ་རིགས་ཀྱི་སྤྱན་གཟིགས་དམར། །པདྨ་དྲིལ་འཛིན་ཡུམ་དམར་གྲི་ཐོད་འཁྱུད། །ལྟེ་བར་ལས་ཀྱི་སྤྱན་གཟིགས་སྐུ་མདོག་ལྗང་། །རྒྱ་གྲམ་དྲིལ་འཛིན་ཡུམ་ལྗང་གྲི་ཐོད་འཁྱུད།། །ཐམས་ཅད་ཞལ་སྦྱོར་བདེ་བའི་ཉམས་དང་ལྡན། །གཙོ་བོ་ལྔ་པོ་པད་ཟླར་སྐྱིལ་ཀྲུང་བཞུགས། །འཁོར་རྣམས་ཟླ་སྟེང་བརྐྱང་བསྐུམ་བཞེངས་སྟབས་ཏེ། །གཙོ་བོ་ཆེ་ཞིང་འཁོར་རྣམས་ཅུང་ཟད་ཆུང་། །ལྟེ་འོག་རྩ་གསུམ་འདུས་མདོར་དབུ་མའི་ནང་། །ཆོས་འབྱུང་དམར་པོ་གྲུ་གསུམ་བསྣོལ་བའི་སྟེང་། །པདྨ་འདབ་བཞིའི་ཟེའུ་འབྲུར་ཉི་ཟླའི་སྟེང་། །གསང་བ་ཡེ་ཤེས་མཁའ་འགྲོ་གཞུང་ལྟར་བསྒོམ། །འདབ་བཞི་རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་གིང་རྣམས་དཀར་སེར་དམར་ལྗང་མདོག །ཡབ་ཡུམ་ཞལ་སྦྱོར་གྲི་ཐོད་འཛིན་པའོ། །ཐུགས་དབུས་རྡོ་རྗེ་སྤྱན་གཟིགས་ཐུགས་ཀ་རུ། །པདྨ་འདབ་བཞི་ཟེའུ་འབྲུ་ཉི་མའི་སྟེང་། །རྟ་མགྲིན་དམར་པོ་དབུ་གཙུག་རྟ་དབུ་འཚེར། །ཕྱག་གཡས་དབང་སྡུད་ཕྱག་རྒྱས་ཕྲེང་བ་དམར། །གཡོན་པས་སྡིགས་མཛུབ་རྡོ་རྗེའི་ཞགས་པ་འཛིན། །ཕག་མོ་ཞལ་གཉིས་གྲི་ཐོད་འཛིན་མས་


CMR026_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད། །ཡབ་ཡུམ་རྒྱན་རྫོགས་ཡེ་ཤེས་མེ་དཔུང་འབར། །འདབ་བཞིར་རིགས་བཞི་མཁའ་འགྲོ་ཡབ་ཡུམ་རྣམས། །ཞལ་སྦྱོར་གྲི་གུག་ཐོད་ཁྲག་འཛིན་པར་བསྒོམ། །གནས་གསུམ་བྱིན་རླབས་ཡེ་བསྟིམ་རྒྱས་གདབ་སོགས། །བསྙེན་པའི་བར་དུ་ལྷ་ལྔའི་བདག་བསྐྱེད་ཉིད། །དེ་ནས་བཟླས་པ་བྱེད་ཚེ་དམིགས་པ་ནི། །ཕྱི་དང་ནང་གི་ལྷ་ཚོགས་གཙོ་བོ་དང་། །འཁོར་ཚོགས་ཀུན་གྱི་ཐུགས་ཀར་པད་ཟླའི་སྟེང་། །བྷིཡིག་དམར་པོ་ཚེག་དྲག་བཅས་པའི་མཐར། །བཟླ་བྱའི་སྔགས་ཀྱིས་བསྐོར་བར་བསྒོམ་པ་ལ། །ཀློག་པའི་ཚུལ་དུ་ཅུང་ཟད་བསྙེན་པ་བྱ། །དེ་ནས་ཡིག་འབྲུ་མི་འཁོར་འོད་ཟེར་འཁོར། །དེ་ནས་ཡིག་འབྲུ་ཕོ་རྣམས་གཡས་སུ་འཁོར། །མོ་རྣམས་གཡོན་སྐོར་དང་པོ་དལ་བུ་སྟེ། །དེ་ནས་ཇེ་མགྱོགས་དྲག་ཏུ་འཁོར་བ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་དུ་གྱུར། །ནང་བཅུད་སེམས་ཅན་གཅིག་ཀྱང་མ་ལུས་པ། །ཕོ་རྣམས་ཐམས་ཅད་དཔའ་བོ་སྡེ་བཞི་སྟེ། །མོ་རྣམས་ཐམས་ཅད་དཔའ་མོ་སྡེ་བཞིར་གྱུར། །ཀུན་ཀྱང་རང་གི་རམ་བུ་བཀྱག་པའི་ཚུལ། །སྔགས་སྒྲ་འུར་ཆོམ་སིང་ཁྲོལ་


CMR026_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་གང་། །ལྷ་ལྔའི་སྔགས་རིང་ཡིག་འབྲུ་ཉེར་བརྒྱད་བཟླ། །དེ་ནས་ཐུན་གྱི་ཕྱེད་ལ་སླེབ་པ་དང་། །ལྷ་ལྔའི་མདུན་བསྐྱེད་ལུས་ཀྱི་ལྷ་དང་བཅས། །གསལ་གདབ་སྤྱན་འདྲེན་མཆོད་བཞི་བསྟོད་བཞི་བྱ། །དེ་ནས་བདག་མདུན་གནས་ལྔའི་ལྷ་རྣམས་ཀྱི། །ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿཡིག་མཐར། །བཟླ་བྱའི་སྔགས་ཕྲེང་གཡས་གཡོན་འཁོར་བཞིན་ལས། །བདག་གི་ཐུགས་ཀའི་རྟ་མགྲིན་སྔགས་ཕྲེང་ལས། །འོད་ཟེར་སྣ་ལྔ་སྟོང་སྐུད་ལྔ་བསྒྲིལ་བཞིན། །ཞལ་ནས་ཐོན་ཞིང་ལུས་ཀྱི་ལྷ་རྣམས་ཀྱི། །གསང་བ་ནས་ཞུགས་རིམ་བཞིན་ཞལ་ནས་ཐོན། །སྤྱི་བོའི་གཙོ་བོའི་ཞལ་ནས་ཕྱིར་ཐོན་ཏེ། །རང་གི་ཞལ་ཐོན་མདུན་བསྐྱེད་ཞལ་དུ་ཞུགས། །སྤྱི་བོའི་ཞལ་བརྒྱུད་སྐུ་ལུས་ལྷ་ཀུན་བརྒྱུད། །སྦྱོར་མཚམས་ནས་ཐོན་རང་གི་སྦྱོར་མཚམས་ཞུགས། །སུམ་མདོའི་གསང་ཡེའི་བྷ་ག་ནས་ཞུགས་ཏེ། །ལྟེ་བ་ཐུགས་ཀའི་ལྷ་ཡི་སྦྱོར་མཚམས་ནས། །ཞུགས་ཤིང་བརྒྱུད་དེ་རྟ་མགྲིན་ཐུགས་ཀར་ཐིམ། །དེ་ལྟར་གནས་ལྔའི་བདག་མདུན་ལྷ་རྣམས་ཀྱི། །གཙོ་བོ་བཅུ་པོའི་སྐུ་ལུས་བརྒྱུད་པ་སྟེ། །འཁོར་དང་སྦྱོར་ཡུམ་རྣམས་ལ་མ་ཡིན་ནོ། །དེ་ལྟར་འོད་ཟེར་མགལ་མེ་བཞིན་དུ་


CMR026_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། །དེ་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་བསྒྱུར། །སྔ་དྲོའི་ཐུན་ལ་སྔགས་ཕྲེང་དཀར་པོ་སྟེ། །ཤེལ་དཀར་ཕྲེང་བ་བཞིན་དུ་འཁོར་བ་དེས། །ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ། །སྔགས་ཕྲེང་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ལ། །ཞི་བའི་མཆོད་རྫས་དཔག་མེད་གྱུར་པས་མཆོད། །དེ་ཀུན་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་སྐུ་མདོག་དཀར་པོའི་རྣམ་པ་ཅན། །གསུང་ནི་སྔགས་ཀྱི་ཕྲེང་བ་དཀར་པོ་དང་། །ཐུགས་ནི་ཤེལ་དཀར་རྡོ་རྗེ་རྩེ་ལྔ་པའི། །རྣམ་པར་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །བདག་མདུན་ལྷ་ཚོགས་སྤྱི་བོར་སིབ་སིབ་ཐིམ། །བདག་གི་སྤྱི་བོའི་ལྷ་ཚོགས་འོད་ཟེར་ནི། །དཀར་པོ་ཤི་སོས་བདུད་རྩི་ལྟ་བུར་འཕྲོས། །བདག་ལུས་གང་བས་ནད་གདོན་སྡིག་སྒྲིབ་དག །མདུན་བསྐྱེད་དཔྲལ་བའི་ལྷ་ཚོགས་འོད་ཟེར་ནི། །སྟོན་ཟླའི་མདོག་འདྲ་འཇིག་རྟེན་ཁྱབ་པར་འཕྲོས། །འགྲོ་བ་ཀུན་གྱི་སྒྲིབ་གཉིས་བག་ཆགས་བཅས། །མུན་པར་ཟླ་ཤར་ལྟ་བུར་དག་པར་བསྒོམ། །དེ་ནས་སྔ་དྲོའི་གཏོར་བསྔོས་ཐུན་བསྡུ་བྱ། །ཉིན་གུང་ཐུན་ལ་བདག་བསྐྱེད་བསྒོམ་པ་དང་། །བདག་


CMR026_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་སྒོམ་བཟླས་མདུན་བསྐྱེད་འདོན་ལུགས་དང་། །མཆོད་བཞི་བསྟོད་བཞི་མདུན་བསྐྱེད་བསྙེན་པ་དང་། །འོད་ཟེར་འཁོར་ལུགས་ཐུན་རྣམས་ཀུན་ལ་འགྲེས། །ཁྱད་པར་ཉིན་གུང་བདག་མདུན་སྔགས་འཁོར་ནི། །གསེར་མདོག་འོད་ལྔའི་མདངས་དང་ལྡན་པ་ཡི། །རྨ་བྱའི་སྒྲོ་ཆུན་འདྲ་བ་འཁོར་བ་ལས། །འོད་ཟེར་བཙོ་མའི་མདོག་ཅན་ཞིང་ཀུན་ཁྱབ། །རྒྱལ་བ་སྲས་བཅས་ཀུན་ལ་རྒྱལ་སྲིད་སོགས། །འདོད་ཡོན་སྣ་ཚོགས་མཆོད་པའི་སྤྲིན་དུ་གྱུར། །དེ་ཀུན་རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་སྐུ་མདོག་སེར་པོའི་རྣམ་པ་ཅན། །སྔགས་ཕྲེང་སེར་པོ་ཕྱག་མཚན་ནོར་བུའི་ཚོགས། །ཆེ་བ་རི་རབ་ཆུང་བ་ཡུངས་འབྲུའི་ཚད། །ཕྱོགས་བཅུ་ཀུན་ནས་ལྷུག་ལྷུག་ཆིལ་ཆིལ་བྱོན། །བདག་མདུན་མགྲིན་པ་ལོངས་སྤྱོད་འཁོར་ལོ་ཡི། །ལྷ་ཚོགས་རྣམས་ལ་སིབ་སིབ་ཐིམ་པ་ཡིས། །བདག་གི་མགྲིན་པའི་ལྷ་ལས་གསེར་མདོག་འོད། །འཕྲོས་པས་བདག་ལུས་ལྟེམ་གྱིས་གང་བ་ཡིས། །ཚེ་དང་བསོད་ནམས་ཉམས་རྟོགས་ཡོན་ཏན་རྒྱས། །མདུན་བསྐྱེད་མགྲིན་པའི་ལྷ་ལས་གསེར་མདོག་འོད། །སྤྲིན་མེད་ཉི་མའི་འོད་བཞིན་ཕྱོགས་བཅུར་ཁྱབ། །འགྲོ་བ་ཀུན་གྱི་བསོད་


CMR026_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཚོགས་གཉིས་རྒྱས། །དེ་རྗེས་གཏོར་བསྔོས་ཐུན་བསྡུ་གཞུང་ལྟར་རོ། །དགོང་མོ་བདག་མདུན་འདོན་ལུགས་དམིགས་རིམ་སོགས། །སྔགས་ཕྲེང་ཁ་དོག་བསྒྱུར་ཙམ་མ་གཏོགས་མཚུངས། །བདག་མདུན་བར་དུ་སྔགས་ཕྲེང་བྱུ་རུའི་མདོག །ལྕགས་སྒྲོག་དབྱིབས་སུ་ཅུང་ཟད་འཁྱོག་ཅིང་འཁོར། །འོད་ཟེར་དམར་པོས་ཕྱོགས་བཅུའི་ཞིང་ཁྱབ་པས། །ཆང་སྣ་བཞི་དང་རིག་མ་བཅུ་དྲུག་སོགས། །དབང་གི་མཆོད་པ་དཔག་མེད་གྱུར་པ་ཡིས། །ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་མཆོད། །དེ་ཀུན་པདྨ་རིགས་ཀྱི་སྤྱན་རས་གཟིགས། །ཐམས་ཅད་ཡབ་ཡུམ་སྐུ་མདོག་དམར་པོའི་སྐུ། །གསུང་གི་ངོ་བོ་སྔགས་ཕྲེང་དམར་པོ་དང་། །ཐུགས་ནི་པདྨ་དམར་པོ་ཧྲིས་མཚན་པ། །རྣམ་པར་ལྷོ་བུན་བུ་ཁན་ཡུག་འཚུབ་བཞིན་བྱོན། །བདག་མདུན་ཐུགས་ཀར་སིབ་སིབ་ཆིལ་ཆིལ་ཐིམ། །བདག་བསྐྱེད་ཐུགས་ལས་འོད་ཟེར་རཱ་གའི་མདོག །བདག་ལུས་ཁྱབ་པས་རླུང་སེམས་རང་དབང་ཐོབ། །མདུན་བསྐྱེད་ཐུགས་ལས་འོད་ཟེར་དམར་པོ་ནི། །ཉི་མ་འཆར་ཀའི་འོད་ལྟར་ཀུན་ཏུ་ཁྱབ། །འགྲོ་ཀུན་རླུང་སེམས་རང་དབང་ཐོབ་པར་བསྒོམ། །དེ་ནས་ལག་མཆོད་


CMR026_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་གཏོར་བསྔོས་བྱ། །སྐབས་འདིར་ཆག་མེད་གཏོར་བསྔོས་གང་དགོས་སྦྱར། །གཏོར་བསྔོས་རྗེས་སུ་འདོད་དོན་ཀུན་འགྲུབ་པའི། །སྔགས་རིང་སྦྱར་བ་ཐུན་བཞི་ཀུན་ལ་འགྲེས། །ཐུན་བསྡུ་བསྔོ་སྨོན་ལ་སོགས་གཞུང་དང་མཚུངས། །དེ་ནས་མུན་རུབ་བདག་བསྐྱེད་བསྙེན་པ་དང་། །མདུན་བསྐྱེད་མཆོད་བཞི་བསྟོད་བཞི་བྱེད་ལུགས་འདྲ། །བདག་མདུན་བར་དུ་འཁོར་བའི་སྔགས་ཕྲེང་དེ། །འོད་ཟེར་ལྗང་ནག་ཐག་འཁྱུག་ལྟ་བུ་ལས། །འོད་ཟེར་སྣ་ཚོགས་ནམ་མཁའ་ཁྱབ་པར་འཕྲོས། །རབ་འབྱམས་ཞིང་བཞུགས་ཁྲོ་བོ་ཁྲོ་མོ་ལ། །ཤ་ལྔ་བདུད་རྩི་ལྔ་དང་དབང་པོ་ལྔ། །དོན་སྙིང་ལྔ་དང་དྲག་པོའི་མཆོད་པས་མཆོད། །ཐམས་ཅད་ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་སྐུ་མདོག་ལྗང་གུའི་རྣམ་པ་ཅན། །གསུང་ནི་སྔགས་ཀྱི་ཕྲེང་བ་ལྗང་གུ་ལ། །ཐུགས་ནི་སྣ་ཚོགས་རྡོ་རྗེ་ཧྲིས་མཚན་པ། །ཆེ་ཕྲ་སྣ་ཚོགས་ཁ་བ་བུ་ཡུག་བཞིན། །བུན་ནེ་ཆིལ་ལེ་བདག་མདུན་ལྟེ་བར་ཐིམ། །བདག་གི་ལྟེ་བའི་ལྷ་ལས་འོད་ལྗང་གུ། །མར་གད་མདོག་ཅན་བདག་ལུས་ལྟེམ་གྱིས་གང་། །ནད་དང་ལུས་གདོན་ཉོན་མོངས་ཚར་ཆོད་གྱུར། །མདུན་བསྐྱེད་ལྟེ་བའི་ལྷ་


CMR026_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འོད་ཟེར་ནི། །སྤང་ཆེན་མདོག་འདྲེས་འཇིག་རྟེན་ཁྱབ་པ་དེས། །བ་མོ་ལ་ནི་ཉི་ཟེར་ཕོག་པ་ལྟར། །འགྲོ་བའི་དུག་གསུམ་བདུད་བཞི་ཚར་གཅོད་བསྒོམ། །དེ་ནས་གཏོར་བསྔོས་ཐུན་བསྡུ་གོང་ལྟར་ཡིན། །དེ་ལྟར་ཐུན་བཞིར་མ་ཡེངས་རྩེ་གཅིག་གིས། །ཞག་བདུན་བསྒྲུབས་རྗེས་དངོས་གྲུབ་ལེན་ཆོག་དང་། །སྦྱིན་སྲེག་འགྲུབ་ན་ལེགས་ཤིང་མ་འགྲུབ་ཀྱང་། །དགའ་སྟོན་ཚོགས་འཁོར་རྗེས་ཆོག་རྣམས་བྱའོ། །དེ་ལྟར་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ཡི། །གསང་སྒྲུབ་འཁོར་ལོ་ལྔ་མ་ཞེས་བྱ་བ། །གྲུབ་པའི་རྒྱལ་མོས་རས་ཆུང་པ་ལ་གནང་། །གཅིག་བརྒྱུད་མིན་པ་སུ་ལའང་མི་བསྟན་གསུངས། །སྙན་བརྒྱུད་རྒྱ་གཞུང་རྒྱ་སྐད་མེད་པ་དེ། །དྲུང་མཛད་ཆོ་ག་དང་བསྟུན་ཉམས་ལེན་ཐབས། །ཐབས་མཁས་མཐར་ཕྱིན་གཉིས་ཀྱིས་བསྐུལ་བ་དང་། །རིག་འཛིན་སྤྲུལ་སྐུའི་དགོངས་རྫོགས་ལ་དམིགས་ནས། །མེ་ལུག་ས་ག་ཟླ་བའི་བཅུ་བདུན་ཉིན། །ཉིན་གུང་ཐུན་ལ་རཱ་ག་ཨ་སྱས་གདམས།ཧོར་གྱི་བཙུན་པ་མཐར་ཕྱིན་ཞེས་བྱས་བྲིས། །ཉེས་འགལ་མཆིས་ན་ཊཱཀིའི་ཚོགས་ལ་བཤགས། །དགེ་བས་སྤྲུལ་སྐུའི་ས་ལམ་ཡོན་ཏན་རྫོགས། །འདི་ཉིད་མཐོང་


CMR026_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དོན་གཉིས་ལྷུན་གྲུབ་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་དཀྱིལ་འཁོར་གྱི་མངོན་པ་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་གསང་སྒྲུབ་འཁོར་ལོ་ལྔ་མའི་ཟིན་བྲིས།next