Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ཕྱི་ནང་གསང་བ་ཡང་གསང་སྒྲུབ་པའི་རྗེས་ཆོག་གི་ཟིན་བྲིས།
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ཕྱི་ནང་གསང་བ་ཡང་གསང་སྒྲུབ་པའི་རྗེས་ཆོག་གི་ཟིན་བྲིས།next

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ཕྱི་ནང་གསང་བ་ཡང་གསང་སྒྲུབ་པའི་རྗེས་ཆོག་གི་ཟིན་བྲིས།


CMR026_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ཕྱི་ནང་གསང་བ་ཡང་གསང་སྒྲུབ་པའི་རྗེས་ཆོག་གི་ཟིན་བྲིས་བཞུགས་སོ།།


CMR026_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། སྤྱན་རས་གཟིགས་དབང་ལྷ་ལྔའི་ཞབས་ལ་འདུད། །འགྲོ་བའི་དོན་ཕྱིར་བཀའ་གནང་བྱིན་གྱིས་རློབས། །ལྷ་ལྔའི་ནང་སྒྲུབ་གསང་སྒྲུབ་ཡང་གསང་གསུམ། །གང་ཡིན་ཞག་བདུན་ཚར་རྗེས་གྲོལ་ཁའམ། །གསུམ་ཀ་སྦྲེལ་ནས་བདུན་གསུམ་ཚར་བའི་རྗེས། །བདག་མདུན་བུམ་གསུམ་ཚར་གཅིག་འདོན་པའི་ཚེ། །དཀྱིལ་འཁོར་གཏོར་མ་སོ་སོར་ལྷ་ལྔ་དེ། །མདུན་བསྐྱེད་སྐབས་སུ་དམིགས་པས་ཕྱེ་སྟེ་བསྒོམ། །གཙོ་བོའི་མདུན་དུ་བུམ་པ་བསྒོམ་པ་དང་། །བུམ་པའི་ནང་དུ་ལྷ་དགུ་བུམ་བསྐྱེད་ལྟར། །ལས་བུམ་ནང་དུ་རྟ་མགྲིན་


CMR026_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའམ། །དུང་ཆོས་ནང་ངམ་བུམ་པའི་མཆུ་ནང་བསྒོམ། །གཏོར་བསྐྱེད་ལ་དམིགས་ལྷ་ལྔའི་བསྙེན་པ་དང་། །དེ་ཚེ་མདུན་བསྐྱེད་ཡབ་ཡུམ་སྦྱོར་མཚམས་ནས། །བྱང་སེམས་འོད་ཟེར་ཚུལ་དུ་ཐོད་པར་བསྟིམ། །བུམ་བསྐྱེད་ལ་དམིགས་ཡིག་བཅུ་ཅུང་ཟད་བསྙེན། །དེ་ནས་བདག་འཇུག་རྒྱས་པ་གཏོར་དབང་བཅས། །དངོས་གྲུབ་ལེན་ཆོག་ཚུལ་དུ་བདག་འཇུག་བླངས། །གལ་ཏེ་བདག་འཇུག་རྒྱས་པར་མི་ལྕོགས་ན། །གཏོར་དབང་ཁོ་ན་ལེན་པ་འབྲིང་པོ་ཡིན། །བསྡུ་ན་མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་ཀྱི། །སྐུ་ལས་རང་རང་སྐུ་གཟུགས་ཡུངས་འབྲུ་


CMR026_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །གསུང་ལས་ཨཱཿ་ལི་ཀཱ་ལི་སྔགས་ཀྱི་ཕྲེང་། །ཐུགས་ལས་བདུད་རྩི་འོ་མའི་ཆུ་རྒྱུན་ལྟར། །རང་གི་གནས་གསུམ་ཐིམ་ཞིང་ལུས་གང་བས། །ནད་གདོན་སྡིག་སྒྲིབ་དུད་ཁུ་སོལ་ཁུ་ལྟར། །འོག་སྒོ་རྐང་པའི་མཐིལ་ནས་ནག་ནུར་ཐོན། །རང་ལུས་ཡེ་ཤེས་བདུད་རྩིས་ངང་ལྟེམ་གང་། །མདུན་བསྐྱེད་སྐུ་ལས་འོད་ཟེར་དཔགོ་མེད་འཕྲོས། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་རྣམས། །ཐམས་ཅད་རྒྱལ་བ་རྒྱ་མཚོའི་ངོ་བོར་གྱུར། །ནམ་མཁའི་དབྱིངས་ཀུན་གང་བར་གྱུར་ནས་ཀྱང་། །རོལ་མོ་འུར་འུར་ཌཱ་དྲིལ་ཁྲ་ལ་ལ། །གར་སྟབས་འཁྱུག་ཅིང་ཚར་དྲག་བབས་པ་ལྟར། །རང་ལ་ཐིམ་པས་དབང་བཞི་ཐོབ་པར་བསྒོམ། །རོལ་མོ་དབྱངས་བཅས་སྤྱན་འདྲེན་ཚར་གཅིག་འདོན། །ལྷ་ལྔའི་སྔགས་མཇུག་ཨཱཿ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཟླས་བུམ་པ་གཏོར་མ་དབང་རྫས་རྣམས། །རང་གི་གནས་གསུམ་དུ་ནི་གཏུགས་བྱས་ཤིང་། །བུམ་ཆུ་བདུད་རྩི་ཅུང་ཟད་ལྕེ་ལ་བཞག །སིནྡྷ་ར་ཡིས་གནས་གསུམ་ཐིག་ལེ་བྱ། །དེ་ནས་དགའ་སྟོན་ཚོགས་འཁོར་རྗེས་ཆོག་རྣམས། །གཞུང་ནས་གསལ་བ་ལྟ་བུ་ཡིན་པ་སྟེ། །མདུན་བསྐྱེད་རྟེན་ལ་བསྟིམ་མམ་མེད་ནི་གཤེགས། །མདུན་


CMR026_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དམ་ཚིག་པ་ནི་རང་ལ་བསྡུ། །བདག་བསྐྱེད་མི་གཤེགས་སྟོང་པར་བསྡུ་བའོ། །སིན་ར་དེ་མཐའ་ནས་དབུས་སུ་བསྡུས། །དེ་ཉིད་ཀ་པཱ་ལ་ཡི་བདུད་རྩིར་བཏབ། །དེ་ལ་བུམ་ཆུ་ཅུང་ཟད་བསྲེས་བྱས་ལ། །རིལ་བུ་བྱས་ཏེ་དམ་ཚིག་རྫས་སུ་བཅང་། །བུམ་ཆུ་ཅུང་ཟད་བཏུང་ཞིང་སྤྱི་བོར་བླུགས། །ལྷག་མ་རྟེན་འདུས་རིལ་བུའམ་གཟུངས་རིལ་བྱ། །གང་རེག་དབང་དུ་འདུ་བའི་རྟེན་འབྲེལ་དང་། །སྐྱེ་བ་བདུན་ནས་བདེ་ཆེན་ཞིང་སྐྱེ་གསུངས། །དེ་ནས་སྒྲུབ་པའི་རྫས་རྣམས་བསྡུས་བྱས་ལ། །ས་སྟེགས་རྡུལ་ཚོན་ཡིན་ཞིང་སྟབས་བདེ་ན། །དཀྱིལ་འཁོར་སྟེང་དེར་ཤིང་གིས་ཐབ་བརྩེགས་ལ། །ཞི་རྒྱས་དབང་དྲག་གང་རུང་སྦྱིན་སྲེག་བྱ། །སྟབས་མི་བདེའམ་རས་བྲིས་སོགས་ཡིན་ན། གར་བདེར་སྦྱིན་སྲེག་བྱ་ཚུལ་སྤྱི་དང་མཐུན། །ཚོམ་བུ་རྡུལ་ཚོན་སྦྱིན་སྲེག་ཐལ་བ་རྣམས། །བསྡུས་ཏེ་ཆུ་བོའི་གཞུང་དུ་བསྐུར་བྱས་པས། །ཆུ་དེས་ཁྱབ་ཚད་སེམས་ཅན་ཐམས་ཅད་ཀྱང་། །བྱང་ཆུབ་མངོན་དུ་བྱེད་པའི་སྐལ་ལྡན་གྱུར། །རྣལ་འབྱོར་མཁའ་སྤྱོད་དབང་པོའི་གསུང་དང་ནི། །ཐུབ་ཆེན་དེ་བཞིན་གཤེགས་པའི་གསུང་ལས་བྱུང་། །གལ་ཏེ་ཕྱི་སྒྲུབ་


CMR026_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་རིང་བསྙེན་རྗེས་སུ། །སྒྲུབ་པ་ཚར་རྗེས་ཡར་མར་ཚེས་བཅུ་ལ། །མཆོད་གཏོར་བཤམས་ལ་བདག་མདུན་བུམ་གསུམ་འདོན། །དེ་རྗེས་བདག་འཇུག་རྒྱས་བསྡུས་གང་རུང་བླངས། །ཚོགས་མཆོད་བཀྲ་ཤིས་རྗེས་ཆོག་གཞུང་ལྟར་བྱ། །སྦྱིན་སྲེག་འགྲུབ་ན་ཆད་ལྷག་ཁ་བཀང་ཞིང་། །སྒྲུབ་པའི་བྱིན་རླབས་མི་ཉམས་རུབ་གནས་འགྱུར། །དེ་དག་མི་ཐོན་ན་ཡང་ཉེས་སྐྱོན་མེད། །དེ་ལྟར་ལྷ་ལྔའི་རྗེས་ཆོག་ཟིན་བྲིས་འདི། །ཐབས་མཁས་མཐར་ཕྱིན་གཉིས་ཀྱིས་བསྐུལ་བ་དང་། །གཏེར་སྟོན་སྤྲུལ་སྐུའི་དགོངས་རྫོགས་ལ་དམིགས་ནས། །མེ་ལུག་ས་ག་ཟླ་བའི་བཅུ་གཉིས་ཀྱི། །དགོང་མོའི་ཐུན་ལ་རཱ་ག་ཨ་སྱས་གདམས། །དགེ་བཤེས་མཐའ་རུ་ཕྱིན་པས་ཡི་གེ་པ། །འདི་བྲིས་ཉེས་བཤགས་དགེ་བ་བྱང་ཆུབ་བསྔོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ཕྱི་ནང་གསང་བ་ཡང་གསང་སྒྲུབ་པའི་རྗེས་ཆོག་གི་ཟིན་བྲིས།next