Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཆོས་སྐྱོང་རྣམས་ལ་མཆོད་པའི་དུས་ཀྱི་རྣམ་གྲངས།
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousཆོས་སྐྱོང་རྣམས་ལ་མཆོད་པའི་དུས་ཀྱི་རྣམ་གྲངས།next

ཆོས་སྐྱོང་རྣམས་ལ་མཆོད་པའི་དུས་ཀྱི་རྣམ་གྲངས།


CMR026_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་རྣམས་ལ་མཆོད་པའི་དུས་ཀྱི་རྣམ་གྲངས་བཞུགས་སོ།།


CMR026_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནི་ཡེ། ཚེས་ལྔ་བཅུ་གསུམ་ཉེར་བརྒྱད་ལ། །གཤིན་རྗེ་ཡབ་ཡུམ་ཕོ་མོ་དང་། །མོ་རིགས་གཤིན་རྗེ་ཕོ་མོ་ཐམས་ཅད་བྱང་དུ་རྒྱུ། །ཉེར་གཅིག་ཉི་མ་ཕྱེད་ཡོལ་ལ། །གཤིན་རྗེ་ཡབ་ཡུམ་འཁོར་དང་བཅས། །ནུབ་བྱང་མཚམས་ནས་ཤར་ལྷོར་རྒྱུ། དགུ་གསུམ་ཉི་མ་ཐལ་ཁ་ནས། །མུན་རུབ་བར་དུ་ཐམས་ཅད་རྒྱུ། ཡེ་ཤེས་མགོན་པོ་བེར་ནག་ཅན་གྱི་རྒྱུ་དུས་བསྡུས་པ་ནི། བརྒྱད་ཀྱི་སྲོད་ལ་ཁ་ནུབ་ཏུ་ལྟའོ། །ཤར་ནས་ནུབ་ཏུ་རྒྱུའོ། །རྟགས་ནི་ལུས་སྦྲིད་པ་དང་སྐྱི་བུང་བྱེད། ཚེས་བཅུའི་སྲོད་ལ་ལྷོ་ནས་བྱང་དུ་རྒྱུ་བས་ཁ་བྱང་དུ་ལྟའོ། །


CMR026_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཉིས་ཉི་ཐལ་ནུབ་ཏུ་ལྟའོ། །ལྷོར་རྒྱུ་ཡང་ཟེར། གནམ་སྟོང་ལན་གསུམ་དུ་ཁ་མཚམས་བཞིར་ལྟའོ། མགོན་པོ་ཕྱག་བཞི་པ་རྒྱུ་དུས་ཉེར་མཁོ་བསྡུས་པ་ནི། ཚེས་བརྒྱད་སྲོད་ལ་ཁ་ནུབ་ཏུ་ལྟའོ། །ཚེས་བཅུའི་སྲོད་ལ་ཁ་བྱང་དུ་བལྟའོ། །ཉི་ཤུ་ནུབ་ཏུ་བལྟས། །ཉེར་གཅིག་དགོང་མོ་དམར་ཐག་ཆད་པ་དང་། ཉེར་གཉིས་ཉི་མ་ནུབ་ཙམ་ན་རྒྱུ། ༈ ཟླ་བ་ལ་རྒྱུ་བ་ནི། ཉེར་གཉིས་དང་ཉེར་དགུ་ལན་གསུམ་བྱང་དུ་རྒྱུ། ༈ ལོ་ལ་རྒྱུ་བ་ནི། དཔྱིད་ར་བའི་ཚེས་དགུ་ལ་རྒྱུ། །༈ དུས་ཚོད་ལ་རྒྱུ་བ་ནི། རྒྱུན་དུ་ཟེར་གཉིས་གུང་གཉིས་ལ་རྒྱུ། རྟགས་


CMR026_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྦྲིད་སྐྱི་བུང་བྱེད་སྐྲ་གཟིང་བ་འོང་། རྒྱུ་བའི་ཉི་མ་ལ་ཞི་རྒྱས། ནུབ་མོ་དབང་དྲག་གི་ལས་བྱ། ཚོགས་གཏོར་མཆོད། དྲག་པོའི་ལས་བྱ། ལས་གང་བྱས་འགྲུབ་ཅིང་རང་གི་སྲུང་མ་བྱེད། ཡར་གྱི་བརྒྱད་དང་བཅུ་བཞི། མར་གྱི་ཉེར་གསུམ་དང་ཉེར་དགུ་ལ་རྒྱུ་བས་ཚོགས་བསྐང་བ་བྱ། ཉིན་གུང་དང་དགོང་མོ་དམར་ཐག་དུས་རྒྱུ། ཞེས་སོ། །ཨྠྀི། མྱུར་མཛད་ཕྱག་དྲུག་པའི་རྒྱུ་དུས་ཉེར་མཁོ་ནི། ཚེས་བརྒྱད་སྲོད་ལ་ནུབ་ཏུ་བལྟས། ཚེས་བཅུའི་སྲོད་ལ་བྱང་དུ་བལྟས། བཅུ་བདུན་བཅོ་བརྒྱད་ཉེར་གཉིས་ལ། ཉི་མ་ནུབ་ནས་ནུབ་ཏུ་བལྟས། ཉེར་ལྔ་ཁ་ལྷོར་བལྟས། གནམ་གང་ལན་གསུམ་རྒྱུ་བས་མཚམས་བཞི་གང་རུང་དུ་ཁ་བལྟའོ། །གསོལ་ཁ་བྱ་ཞེས་སོ།། ཨྠྀི། མགོན་པོ་མ་ནིང་རྒྱུ་དུས་ཉེར་མཁོ་བསྡུས་པ་ནི། ཚེས་བཅུའི་སྲོད་ལ་ཁ་བྱང་དུ་བལྟའོ། །ལྷོ་ནས་བྱང་དུ་རྒྱུའོ། །ཉེར་གཉིས་ཉི་མ་རྒས་ཙམ་ཤར་ནས་རྒྱུ་ནུབ་ཏུ་བལྟའོ། །ཉེར་བཞིའི་སྲོད་ལ་བྱང་དུ་བལྟའོ། །གནམ་སྟོང་ལན་གསུམ་རྒྱུ་ཕྱོགས་གང་ཡང་རྒྱུ་བས་མཆོད་བསྐང་ལ་སྦྱར་བྱའོ། །དཔྱིད་ར་བའི་ཚེས་བཅུ་ལ་རྒྱུའོ། །སྤྱིར་ནི་ཉི་མ་དམར་ཐག་ཆད་ནས་ནམ་གུང་ཚུན་ལ་རྒྱུ་བར་ངེས། ཟླ་


CMR026_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ནི། བརྒྱད་ཀྱི་སྲོད་ནུབ་ནས་ཤར། བཅུ་བཞིའི་ཉེར་གསུམ་ཉེར་དགུ་ལ་རྒྱུའོ། །ར་བ་བཞི་ལ་དུས་མཆོད་བྱ། དེ་བྱས་མ་ནིང་ནག་པོ་ནི། །མ་བུ་བཞིན་དུ་བདག་ལ་འཁོར། །མཐུ་རྩལ་གནམ་ལྕགས་ཐོག་འབེབས་འདྲ། །ཞེས་སོ།། ཨྠྀི། མགོན་པོ་སེང་གདོང་ཡབ་ཡུམ་རྒྱུ་དུས་ཉེར་མཁོ་ནི། ཚེས་བརྒྱད་སྲོད་ལ་ནུབ་ནས་ཤར་དུ་རྒྱུ། ཉེར་གཉིས་ཉེར་གསུམ་ཉི་མ་ནུབ་ནས་ཤར་དུ་རྒྱུ། གནམ་གང་། ཉི་ཤར་ཉི་མ་དམར་ཐག་ཆད་དུས་ནམ་གུང་ཉིན་གུང་རྒྱུ། ༈ ཟླ་བའི་རྒྱུ་དུས་ནི། བརྒྱད་བཅུ་བཞི་བྱང་དུ་རྒྱུ། དབྱར་ར་བའི་གསུམ་གྱི་ནམ་གུང་ཉིན་གུང་རྒྱུ། དཔྱིད་ར་བའི་བཅུ་དགུ་ཉེར་དགུ་གནམ་གང་ལ་བྱང་ནས་ལྷོར་རྒྱུ། སྤྱིར་གུང་གཉིས་ལ་སྲིད་གསུམ་ལན་བདུན་ཉུལ་ལོ། །དུས་དེར་དྲག་པོའི་ལས་གང་བྱས་ཉུལ་ཁ་གར་རྒྱུ་བའི་ཕྱོགས་སུ་བསྒྱུར་ནི་བྱའོ། །ལར་ལོ་གཅིག་སྒྲུབ་པ་གཅིག་བྱས་པ་བས། རྒྱུ་དུས་གཅིག་ལ་མཆོད་པ་བྱས་པ་མཐུ་ཆེ་བ་ཡིན། ཞེས་ཨོ་རྒྱན་གྱིས་གསུངས་སོ། །བཅུ་གཅིག་ཉི་མ་ནུབ་ནས་ཤར་དུ་རྒྱུའོ། །ཨྠྀི། དམ་ཅན་སྐྱེས་བུ་རྒྱུ་དུས་ཉེར་མཁོ་ནི། ཚེས་གཉིས་སྲོད་ལ་སྨན་དང་འགྲོགས། འབྲང་རྒྱས་ཆང་དང་


CMR026_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ལག་གཡས་པས་མཆོད། ཚེས་བཞིའི་སྲོད་ཞལ་བདུད་དང་འགྲོགས། ཤར་ནས་ནུབ་ཏུ་རྒྱུ། ཤ་ཁྲག་མཆོད། བརྒྱད་ཀྱི་སྔ་དྲོ་སྨན་དང་འགྲོགས། ནུབ་བྱང་ནས་ཤར་ལྷོར་རྒྱུ། འབྲང་རྒྱས་མཆོད། ཉེར་བདུན་བཙན་དང་འགྲོགས། ལྷོ་ནུབ་ནས་བྱང་ཤར་དུ་རྒྱུ། མཆོད་པས་མཆོད། ཉེར་དགུ་ལྷ་འདྲེ་ཀུན་དང་འགྲོགས། ཁྱབ་པར་རྒྱུ། ཤ་ཆང་མཆོད། ཉེར་ལྔ་བཙན་དང་འགྲོགས། ལྷོ་ནུབ་ནས་ཤར་དུ་རྒྱུ་མཆོད་པས་མཆོད། གནམ་གང་ཚངས་པའི་བུ་བཞི་དང་། བཙན་དང་འགྲོགས།། སྟེང་ནས་འོག་ཏུ་རྒྱུ། སྤོས་མེ་དང་ར་གསུར་མཆོད། ཚེས་བཅོ་ལྔའི་ཉིན་ཕྱེད་བྲག་སྲིན་དང་འགྲོགས། ཕུད་གཙང་མས་མཆོད། །ཨྠྀི། བཅོ་ལྔ་ནམ་ཕྱེད་ཉེར་གཉིས་ཐོ་རངས་ཉེར་དགུ་ནམ་གུང་། རྒྱུ་དུས་དྲག་ལས་མི་རུང་། ཚེས་བཅུའི་དང་བཞིའི་སྔ་དྲོ། བརྒྱད་ཀྱི་ཕྱི་དྲོ། བཅུ་གཉིས་ཉིན་ཕྱེད། གནམ་གང་སྲོད་རྣམས་ལ། ས་བདག་རྒྱུ་བས་མཆོད་པར་བཟང་ངོ་། །ཨྠྀི། དཔལ་ལྡན་ལྷ་མོ་དཔོན་གཡོག་གི་རྒྱུ་དུས་བསྡུས་པ་ནི། ལྷ་མོ་དཔལ་ཐོད་པ་ནག་པོའི་རྒྱུད་ལས། ཡར་གྱི་ཚེས་དགུ་བཅུ་གཅིག་དང་། །དེ་བཞིན་མར་གྱི་ཉེར་དྲུག་ཉེར་ལྔ། །འཕོ་བ་དང་


CMR026_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕྱེད་དུས་སུ། །ང་ནི་འཇིག་རྟེན་ཉུལ་བའི་དུས། །ལྷ་མི་དྲང་སྲོང་རྣམས་ཀྱིས་མཆོད། །རྣལ་འབྱོར་ཏིང་འཛིན་དྲོད་ཉུལ་ཞིང་། །དགེ་སྡིག་ལས་ཀྱི་ནག་ལྟ་ཞིང་། །ཡར་གྱི་ཚེས་དགུ་དང་ནི་བཅུ་གཅིག་ལ། །དེ་ཡི་དུས་སུ་མཆོད་བྱས་ལ། །ལྷ་མོ་མཆོད་པས་ལྷག་མེད་བཅས། །འཕགས་མ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ལས། རེ་མ་ཏི་གཡོག་གསུམ། ལོ་གཅིག་དག་ལ་རྒྱུ་བ་ནི། ཚེས་གཅིག་ལོ་གསར་ཉིན་པོ་ལ། རྒྱུ་སྟེ་གཏོར་མ་སྦྱིན་པར་བྱ། ཟླ་བ་གཅིག་ལ་རྒྱུ། ཉི་ཤུ་དགུ་སྟེ་གཏོར་མ་བཏང་། །ཞག་གཅིག་དག་ལ་རྒྱུ་བ་ནི། །ནང་ནུབ་ཉིན་གུང་མཚན་གུང་གཉིས། །གནད་ལ་བོར་ཞིང་ཕྲིན་ལས་བཅོལ། །ཅེས་དང་། གདན་བཞིའི་རྩ་རྒྱུད་དང་། བཤད་རྒྱུད་ཆེན་པོ་དང་མན་ཨོཾ་བ་རྣམས་ལས་མཐུན་པར། བཅུ་གཅིག་དང་། བཅོ་ལྔ་དང་། ཁྱད་པར་དུ་ཚེས་བརྒྱད་ལ། དངོས་གྲུབ་འདོད་པས་རྣལ་འབྱོར་པས། །ནན་ཏན་གྱིས་ནི་གཏོར་མ་བྱིན། །ཞེས་གསུངས་པས་འགྲེལ་པ་བྷ་ཝ་ཏྲས་མཛད་པ་ལས། གཏོར་མའི་དུས་བསྟན་པའི་ཕྱིར། བཅུའི་དང་། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟླ་བ་ཡར་ངོ་དང་མར་ངོའི་བཅུ་བཞིའི་


CMR026_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ཚེས་གྲངས་ལ་ལྷའི་རྣལ་འབྱོར་དང་ལྡན་པས་ཆོ་ག་ཇི་ལྟ་བ་བཞིན་དུ་གཏོར་མ་སྦྱིན་པའོ། །ཞེས་གསུངས་སོ། །མཁའ་འགྲོ་ཆོས་སྐྱོང་རྒྱུ་བའི་དུས་ཁྱད་པར་ཅན་ཟླ་བ་ཡར། ངོས་ཚེས་བརྒྱད་དང་བཅུ་བཞི་བཅོ་ལྔ་དང་། མར་ངོའི་ཉི་ཤུ་གསུམ་དང་དགུ་དང་གནམ་སྟོང་སྟེ་དུས་དྲུག་གམ། ཡང་ན་མཚན་མོ་ཏྲེ་ཞིང་ལྷ་མོ་དུད་སོལ་མའི་གཏོར་མ་འབུལ། ཞེས་གསུངས་སོ། །ལོ་ལ་རྒྱུ་བ་ནི། ལོ་གསར་སྟག་ཟླ་བའི་ཚེས་གཅིག་ཐོ་རངས་སྐྱ་རེངས་ཤར་ཙམ་རྒྱུ་བས་ཚེས་གཅིག་གཏོར་མ་ཞེས་གྲགས་སོ། །ནོར་བུའི་རྒྱུད་ཅེས་ཛམ་བྷ་ལའི་ཆུ་སྦྱིན་རྒྱུད་ལས། ཉ་དང་སྟོང་དང་བརྒྱད་རྣམས་ལ། །མཆོད་པ་སྡོམ་པ་ལ་གནས་པ། །བསོད་ནམས་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་གསུངས་སོ། །བརྗེད་ཐོ་རཱ་ག་ཨ་སྱས་བྲིས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཆོས་སྐྱོང་རྣམས་ལ་མཆོད་པའི་དུས་ཀྱི་རྣམ་གྲངས།next