Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
བཀའ་སྲུང་གེལ་པ་རྣམས་ཀྱི་གཏོར་བསྔོས་ཆོ་ག་ཉུང་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་སྲུང་གེལ་པ་རྣམས་ཀྱི་གཏོར་བསྔོས་ཆོ་ག་ཉུང་བསྡུས།next

བཀའ་སྲུང་གེལ་པ་རྣམས་ཀྱི་གཏོར་བསྔོས་ཆོ་ག་ཉུང་བསྡུས།


CMR027_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་གེལ་པ་རྣམས་ཀྱི་གཏོར་བསྔོས་ཆོ་ག་ཉུང་བསྡུས་བཞུགས་སོ།།


CMR027_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཡི་དམ་རྒྱལ་བ་རྒྱ་མཚོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས། བཀའ་སྲུང་རྣམས་སྤྱན་དྲངས་ནས་མདུན་དུ་བཞུགས་པར་བསྒོམས་ལ། སྐད་ཅིག་ལ་སྤྱན་དྲངས་ཏེ་མངོན་རྟོགས་མི་དགོས་སོ།། ཧཱུྃ། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །ཀེང་རུས་ཐོད་པའི་གུར་ཁང་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བཀའ་ཡི་ལས་མཁན་ངས་ནུས་མ། །འཁོར་བཅས་མ་ལུས་གཤེགས་སུ་


CMR027_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །རཀྟའི་རྦ་ཀློང་ད་ལ་ནས། །མི་རོ་བསྣོལ་བའི་གདན་ལ་བཞུགས། །ཨེ་ཧྱ་ཧི་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་ནས། ཤརྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཨོཾ་གྷི་རཱ་ཛ་གྱི་རཱ་ཛ་ཀུ་མ་ཀུ་མ་ཊུ་ཐིས་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ར་ལི་པྲ་མ་ཡ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་པས་ཐོད་དབྱུག་འབར་བ་ཐོགས། །གཡོན་པས་ཐོད་པ་ཁྲག་བཀང་གསོལ། །ཀེང་རུས་གར་བྱེད་མཆེ་བ་གཙིགས། །


CMR027_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བསྐུམ་གར་གྱིས་གདུག་པ་འདུལ། །འཇིགས་སུ་རུང་བའི་ཡབ་ཡུམ་སྐུ། །ཐམས་ཅད་མ་ལུས་སྐྲག་པར་བྱེད། །དགྲ་རྣམས་མ་ལུས་འཇོམས་ལ་བསྟོད། །ཧཱུྃ། མ་མོ་ནག་མོ་མཐུ་རྩལ་ཅན། །མུ་སྟེགས་ལྷ་མོ་རྫུ་འཕྲུལ་བདག །ནོར་སྲང་གཅིག་གི་རྗེས་གཅོད་མ། །ནས་བྲེ་གང་གི་ཕྱིར་འབྲང་མ། །དཀོར་བདག་ངས་ནུས་མ་ལ་བསྟོད། །དུར་ཁྲོད་བདག་པོ་ཡབ་དང་ཡུམ། །ངས་ནུས་མ་དང་བཅས་པ་ཡིས། །མཆོད་གཏོར་དམ་པ་འདི་བཞེས་ལ། །བདག་གི་རྟ་ཕྱུགས་དཀོར་ནོར་རྣམས། །ཉིན་མཚན་གཡེལ་བ་མེད་པར་སྲུངས། །དགྲ་རྐུན་གཅན་སྤྱང་ཁ་ཆིངས་ཤིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ནོར་ལྷ་བཀའ་སྲུང་གཞན་རྣམས་ཀྱི་གཏོར་མ་རིན་པོ་ཆེའི་སྣོད་སྟོང་གསུམ་ཙམ་གྱི་ནང་དུ་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་པའི་ཡོན་ཏན་སོ་སོར་གང་ལ་གང་འདོད་འབྱུང་བར་བསྒོམས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་སྔགས་ལན་གསུམ་གྱིས་དུས་གཅིག་ལ་བྱིན་གྱིས་བརླབས། ཧཱུྃ། རི་རབ་ཆེན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །རིན་ཆེན་འབར་བའི་གཞལ་ཡས་ནས། །གནོད་སྦྱིན་རྒྱལ་པོ་གཤེགས་སུ་གསོལ། །རྣམ་ཐོས་སྲས་པོ་གཤེགས་སུ་


CMR027_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཛཾ་ལྷ་རིགས་ལྔ་ནོར་རྒྱུན་མ། །གནོ་ཕོ་བརྒྱད་མོ་བརྒྱད་སོགས། །འཁོར་དང་བཅས་པ་གཤེགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་། །ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །ཨོཾ་བྷེ་ཤ་མ་ཎ་ཡེ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ཨརྒྷཾ་སོགས། ཨོཾ་བི་ཤ་མ་ཎ་ཡེ་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཧཱུྃ་ཧྥ་ཏུ་ས་མ་ཡ་རཀྵན་ཏུ་མ་མ་སིདྡྷི་མེ་པྲ་ཡཙྪ་མ་མ་སརྦ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲིད་ཡ་ཧཱུྃ་ཕཊ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མི་དྷི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛིལླི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨིནྡྲ་ནི་མུ་ཁཾ་སྦྲ་མ་རི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །ནོར་གྱི་བདག་པོ་ཨརྱ་ཛམྦྷ་ལ། །དབུལ་བ་སེལ་བའི་ལྷ་མོ་ནོར་རྒྱུན་མ། །རྣམ་སྲས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ལོངས་སྤྱོད་འདོད་ཡོན་ཆར་


CMR027_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་དངོས་གྲུབ་སྩོལ། །ཅེས་རྣམ་སྲས་སེར་ཆེན་འཛམ་དཀར་ནག་སེར་དམར་ནོར་རྒྱུན་མ་ཐམས་ཅད་ཚང་ངོ་། །ཧཱུྃ། རྒྱལ་བ་ཤཱཀ་ཐུབ་བསྟན་པ་ལ། །གླིང་བཞི་བྱང་ཕྱོགས་སྐྱོང་མཛད་པ། །ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །ནོར་བདག་ཆེན་པོ་གཤེགས་སུ་གསོལ། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །སྲས་དང་བཙུན་མོ་བློན་པོའི་ཚོགས། །གནོད་སྦྱིན་བྱེ་བ་འབུམ་དང་བཅས། །དཔོན་གཡོག་འཁོར་བཅས་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོ༔ ཕེཾ་ཕེཾ་ཧྲིང་ཧྲིང་ས་མ་ཡ་ཛ་ཛཿ ཏིཥྛ་ལྷན། ཨརྒྷཾ་སོགས། ཧཱུྃ། ནོར་བདག་རྒྱལ་པོ་འཁོར་བཅས་ལ། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བ་མཆོད་པའི་སྤྲིན། །ནམ་མཁའི་མཐའ་ཀླས་གྱུར་པ་ཡི། །མཆོད་སྤྲིན་རྒྱ་མཚོ་དཔག་མེད་མཆོད་། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཨོཾ་མ་ཧཱ་ར་ཙ་ཡཀྵ་ས་མ་ཡ།་བྷེ་ཤྲ་མ་ཎ་ཡེ་སརྦ་རཏྣ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ལྷ་ཡི་ན་བཟའ་སྣ་ཚོགས་དང་། །རིན་ཆེན་བསེ་ཡི་རྨོག་ཁྲབ་གསོལ། །ས་བརྒྱད་སེམས་དཔའི་སྐུ་ལ་བསྟོད། །སེང་གེའི་སྟེང་ན་འགྱིང་བག་


CMR027_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །མདུང་དམར་རྒྱལ་མཚན་གཡས་ན་འཛིན། །ནེའུ་ལེ་ལྕགས་ཀྱུ་གཡོན་ན་བསྣམས། །སྣང་སྲིད་དབང་དུ་བསྡུས་ལ་བསྟོད། །སྦྱིན་བདག་ཕོ་མོའི་ལག་པ་བསྒུལ། །འགྲོ་བ་མི་ཡི་རྣམ་ཤེས་བསྒྱུར། །ཁམས་གསུམ་སྲིད་གསུམ་དབང་དུ་སྡུས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེས་མདུང་དམར་ཅན་ཚང་། ཀྱཻ། །འཛམ་གླིང་ཉི་མ་ནུབ་ཕྱོགས་ན། །ཕོ་བྲང་རྟག་ཆག་བརྟན་མཁར་ནས། །འཛམ་བུ་གླིང་གི་སྐྱེས་གཅིག་པུ། །རྡོ་རྗེ་ལེགས་པ་གཤེགས་སུ་གསོལ། །དགེ་བསྙེན་ཆེན་པོ་མཐུ་རྩལ་ཅན། །འཛིན་གིང་བརྟན་མའི་ཚོགས་དང་བཅས། །བཙན་རྒོད་དྲག་པོ་སྟོང་གིས་བསྐོར། །དཔོན་གཡོག་འཁོར་བཅས་གཤེགས་སུ་གསོལ། །བཛྲ་སྭཱ་དྷུ་ས་མ་ཡ་ཏྲི་ཤུ་ལ་ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་སོགས། ཧཱུྃ། དམ་ཅན་སྐྱེས་བུ་ཐིག་ལེ་རྩལ། །ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི། །མཁར་ཐབས་བཤོས་བུ་ར་མགོའི་མཚན། །ཤ་ཁྲག་དམརགཏོར་རཀྟ་དང་། །ཨཾ་ས་ར་ཡི་གསུར་ཆེན་དང་། །སྙུག་རྒོད་ཁྲབ་བྱང་རྔ་ཁྲབ་དང་། །མཛེས་པའི་རོལ་མོ་གླུ་གར་དབྱངས། །སྤྱན་གཟིགས་དཀོར་ཆས་ཐུགས་དམ་


CMR027_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །ཨོཾ་བཛྲ་སྭཱ་དྷུ་ས་མ་ཡ་སྲོག་ཏྲེ་དུ་མ་ར་ཎ་རཏྣ་ཕ་ལ་སིདྡྷི་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་སྭཱ་དྷུ་ས་མ་ཡ་སྲོག་ཏྲིའུ་ཛ་ཛཿ བཛྲ་ལི་ལ་མ་ཧཱུྃ་ཛཿ ཨོཾ་བཛྲ་མ་ཧཱ་མ་ཏྲི་དུང་དུང་ཏྲི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྱཻ། དམ་ཅན་སྐྱེས་བུ་བཛྲ་ཐིག་ལེ་རྩལ། །ལྷ་མིའི་འཇིག་རྟེན་ཁམས་ན་དབང་ཕྱུག་བཙན། །དབང་རྟགས་རྡོ་རྗེ་དགྲ་བོའི་ཙིཏྟ་བསྣམས། །དགེ་བསྙེན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སེང་གེ་དང་ནི་ར་སྐྱེས་ཆིབས་ནས་ཀྱང་། །དར་དམར་གསོལ་ཞིང་རྫུ་འཕྲུལ་སྣ་ཚོགས་འགྱེད། །བཙན་དང་བརྟན་མའི་འཁོར་གཡོག་བསམ་མི་ཁྱབ། །མཐུ་སྟོབས་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་བསྟོད། །དེས་མགར་དམར་རིགས་གསུམ་ཚང་། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་གིང་གི་བདག །དཔལ་ལྡན་དྲེགས་པ་རྟ་མགྲིན་ཐུགས་ལས་སྤྲུལ། །དམ་ཅན་སྐྱེས་བུ་རྡོ་རྗེའི་མཚན་ཅན་ཁྱོད། །ཐུགས་རྗེས་དབང་གིས་གནས་འདིར་གཤེགས་སུ་གསོལ། །དམ་ཅན་སྐྱེས་བུ་ཆེན་པོ་ཁྱོད་ཉིད་ནི། །སངས་རྒྱས་བསྟན་པ་ཡུན་དུ་བསྲུང་བ་དང་། །འགྲོ་བའི་དོན་དུ་ཐུགས་རྗེས་བརྩེར་དགོངས་ལ། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་


CMR027_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་ལ། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །རྭ་ཡི་རྣམ་ལྔ་ཚིལ་གྱི་དུད་པ་ཡིས། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པ་འབུལ། །སྒྲུབ་པ་པོ་ལ་ཚེ་རིང་ནད་མེད་ཅིང་། །མཐུ་དང་ནུས་པ་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་སྭཱ་དྷུ་ས་མ་ཡ་ཝཀ་ཀྲྀ་ཏྲ་ཤི་ནི་ཀྲ་མ་ཎི་ས་མ་ཡ་སྭཱ་དྷ་ཏྲི་ཛཿཛཿཧཱུྃ་བཾ་ཧོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཁྲོ་རྒྱལ་རྟ་མགྲིན་ཐུགས་སྤྲུལ་མཆོག །དྲེགས་པའི་གཙོ་བོ་དམ་ཚིག་ཅན། །མཐུ་སྟོབས་ཆེན་པོས་དགྲ་བགེགས་འདུལ། །རྡོ་རྗེ་ལེགས་པ་ཁྱོད་ལ་བསྟོད། །རྒྱ་གར་ཡུལ་དུ་ཏིང་ཏིང་ཤག །གཡུང་དྲུང་བོན་གྱི་འཕྲུལ་ཏིང་ཤག །ཀོང་ཡུལ་མཐིལ་དུ་དེ་མོ་ཞེས། །གུ་རུའི་དྲུང་དུ་བོད་སྐྱོང་མ། །གནམ་ས་ཕྱེད་ཀྱི་བདག་མོ་མཛད། །སྐྱེས་བུའི་ཡུམ་ཆེན་མ་ལ་བསྟོད། །སྐྱེས་མཆོག་ཡབ་ཡུམ་འཁོར་བཅས་ཀྱི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །མི་ནོར་ཟས་གསུམ་དབང་སྡུད་ལ། །བཀྲ་ཤིས་བདེ་ལེགས་དངོས་གྲུབ་སྩོལ། །དེས་མགར་ནག་རིགས་གསུམ་ཚང་། སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་


CMR027_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རིན་ཆེན་སྤྲིན་དཀར་ལྡིང་བའི་གུར་ཁང་ནས། །རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །དམ་རྫས་གཙང་མར་སྦྱར་བའི་གཏོར་མ་ནི། །རྡོ་རྗེ་གཡུ་སྒྲོན་མ་ལ་མཆོད་པ་འབུལ། །ཐུགས་རྗེས་བརྩེར་དགོངས་བརྒྱན་པའི་གཏོར་མ་བཞེས། །མཆོད་པ་བཞེས་ཤིག་ཨ་ལ་ལ་ཧོ། །ཨོཾ་ཨཱ༔ཧཱུྃ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛ་ཛཿ རྡོ་རྗེ་གཡུ་སྒྲོན་མ་འཁོར་དང་བཅས་པའི་ཞོལ་དུ་ཨི་དཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། ཧཱུྃ༔ རྒྱལ་བའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ། །ཆོས་སྐུ་དབྱིངས་ལ་སྤྲོས་པ་མི་མངའ་ཡང་། །ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོ་བསྟེན། །སྤྲུལ་སྐུ་སྨན་མོ་འགྲོ་དོན་མཛད་ལ་བསྟོད། །སྤྲུལ་སྐུའི་གནས་ལ་ངེས་པ་མ་མཆིས་ཀྱང་། །རི་རབ་གླིང་དང་ནགས་ཚལ་མཚོ་གླིང་དང་། །ལྷོ་མོན་བོད་དང་རྒྱ་གར་ལ་སོགས་ཀྱི། །ཡུལ་རྣམས་ཀུན་གྱི་དངོས་གྲུབ་སྟེར་ལ་བསྟོད། །ཆོས་བྱེད་སྲུང་མ་སྤྱན་རས་གཟིགས་ཀྱི་ལྕམ། །མངོན་ཤེས་རྫུ་འཕྲུལ་དངོས་གྲུབ་ཀུན་གྱི་བདག །དམ་ཚིག་ཅན་ལ་དགོས་འདོད་འབྲས་སྩོལ་


CMR027_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མ། །རྡོ་རྗེ་ཐགཡུ་སྒྲོན་འཁོར་དང་བཅས་ལ་བསྟོད། །ཅེས་ལྷ་སྨན་ཕྱི་ནང་གསང་གསུམ་ཚང་། ཧཱུྃ། རྟ་ལྷ་ཨཱརླ་རེ་མནྟ། །རྟ་བདག་རྒྱལ་པོ་ཀུ་བེ་ར། །བདག་ལ་དངོས་གྲུབ་སྟེར་བའི་ཕྱིར། །སྤྱན་འདྲེན་ཕོ་པོ་བདག་གིས་འབོད། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་གྱུར་ཅིག །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རྔོག་ཆགས་ཀུན་གྱི་མགོན་སྐྱབས་དང་། །རྐང་བཞི་འཕེལ་བའི་ཕྲིན་ལས་མཛོད། །ཨོཾ་ཨཱརྱ་རེ་མནྟ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཀུ་བེ་ར་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨནྡྷཾ་སོགས། ཧཱུྃ། རེ་མན་དང་ཀུ་བེ་ར། །མནའ་དགུ་བཞག་པའི་ཤག་པོ་ཡིན། །ཕ་མ་བྱས་ཀྱང་དེ་རང་ཡིན། །དཔོན་གཡོག་བྱས་ཀྱང་དེ་རང་ཡིན། །ཚ་ཞང་བྱས་ཀྱང་དེ་རང་ཡིན། །ཁྱེད་བརྟེན་ཁྱེད་མཆོད་ཁྱེད་ཆད་ན། །རྔོག་ཆགས་གོད་ཁ་བཟློག་པ་དང་། །རྔོག་ཆགས་མ་ལུས་བསྲུང་དུ་གསོལ། །རྒྱུན་དུ་གཟའ་སྤྱན་འདྲེན་ན་རྩུབ་པས་མི་ལེགས་ནམ་མཁའ་གཟའི་རང་བཞིན་ཡིན་པས་སྤྱན་འདྲེན་མི་དགོས་གཏོར་མ་བསྔོས་ན་བར་ཆད་སེལ་བའོ།། ཧཱུྃ། གཟའ་མཆོག་ཆེན་པོ་འཁོར་


CMR027_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ། །དམར་གཏོར་བཤོས་བུ་དགུ་སྐོར་དང་། །དགྲ་བོའི་ཤ་ཁྲག་རུས་པ་དང་། །མེ་ཏོག་སྟོང་དང་ཆུ་སྣ་སྟོང་། །སྨན་སྣ་སྟོང་དང་ཤ་སྣ་སྟོང་། །སྙིང་སྣ་སྟོང་དང་ཁྲག་སྣ་སྟོང་། །གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས། །དྲང་སྲོང་འཁོར་བཅས་ཐུགས་དམ་བསྐང་། །དུག་གི་ཟོར་ཁ་དགྲ་ལ་བསྒྱུར། །གདུག་པའི་ཁ་རླངས་དགྲ་ལ་བསྒྱུར། །བདག་ཅག་དཔོན་སློབ་མི་ཕྱུགས་བཅས། །ཁྱོད་ཀྱི་བུ་སྤུན་ཚ་བོ་ཡིན། །རྟག་ཏུ་སྲུང་སྐྱོབ་མ་གཡེལ་ཅིག་།ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨཧཱུྃ་སོགས། ཧཱུྃ། དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྐུ་མདོག་དུད་ཁ་དབུ་དགུ་སྤྱན་སྟོང་འབར། །ཕྱག་བཞི་རལ་གྲི་མདའ་གཞུ་ཆུ་སྲིན་ཞགས། །བསྐལ་པའི་མེ་འབར་ཁྱོད་ལ་ཕྱག་འཚལ་བསྟོད། །དཔའ་བོ་ཁྱོད་ཀྱི་སྲིང་མོ་གདོང་མོ་བཞི། །གཟའ་བརྒྱད་སྡེ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད། །ཁྱི་དང་ལྕེ་སྤྱང་བདུད་བྱ་ལ་སོགས་པའི། །ཕོ་ཉ་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད། །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །སྡང་བའི་དགྲ་ལ་ཆོ་འཕྲུལ་མྱུར་དུ་ཕོབ། །འཁོར་བཅས་སྡང་བྱེད་དགྲ་བོའི་སྟེང་


CMR027_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྷྱོཿ། །ཅེས་མཆོད་པ་བཞེས་ནས་གཤེགས་པར་བསམ། ཧཱུྃ། ཡང་གཅིག་བཞེངས་ཤིག་ནག་པོ་ཏི་པ་ར་ཙ་ཁྱོད། །བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་སྟོན་པ། །གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །གདུག་འདྲེའི་ནད་དང་གནོད་པ་ཞི་བ་མཛོད། །ཨོཾ་ཨཱཿཧཱུྃ་ཧྲིབཛྲ་འབར་བ་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཨརྒྷཾ༴ ཨོཾ། དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག །སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར། །འཁོར་ཚོགས་དང་བཅས་བརྒྱ་བྱིན་སྲས་མོ་ནི། །མཚོ་སྨན་ཕྱུག་མོར་བཅས་ལ་ཕྱག་འཚལ་བསྟོད། །དེ་ནས་སྐྱེས་བུ་ལུང་བཙན་ནི། ཀྱེ། སྟོད་ཀྱི་བཙན་ཡུལ་ཡ་ཀི་ནས། །ཡ་ཀི་སྒོ་མོ་བྲག་དམར་ནས། །ཇོ་བོ་བཙན་གྱི་རྒྱལ་པོ་སྟེ། །སྐྱེས་བུ་ལུང་བཙན་སྤྱན་འདྲེན་ནོ། །འདུར་འདུར་འདུར་གྱིས་གནས་འདིར་བྱོན། །རིན་ཆེན་མཛེས་པའི་མཁར་ལ་བཞུགས། །འདོད་ཡོན་ལོངས་སྤྱོད་སྣ་ཚོགས་དང་། །ཕུད་དང་


CMR027_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བཤོས་བུ་མཆོད་གཏོར་བཞེས། །གཞི་བྱེས་ལམ་གསུམ་མགོ་ཐོན་ཅིང་། །མི་ནོར་བཙན་ཕྱུག་བཀྲ་ཤིས་པའི། །གྲོགས་དང་མགོན་སྐྱོབས་ཆེན་པོ་མཛོད། །ཨོཾ་བྱི་ཤུ་ཙ་ན། །ས་མ་ཡ། ཁྲག་ཏ་ཀུ་རུ་ཙ་ར་ན་ཧཱུྃ་ན་ཧཱུྃ་ན་རུ་ཙ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་ཕྱི་རྒྱུད་ནི། ཨོཾ་ཨཱཿཧཱུྃ། ཁྱད་པར་ཡུལ་དང་གྲོང་གི་བདག །རི་ཚལ་ཆུ་ཀླུང་ངམ་འབྲོག་ཐང་། །གཉུག་མར་གནས་པ་མ་ལུས་དང་། །ངོམ་རྒྱལ་གཏམ་རྒྱལ་དབྱི་དོ་དང་། །གནས་འདིའི་གཞི་བདག་ཐམས་ཅད་ལ། །བདུད་རྩིའི་གཏོར་མ་འདི་འབུལ་ལོ། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད། །ཨོཾ་སརྦ་བྷུ་མི་པཱ་ཏི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་རྗེས་ཆོག་བྱ་བ་ནི། ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་བཀའ་སྲུང་གེལ་པ་རྣམས་ཀྱི་གཏོར་བསྔོས་རྒྱུན་ཁྱེར་ཉུང་ངུ་ཞིག་དགོས་ཞེས་པདྨ་འགྲོ་དོན་གྱིས་ཡང་ཡང་བསྐུལ་ཀྱང་བཀའ་གཉན་ཕྱིར་མ་སྨྲས་ཀྱང་། ཕྱིས་འཚོ་མཛད་གྲག་ལུ་ཚེ་ལས་འདས་དུས་


CMR027_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ནན་ཏན་གྱིས་བསྐུལ་ནས། ཁོ་ཕ་རྒན་ཤི་ནས་ཡུས་ཆེ་སྙམ་ནས་ངག་མ་བཅག་པར་ཤིང་སྦྲུལ་ཐ་སྐར་ཟླ་བའི་ཉེར་དྲུག་ཉིན་༧ རྗེ་བཙུན་རཱ་ག་ཨ་སྱས་སྨྲས་པ་ལ། ཉེས་འགལ་གང་མཆིས་བཀའ་སྲུང་རྣམས་ལ་བཤགས་ཤིང་། དགེ་བས་རང་གི་བརྒྱུད་པ་ངེས་པར་འཛིན་པ་རྣམས་ཀྱི་བསྟན་པ་དར་ཞིང་རྒྱས་པར་རྒྱུར་གྱུར་ཅིག །ཤུ་བྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀའ་སྲུང་གེལ་པ་རྣམས་ཀྱི་གཏོར་བསྔོས་ཆོ་ག་ཉུང་བསྡུས།next